86-1-1a ༼ག༽ ༄༅། ༈ །གསང་སྔགས་རྒྱུད་འབུམ་གྱི་སྐོར་བཞུགས་སོ། ། (黃) 秘密經第三部 86-1-1b ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཊཱ་ཀཱརྞྞ་བ་མ་ཧཱ་ཡོ་གི་ནཱི་ཏནྟྲ་རཱ་ཛ་ནཱ་མ། བོད་སྐད་དུ། དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཞེས་བྱ་བ། ཨོཾ་སངས་རྒྱས་དཔའ་བོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་གསུང་གི་མངའ་ བདག་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ ལྡན་འདས་དཔའ་བོ་ཆེན་པོའི་དབང་ཕྱུག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔའ་ བོའི་སྐུ་དང་གསུང་དང་ཐུགས་ཀྱི་རྣལ་འབྱོར་མ་རྣམས་ཀྱི། བྷ་ག་རྣམས་སུ་རྩེན་པ་དང་ ལྡན་པར་གྱུར་ཏོ། །དེར་དཔའ་བོ་ཆེན་པོའི་དབང་ཕྱུག་གིས་བཀའ་སྩལ་པ། བདེ་བ་ཆེན་ པོའི་ཏིང་འཛིན་གྱིས། །དབང་པོའི་དྲ་བ་བདག་གིས་མཐོང་། །འཁོར་བ་དང་ནི་ངེས་འབྱུང་ 86-1-2a གིས། །མྱ་ངན་འདས་པ་སོ་སོར་བསྐྱེད། །དེ་ཡི་དབུས་སུ་སྐུ་ཆེན་པོ། །བདག་གིས་དབང་པོ་ཡིས་རིག་གོ། །དཔའ་བོ་རང་གི་རང་བཞིན་ནི། །ཡེ་ཤེས་རྒྱ་མཚོར་མཉན་པར་གྱིས། ། རྣལ་འབྱོར་མ་འཁོར་ལོ་དབུས་སུ། །ཕག་མོ་བདག་ནི་འདྲི་བའོ། །དབང་པོའི་དྲ་བ་ཅི་རུ་བཤད། །བདག་གིས་གང་དུ་བཤད་པར་བྱ། །མཐོང་བ་དང་ནི་ཆེན་པོའི་སྒྲ། །བདེ་བ་ཟེ་བ་དེ་བཞིན་ཅི། །ཏིང་འཛིན་ མིང་ཅིང་དེ་ལ་ནི། །བྱུང་བ་ཉམས་པར་བྱས་པ་དང་། །འཁོར་བ་ཡང་དང་འབྱུང་བ་ནི། །གང་དུ་ཐིམ་པར་འགྱུར་བ་ཡིན། །བཅོམ་ལྡན་མྱ་ངན་འདས་པའི་མིང་། །ཇི་ལྟར་སླར་ཡང་ཡོངས་སུ་བསྐྱེད། །སྐུ་ བརྗོད་པ་ནི་གསུང་བར་མཛོད། །ཉིད་ཀྱི་དབང་པོས་རིག་པ་ནི། །བདེ་བ་ཆེན་པོར་བཞུགས་གྱུར་པའི། །བདག་གིས་བདག་པོས་གསུང་བར་མཛོད། །དཔའ་བོའི་དབང་ཕྱུག་ཆེན་པོས་བཀའ་སྩལ་པ། ཕག་ མོ་ལྷ་རྫས་པད་མ་ཅན། །ལྷ་མོ་རྩེ་གཅིག་ཡིད་ཀྱིས་ཉོན། །སྔོན་དུ་སྤྱོད་པའི་མཚན་ཉིད་ནི། །མདོར་བསྡུས་པ་ཡིས་བཤད་པར་བྱ། །དབང་པོ་འཇིག་རྟེན་མཆོག་ཆོས་བཤད། །དྲ་བ་དེ་ལ་ཡིད་རོལ་པའོ། །བདག་ གི་ང་རྒྱལ་ཙམ་གྱིས་ནི། །དམ་ཚིག་མཆོག་གང་བྱུང་བའོ། །དེ་ཕྱིར་ཡེ་ཤེས་ཆེ་མཐོང་སྟེ། །ཐབས་ཆེན་བདེ་ལ་བཞུགས་པས་སོ། །གང་དུ་དབང་པོ་རྣམས་ཀྱིས་ཟ། །དེ་ཡིས་ང་ཡི་མིང་སྔོན་སོང་། །དེ་ཚེ་ ཏིང་ངེ་འཛིན་ཙམ་དུ། །ཐུབ་པ་སྐྱེས་མཆོག་རྣམས་ཀྱིས་གསུངས། །ཡང་དག་ལྷག་རྟོགས་ཡེ་ཤེས་ནི། །སངས་རྒྱས་རྣམས་ཀྱི་ལྷ་དབང་པོས། །དེ་རྣམས་སུ་བྱུང་བའི་སྦྱོར་བས། །མཁའ་འགྲོ་མཆོག་མང་གིས་ བྱས་སོ། །བདེ་དང་མི་བདེ་གཉིས་ཉམས་ལས། །སླར་ཡང་འདིར་ནི་བྱུང་བ་སྟེ། །སྒྲ་ཡི་གཟུགས་ལས་བྱུང་ཞིང་འཐོན། །དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ལོ། །སེམས་གསུམ་རྣམས་ཀྱི་དབྱེ་བ་ཡིས། །གྲུབ་མོ་ཁྱོད་ཀྱིས་ 86-1-2b ཤེས་པར་གྱིས། །འདི་ཡིས་རང་བྱུང་བཅོམ་ལྡན་འདས། །དཔའ་བོ་མཁའ་འགྲོ་དྲ་བའི་སྡོམ། །བྱུང་དང་འབྱུང་བའི་དུས་སུ་ནི། །ཡོངས་སུ་གསལ་བ་འོད་གསལ་བའོ། །དེ་ཕྱིར་འཇིག་རྟེན་འཁོར་བར་བྱེད། །དེ་ནི་འཁོར་ བར་ཡོངས་སུ་བརྗོད། །འདིར་ནི་སྒྱུ་མ་སྐྱེས་དེ་བཞིན། །དེ་ནི་ཐིམ་པའི་དངོས་པོའང་མེད། །མྱང་འདས་གཞན་པའི་རྫས་ཡོད་ཡིན། །འཁོར་བ་ཡི་ནི་ཕྱི་རོལ་སོན། །སྲིད་པའི་རྩེ་མོ་གང་འཛིན་པ། །དེ་ཕྱིར་མྱ་ངན་འདས་ པར་བརྗོད། །གཟུགས་ནི་སྒྱུ་མ་ལྟ་བུའི་སྐུ། །དེ་ཡི་གནས་ལ་རྣམ་པར་འཕྲོ། །བདག་ཆེན་ཡེ་ཤེས་གཟུགས་ཀྱི་ནི། །དབང་པོས་གསལ་བར་རིག་པ་སྟེ། །ལྷ་དང་སྦྱིན་བྱེད་ལ་སོགས་པས། །མི་མཐོང་མཁའ་ལ་ འགྲོ་བའི་གཟུགས། །ལྷ་ཁྱོད་ཀྱིས་ནྀ་གསུང་རྣམས་ཀྱི། །ཡེ་ཤེས་ཆེན་པོའི་རོས་བདག་ཚིམ། །དེ་རིང་བདག་ལ་ཐེ་ཚོམ་མཆིས། །དཔའ་བོ་རྣམས་ཀྱྀ་རང་བཞིན་ཅི། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། དཔའ་རྣམས་ཐམས་ཅད་རང་བཞིན་ཏེ། །རང་བཞིན་དེ་རྣམས་ཆོས་ཅན་ནོ། །འདིར་ནི་འདོད་པའི་དུས་བརྗོད་དེ། །འདོད་པ་སེམས་ལས་ཡོངསུ་བྱུང་། །འདོད་དང་སེམས་གཉིས་དག་ལས་ནི། །བྱུང་བ་གཟུགས་ནི་ གཙོ་བོའོ། །འཇིག་རྟེན་གསུམ་དུ་རྙེད་དཀའ་བ། །ཐོག་མ་དབུས་མཐར་ཡང་དག་གནས། །གང་ཞིག་མཐའ་མ་རྣམས་ཀྱི་སེམས། །སེམས་དེ་རོ་མཉམ་གྱུར་པའོ། །དཀྱིལ་འཁོར་ཆེན་པོའི་སྦྱོར་བ་ལས། ། མཁའ་འགྲོ་དེ་ནི་དེ་ཕྱིར་བྱུང་། །རྡོ་རྗེ་མཁའ་འགྲོ་བདག་ཉིད་ཆེ། །ས་གསུམ་པོ་ནི་བསྒྲུབ་པར་བྱ། །གང་ཚེ་སྔོན་དུ་ཡང་དག་བྱུང་། །འགྲོ་བའི་གཙོ་བོ་ཚངས་པའོ། །གནས་དང་དེ་བཞིན་ཇི་ལྟར་སྟོང་། །མགོན་པོ་སེམས་ཅན་ རྣམས་གྲོལ་བྱེད། །དེ་ཚེ་འཇིག་རྟེན་ཁམས་གཞན་གྱིས། །ཆུང་ངུ་འདིར་ནི་བསྐུལ་བའོ། །གསོན་གསོན་བྱང་ཆུབ་སྤྲོས་སོན་པའི། །སེམས་ཅན་བསྒྲལ་བའི་སེམས་མེད་པ། །སྒྱུ་མའི་རང་བཞིན་ཁྱོད་བཞུགས་ནས། ། 86-1-3a ཁམས་གསུམ་མ་ལུས་བསྒྲལ་བར་མཛོད། །ཡོན་ཏན་དག་འདི་ཐོས་ནས་ནི། །སེམས་ཅན་གྲོལ་བྱེད་འདི་ལྟར་བསྒོམ། །དེ་བཞིན་གཤེགས་པ་ཀུན་རྣམ་པ། །འགྲོ་བའི་གཙོ་བོ་ཧེ་རུ་ཀ །དཔལ་ནི་ སྔོན་དུ་མངོན་བརྗོད་པས། །རྟེན་ལ་སོགས་པ་བསྐྱེད་པ་སྟེ། །གླུ་དང་རོལ་མོ་དྲི་ཟ་དང་། །གཞན་རྣམས་གང་རྣམས་དེ་རྣམས་དང་། །འགྲོ་བའི་སྡེ་དང་ལས་དང་ནི། །དེ་ཡི་རྒྱུན་ལས་ཡོངས་སུ་བྱུང་། །དེ་ལ་སོགས་པ་ མཐའ་མེད་དང་། །སྟོང་ཕྲག་སུམ་བཅུ་རྩ་གསུམ་མོ། །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །དེ་ཉིད་རྣམ་པ་བཅུ་དྲུག་དང་། །སྐྱེ་བ་དང་ནི་ཐིམ་པའི་རྒྱུ། །རྣལ་འབྱོར་རྣལ་འབྱོར་ མའི་དེ་ཉིད། །ཟླ་བའི་དབྱེ་བས་འགྲོ་བའོ། །དགའ་བ་རྟག་ཏུ་ཤེས་བྱས་ནས། །ཚེས་གཅིག་ཟླ་བ་འཕེལ་བས་སོ། །ནག་པོ་སོགས་དང་དཀར་མཐར་ཡང་། །ཐུང་ངུ་དེ་བཞིན་འདིར་ཤེས་བྱ། །འདི་སྐད་ཐོས་ པ་བདག་གི་ངག །གསང་བའི་འདོད་པ་ཐམས་ཅད་སྟེར། །དེ་བཞིན་འདིར་བདག་ཐེ་ཚོམ་མཆིས། །གསང་བ་ལ་སོགས་གསུང་ནི་ཅི། །བདག་གི་བདག་པོས་གསུང་བར་མཛོད། །སེམས་ཅན་རྣམས་ཀྱི་དོན་ བྱེད་པ། །ལྷ་མོ་ཆེན་མོ་བདག་དགའོ། །སེམས་ཅན་ཀུན་གྱི་དགོས་པའི་རྒྱུར། །མདོར་བསྡུས་བདག་གིས་བཤད་བྱ་སྟེ། །རྩེ་གཅིག་པ་ཡི་སེམས་ཀྱིས་ཉོན། །གསང་བ་ཁམས་ཐམས་ཅད་ཀྱི་མཐའ། ། དབང་པོའི་གནས་ནི་མཆོག་ཡིན་ལ། །རྣམ་ཤེས་ཕུན་ཚོགས་དེ་རྣམས་སུ། །དགྱེས་པ་ནམ་མཁའ་ལས་བྱུང་བའོ། །ཐམས་ཅད་བདག་ཉིད་ཁམས་གསུམ་གྱི། །ཁྱབ་བྱའི་གཟུགས་སུ་ཡང་དག་སོན། །རྟག་ བཞུགས་གཉིས་སུ་མེད་པའི་ཆོས། །སྒྱུ་མ་རྨི་ལམ་ལྟ་བུ་མཆོག །ཡང་ན་བདག་མེད་བཅུ་དྲུག་དང་། །ཁྱད་པར་དུ་ཡང་སྙིང་རྗེའོ། །དེ་ཡི་རྣམ་པ་ཡེ་ཤེས་ཆེ། །དེ་ཁོ་ན་ཉིད་ཀུན་དུ་སོན། །འདིར་ནི་སྐྱེ་བར་གོ་བྱ་བ། ། 86-1-3b རྣལ་འབྱོར་རྗེས་སུ་རྣལ་འབྱོར་རོ། །ཐིམ་པ་སྒྲུབ་པ་གཉིས་དང་ནི། །དེ་བཞིན་བསྙེན་པ་གཉིས་ཀྱང་ངོ་། །རྣལ་འབྱོར་ཐིག་ལེར་བཤད་པ་སྟེ། །ཕྲ་མོའི་རྣལ་འབྱོར་རྣལ་འབྱོར་མའོ། །དུས་ཀྱིས་ཕྱེད་དང་ཟླ་བ་ཡི། ། རྫོགས་ལྡན་གསུམ་གཉིས་རྩོད་དུས་སོན། །འདི་ཡི་རྡོ་རྗེའི་ཞལ་བཞི་པོ། །དགའ་བ་བརྒྱད་གཉིས་སུ་འགྱུར་ཏེ། །ཆ་ཤས་བཅུ་དྲུག་ལྡན་པའི། །ཕྱོགས་ཀྱི་དབྱེ་བས་འགྲོ་བའོ། །ཐུང་ངུ་ཉི་མའི་རྒྱུ་བ་ཡིས། ། དེ་བཞིན་དུ་ནི་ཆ་ཤས་ཟ། །བུད་མེད་ཀུན་གྱི་སྒྱུ་མའི་རྒྱ། །གཉིས་མེད་ཡེ་ཤེས་བླ་ན་མེད། །བྱང་ཆུབ་སེམས་འོད་ཆེན་པོར་ནི། །རྣལ་འབྱོར་ཆེན་པོ་ངེས་པར་འགྲོ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་དེ། །དངོས་ རྣམས་ནམ་མཁའི་མེ་ཏོག་བཞིན། །སད་པ་ན་ཡང་ཉམས་པ་སྟེ། །དེ་གནས་ཀུན་ཏུ་གནས་མིན་པའོ། །རྨི་ལམ་ཡུལ་མེད་ལས་བྱུང་བ། །དབང་པོ་ཀུན་ལས་བྱུང་བ་མེད། །གཉིད་ལོག་པ་ཡི་སྟོབས་ཀྱིས་ནི། ། ས་གསུམ་པོ་ནི་བཟའ་བར་བྱ། །གཉིད་མཐུག་སྐྱེས་པའི་དུས་དེ་ལྟར། །སད་མེད་གཉིད་མེད་རྨི་ལམ་མེད། །འདས་པའི་བདེ་བའི་དུས་རྣམས་སུ། །སངས་རྒྱས་ཉིད་ཀྱང་ལག་པར་གནས། །མཁའ་འགྲོ་ཀུན་ དངོས་སེམས་དཔའ་ནི། །རྡོ་རྗེ་མཁའ་འགྲོ་མཆོག་ཏུ་བདེ། །ལས་ཀྱི་ཡུལ་ནི་བསྟེན་བྱས་ན། །སུམ་བཅུ་རྩ་གསུམ་དུ་ལྟུང་ངོ་། །མ་རིག་པས་བསླང་ངེས་པར་ནི། །འགྲོ་བ་དམྱལ་སོགས་འཇིགས་པ་ཆེ། ། དེ་ཕྱིར་སངས་རྒྱས་ཆོས་དགེ་འདུན། །རྫུ་འཕྲུལ་ཆེ་འདིར་རྗེས་ཆགས་བྱ། །ཇི་ལྟར་བཅོམ་ལྡན་འདས་བདག་པོ། །མཁའ་འགྲོ་མ་ཀུན་གྱི་ནི་མིང་། །དེ་ནི་བདག་ལ་སེམས་པས་གསུངས། །མཁའ་ འགྲོ་ཀུན་ལ་བདག་མཆོག་ཏུ། །གསང་བ་དེར་ནི་བཏུད་བྱས་ནས། །ཕག་མོ་ལྷ་རྫས་རྣལ་འབྱོར་མ། །གཉིས་མེད་ཚིག་གིས་ཇི་ལྟར་ཞེས། །དེ་བཞིན་ཡང་ནས་ཡང་དུ་དྲིས། །མཁའ་འགྲོ་མའི་བདག་པོས་ 86-1-4a བཀའ་སྩལ་པ། ཕྲ་མོའི་རྣམ་པ་རྩ་གསུམ་སྟེ། །རྣམ་པར་ཤེས་པ་གསུམ་གྱི་རྒྱུ། །དེ་ཕྱིར་ཕྲ་མོར་རིག་བྱ་སྟེ། །རྩ་འབྱུང་བ་ནི་བདག་ཉིད་ཆེ། །སུམ་བཅུ་རྩ་བདུན་རྣལ་འབྱོར་མ། །རེ་རེ་ལ་ ནི་དེ་ཡོངས་ལྡན། །མཁའ་འགྲོ་མ་ཀུན་དེར་བཤད་དེ། །གཞན་ཡང་དེ་ལྟར་ངོ་མཚར་ཆེ། །མིང་མདོར་བསྟན་པའི་རྒྱ་མཚོ་འདིར། །དེ་ཀུན་ཇི་ལྟ་བཞིན་བཤད་བྱ། །ཟླ་བ་འོ་མ་སྣུམ་པ་མོ། །འཇམ་མ་འདོད་ མ་ཀུན་སྦྱིན་མ། །མ་དང་སྲིང་མོ་བུ་མོ་དང་། །སྲིང་མོའི་བུ་མོ་ནེ་ནེ་མོ། །གཉེན་མོ་ཕ་ཡི་མ་དང་ནི། །ཞང་པོ་ཡི་ཡང་ཆུང་མ་དང་། །པད་ཅན་དུང་ཅན་སྣ་ཚོགས་མ། །གླང་པོ་མ་དང་མྱོས་བརླམས་མ། །གཟུགས་ མ་སྒྲ་མ་དྲི་མ་དང་། །རོ་མ་རེག་མ་ཡིད་མ་དང་། །ཆོས་དབྱིངས་མ་དང་ཚོགས་ཅན་མ། །གཉིད་མ་ལེ་ལོ་མ་གཞན་གནོན། །རློམ་པ་མོ་དང་སྒེག་མོ་དང་། །བཟང་ཞལ་མ་དང་དྲག་མོ་མ། །འཐུང་མ་ཟ་མ་འཇིགས་ པ་མོ། །ཧ་ཧ་སྒྲོགས་མ་དུར་ཁྲོད་མ། །བཅོམ་ལྡན་དགྱེས་མར་རྟག་ཏུ་བཤད། །སུམ་བཅུ་རྩ་བདུན་རྣལ་འབྱོར་མ། །ལས་ཀྱི་ཆོ་ག་བླངས་པ་ཡིས། །གཞན་གྱི་མིང་ཡང་ཤེས་པར་བྱ། །གང་ཞིག་གང་གིར་ མངོན་བརྗོད་པའི། །རྩ་དེ་འདིར་ནི་བརྗོད་པའོ། །དེ་རྣམས་སེམས་དཔའ་བདེ་རང་བཞིན། །མཐར་གྱུར་མཆོག་ཏུ་ཞི་བའོ། །རྡོ་རྗེ་མཁའ་འགྲོའི་དངོས་པོ་ཡང་། །མཆོག་ཏུ་ཟག་མེད་རྣལ་འབྱོར་ལྡན། ། མདོག་དང་ཕྱག་སོགས་རྣམ་པ་རུ། །སྲིད་པའི་འཁོར་ལོར་ཡང་དག་བྱུང་། །གནས་དང་ཉེ་བའི་གནས་སོགས་འདིར། །པུལླི་ར་སོགས་དབུས་སུའོ། །གང་ཞིག་གང་གི་ལྷའི་བདག་པོ། །དེ་ནི་དེ་ དང་དེས་རྒྱས་གདབ། །ཉིད་དང་བདག་ཏུ་རྩེན་གྱུར་པའི། །བདེ་བ་ཀུན་དང་ཡང་དག་ལྡན། །འདི་ཡིས་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་དེ་བཞིན་དང་པོའི་ལྷ། །མཁའ་འགྲོ་མ་ཀུན་བདེ་སྟེར་བའི། ། 86-1-4b བཅོམ་ལྡན་རྡོ་རྗེ་འདི་གསུངས་སོ། །ནམ་མཁའ་ཐོག་མ་ཐ་མ་མེད། །གང་འདྲར་མཆོག་ཏུ་འདུ་ཤེས་པ། །དེ་འདྲར་བདག་ནི་རིག་པ་སྟེ། །སྣང་མེད་པར་ཡང་ཡོངས་སུ་གསལ། །དེར་ནི་འབྱུང་བའང་ ཡོད་མིན་ཏེ། །འཇིག་རྟེན་པ་ཡི་ཐ་སྙད་མཆོག །ཇི་ལྟར་མཁའ་ལས་མི་བྱུང་བ། །བླ་མེད་མི་འདིར་དེ་བཞིན་ནོ། །རོ་བྲོ་བ་ནི་གཅིག་དངོས་ལ། །དེ་ཡི་ནང་ན་དངོས་མང་པོ། །གཅིག་དང་དུ་མའི་རང་ བཞིན་འདིས། །ཐམས་ཅད་རོ་སྟེ་རོའི་ཁྱབ་བདག །ཕོ་ཉ་རྣམས་ཀྱི་བདག་པོ་ཡིས། །ས་གསུམ་པོ་ནི་མཆོག་ཏུ་ཟ། །ཐབས་དང་ཤེས་རབ་སྙིང་རྗེ་ཆེ། །ལྷའི་བདག་པོ་གཞན་མེད་དོ། །འདོད་ ཆགས་མ་ཡིན་ཆགས་བྲལ་མིན། །དབུ་མར་ཡང་ནི་མི་དམིགས་སོ། །དེ་ལྟར་བརྟག་ཤེས་རྣལ་འབྱོར་པས། །འདོད་བྱ་ཀུན་ལ་ལོངས་སྤྱད་བྱ། །རྟག་ཏུ་ནང་དུ་གྱུར་བྱས་ནས། །ཁ་དོག་རྣམས་ནི་ ཞལ་ལས་བྱུང་། །རྟག་ཏུ་ལུས་ཀྱིས་སྦྱིན་པ་སྟེ། །སེམས་ལས་བྱུང་བ་སྤང་བར་བྱ། །དེ་ལྟར་འདོད་ཆགས་སྒྱུ་མཐའ་ལ། །རོལ་པ་མཆོག་གི་གོ་འཕང་ངོ་། །འདོད་ཆགས་བྲལ་བ་དགའ་བ་གསུམ། ། སྤངས་པ་དབུ་མ་ཟག་པ་མེད། །གཟུང་བར་བྱ་བ་མིན་པ་སྟེ། །དངོས་པོའི་རང་བཞིན་འདོད་ཆགས་མིན། །བྲལ་བའི་དགའ་བ་ཉམས་པ་སྟེ། །དེ་ལའང་དགའ་བར་མི་བྱའོ། །དེ་གཉིས་དབུས་ན་གནས་ པ་ཡིས། །ཆོས་དེ་ལ་ཡང་དགའ་དམིགས་མེད། །དབྱེ་བ་མེད་པ་ཡི་ནི་ཆོས། །རྡོ་རྗེ་ལ་ནི་དགའ་བར་གྱིས། །ལྷའི་རྣམ་པའི་རྣལ་འབྱོར་བདག །སྐད་ཅིག་མངོན་སུམ་བྱེད་པའོ། །ལུགས་མ་ལ་སོགས་ རྣལ་འབྱོར་གྱིས། །རྣམ་པར་བྱས་པའི་དབྱིབས་སུ་འགྱུར། །སྟོང་ཉིད་རང་བཞིན་གཟུགས་རྣལ་འབྱོར། །རང་བྱིན་བརླབ་པའི་མཚན་ཉིད་དོ། །བདག་བྱིན་བརླབ་དང་བྲལ་རྣལ་འབྱོར། །སྦུན་ལྐོགས་དུམ་ 86-1-5a བུ་བཞིན་ཤེས་བྱ། །འདི་འདྲའི་མཚན་ཉིད་མཆོག་གྱུར་པ། །སྐྱེ་བོ་ཕྱུགས་རྣམས་ཀྱིས་མི་ཤེས། །དེ་ཕྱིར་སྒྱུ་འཕྲུལ་འདི་བསྒོམས་ན། །བྱང་ཆུབ་བླ་ན་མེད་པ་ཐོབ། །སྐྱེ་བ་ འདི་ལ་གླེན་པ་ཉིད། །ཤེས་རབ་སྙན་དངགས་སྐྱེས་བུར་འགྱུར། །འདི་འདྲའི་ཡོན་ཏན་ཚོགས་ལྡན་པས། །རྨི་ལམ་དང་ནི་མཉམ་པར་ལྟོས། །རྣལ་འབྱོར་རྣལ་འབྱོར་མའི་རྒྱུད་དུ། །འགྲོ་སྟེ་དེ་ཕྱིར་ འཇིག་རྟེན་པའོ། །མངོན་སུམ་རང་ཉིད་སྔགས་ཀྱི་སྐུ། །འཁོར་ལོ་གསུམ་རྣམས་ཉིས་འགྱུར་རོ། །གཅིག་ལ་འཁོར་ལོ་གསུམ་བཤད་དེ། །གཉིས་པ་ཉིས་འགྱུར་དུ་ནི་འདོད། །འཁོར་ལོ་གསུམ་ པོ་ཐབས་ཤེས་རབ། །སྙོམས་པར་འཇུག་པར་འཆད་པའོ། །དེ་ནི་ཉིས་འགྱུར་ཤེས་བྱ་སྟེ། །འཁོར་ལོ་ཉིས་འགྱུར་དེས་བཤད་དོ། །ཁམས་གསུམ་གྱིས་ནི་གནས་ཆེན་པོ། །དཀྱིལ་འཁོར་འཁོར་ ལོ་བསྒོམ་པའོ། །དཔའ་བོ་ཐམས་ཅད་མཉམ་སྦྱོར་བ། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །དེ་བཞིན་གཤེགས་པ་དཔའ་དབང་ཆེ། །བཅོམ་ལྡན་རྡོ་རྗེས་འདི་གསུངས་སོ། །ཆོས་དང་ཆོས་མིན་ གང་དུ་ནུབ། །བྱང་ཆུབ་དེར་ནི་སེམས་གཟུང་གིས། །གྲུབ་པ་ལྷ་དང་ལྷ་མ་ཡིན། །དབང་པོ་དང་ནི་ཡུལ་དང་ནི། །ཁམས་དང་སྐྱེ་མཆེད་ཐམས་ཅད་ནི། །སྐྱེ་བ་དང་ནི་འགག་པ་སྟེ། །རྨོངས་པ་འཆིང་ ཞིང་མཁས་པ་ནི། །ཡོངས་སུ་ཤེས་པས་གྲོལ་བའོ། །སེམས་འདི་རང་ཉིད་མངོན་སུམ་དུ། །ཁམས་གསུམ་དུ་ནི་རྣམ་པར་གནས། །བདག་དང་མཆོག་ཁྱོད་གཉིས་མེད་ལས། །ཚོགས་པའི་ གཙོ་བོ་བྱུང་བའོ། །སྤྱོད་ལམ་ལ་སོགས་བྱེ་བྲག་ཆོས། །མདོ་སྡེ་རྣམ་ཤེས་དབུ་མ་པ། །མོས་པའི་སེམས་ཅན་རྣམས་བཤད་དེ། །བདེན་པ་མ་ཡིན་རྫུན་པ་མིན། །ཕྱག་ནི་བཅུ་གཉིས་དང་ལྡན་ཏེ། ། 86-1-5b དེ་བཞིན་ཞལ་ནི་བཞི་པའོ། །ཁ་དོག་ནམ་མཁའ་སྔོན་པོ་ལ། །སྤྱན་གསུམ་བརྐྱང་བསྐུམ་ལྡན་པ་སྟེ། །འཕྲོག་བྱེད་དཀར་མོ་མཉམ་པར་མནན། །གཞན་ནི་འབུམ་ཚོ་སྟོང་ཕྲག་གི། །གང་དང་གང་གི་ རྒྱུད་ཀྱི་ནི། །ཕྱི་དང་གསང་བ་ནང་བདག་ཉིད། །དེ་དང་དེ་ཡི་གཟུགས་ངེས་པར། །ལྷ་ནི་ཧེ་རུ་ཀའི་བདག་ཉིད། །རྒྱུད་དང་རྒྱུད་ཀྱི་ནང་མཆོག་ཏུ། །དབྱེ་བ་མོས་པའི་དབང་གིས་ཏེ། །མིང་ནི་དེ་འདྲར་ཤེས་པར་བྱ། ། འོན་ཀྱང་ཧེ་རུ་ཀ་བསྲེས་པའོ། །ཁ་དོག་དེ་དང་འདྲར་ཤེས་བྱ། །བཞུགས་ཚུལ་ཧེ་རུ་ཀའི་རྣམ་པ། །ས་ནི་བཅུ་གཉིས་རྣམས་ཀྱི་རྒྱུ། །དེ་ཡིས་ཧེ་རུ་ཀ་དང་འདྲ། །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། ། དཔའ་བོ་ཐམས་ཅད་མཉམ་སྦྱོར་བ། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །བཅོམ་ལྡན་བདག་པོས་འདི་གསུངས་སོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ ལས། ཡེ་ཤེས་ཀྱི་རྒྱ་མཚོ་ལ་འཇུག་པ་སྟེ་འདི་ནི་ལེའུ་དང་པོའོ།། །། ཕག་མོ་ལྷ་རྫས་རྣལ་འབྱོར་མས། །སླར་ཡང་རྡོ་རྗེ་མཆོད་བྱས་ཏེ། །བཅོམ་ལྡན་བདག་པོས་བསྟན་པར་མཛོད། ། ཕག་མོ་ཅི་ཡིས་ཡོངས་སུ་བྱུང་། །བསྐྱེད་པ་གང་གིས་བསྐྱེད་པ་ཡིན། །རང་བཞིན་ཇི་ལྟར་དུ་ནི་འདོད། །བདག་བྱུང་བ་ཡི་རྒྱུ་མཚན་ཅི། །འདིར་ནི་དགོས་པ་ཇི་ལྟར་ཡིན། །དབང་པོ་དང་ནི་ཡུལ་ ཐམས་ཅད་ལྟེ་བའི་དཀྱིལ་འཁོར་དུ་རབ་ཞུགས། །སྤྱི་བོའི་རྡོ་རྗེ་གུར་དུ་ནི། །སྟེང་དུ་ཁ་བལྟས་རླུང་འབབ་བོ། །འདོད་ཆགས་ཉི་མའི་དབུས་སུ་ནི། །སྐད་ཅིག་གིས་ནི་སྤྲུལ་ཐིམ་གྱུར། །དེར་སྐྱེས་ པ་ཡི་ཕག་མོ་ནི། །བྷ་ག་ལིང་ག་ཡིད་ལས་བྱུང་། །བདེ་བ་ཆེན་པོའི་རང་བཞིན་ཁམས། །དེ་རྣམས་ལས་ནི་སྔོན་དུ་སྐྱེས། །རང་བཞིན་བདག་མེད་གཅིག་པུ་སྟེ། །མཁའ་མཉམ་རྣལ་འབྱོར་གཟུགས་ཅན་ནོ། ། 86-1-6a རྒྱུ་མཚན་སྐྱེ་བོ་སྒྲོལ་བ་དང་། །སྙིང་རྗེའི་གཟུགས་རང་བཞིན་དུ་བྱུང་། །འདིར་ནི་དགོས་པ་གཉིས་རིག་སྟེ། །ཕྱག་རྒྱ་སྦྱོར་བ་རབ་སྒྲུབ་པའོ། །ཁྱོད་ནི་ལྷ་མོའི་བདག་པོ་སྟེ། །ཀུན་དུ་ སྤྱོད་པ་མང་སྤྱོད་པའོ། །སྔགས་ཀྱི་ཕྲེང་བ་བརྗེ་བྱས་ནས། །ཨ་ཡིག་ལ་སོགས་དེའི་ཁྱབ་བདག །ཡང་ན་ཕག་མོའི་རྩ་བ་དང་། །གོ་ཆའི་སྔགས་རྣམས་ཀྱིས་ལྡན་ཏེ། །ཡི་གེ་རེ་རེའི་སྔགས་ཀྱི་ནི། ། སྤྱོད་པ་སྡོམ་པར་སོན་པའོ། །རྣལ་འབྱོར་མ་མཆོག་སྐྱེ་བ་ནི། །རྩ་ཡི་མཆོག་གི་གྲོང་དུ་སྟེ། །སྟོང་ཕྲག་བདུན་བཅུ་རྩ་གཉིས་ཀྱི། །དབུས་མ་ཨ་བ་དྷུ་ཏིའོ། །དབུ་མ་འདི་ལྟར་ཐམས་ཅད་ཀྱི་ཁྱབ་བྱེད་དུ་ནི་ རྣམ་པར་གནས། །དེ་ཕྱིར་ཕག་མོ་གཙོ་མོ་ཡི། །གོང་འཕང་མཆོག་བཞིན་ཤེས་པར་བྱ། །རྡོ་རྗེ་ལ་སོགས་མིང་ཐོག་མར། །ཨ་རྡོ་རྗེ་དང་ཀ་རྡོ་རྗེ། །སྔགས་མཐར་དེ་ལ་སོགས་པ་སྟེ། །ཡང་ན་སོ་སོ་ཐ་དད་དུའོ། ། གང་གིས་དུས་སུ་སྔགས་ཟློས་པ། །དེའི་དུས་རྣམས་སུ་རྣལ་འབྱོར་ལྡན། །ལྟེ་བ་སྤྱི་བོ་སྙིང་གྱེན་དུ། །འདི་ལྟར་འགྲོ་དང་འོང་བ་མེད། །དཔའ་བོ་རྣལ་འབྱོར་མ་གཙོ་མོ། །དེ་ནི་བདག་ཉིད་རྣམ་པར་འཕྲོ། །རང་གི་འཁོར་ ལྡན་རྣལ་འབྱོར་མ། །ཞིང་དང་ཞིང་རྣམས་སུ་ནི་འགྲོ། །ལྷ་མོ་ཁྱོད་ནི་བདག་པོ་སྟེ། །ང་དང་ལྷན་ཅིག་ཁ་སྦྱོར་རོ། །དུས་དང་དུས་ནི་མ་ཡིན་པར། །ནམ་མཁའི་བུ་གའི་ནང་འདུག་ནས། །དེ་བཞིན་སྐྱེ་གནས་ལམ་ འཐོན་ནས། །འཆི་བ་མེད་པའི་ས་བོན་འཛག །དེར་ནི་འཕོ་མེད་ཡེ་ཤེས་བྱ། །ཧིག་ཕྱེད་ཡི་གེས་བསྒོམ་བྱ་སྟེ། །མི་མོ་སྐྱེས་བུའི་དུས་སུ་ཡང་། །མཆོག་ཏུ་ཟག་མེད་མངོན་པར་བྱ། །དེ་བྱུང་བ་ཡི་རིག་མ་ཆེ། །བསྒོམ་པའི་ བདག་ཉིད་ཀྱིས་བྲིའོ། །ཐོག་མར་རྣམ་སྣང་མགོན་པོ་སྟེ། །རི་མོ་སུམ་སྐོར་ལྟེ་འོག་གནས། །ལངས་ནས་མགྲིན་པའི་བར་དུ་འགྲོ། །ས་གསུམ་སྒྲོན་མ་ལྟ་བུར་སོན། །གཞན་པའི་སྔགས་ནི་ས་མཐའ་འདྲ། །དེ་ལས་ 86-1-6b ཟླ་འབབ་གཡོན་ནས་སོ། །སྔགས་འདི་ཐིག་ལེས་བརྒྱན་པ་སྟེ། །སྔགས་ནི་རྣལ་འབྱོར་མ་བསྐྱེད་པའོ། །སླར་ཡང་ས་བོན་གཉིས་པ་བརྗོད། །གཡས་པ་ཉི་མ་བསྐྱེད་པ་སྟེ། །ལོགས་སུ་གཉིས་ཕྱེ་མགོར་ཐིག་ལེ། ། ཡ་སྡེའི་མཐའ་ཡི་ས་བོན་ནི། །བྱང་ཆུབ་སེམས་ཆེན་འབབ་ལམ་མོ། །འདི་ནི་ཕག་མོའི་ས་བོན་ཡིན། །ཨཱ་ཡི་ཡི་གེས་མཐར་བརྒྱན་པ། །བཅུ་དྲུག་ཟླ་ཕྱེད་ཉི་མས་བརྒྱན། །ཡ་སྡེའི་དང་པོའི་ས་བོན་ནི། །སྦྱོར་བས་ ས་གསུམ་རླུང་ཡོན་ཏན། །དབྱངས་ཀྱི་བཅུ་གསུམ་པས་རྒྱས་གདག །དཀར་པོའི་ཕྱོགས་ཀྱིས་མགོ་བོར་བརྒྱན། །ཐིག་ལེ་དང་ནི་བཅས་པ་འབར། །དགའ་བ་བཞི་པོ་དག་པའོ། །པ་སྡེའི་མཐའ་མ་བདེ་བའི་གཟུགས། ། ཨོ་ཡི་ཡི་གེ་ཞོན་ལྡན་པ། །མགོ་བོར་ཟླ་ཕྱེད་ཉི་མས་མནན། །ས་ཡི་ཕ་རོལ་གཞོམ་མེད་པས། །ཉི་མ་ཡི་ནི་གདན་ལ་གནས། །དབྱངས་ཀྱི་བཞི་པ་རྣ་དྲུང་བཟུང་། །མགོ་བོར་ཟླ་ཕྱེད་ཐིག་ལེས་བརྒྱན། །འདོད་ཆགས་མཐའ་ ཡི་རང་བཞིན་ནོ། །ཡེ་ཤེས་ས་བོན་ཉིས་འགྱུར་དབྱེ། །སྤྲོ་བ་དང་ནི་བསྡུ་བས་སྐྱེས། །འོག་དང་སྟེང་དུ་གནས་པ་ཡི། །མགོན་པོ་ལོངས་སྤྱོད་རྫོགས་འཛིན་པ། །སྙིང་ག་དང་ནི་ཆུ་སྐྱེས་སུ། །དོན་གྱི་ཆོ་ག་ཡོངས་རྫོགས་ པའོ། །ཡོངས་སུ་སྐྲག་བྱེད་མ་ས་བོན། །པ་མཐའི་ཡི་གེ་བཟུང་ནས་ནི། །སླར་ཡང་དེ་བཞིན་བརྗོད་པར་བྱ། །ཨོ་ཌྱན་འབར་བ་འཛིན་གྲོང་གི། །བུ་གར་གཏུམ་མོ་སྦོར་བའོ། །བྱང་ཆུབ་སེམས་ཀྱིས་ས་གསུམ་འགེངས། ། དེ་ལྟར་བཤད་པའི་སྔགས་གང་ནི། །རིམ་པས་ཡི་གེ་རྣམས་མི་མཐུན། །རྣལ་འབྱོར་མའི་མིང་ལྡན་པར། །ལས་དུས་དེ་ལྟར་རྟོག་པར་བྱ། །རེ་རེའི་ཆེ་བའི་བདག་ཉིད་ནི། །ཡི་གེ་ཡི་ནི་གྲངས་ཀྱིས་སོ། །བདག་ཉིད་ཆེན་པོ་ རྣམ་པར་འཕྲོ། །བྱང་ཆུབ་ཆ་ཤེས་ཆ་རྒྱུའོ། །ཐོག་མར་རྣམ་སྣང་ཕྱག་འཚལ་བ། །ཆོས་ཀྱི་དབྱིངས་ནི་བྱ་བའི་གཟུགས། །ཏ་སྡེའི་ལྔ་པ་ཡི་ཡི་གེ་ནི། །ལྔ་པ་ཡི་ནི་སྡེ་ཚན་ནོ། །རྣལ་འབྱོར་མ་གཟུགས་ནམ་མཁའ་བརྟེན། ། 86-1-7a པ་མཐའི་ས་བོན་ཨོ་དབྱངས་ལྡན། །གཏི་མུག་འཇོམས་པར་བྱེད་མ་སྟེ། །རྣལ་འབྱོར་མའི་ཚོགས་སྤྲོ་བའོ། །དེའི་བཞི་པའི་ས་བོན་ནོ། །ས་གསུམ་དུ་ནི་ཁྱབ་པ་ཡི། །རྣལ་འབྱོར་མ་ནི་སྤྲོ་བའོ། ། ཐོག་མའི་སྡེ་ཡི་གསུམ་པ་སྟེ། །འགྲོ་བ་དྲུག་པོ་ཉམས་བྱེད་པའི། །མཁའ་འགྲོ་མའི་འཁོར་ལོ་སྤྲོ། །ཡ་སྡེའི་མཐའ་མའི་ས་བོན་ནི། །བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །ལྔ་པའི་སྡེ་ཡི་ཐོག་མ་སྟེ། །དེ་བཞིན་ ཉིད་ཀྱི་ས་བོན་ཏེ། །ཨི་ཡི་དབྱངས་ཀྱིས་མགོ་ལ་རེག །ཆུ་ཡི་ཡི་གེ་ཡོངས་བསགས་པ། །ཐམས་ཅད་བྱེད་པའི་རང་བཞིན་ནོ། །རྩ་སྡེའི་དབུས་གནས་བཟུང་ནས་ནི། །ཉི་མ་ཡི་ནི་གདན་ལྡན་པ། །ལས་ཀྱི་དུས་སུ་ ཁྱད་པར་ལྡན། །ཕག་མོ་ཡི་ནི་ས་བོན་ནི། །ཨ་ཡི་ཡི་གེ་རྣ་བར་རེག །ས་གསུམ་ཡེ་ཤེས་རང་བཞིན་མཉམ། །མེ་ཡི་ས་བོན་དབྱངས་གཉིས་ལྡན། །འཁོར་བའི་ལས་ཀྱི་རང་བཞིན་ནོ། །ས་མཐའི་མགོ་ལ་ཨཱི་ དབྱངས་རེག །རྟག་ཏུ་ཚངས་པའི་རང་བཞིན་བལྟ། །དབྱངས་ཀྱི་གཉིས་པ་གཟུང་ནས་ནི། །དེ་ལྟར་མཁའ་འགྲོ་མའི་གཟུགས། །སེམས་ཅན་སྒྲོལ་བར་བྱེད་པའོ། །ཡ་ཡིག་གནས་པ་ར་དང་ལྡན། །སླར་ཡང་ ཨཱི་ཡི་དབྱངས་སྦྱར་རོ། །ཁམས་གསུམ་རྣལ་འབྱོར་མ་སྤྲོའོ། །དྲུག་པའི་སྡེ་ཡི་དང་པོ་ནི། །རྣལ་འབྱོར་མ་སྔགས་ཀུན་རང་བཞིན། །ར་གནས་པ་ནི་ཨ་དབྱངས་ལྡན། །སྡང་བའི་སེམས་ཅན་གསོད་བྱེད་འགྱུར། ། ཛ་ཡི་ཡི་གེ་ཡོངས་གཟུང་སྟེ། །ཨི་ཡི་དབྱངས་དང་ཡང་དག་ལྡན། །སྒྱུ་མའི་རང་བཞིན་ཡོངས་ལྡན་པའོ། །སོ་ཡི་ས་བོན་རྣ་བ་ལ། །ཨི་ཡི་དབྱངས་ཀྱིས་རེག་པས་དབྱེ། །ཀླུ་ཡི་སྔགས་ནི་སྦྱར་བྱས་ཏེ། །ཏྲེ་ཡི་ ཡི་གེ་ས་གསུམ་ཀུན། །ཡེ་ཤེས་ཀྱི་ནི་ཁྱད་པར་སྔགས། །ལ་ཡི་ཡི་གེ་ཨོ་དང་ལྡན། །འཇིག་རྟེན་རྣམས་ཀྱི་རྟེན་ཡིན་ཏེ། །བྱང་ཆུབ་བྱེད་པའི་ཆོས་ཡིན་ནོ། །ཐོག་མའི་ཀ་ནི་ཡ་སྟན་ལྡན། །འཆི་དང་ལྷན་སྐྱེས་ 86-1-7b དབྱེ་བ་མེད། །པ་ཡི་སྡེ་ཡི་མཐའ་མ་ལ། །ཨ་ཡི་ཡི་གེའི་དབྱངས་སྦྱར་བྱ། །ས་གསུམ་གྱི་ནི་མ་རང་བཞིན། །ཏ་ཡིག་ཨེ་ཡི་ཡི་གེས་བརྒྱན། །བདེ་བ་འཛིན་པར་བྱེད་པའོ། །སླར་ཡང་མ་སྡེའི་མཐའ་མ་སྟེ། ། ཚད་མེད་པ་ཡི་ལྷན་སྐྱེས་ཀྱི། །དབུས་ན་བཞུགས་པའི་རང་བཞིན་ནོ། །ས་ཡི་མཐའ་མ་ཨཱ་དང་ལྡན། །རྡོར་སེམས་ཡེ་ཤེས་གཞོམ་མེད་པའོ། །ཡ་སྡེའི་མཐའ་མ་ཨི་དབྱངས་ལྡན། །མི་ཤེས་རང་བཞིན་འཇོམས་ བྱེད་པའོ། །ཏྱེ་སྔགས་ཆོས་དབྱིངས་རང་བཞིན་ཏེ། །ཐམས་ཅད་རང་བཞིན་དུ་ཁྱབ་པའོ། །བུ་ག་རྣམས་ནས་འཛག་པ་ས། །འབབ་པའི་ས་བོན་ཉི་མ་ལྡན། །ཆུ་སྲིན་དབང་པོ་ཡི་ནི་སྔགས། །བ་སྡེ་བཞི་པའི་ས་ བོན་ནི། །ཨཱུ་དབྱངས་སྟན་དང་ལྡན་པ་སྟེ། །འཁོར་བའི་འཇིགས་པ་ཉམས་བྱེད་པའོ། །ཏ་ཡི་སྔགས་ཀྱིས་དགྲ་ཉམས་བྱེད། །སླར་ཡང་པ་སྡེའི་བཞི་པ་ནི། །སྒྲ་ཆེན་པོ་ནི་སྒྲོགས་པའོ། །རླུང་གི་ས་བོན་ ཨཱ་ཡིག་རིག །སྔགས་ནི་ནོར་བུར་འབབ་བཞིན་པའོ། །ཆུ་ཡི་ས་བོན་རྣར་གཟུང་བ། །སྒྱུ་མ་ཡི་ནི་རང་བཞིན་ནོ། །ས་ཡི་ཕ་རོལ་ཨེ་ཡིག་ལྡན། །ས་གསུམ་གྱི་ནི་འཁྲུལ་འཇོམས་རྒྱུ། །པ་སྡེའི་མཐའ་མ་ རྐང་རང་བཞིན། །ས་ཡི་ཕ་རོལ་ཨ་དང་ལྡན། །ངོ་མཚར་ཆེ་བ་ཡི་ནི་ཆོས། །ཡ་ཡི་སྡེ་ཡི་མཐའ་མ་ནི། །པད་མའི་ས་བོན་མཆོག་ཡིག་གོ། །ཙ་ཡི་དབུས་མའི་ས་བོན་ནི། །ར་ཡི་མགོ་ལ་གནས་པ་སྟེ། ། ཨེ་ཡིག་གིས་ནི་ཕྱེ་བ་ནི། །ལྷ་དང་ལྷ་མིན་རང་བཞིན་ནོ། །དེ་ལྟར་སྔགས་ཚིག་དྲུག་པོ་སྟེ། །རྣལ་འབྱོར་མ་ཡི་ཚོགས་སྤྲོ་བ། །ལས་ཀུན་རང་བཞིན་འཁོར་ལོའོ། །སྙིང་རྗེའི་འདོད་པར་གྱུར་པ་ཡི། ། དེ་ཁོ་ན་ཉིད་ཚིག་རྒྱ་ཆེ། །རྣལ་འབྱོར་ཐམས་ཅད་རབ་འགེངས་པའི། །བཅོམ་ལྡན་མཁའ་འགྲོས་འདི་གསུངས་སོ། །འཁྲུལ་འཁོར་འཁོར་ལོ་བཤད་བྱ་སྟེ། །ཁྱོད་ཀྱི་འཁྲུལ་འཁོར་ཆུང་རྒྱ་ཆེ། །ཀུན་ནས་ཡོངས་སུ་ 86-1-8a ཟླུམ་པོར་ནི། །རི་མོ་བཅུ་གསུམ་བྲི་བར་བྱ། །ལྷ་མོ་དུམ་བུ་བཅུ་གཉིས་འགྱུར། །སུམ་བཅུ་རྩ་དྲུག་རྩིབས་ཀྱིས་བརྒྱན། །རྩིབས་རེ་རེ་ལའང་ཡི་གེ་ནི། །རིམ་པས་ཡོངས་སུ་གསལ་བར་སྦྱིན། ། ལྷག་མ་ཉི་ཤུ་བཞི་ཡི་གེ། །ཐམས་ཅད་ལྟེ་བའི་སྙིང་པོ་ལའོ། །དེ་རྣམས་ཀྱིས་ནི་བསྐྱེད་པའི་རྩ། །སྟོང་ཕྲག་བདུན་བཅུ་རྩ་གཉིས་སོ། །སོ་སོ་རེ་རེ་ཡི་ནི་འཁོར། །ནོར་དང་མདའ་དང་ཟླ་བའོ། །ཀུན་ལ་ལྷག་པས་ དམན་པ་ནི། །ནོར་དང་རིག་བྱེད་ཚོགས་པའོ། །དེར་གནས་པ་ལ་འཁྲུལ་འཁོར་བཏུ། །ལས་གཅིག་ཇི་ལྟར་མོས་པའོ། །རྣམ་པར་ཤེས་པའི་བཞོན་པ་ནི། །རྩ་ཐམས་ཅད་དུ་འཆར་དུས་སུ། །དེར་ནི་དབང་པོ་དང་ནི་ ཡུལ། །ལས་ཀྱི་དུས་སུ་གསད་པར་བྱ། །ཡིད་ཅེས་བྱ་བ་བསྐྲད་བྱ་ཞིང་། །སེམས་ནི་དབང་དུ་བྱ་བ་སྟེ། །ཁམས་དང་སྐྱེ་མཆེད་གཞན་དེ་བཞིན། །ཞི་བ་དང་ནི་རྒྱས་པར་བྱ། །ཕུང་པོ་ཀུན་དང་དེ་བཞིན་སྲོག །དགུག་ པ་དང་ནི་སྡང་བའོ། །ལུས་དང་ངག་དང་དེ་བཞིན་སེམས། །དེ་རྣམས་རེངས་པར་བྱ་བའོ། །ལས་གཞན་ཇི་ལྟར་རིགས་པ་ཡིས། །བརྒྱད་ཀྱིས་ལྷག་པའི་བརྒྱ་ཡང་ངོ་། །ཡང་ན་ས་བོན་ཅི་འདྲ་བ། །དེ་ཡི་ཚད་དང་ མཉམ་ལགས་སོ། །དེ་དུས་བདག་ཉིད་ཆེ་བ་ཡིས། །ཡི་གེས་བསྐྱེད་དང་འཇོམས་པའོ། །ཕག་མོ་རྡོ་རྗེ་གཙོ་མོ་ཡི། །འཁྲུལ་འཁོར་གཉིས་པ་བཤད་བྱ་སྟེ། །ཡ་སྡེའི་མཐའ་ཡི་ས་བོན་ནི། །བྱང་ཆུབ་ས་བོན་རང་ བཞིན་ནོ། །ལྕེ་གཉིས་ཡི་གེ་ར་ཡིག་ལྡན། །རྣལ་འབྱོར་མ་སྔགས་ཨཱ་ཡིག་དགང་། །ས་གནས་པ་ནི་མི་གཡོ་བའོ། །ན་ཡི་ཡི་གེ་ཨེ་དང་ལྡན། །སེམས་ཅན་ཀུན་སྤྲུལ་རྒྱུ་མཚན་ནོ། །ཐོག་གནས་དབྱངས་ནི་ཐོག་ མའི་མགོན། །ལྕེ་གཉིས་ཨི་དབྱངས་མགོ་ལ་རེག །ས་གསུམ་ཁམས་ཀྱི་རང་བཞིན་ནོ། །ཏ་ཡི་ཡི་གེ་ཨེ་དང་ལྡན། །ལྔ་པ་ཡི་ནི་ཐོག་མ་སྟེ། །རྣལ་འབྱོར་མ་ཡིན་རང་བཞིན་ནོ། །ཡ་སྡེའི་བཞིར་གནས་པའི་ས་བོན། ། 86-1-8b ཀུན་གྱི་གཙོ་མོའི་རང་བཞིན་ནོ། །བརྒྱད་པའི་སྡེ་ཡི་ཐོག་ས་བོན། །སྟོང་པ་ཡིས་ནི་བརྒྱན་པ་སྟེ། །ཁུ་བའི་ཁམས་ཀྱི་ངོ་བོ་ཉིད། །གཉིས་པར་གནས་པའི་ཐོག་མ་ནི། །ཀེང་རུས་ཐིག་ལེ་འཛིན་པའོ། །ཡ་སྡེའི་གཉིས་ པའི་ས་བོན་ནི། །ཨི་ཡི་དབྱངས་དང་ལྡན་པ་སྟེ། །རྡོ་རྗེ་སྙིང་གནས་མགོན་པོའོ། །ཏ་མཐའ་ཨེ་ཡི་ཡི་གེས་བརྒྱན། །སྐྱེ་གནས་ལ་ནི་སྤྲས་པའོ། །ཏ་ཡིག་ཉི་མ་དང་ལྡན་པ། །རིམས་འཇོམས་པ་ཡི་ རྒྱལ་པོའོ། །བྷ་ནི་ཉི་ལྡན་ཨ་ཡིག་བརྒྱན། །ལྟེ་བའི་ཐབ་དུ་གནས་པའོ། །བ་སྡེའི་མཐའ་མ་གནས་རང་བཞིན། །ཊ་མཐའ་ཨི་ཡིས་བརྒྱན་པ་ནི། །འགུགས་པ་ཡི་ནི་རང་བཞིན་ནོ། །བི་ཤོ་ཥ་ཥི་སྔགས་ བཞི་སྟེ། །དགའ་བ་བཞི་ཡི་རང་བཞིན་གྱིས། །གཏེར་ཆེན་པོའི་ས་བོན་ནོ། །ར་ཡིག་ཨོ་ཡི་ཡི་གེས་བརྒྱན། །རྩ་དྲག་པོ་ཡི་རང་བཞིན་ནོ། །ཤ་ཡིགཉིས་པའི་ས་བོན་ནི། །སྙིང་པོ་ཡི་ནི་གཟུགས་སུའོ། ། ཎི་ཡིག་རང་བཞིན་གྱིས་བཟུང་བ། །རྣལ་འབྱོར་མའི་དེ་ཉིད་ངོ་བོ། །ཀ་ཡིག་ར་ཡིག་ཨོ་ཡིག་ལྡན། །དབུ་མ་རྐྱང་མ་རོ་རང་བཞིན། །ཏ་པའི་བར་གནས་གཟུང་བར་བྱ། །རྣལ་འབྱོར་མའི་ཚོགས་ཀྱི་ནི། ། རྐང་པ་བརྒྱད་པ་བསྒྲུབ་རང་བཞིན། །ཏ་སྡེའི་མཐའ་མ་ཨི་ཡིག་བརྒྱན། །ཐོད་པའི་དབུས་ཀྱི་རྩ་རང་བཞིན། །ཀ་རུ་མངོན་བརྗོད་གཟུང་བར་བྱ། །དེ་ཡིས་ལས་རྣམས་ཟད་པར་བྱེད། །ར་ཡིག་ཨ་ཡི་ ཡི་གེས་གཟུང་། །མགོ་བོའི་དབུས་ནས་སྒྲ་ཆེན་འཛག །ས་ཡི་ས་བོན་ཨི་ཡིག་ལྡན། །གྲུ་གསུམ་གྱི་ནི་དབུས་སུའོ། །ཏ་ཡི་མཐའ་མ་ཨིས་བརྒྱན་པ། །སྤྲུལ་པའི་སྟེང་དང་འོག་ཏུ་ འོ། །ཏ་ཡིག་ར་ཡིག་ཨཱ་ཡིག་སྦྱར། །ཆོས་ཀྱི་དབྱིངས་ནི་གྲུ་གསུམ་སྟེ། །དེ་ཕྱིར་ས་གསུམ་སྐྱེད་པའོ། །ས་གཟུང་དབུས་མ་བཅས་ས་བོན། །ན་ཡིག་ཨི་དང་ལྡན་རང་བཞིན། །བ་སྡེའི་མཐའ་ 86-1-9a མ་ཨ་ཡིས་བརྒྱན། །སྒྱུ་མའི་ངོ་བོ་པད་མའི་རྩ། །ར་གང་གནས་པ་རྣ་རང་བཞིན། །ཊ་སྡེའི་མཐའ་མ་ཨི་དང་ལྡན། །མ་ལུས་དབྱེར་མེད་སེམས་ཅན་གྱི། །ཁམས་འཛིན་པ་ཡི་ མགོན་པོའོ། །དེ་ལྟར་སྔགས་ཚིག་བཅུ་བརྗོད་དེ། །དུས་བཞི་ཡི་ནི་ཚད་ཅན་ནོ། །རྣལ་འབྱོར་མ་ཀུན་ལས་ཀྱི་ནི། །འཁོར་ལོས་སྒྱུར་བ་ལོངས་སྤྱོད་པ། །དུས་ཀྱི་གཟུགས་ཀྱི་རང་བཞིན་ཅན། ། བཅོམ་ལྡན་ལྷ་ཡིས་འདི་གསུངས་སོ། །མཁའ་འགྲོ་མ་གནས་འདུ་བ་ནི། །འཁོར་ལོ་འཁོར་ལོར་ཤེས་པའོ། །ཉི་ཁྲི་བརྒྱ་ཕྲག་བཅུ་དྲུག་གི། །ཡེ་ཤེས་ལས་ནི་དེ་བཞིན་བྱེད། །ཡོན་པོར་ སྨྲ་བ་རྣམས་ཀྱི་ནི། །དེའི་རྡུལ་གྲངས་ལས་སྐྱེས་པར་འདོད། །བསྒྲུབ་པར་བྱ་བའི་མིང་གཟུང་ནས། །ཕྱི་ནས་བློ་ལྡན་གྱིས་སྔགས་སྦྱར། །སྔོན་དུ་པ་ལ་ར་སྟན་ནོ། །ཐོག་མ་ཡི་ནི་ཆོས་ གཟུགས་སོ། །དེ་ཡི་བཞི་པར་གནས་པ་ལ། །ཨེ་ཡི་ཡི་གེས་རྣར་བརྒྱན་པ། །རྣལ་འབྱོར་མ་རྣམས་ཀྱི་སྔགས་སོ། །ཏ་སྡེའི་དབུས་གནས་ཅི་འདོད་སྟེར། །ན་ཡིག་ཨ་ཡི་ཡི་གེ་ལྡན། ། སྣ་ཚོགས་སྤྲུལ་པ་བྱེད་པའོ། །པ་ཡིག་སྤྲོས་པ་དང་བཅས་པའོ། །ར་ཡི་ཡི་གེ་ཨ་དང་ལྡན། །རྣལ་འབྱོར་མའི་འཁོར་ལོ་སྒྱུར། །ཙ་སྡེའི་དབུས་གནས་ས་བོན་གཟུང་། །གང་ལྟ་དེ་ལྟའི་རང་ བཞིན་ནོ། །རླུང་བསགས་པ་ནི་ཨེ་ཡིག་ལྡན། །ཨ་ཧྃ་ཡི་གེའི་རང་བཞིན་ནོ། །ཡ་ཡི་སྡེ་ཡི་མཐའ་མ་ལ། །དབྱངས་ཀྱི་གསུམ་པས་མགོ་ལ་བརྒྱན། །སྣ་ཚོགས་ཡེ་ཤེས་སྔགས་རང་བཞིན། ། ཛ་ཡི་ས་བོན་མཐའ་མེད་པར། །འབར་བར་འགྱུར་བ་ཡི་ནི་གཟུགས། །ཡི་གེ་ཡ་ནི་ཨེ་ཡིག་ལྡན། །ཐེག་པ་ཀུན་གྱི་ལྟ་བའི་གཟུགས། །ཙ་སྡེའི་གསུམ་པའི་ས་བོན་ནི། །རྣལ་འབྱོར་མའི་གཟུགས་ 86-1-9b ཤེས་བྱ། །པ་མཐའ་དེའི་བཞི་པ་ལའོ། །སྔགས་ཐམས་ཅད་ཀྱི་བླ་མའོ། །ཏ་སྡེའི་མཐའ་མ་དབྱངས་གསུམ་ལྡན། །མ་ལུས་སེམས་ཅན་འབོད་པའི་གཟུགས། །དྲོ་བའི་གསུམ་པ་ཏ་སྟན་ཅན། ། འགྲོ་དང་མི་འགྲོ་བཅས་འགྲོ་སྒྲོལ། །དེ་བཞིན་མྦྷའི་ཡི་གེ་བཟུང་། །ས་ནི་བཅུ་བཞི་པའི་གཟུགས་སོ། །ནི་སྔགས་རྣལ་འབྱོར་མ་རྣམས་ཀྱི། །བརྡ་ཡིས་སུ་ནི་འཇུག་པའོ། །པ་སྡེའི་མཐའ་མ་ཨོ་ཡིག་རེག །སྣ་ཚོགས་ མི་ཤེས་འཛུན་པའོ། །ས་མཐའ་རྡོར་སེམས་རང་བཞིན་ནོ། །ནྀ་ཡི་ཡི་གེ་ཆོས་དང་ནི། །ཆོས་མིན་སུན་འབྱིན་པ་ཡིན་ནོ། །ཡ་ཡི་སྡེ་ཡི་མཐའ་མ་ནི། །རྣལ་འབྱོར་མ་སྟེ་ནམ་མཁའི་གཟུགས། །ཛ་ཡིག་ར་ཡིག་སྟན་ ཅན་མི། །ཁུ་བའི་རང་བཞིན་ཤར་བའོ། །སླར་ཡང་རླུང་གི་མཐའ་མ་ནི། །ཨ་ཡི་ཡི་གེས་གཟི་བསྐྱེད་པ། །ཚངས་པ་པད་མ་ཡི་ནི་གཟུགས། །ར་ཡིག་ཨ་ཡིག་ཡི་གེ་ལྡན། །འགྱུར་བ་མེད་པའི་རང་བཞིན་ནོ། །ས་མཐའ་ དབྱངས་གསུམ་མགོ་ལ་གནས། །རྣལ་འབྱོར་མ་རྣམས་འབབ་པའི་གཟུགས། །མ་ནི་དབུས་མ་དེ་ཉིད་གཟུགས། །ས་མཐའ་ཨ་ཡིས་བཀང་བ་སྟེ། །རྣལ་འབྱོར་མ་གཟུགས་ཀྱི་ཁར་བརྗོད། །ཡ་ཡིག་ཨོ་ཡི་ཅོད་པན་ གནས། །ལྷན་ཅིག་སྐྱེས་པའི་རང་བཞིན་ནོ། །ཀ་སྡེའི་དབུས་གནས་དབྱངས་གསུམ་བརྒྱན། །དེ་ཉིད་མེད་པའི་རང་བཞིན་ནོ། །ནི་ཡི་ཡི་གེ་རང་བཞིན་མེད། །གཉིས་པ་ཡི་ནི་ཐོག་མ་ལ། །ཨ་ཡི་ཡི་གེ་གསལ་བར་བྱེད། ། འདོད་པའི་ཁམས་ཀྱི་རང་བཞིན་ནོ། །པ་སྡེའི་མཐའ་མ་ཨེ་དང་ལྡན། །ཐམས་ཅད་སྒྱུ་མའི་རང་བཞིན་ནོ། །པ་ཡི་ས་བོན་མཐར་ཤ་སྟེ། །ཡ་སྡེའི་མཐའ་ཡིག་སྟན་ཅན་ནི། །ཁུ་བ་དང་ནི་རླུང་དབྱེར་མེད། །ཨི་དབྱངས་ མགོར་བརྒྱན་མེ་ས་བོན། །གྲུབ་པ་སྒྱུ་མའི་རང་བཞིན་ནོ། །ཀ་ཡི་གཉིས་པའི་ས་བོན་ནི། །ནམ་མཁའ་རྣལ་འབྱོར་མ་ཡི་གཟུགས། །ས་བོན་དེ་ཡི་མཐའི་ཡི་གེ། །ཨེ་ཡི་ཡི་གེས་རྣར་བརྒྱན་པ། །དཔའ་བོ་གཅིག་ 86-1-10a པུ་མི་བསྐྱོད་པའོ། །དེ་ལྟར་འཁོར་ལོ་མཁའ་རང་བཞིན། །དེ་ལྟར་རྐང་པ་དགུ་པོ་ནི། །རྣལ་འབྱོར་མ་ཚོགས་ཡི་གེ་སྟེ། །ཁམས་གསུམ་གྱི་ནི་སྔགས་རང་བཞིན། །སྔགས་ཀུན་སྤྱོད་པའི་ སྦྱོར་བདག་ཉིད། །མཁའ་འགྲོའི་དམ་ཚིག་ལ་བཞུགས་ནས། །དངོས་གྲུབ་ཐམས་ཅད་རབ་སྩལ་བའི། །བཅོམ་ལྡན་ལྷ་ཡིས་འདི་གསུངས་སོ། །འཁོར་ལོ་གསུམ་པའི་ནུས་པ་ཡིས། །ཇི་ལྟར་འདོད་པའི་ལས་ བྱའོ། །རྣལ་འབྱོར་རྣམས་ཀྱི་ལས་དུས་སུ། །སྒྱུ་མས་ཐམས་ཅད་རྨོངས་པར་བྱ། །རྡོ་རྗེ་མ་བདག་སླར་ལངས་ནས། །འཁོར་ལོ་གཞན་གྱི་རྣལ་འབྱོར་ལྡན། །མཆོག་ཏུ་མི་འགྱུར་གཙོ་བོ་ལ། །བདག་མེད་ མ་ཡིས་དམ་འཁྱུད་དོ། །ཏ་ཡི་སྔགས་ཀྱིས་གཉིས་པ་སྦྱོར། །དྱ་གནས་མེ་དང་རླུང་ས་བོན། །བདེ་བ་ཆེན་པོའི་འདོད་ཆགས་ཆེ། །དེ་ཡི་གཉིས་པའི་ས་བོན་ནི། །ཨཱ་ཡི་ཡི་གེས་དགང་བའོ། །འབྱུང་བ་ཆེན་པོ་བཞི་ རང་བཞིན། །པ་ཡིག་ར་ཡིག་ཨོ་ཡིག་སྦྱར། །གསུམ་པོ་རླུང་གི་རང་བཞིན་ནོ། །ཏ་ཡི་ཡི་གེ་ཨྃ་ཡིག་ལྡན། །སླར་ཡང་རྣམ་ཤེས་ས་བོན་ནོ། །ཀ་ཡི་སྡེ་ཡི་དབུས་གནས་པ། །ཨེ་ཡི་ཡི་གེས་རྣམ་པར་བརྒྱན། ། རྣལ་འབྱོར་མའི་ཕྱག་རྒྱ་རང་བཞིན། །སླར་ལ་ཡང་ནི་བརྗོད་པར་བྱའོ། །ཚིག་འདི་ཐབས་ཤེས་དབྱེར་མེད་དངོས། །ས་མཐའ་དང་ནི་ན་ཡི་སྔགས། །སྔར་ལ་ཡང་ནི་བརྗོད་པར་བྱ། །སྐྱེད་ཅིང་སྡུད་པར་བྱེད་གཟུགས་ སོ། །པ་ར་ཨ་ཡིག་ས་བོན་གཅིག །དོན་དམ་པ་ཡི་ཡི་གེའོ། །ཊ་མཐའ་ཨཱ་ཡི་ཡི་གེ་ལྡན། །གཞོམ་དུ་མེད་ལས་སྐྱེས་པའོ། །ཏ་ཡི་མཐའ་མ་ཀུན་འཇོམས་པའོ། །ཀ་ཀ་དང་ནི་ཎི་གནས་ལ། །དབྱངས་ གསུམ་སྦྱར་ཞིང་ཐིག་ལེ་སྦྱིན། །རྣལ་འབྱོར་མ་ཀུན་འབོད་པའོ། །དེ་བཞིན་དུ་ནི་ཁ་ཁ་དང་། །གསུམ་པ་ཎ་རུ་གནས་པ་ཨི། །དུབ་པ་སེལ་བར་བྱེད་པའི་རྒྱུ། །དྷུ་ན་ཡི་ནི་སྔགས་ཀྱི་ཚིག །ལན་གཉིས་སུ་ནི་ 86-1-10b བརྗོད་པར་བྱ། །རྟོག་པ་ཐམས་ཅད་འཇོམས་པར་བྱེད། །ཡ་སྡེའི་མཐའ་མ་ཡི་ནི་སྔགས། །རྡོ་རྗེའི་བུ་གར་བརྒྱན་པའོ། །ཙ་སྡེའི་དབུས་གནས་ས་བོན་ནི། །ར་ཡི་སྟན་ལ་ཡོངས་སུ་གནས། །གཏི་མུག་ཟ་བར་ བྱེད་པའོ། །ས་མཐའ་གཞོམ་མེད་དབུས་མའོ། །ཤའི་སྡེའི་གསུམ་པ་ཏ་སྟན་ཅན། །ཨེ་ཡི་ཡི་གེ་རྣ་བར་བརྒྱན། །སྣ་ཚོགས་མཁའ་འགྲོ་མ་ཡི་གཟུགས། །འབོད་པར་བྱེད་པ་ཡི་ནི་སྔགས། །ཤོ་ཥ་ཡ་ཡི་ སྔགས་ཀྱི་ཚིག །ལན་གཉིས་སུ་ནི་བརྗོད་པར་བྱ། །ཡེ་ཤེས་ཅན་རློམ་ང་རྒྱལ་འཇོམས། །བྱང་ཆུབ་བྱང་ཆུབ་མེད་དེ་ཉིད། །དེ་ལྟར་རྐང་པ་བཅུ་གཉིས་ནི། །ས་དང་རྣལ་འབྱོར་ལས་རང་བཞིན། །བཅུ་གཉིས་ས་རྣམས་ ཁྱབ་བདག་གི། །བཅོམ་ལྡན་ལྷ་ཡིས་འདི་གསུངསོ། །ཡི་གེ་རྣམས་ཀྱི་གནས་སོགས་ཀྱི། །བརྡ་ཡིས་དེ་ཉིད་ཕ་རོལ་འགྲོ། །བདག་ལས་སེམས་ཅན་ཐམས་ཅད་སྐྱེས། །སེམས་ཅན་ལས་ཀྱང་བདག་བྱུང་ངོ་། །བདག་ དེ་རྟག་ཏུ་མེད་གྱུར་ནས། །སྒྱུ་མ་རྨི་ལམ་དེ་བཞིན་གཤེགས། །འཁྲུལ་འཁོར་འདི་ནི་སྟོབས་ཆེ་སྟེ། །ལས་རྣམས་ཇི་ལྟ་བར་ནི་བྱུང་། །རྡོ་རྗེ་མཁའ་འགྲོའི་མཚན་ཉིད་དུ། །དུས་འདིར་ཐམས་ཅད་འགྱུར་བའོ། །འཁོར་ ལོ་ལྔ་པ་འདི་རྣམས་སུ། །མྱ་ངན་འདས་པའང་བརྗོད་པར་བྱ། །ལྷ་སོགས་ཐམས་ཅད་རྒྱུན་དུ་གསོད། །དེ་རྣམས་ཐམས་ཅད་རྟག་ཏུ་གྲོལ། །བཀའ་སྩལ་པ། ཀ་ཡི་གཉིས་པའི་ས་བོན་ནི། །རྣལ་འབྱོར་མའི་ ཚོགས་དེ་ཉིད་དོ། །ཊ་བཟུང་པ་མཐའི་སྟན་ཅན་ཏེ། །ཨྃ་གིས་ཅོད་པན་བརྒྱན་པར་བྱ། །དེ་ལ་ཨ་ཡི་ཡི་གེས་དགང་། །འགྲོ་བ་དྲུག་གི་རང་བཞིན་ནོ། །ཀ་སྡེའི་དབུས་གནས་ས་བོན་ནི། །དུག་གིས་རེག་པ་འཕྲོག་པར་བྱེད། ། ཀ་ཡི་ས་བོན་སྟོང་རང་བཞིན། །ན་ཡི་མཐའ་མ་ཨཱ་ཡིག་ལྡན། །མེ་འབར་བ་ཡིས་དབང་ལྡན་ཏེ། །འཛིན་པ་ཡི་ནི་ས་བོན་ནི། །བསྐྱོད་པའི་ཁྱབ་བདག་ཆེན་པོའོ། །ཏ་ཡི་སྡེ་ཡི་བཞི་པ་ནི། །ཨཱ་ཡི་དབྱངས་ 86-1-11a ཀྱིས་བརྒྱན་པའོ། །སྲིད་པ་དང་བྲལ་བ་ཡི་གཟུགས། །ཉི་མ་ཨེ་ཡིག་ལྡན་རོ་ལངས། །ཏ་མཐའི་ས་བོན་གཟུང་བར་བྱ། །དབྱངས་ཀྱི་གསུམ་པས་མགོ་ལ་བརྒྱན། །ས་གསུམ་ཐམས་ཅད་གསོད་པའོ། ། པ་སྡེ་མཐའ་ཡི་ས་བོན་ནི། །ཡིད་ཀྱི་སྨྲ་བ་རྟོག་མེད་བྱེད། །ས་མཐའི་ཨཱ་ཡི་ངག་ལྡན་པ། །ཐར་པའི་བཤེས་ནི་རྟོག་པའོ། །མ་གཉིས་ཧ་གཉིས་བརྗོད་པར་བྱ། །རྨོངས་པའི་རང་བཞིན་འཕྲོག་ཅིང་འཕྲོག །པ་ཡི་ས་བོན་ ཨི་ཡིག་བརྒྱན། །ཕ་ནགས་ཀུན་ཉམས་གཟུང་དེ་ཉིད། །ཤ་ཡི་ཡི་གེས་ཨི་དང་ལྡན། །སེང་གེ་ཟ་བ་ཡི་ནི་སྔགས། །ཏའི་སྔགས་སླར་ཡང་འཆི་མེད་སྐྱེ། །པ་མཐའ་ཨི་ཡི་ཡི་གེས་དགང་། །ཐིག་ལེས་ཅོད་ པན་ལ་རེག་པའོ། །རྒྱ་ལ་འཆི་བ་རྟོག་པ་ཡིན། །ས་ཡིག་དབྱངས་གཉིས་བརྗོད་ཕྱིར་བརྒྱན། །སྔོན་དུ་འཕྲོག་པར་བྱེད་པའོ། །ཤ་གནས་ས་བོན་དུར་ཁྲོད་དེ། །ཏ་མཐའ་ཨི་དང་ལྡན་པ་ནི། །ཐམས་ཅད་རང་ བཞིན་མེད་པའོ། །པ་སྡེའི་མཐའ་མ་ཨཱི་དབྱངས་ལྡན། །སྡང་བའི་ཡིད་ནི་འཛིན་ཆེན་པོ། །ན་ཡིག་ཨུ་སྟན་རྟོག་ཀུན་སེལ། །ཥ་སྡེའི་གཉིས་པའི་ས་བོན་ནི། །ཨཱ་ཡིག་མགོར་རེག་ཐིག་ལེ་གནས། །བྱང་ཆུབ་ སྒྲུབ་པ་ཡི་ནི་སྔགས། །ཐུར་དུ་སེལ་བའི་རླུང་གིས་སོ། །ཏ་དང་ར་ཡི་ཡི་གེ་གཉིས། །ས་ནི་འཇིགས་པར་བྱེད་སྔགས་སོ། །པ་ར་ཨཱ་ཡི་ས་བོན་གཅིག །སུམ་བཅུ་རྩ་གསུམ་སྐྱོ་དུབ་འཇོམས། །ཡ་སྡེའི་ མཐའ་མ་རི་མནན་པ། །ཡེ་ཤེས་ཀྱི་ནི་དག་བྱེད་དོ། །ཎ་ཡི་འགྲམ་གནས་ས་བོན་ནི། །ཨི་ཡིས་རྣ་བར་བརྒྱན་པའོ། །རྣལ་འབྱོར་པ་ཡི་མི་ཤེས་འཇོམས། །ས་ཡིག་ཨེ་ཡི་ཡི་གེས་དགང་། །དབུགས་ འཆད་པ་ནི་ཉམས་པར་བྱེད། །ན་སྔགས་དབྱངས་གསུམ་མགོ་ལ་བརྒྱན། །ཆོས་དང་ཆོས་མིན་སྤོང་རང་བཞིན། །དྷ་ཡིག་ཡ་དང་སྦྱར་བ་སྟེ། །བསམ་གཏན་སྔགས་ཀྱི་རང་བཞིན་ནོ། །ཏ་སྡེའི་མཐའ་མ་བཟུང་ 86-1-11b བྱ་སྟེ། །གྲོང་ཁྱེར་ལྟར་སྣང་དངོས་པོ་མེད། །ཡ་སྡེའི་གཉིས་པའི་ས་བོན་ནི། །གཏི་མུག་རང་བཞིན་འབར་བའོ། །ས་ཡིག་ཨི་ཡི་ཡི་གེས་དབྱེ། །སེང་གེ་མ་ཧེ་འཇོམས་པའོ། །ཉི་མ་ཡང་ནི་གནས་པ་ནི། ། རྣལ་འབྱོར་མ་ཀུན་རྒྱལ་པོའོ། །པ་སྡེའི་མཐའ་མ་ཨཱ་དབྱངས་བརྒྱན། །སྒྱུ་མར་སེམས་ཅན་ཀུན་དེས་འཛིན། །འཛིན་པའི་ས་བོན་ཨ་ཡིག་བརྒྱན། །དེ་ཁོ་ན་ཡི་ཡེ་ཤེས་ཐོབ། །དེ་ལྟར་རྐང་པ་བཅུ་བཞི་པོ། ། སེམས་ཅན་ཀུན་གྱི་མི་ཤེས་གསོད། །དམ་པའི་སྔགས་དངོས་གཟུགས་བདག་ཉིད། །འབྱིན་ཅིང་སྡུད་པར་བྱེད་པ་པོ། །འབྱུང་པོ་ཐམས་ཅད་འཇིགས་བྱེད་པ། །བཅོམ་ལྡན་ལྷ་ཡིས་འདི་གསུངས་སོ། ། འཁོར་ལོའི་རྣམ་པའི་གཟུགས་བདག་ཉིད། །ཕག་མོའི་ཐུགས་ཀར་བརྒྱན་པ་སྟེ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པས། །གསོད་པ་དང་ནི་མི་གསོད་པའོ། །ཀ་སྡེའི་དབུས་ན་ར་སྟན་ཅན། །གསུམ་དེའི་མགོ་ ལ་ཐིག་ལེ་སྦྱིན། །ཐེག་པ་མཆོག་གི་ཆོས་ཅན་ནོ། །ཏ་སྡེའི་གཉིས་པའི་ཡི་གེ་ནི། །ཨི་ཡི་དབྱངས་དང་ལྡན་པའོ། །མུ་སྟེགས་རྣལ་འབྱོར་ཉམས་བྱེད་པའོ། །ཏ་ཡིག་རྟོག་པར་བྱེད་པའོ། །ཏ་སྡེའི་ བཞིར་གནས་ཨཱ་དང་ལྡན། །བྱང་ཆུབ་མཐའ་མེད་འཛིན་པའོ། །ར་གནས་པ་ལ་དབྱངས་གསུམ་བརྒྱན། །རྣལ་འབྱོར་མ་ཀུན་འཆད་པའོ། །ན་སྔགས་ཨི་ཡིག་གིས་བརྒྱན་པའོ། །རྣལ་འབྱོར་མ་ རྣམས་ཀྱི་ལམ་མོ། །སུམྦྷ་ན་ཡི་ཚིག་རྐང་སྟེ། །ལན་གཉིས་སུ་ནི་བརྗོད་པར་བྱ། །ཚིག་དྲུག་རྟོགས་པའི་དེ་ཉིད་དོ། །དེ་བཞིན་དུ་ནི་སུམྦྷའི་སྔགས། །རྣལ་འབྱོར་མ་ཡིན་མཆོད་རང་བཞིན། །ཧ་ནའི་ སྔགས་ནི་ལན་གཉིས་བརྗོད། །སྡང་བའི་ཐེག་པ་ཉམས་པར་བྱེད། །པ་ར་ཨཱ་ཡི་ཡི་གེ་གཅིག །དབང་ཕོ་རང་རང་ངོ་བོ་གཞན། །ཎ་ཨ་ཨྃ་གི་ཡི་གེས་དགང་། །ས་བོན་འདི་ནི་ཡོན་ཏན་སྔགས། ། 86-1-12a ས་ཡིག་རྩ་ཀུན་འཛག་པའོ། །བ་ཡིག་ར་ཡི་ཡིག་བརྒྱན་རི། །པ་གནས་ནམ་མཁའ་ལ་འཇུག་པའོ། །ས་ཡི་ཡིག་གནས་ཀུན་གྱི་གཟུགས། །ཡ་སྡེའི་མཐའ་མ་ཨཱ་ཡིས་དགང་། ། རླུང་ནི་སྲོག་གི་ཡེ་ཤེས་སོ། །ན་ཡིག་ཨཱ་ཡི་ཡི་གེས་དགང་། །བྱང་ཆུབ་གང་དུའང་མི་རྟོག་པའོ། །ཐིག་ལེ་མགོ་ལ་བལྟ་བར་བྱ། །པ་སྡེའི་མཐའ་མ་སྤྲང་ཆེན་གཟུགས། །ས་མཐའ་ཨཱ་ཡིས་དགང་ བར་བྱ། །རྣལ་འབྱོར་མའི་ཚོགས་སྲོག་གོ། །པ་མཐའ་ཨ་དང་ལྡན་པ་ལ། །ཨྃ་གི་ཅོད་པན་བརྒྱན་པའོ། །ཆོས་ཀུན་གྱི་ནི་སྤྲིན་རང་བཞིན། །ས་ཡིག་དམ་ཆོས་མི་ཤེས་གསོད། །ཙྪེ་སྔགས་བྱང་ ཆུབ་སེམས་དཔའ་འོ། །སོང་བ་འཁོར་བར་སྐྱེ་བ་མེད། །ཏ་སྡེའི་དབུས་གནས་ས་བོན་ནི། །ད་ནི་དོན་མེད་པ་སྣང་བའོ། །ན་ལ་ཨི་དང་ལྡན་པ་སྟེ། །འཇིག་རྟེན་མ་ལུས་འཆིང་བ་ཉིད། །ཀྲོ་སྔགས་གནོན་པ་ འཁོར་བ་གཅོད། །དྷ་ཡི་ས་བོན་འགྲོ་ཀུན་འཇོམས། །སྤྲོས་པ་མེད་པར་བྱེད་པའོ། །མཱུ་ཡི་ཡི་གེ་ས་བོན་ནི། །རྨོངས་པའི་འཇིག་རྟེན་ཀུན་གྱི་ལས། །དེ་ལྟར་ཕྱེད་བཅས་ཚིག་བཅུ་བཞི། །རྩ་ཡི་ འཁོར་ལོ་ཡི་ནི་མཐའོ། །བུམ་པ་ཅན་ལ་སོགས་པའི་ལས། །རྣལ་འབྱོར་གང་དང་གང་འདོད་བྱེད། །འཁོར་ལོ་དྲུག་གི་རབ་སྦྱོར་བས། །ཅི་འདོད་ལས་ཀྱི་རང་བཞིན་ཏེ། །བདག་པོ་སྦྱོར་བ་འགྲུབ་ནུས་ ཅན། །བཅོམ་ལྡན་འདས་ཀྱིས་འདི་གསུངས་སོ། །གཙུག་ཏོར་ལ་སོགས་སྐྱེ་གནས་མཐར། །ལུས་ངག་སེམས་ཤེས་ནམ་མཁའ་ལས། །ལུགས་འབྱུང་ལུགས་ལས་ཟློགས་པ་ཡིས། །དེ་ཉིད་ བྱང་ཆུབ་རྣམས་ཤེས་བྱ། །འདིར་ནི་ཐབས་ཀྱི་ཆ་དང་ནི། །ཤེས་རབ་ཀྱི་ཡང་ཆ་རུ་བརྗོད། །ཡང་ན་ཡི་གེ་རེ་རེ་ཡི། །བར་བར་དུ་སྟེ་སླར་ཡང་ནི། །དྷི་སྔགས་ལྷན་སྐྱེས་རང་བཞིན་ཏེ། །འཁོར་ལོ་ཡི་ནི་ཁྱད་པར་གྱི། ། 86-1-12b ཉེ་བའི་ལས་རྣམས་བྱེད་པའོ། །དྃཥྚྲ་ཀ་རཱ་ལི་ཡི་སྔགས། །འགྲོ་བ་རྣམས་ཀྱི་ལས་རང་བཞིན། །མ་སྔགས་ཧ་སྔགས་མུ་དྲེའི་སྔགས། །རྣ་བ་ཡི་ནི་རང་བཞིན་ནོ། །ཤྲཱི་ཧེ་རུ་ཀ་དེ་བ་སྱཱ་གྲ་མ་ ཧི་ཥིའི། སྔགས་ཚིག་སྣའི་རང་བཞིན་ནོ། །ས་ཧ་སྲ་ཥེ་རེ་ཡི་སྔགས། །དབྱངས་ཀྱི་བདག་པོ་ཡི་ནི་གཟུགས། །ས་ཧ་སྲ་བཱ་ཧ་བེ་ཡི། །སྔགས་ཀྱི་ཡི་གེ་ལུས་ཀྱི་གཟུགས། །ཤ་ཏ་སའི་ སྔགས་འཁོར་ལོ་གཅིག །མཁའ་འགྲོ་མའི་སྔགས་འཆི་བ་དང་། །སྐྱེ་བ་ཡི་ནི་རང་བཞིན་ནོ། །གཉིས་མེད་རྣམ་པའི་ཆོས་ལས་ནི། །གཉིས་སུ་སེམས་ཅན་འཛིན་པ་སྟེ། །ཤེས་རབ་ ལ་ནི་བདེ་སྟེར་བ། །བཅོམ་ལྡན་བླ་མས་འདི་གསུངས་སོ། །ཉན་ཐོས་ལ་སོགས་མུ་སྟེགས་རྣམས། །མི་ཤེས་པ་ཡི་ཕྱུགས་ཐམས་ཅད། །དེ་རྣམས་ཡེ་ཤེས་ཐོབ་བྱའི་ཕྱིར། །ཚུལ་ལུགས་ འདི་ནི་བསྟན་པའོ། །ཧ་སྭཱ་ན་ནེ་ཡི་ནི་སྔགས། །ཡུལ་གྱི་གཟུགས་ལ་རེག་པའོ། །ཛྭ་ལི་ཏ་ཏེ་ཛ་སེའི་སྔགས། །སྔགས་ཀྱི་ཚིག་ནི་ཡིད་ཀྱི་ཡུལ། །ཛྭ་ལ་མུ་ཁིའི་ཚིག་ལུས་ ཡུལ། །པིང་ག་ལོ་ཙ་ན་ཡི་སྔགས། །མིག་གི་རྣམ་པར་ཤེས་པའོ། །བཛྲ་ཤཱ་རི་རེ་ཡི་སྔགས་ཚིག །ལུས་ཀྱི་རྣམ་པར་ཤེས་པའོ། །བཛྲཱ་ས་ནི་ཡི་ནི་སྔགས། །སྣ་ཡི་ཡུལ་ལ་ རེག་པའོ། །ནི་ལི་ཏ་ཡི་སྔགས་ཀྱི་ཚིག །སྣའི་རྣམ་པར་ཤེས་པའོ། །ཙི་ལི་ཏེ་ཡི་སྔགས་ཀྱི་ཚིག །དབྱངས་ཀྱི་བདག་པོ་ཡི་ནི་ཡུལ། །ཧེ་སྔགས་གཉིས་བརྗོད་སྒྲ་ཡི་ཡུལ། །སྒྲ་དང་ དབྱངས་གཉིས་ཀྱི་རྣམ་ཤེས། །དེ་ལྟར་སྔགས་ཚིག་ཕྱེད་བཅས་བདུན། །འཆི་དང་སྐྱེ་བ་ཀུན་ཀྱི་གཟུགས། །ཕག་མོ་ལ་ནི་བདེ་དགའ་བའི། །བཅོམ་ལྡན་བདག་པོས་འདི་གསུངས་ཏེ། ། 86-1-13a བོ་ལ་ཀཀྐོལ་སྦྱོར་བདག་ཉིད། །ཡུལ་དང་དབང་པོ་སོགས་གསོད་པའོ། །སེམས་ཅན་གང་དང་གང་རྣམས་ཀྱི། །ཡུལ་གྱི་ཆུ་སྐྱེས་ལས་སྐྱེས་ཏེ། །སེམས་ཅན་དེ་དང་དེ་རྣམས་ ཀྱི། །རང་རང་ལས་རྣམས་ཀྱིས་གསོད་པའོ། །ཡུལ་ལ་སོགས་པ་འཇོམས་པས་ན། །ཤེས་རབ་འཁོར་ལོ་དེ་བཤད་དོ། །རྒྱུད་དང་རྒྱུད་རྣམས་ཀྱི་ནི་ལས། །སྒྲུབ་པའི་སྙིང་པོའི་ཡེ་ཤེས་སོ། ། ས་མཐའ་དྲུག་པའི་དབྱངས་སྟན་ཅན། །ཟླ་དུམ་ཐིག་ལེས་མགོ་ལ་བརྒྱན། །ལན་གཉིས་སུ་ནི་བརྗོད་པར་བྱ། །རྡོ་རྗེ་སེམས་དཔའ་གསང་བའི་གཟུགས། །ཁ་གཉིས་དྷུ་གཉིས་མུ་རུ་ གཉིས། །ལས་རྣམས་ཀྱི་ནི་དངོས་པོ་སྟེ། །སྲོག་དང་མཉམ་དུ་གནས་པའོ། །ཨ་དྭཱེ་ཏེ་མ་ཧཱ་ཡོ་གི་ནི། །པ་ཋི་ཊ་སིའི་དྷེའི་སྔགས་ཀྱི་ཚིག །དེ་ཡང་ལུས་མཐའ་ཡི་ནི་གཟུགས། །དྲེ་རྡྷ་ཚིག་གཉིས་ གྲི་ཚིག་གཉིས། །ཧེ་ཡི་ཚིག་གཉིས་ཧ་ཚིག་གཉིས། །ཁྲོ་བཅུའི་ཡི་གེ་གཤིན་རྗེ་ནི། །མཐར་བྱེད་ལ་སོགས་ཀྱིར་གོ་བྱ། །པ་སྡེའི་བཞི་པའི་ས་བོན་ལ། །ཨཱི་ཡིག་མགོ་ལ་རེག་པའོ། །མེ་སའི་ སྔགས་ནི་ཚིག་ཀུན་ཏེ། །མཁའ་འགྲོ་མའི་རང་བཞིན་ནོ། །དེ་ལྟར་སྔགས་ཚིག་བཅུ་གཉིས་ནི། །རྟེན་འབྲེལ་བཅུ་གཉིས་སླུ་བ་སྟེ། །སྟོན་པ་དམ་ཚིག་ཆེན་པོ་གཙོ། །བཅོམ་ལྡན་འདས་ཀྱིས་ འདི་གསུངས་སོ། །རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི། །ལས་ཀྱིས་ལྷན་ཅིག་རྨུགས་བྱེད་པའོ། །ཕོ་ཉ་རྣམས་བསྐྱེད་པའི་ཡི་གེ། །འཁོར་ལོའི་རྣམ་པའི་རང་བཞིན་ཅན། །འཁོར་ལོ་ཡི་གེ་མིན་ དེ་ལྟར། །ཕོ་ཉའི་རང་བཞིན་མེད་པའོ། །རྣམ་སྨིན་དེ་ལས་རྣམ་སྐྱེས་པ། །སོ་སོའི་མིང་དུ་འདུ་ཤེས་ཏེ། །འཇམ་རྡོར་ལ་སོགས་དངོས་པོ་ཡིས། །ཨ་བ་དྷཱུ་ཏཱིའི་མཚན་ཉིད་བྱ། །སྭཱ་ཧཱ་དཔའ་བོ་གཅིག་ 86-1-13b སྔགས་ཚིག །དེ་བཞིན་གཤེགས་དྲུག་ས་བོན་ཏེ། །ཡོན་ཏན་མཐའ་མེད་འཆད་པའོ། །ཧཱ་ཡི་ས་བོན་ཡི་གེ་བཞི། །ཧོ་གཅིག་ཧོ་གཉིས་བརྗོད་པར་བྱ། །ཡི་གེ་བདུན་པོ་ལྤགས་སོགས་ཁམས། །ཏྲཻ་ལོ་ཀྱ་བི་ནཱ་ཤའི་ སྔགས། །སྡང་བ་ལ་ནི་གོ་ཆའོ། །ཤ་ཏ་ས་ཧ་སྲ་ཀོ་ཊི། །ཏ་ཐཱ་ག་ཏ་པ་རི་བཱ་རེ། །ས་མཐའ་ཨཱུ་ཡི་དབྱངས་ཀྱིས་སྤྲས། །ཟླ་བའི་དུམ་བུ་ཐིག་ལེས་བརྒྱན། །དེ་ལྟར་སྔགས་ཀུན་ཉེར་བསྡུད་པའོ། །ཧ་ཨཱུ་ཨྃ་སྔགས་ ཀྱི་རང་བཞིན། །དེ་ལྟར་སྔགས་ཀྱི་ཚིག་ནི་བཞི། །རྣལ་འབྱོར་མ་སྐྱེད་དངོས་གྲུབ་འགྱུར། །བཀས་གནང་དངོས་གྲུབ་རབ་འཇུག་པ། །བཅོམ་ལྡན་དཔའ་བོས་འདི་གསུངས་སོ། །མཁའ་འགྲོ་སྡོམ་པ་མངོན་བརྗོད་ དང་། །གཞན་ཡང་རྣལ་འབྱོར་མའི་རྒྱུད་དང་། །རྣལ་འབྱོར་རྒྱུད་རྣམས་སུ་གསུངས་པའི། །ལས་ཀྱི་ཚོགས་ཀྱི་དངོས་གྲུབ་སྟེར། །བཀས་གནང་འཁོར་ལོའི་རབ་སྦྱོར་བས། །འགྲུབ་འགྱུར་སྦྱོར་བ་གཞན་གྱིས་ མིན། །སླར་ཡང་ས་མཐའ་དབྱངས་ལྔ་པའི། །དྲུང་ན་གནས་པའི་སྟན་ཅན་ལ། །ཟླ་དུམ་ཐིག་ལེས་བརྒྱན་པའོ། །ཆོ་གས་དེ་ཁོ་ནའི་ས་བོན། །པ་དྲུང་གནས་པ་རྣལ་འབྱོར་མའི། །ཚོགས་ནི་སྐྱེད་པར་བྱེད་པའོ། ། ཏ་ཡིག་འབར་བར་བྱེད་པའི་སྔགས། །སིང་ཧ་རུ་པེ་ཁཿ སྔགས་ཚིག་བགེགས་ཀྱི་གཙོ་བོ་བརླག་བྱེད་པའོ། །ག་ཛ་རཱུ་པེ་ག་ཡི་སྔགས། །སེམས་ཅན་ཀུན་གྱི་བགེགས་བྱེད་པའོ། །ཏྲཱཻ་ལོ་ཀྱ་ད་རེའི་ཚིག ། རབ་མཆོག་ཕོ་ཉ་ཀུན་བསྐྱེད་པའོ། །ས་མུ་དྲ་མེ་ཁ་ལེ་གྲ་ཧ་གཉིས་ཀྱི་ཚིག །རྒྱ་མཚོ་ལྟ་བུའི་སྐ་རགས་སྤྲས། །དེ་ནི་སྔགས་ཀྱི་སྐ་རགས་སོགས་སོ། །ཧཱུྃ་དང་ཕཊ་ཀྱི་ཡི་གེ་ནི། །མཁའ་འགྲོ་མའི་ཁྱབ་བདག་གོ། ། བཱི་རཱ་དྭཱེེ་ཏེ་ཧཱུྃ་སྔགས་ཚིག །ཐབས་དང་ཤེས་རབ་གཉིས་མེད་ལས། །ཐ་མལ་འདུས་བྱས་སྐྱེས་པའོ། །དེ་ལྟར་རྐང་པ་བདུན་སྔགས་ཏེ། །ཡེ་ཤེས་ས་ཡི་རང་བཞིན་གྱི། །བཅོམ་ལྡན་རྡོ་རྗེས་འདི་གསུངས་ཏེ། ། 86-1-14a སེམས་ཅན་ལ་ལས་གྲུབ་པའི་མཐར། །དེ་ཡི་གོ་འཕང་མཆོག་དུ་འགྲོ། །སངས་རྒྱས་རྡོ་རྗེ་འཆང་བའི་མིང་། །སླར་ཡང་སྐྱེ་ཞིང་ལམ་ལ་གནས། །སྒྱུ་མའི་རྣམ་པ་སྒྱུ་མ་མིན། །རང་གི་བདག་ ཉིད་སོ་སོར་རིག །ཧཱུྃ་ཧ་གཉིས་མ་ཧཱ་པ་ཤུ་མོ་ཧ་ནི། །ཚིག་ནི་འཁོར་བའི་རྨོངས་པའོ། །ཡོ་གཱི་ཤྭ་རེའི་ཏྭྃ་གི་སྔགས། །ཞི་བ་ཡི་ནི་གཟུགས་སུའོ། །ཊཱ་ཀི་ནཱི་ལོ་ཀ་ནཱྃ་བན་དྷ་ནིའི་ཚིག །འཇིག་ རྟེན་བྱང་ཆུབ་ཏུ་འཇུག་བྱེད། །ས་ཏྱ་མེ་ཧཱུྃ་ཕ་ཊའི་སྔགས་ཀྱི་ཚིག །མཐའ་བཞི་པོ་ནི་སྟོན་པའོ། །བྷཱུ་ཏ་ཏྲ་ས་ནི་ཡི་ཚིག །མུ་སྟེགས་ཡེ་ཤེས་འཇོམས་པའོ། །དེ་ལྟར་སྔགས་ཚིག་བདུན་པོས་ ནི། །ལས་ཀྱི་དབྱེ་བ་བྱེད་པ་སྟེ། །པད་ལྟེའི་འདབ་མ་རེ་རེ་ལ། །སྔགས་ཀྱི་ཡི་གེ་རྣམས་གནས་པའོ། །དཔའ་བོའི་སྔགས་ཀྱི་གཟུགས་གནས་པའོ། །བཅོམ་ལྡན་འདས་ཀྱིས་འདི་གསུངས་ སོ། །འཕྲུལ་འཁོར་ཆེན་པོ་བཅུ་གཉིས་དེ། །བདག་གི་མཛའ་བོ་ཡི་ནི་གསུངས། །ལས་ཐམས་ཅད་ཀྱི་འཁྲུལ་འཁོར་ནི། །བཅུ་གཉིས་རྣམས་ཀྱིས་ལྷན་ཅིག་བྱ། །འཁོར་ལོ་ཆེན་པོ་རེ་རེ་རུ། ། ངེས་པར་སོ་སོའི་ལས་བྱའོ། །ཕྲད་པ་རྣམས་ནི་བཅུ་གཉིས་སུ། །བསྒྲུབ་བྱའི་མིང་གིས་བསྒྲུབ་པར་བྱ། །པ་མཐའ་ས་མཐའ་ཨཱ་དང་ལྡན། །ཡ་མཐའ་ཨཱི་ཡི་དབྱངས་དང་བཅས། །རེ་ཡིག་ན་ མཐའ་ར་ཡིག་དང་། །པ་མཐའ་དང་ནི་སིད་དྷའི་ཚིག །བིདྱེའི་ཚིག་དང་ཤྭ་རིའི་སྔགས། །པའི་དྲུང་མ་དང་ཊ་ས་བོན། །ཧཱུ་ལ་ཟླ་དུམ་ཐིག་ལེས་བརྒྱན། །བསྐྱར་ལ་ཡང་ནི་བརྗོད་པར་བྱ། ། པའི་དྲུང་གནས་དང་ཊ་ཡིག་སྟེ། །ཧཱུྃ་ཕཊ་དང་ནི་སྭཱ་ཧཱ་བཅས། །སྔགས་འདིས་ལྟེ་བར་ཆོ་ག་ཡིས། །བསྒྲུབ་བྱ་མིང་དང་བཅས་པར་བརྗོད། །བཅུ་གཉིས་རྣམས་དང་ལྟེ་བཅས་པ། །དེ་བཞིན་གཤེགས་པས་ 86-1-14b འདི་གསུངས་སོ། །ས་བོན་ཡི་གེ་ཉི་ཤུ་བཞི། །པུལླཱི་ར་སོགས་བསྲེས་པའོ། །དཔལ་ཧེ་རུ་ཀ་རྡོར་ཕག་མོ། །མ་བྱུང་འབྱུང་བར་མི་འགྱུར་རོ། །སྔགས་འདི་ཡི་ནི་མཐུ་སྟོབས་ནི། ། བྱེ་བ་སྟོང་ཕྲག་གསུངས་པ་ཡི། །མཐའ་མེད་གཞུངས་ལས་དཔའ་བ་ཡིས། །དེ་བཞིན་སྙིང་པོ་བསྡུས་པ་ཡིན། །རྒྱུད་གཞན་དུ་ནི་གསུངས་པའི་སྔགས། །སྔགས་འདི་ཡི་ནི་སྒྲུབ་ཐབས་སོ། ། བཟླས་མེད་གྲངས་མེད་ཡི་གེ་མེད། །གཟུགས་མེད་བསམ་གཏན་དེ་བཞིན་མེད། །ལྷ་དྲན་པ་ཡི་ཡེ་ཤེས་ཀྱིས། །དངོས་གྲུབ་ཐམས་ཅད་སྐྱེད་པའོ། །དབུགས་འཇུག་པ་ཡི་དུས་སུ་ནི། །ཡི་གེ་ཐམས་ཅད་ གསད་པར་བྱ། །འབྱིན་པ་རྣམས་ཀྱི་སྦྱོར་ཀུན་བྱེད། །འབྱུང་བའི་དུས་སུ་ཤེས་པར་བྱ། །གནས་དུས་རྣལ་འབྱོར་དབང་ཕྱུག་གི། །སངས་རྒྱས་ཞིང་ནི་འདོད་མི་བྱ། །དབུགས་རྒྱུ་དེ་ལྟར་ཤེས་ བྱ་སྟེ། །བྱིས་པའི་རྣལ་འབྱོར་པས་མི་རྟོགས། །གང་གི་སློབ་མ་དབང་བསྐུར་བ། །དེ་ཉིད་བཞི་རྣམས་བཅས་པས་སོ། །ཐེག་པ་ཆེན་པོར་ཡོངས་སྨིན་ལ། །ཕྱི་ནས་སྔགས་ནི་རབ་སྟན་བྱ། །སྔོན་དུ་ཕག་ མོ་དཀྱིལ་འཁོར་ནི། །བྲི་བྱ་དེ་ནི་ཧེ་རུ་ཀའིའོ། །རྡོ་རྗེའི་བུ་མོའམ་དེ་ནས་གཞན། །དེར་ནི་ཤེས་རབ་གཞུག་པར་བྱ། །རྒྱུད་གཞན་དུ་ནི་དབང་བསྐུར་ལ། །ཚུལ་འདི་བསྟན་པར་མི་བྱའོ། །ཡེ་ཤེས་ཤེས་ བྱའི་རང་བཞིན་ཅན། །ཨ་བ་དྷཱུ་ཏཱིར་དཀྱིལ་འཁོར་བྱ། །ཡེ་ཤེས་རྣམ་པ་ཕག་མོ་ཡིས། །ཤེས་བྱ་དཔལ་ཧེ་རུ་ཀར་འཁྱུད། །སྤྱན་གསུམ་དྲག་པོའི་གཟུགས་ཅན་མ། །ཞལ་བཞི་མཆེ་བ་གཙིགས་པ་སྟེ། ། ཕྱག་ནི་བཅུ་གཉིས་རྣམས་དང་ལྡན། །དཀར་མོ་དང་ནི་འཇིགས་བྱེད་གནོན། །སྐུ་ལ་ཕྱག་རྒྱ་ལྔ་ལ་སོགས། །འཇིག་དུས་མེ་ལྟའི་འོད་ཟེར་ཅན། །ཕྱག་གཡས་རྡོ་རྗེ་དང་གྲི་གུག །དགྲ་སྟ་ཊམ་རུ་དེ་བཞིན་དུ། ། 86-1-15a རྩེ་གསུམ་ལུས་མེད་ལྤགས་པ་སྟེ། །ཕྱག་གཡོན་པས་ཀྱང་དེ་བཞིན་ནོ། །གཡོན་དུ་དྲིལ་བུ་ཐོད་པ་དང་། །ཞགས་པ་ཁ་ཊྭཱྃ་ག་དང་མགོ། །དབུ་སྐྲ་གྲོལ་ཞིང་གཅེར་བུ་མ། །མགོ་བོའི་ཕྲེང་བ་འཛིན་ པ་མོ། །སྒེག་པའི་རྒྱན་རྣམས་དང་ནི་ལྡན། །དབུ་ལ་ཐོད་པའི་ཕྲེང་བ་ཅན། །འདོད་ཆགས་རྡོ་རྗེ་རྒྱས་བཏབ་སྟེ། །ཡང་ན་ཧེ་རུ་ཀ་ཡིས་སོ། །ཡན་ལག་ལྷ་རྫས་དྲིས་ཉེར་བྱུག །ཞབས་གདུབ་དཔུང་ རྒྱན་རྣམས་དང་ལྡན། །ལྷ་རྫས་མེ་ཏོག་ཕྲེང་བས་ཀླུབས། །རྩེ་བྲན་ཟླར་གནས་རྡོ་རྗེ་ནི། །དཔྲལ་བར་རྟག་ཏུ་འཛིན་པ་མོ། །གཡས་བརྐྱང་བ་ཡི་ཞབས་དང་ལྡན། །རྣལ་འབྱོར་མའི་ཚོགས་མདུན་ དུ། །སྐུ་ལས་འབར་བའི་ཕྲེང་བ་སྤྲོ། །ཧེ་རུ་མ་ཀ་མིག་སྨན་ནག་པོ་འདྲ། །རལ་པའི་ཅོད་པན་མདུན་དུའོ། །སྟག་གི་ལྤགས་པའི་ཤམ་ཐབས་ཅན། །ཕྱག་རྒྱ་ལྔ་ཡིས་རྣམ་པར་ཀླུབས། །དཔའ་བོ་ ཐོད་པའི་ཕྲེང་བ་ཅན། །སྣ་ཚོགས་རྡོ་རྗེ་ཟླ་ཕྱེད་ལྡན། །སྤྱན་གསུམ་མཆེ་བ་གཙིགས་པ་སྟེ། །ཞལ་བཞི་པ་ལ་འཇིགས་པར་བྱེད། །ཕྱག་བཅུ་གཉིས་པར་རིག་པར་བྱ། །བརྒྱ་ཕྱེད་མགོ་བོས་བརྒྱན་པ་ སྟེ། །མཆོད་ཕྱིར་ཐོགས་དང་ཐལ་བ་དང་། །འབར་བའི་ཕྲེང་ཅན་གཙིགས་པ་པོ། །སྐྱེ་གནས་ཕྱག་རྒྱ་ཕྱག་གཉིས་ཀྱིས། །ལྷག་མ་རྡོ་རྗེ་ཕག་མོའིའོ། །གལ་ཏེ་ཧེ་རུ་ཀ་གཙོ་བོ། །དེ་ཚེ་ཕག་མོའི་ ཕྱག་གཉིས་སུའོ། །གླང་པོའི་ལྤགས་པ་འཛིན་པ་པོ། །ཐབས་དང་ཤེས་རབ་བདག་ཉིད་དེ། །ཟག་མེད་རྣལ་འབྱོར་བདེ་ཆེན་བཟང་། །སྲིད་དང་མྱ་ངན་འདས་པའི་གཟུགས། །གཉིས་པོ་སྙིང་པོར་སྦྱིན་པར་ བྱ། །ལྷག་མ་རྣལ་འབྱོར་མ་རྣམས་ནི། །མཁའ་འགྲོ་མ་སོགས་རིམ་ཇི་ལྟར། །ཐོད་དུམ་ལ་སོགས་སྔགས་རིག་པས། །དཔའ་བོ་ཀུན་ཀྱང་སྦྱིན་པར་བྱ། །རེ་རེ་ཡི་ཡང་དེ་ཡི་རྒྱུད། །ཇི་ལྟར་སྔོན་གྱི་ 86-1-15b རྗེས་སུའོ། །བརྐྱང་མ་དང་ནི་རོ་མའི་རྩ། །ཤེས་རབ་དང་ནི་ཐབས་འདུ་བའི། །རྟེན་ནི་ཨ་བ་དྷཱུ་ཏཱི་སྟེ། །གང་དེར་རོ་མཉམ་སོན་པའོ། །འཁོར་ལོ་གསུམ་གཉིས་འགྱུར་ཤེས་བྱ། །མཁའ་འགྲོ་མ་སོགས་ རིམ་ཇི་བཞིན། །ཧེ་རུ་ཀ་དང་རྡོར་ཕག་མོ། །འབུམ་ཚོ་སྟོང་ཕྲག་ཕྱག་ཅན་ཏེ། །ཕྱག་གཉིས་ལ་སོགས་ནས་བརྩམས་ནས། །གཞན་ནི་གང་རྣམས་དེ་རྣམས་སོ། །དབང་པོའི་ཡུལ་ནི་མི་བལྟ་ཞིང་། ། ཕྱག་དང་བཞུགས་ཚུལ་ལ་སོགས་མིན། །བསྒོ་པས་སྤྲོས་པ་ཀུན་བཟུང་སྟེ། །གཏི་མུག་དེ་ནི་སྤང་བར་གྱིས། །སྐད་ཅིག་རྣམ་པའི་རྣལ་འབྱོར་བདག །སྐད་ཅིག་ལ་སོགས་དེའི་སྦྱོར་ཅན། །སྙིང་གར་ ས་བོན་རྣམ་པར་དགོད། །སྤྲོ་དང་བསྡུ་བ་ལ་སོགས་བྱ། །དཀྱིལ་འཁོར་སྤྱན་དྲང་མཆོད་པ་དང་། །སྡིག་པ་བཤགས་པ་ལ་སྩོགས་ཏེ། །སྟོང་ཉིད་ལ་སོགས་རི་རབ་མཐར། །ར་བ་དང་ནི་གུར་ལ་སོགས། ། ས་ཡི་ཆར་ནི་རྡོ་རྗེའི་ཐིག །འཁོར་ལོ་དྲུག་ཏུ་བྲི་བའོ། །ཇི་ལྟའི་མངོན་རྟོགས་མཆིན་ཉིད་ཀྱིས། །རྣམ་པ་སྣ་ཚོགས་ཐམས་ཅད་བྱ། །ཐབས་དང་མན་ངག་ཐམས་ཅད་ནི། །མཛེས་མ་བདག་གིས་ ཀུན་བཤད་དོ། །དེར་ནི་གཏོར་མ་སྦྱིན་བྱ་སྟེ། །ས་སོགས་ལྔ་རྣམས་ཀྱིས་མཆོད་བྱ། །ཡི་གེ་འབར་བའི་ཡིག་རྣམས་ཀྱིས། །སྔགས་ཀྱི་བཟླས་པ་ཡང་བྱའོ། །འབར་བའི་གཉིས་འཕེལ་ཡིག་ རྣམས་ཀྱིས། །སོག་གི་གཏུམ་མོ་སྦར་བར་བྱ། །སྟེང་དུ་ཁ་བལྟས་རྩ་བསྲེག་སྟེ། །དེ་བཞིན་ཡེ་ཤེས་མཁའ་འགྲོ་སྐྱེས། །མཁའ་འགྲོ་མལ་སོགས་མ་ལུས་དང་། །རྣམ་པར་ཤེས་ལ་སོགས་ཐིམ་བས། ། བསྲེགས་པའི་རི་བོང་ཅན་ཧྃ་འཛག །དཔའ་བོ་ཐམས་ཅད་མཉམ་སྦྱོར་བ། །རྡོ་རྗེ་སམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་ 86-1-16a སོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་རྡོ་རྗེ་ཕག་མོ་བསྐྱེད་པ་དང་གཙོ་མོ་དང་འཁྲུལ་འཁོར་གྱི་འཁོར་ལོ་དང་། དཀྱིལ་འཁོར་ སྒོམ་པ་ལ་སོགས་པའི་རང་བཞིན་ཏེ། འདི་ནི་ལེའུ་གཉིས་པའོ།། །། དེ་ནས་མཁའ་འགྲོ་མ་སོགས་ཀྱི། །ཇི་ལྟར་སྐྱེ་རབ་བཤད་བྱ། །མཁའ་འགྲོ་མ་ཡི་སྦྱོར་བརྟེན་ནས། །བཅོམ་ལྡན་འདས་ནི་ མཆོག་ཏུ་རྩེན། །ཕག་མོའི་གཟུགས་ནི་མཐའ་ཡས་པའང་། །སྤྲོས་པ་དྲ་བའི་སྡོམ་པའོ། །ལུས་ཀྱི་དངོས་པོའི་དབྱེ་བ་ཡིས། །མཐའ་ཡས་གཟུགས་ཅན་མཁའ་འགྲོ་མ། །ལུས་ཀྱི་ བདེ་བ་ལ་བརྟེན་ནས། །འདོད་པས་རྣམ་པ་གསུམ་དུ་འགྱུར། །དགའ་བ་གསུམ་དང་རྩ་གསུམ་སྟེ། །བཞི་པ་ལྷན་ཅིག་སྐྱེས་པར་འདོད། །སངས་རྒྱས་སྐུ་ཡི་ཉམས་ཆེན་པོ། །དེའི་ རང་བཞིན་ལས་སྣ་ཚོགས་འཕྲོ། །མཁའ་འགྲོ་མའི་གནས་བརྟེན་ནས། །དཀྱིལ་འཁོར་འཁོར་ལོའི་རང་བཞིན་ནོ། །འཛམ་བུ་གླིང་ནི་ཆེན་པོ་ཡི། །དུམ་བུ་བཅུ་གཉིས་ཀྱི་དབུས་སུ། །ཤར་ གྱི་ཡུལ་དུ་གནས་ལྷ་མོ། །དུས་སྦྱོར་རོ་ཧི་ཏ་ཆུ་སྲིན། །རྒྱལ་དང་ཉི་མ་དགའ་སྐྱེད་དང་། །རྩ་ཡི་དངོས་པོ་སྲོག་འབབ་པའོ། །ལྷ་མོ་ཕྱི་ནང་བདག་ཉིད་དུ། །བཅོམ་ལྡན་གཟུགས་ཅན་ མ་གནས་ཏེ། །ཕྱག་བཞི་མ་ལ་ཁ་དོག་གནག །སྤྱན་གསུམ་པ་ལ་ཞལ་གཅིག་མ། །མཆེ་བ་གཙིགས་ཤིང་དྲག་པ་སྟེ། །ཕྱག་རྒྱ་ལྔ་མངོན་འཛིན་པ་མོ། །རོ་ལ་ཞོན་མ་སྐྲ་གྲོལ་མ། ། གཡས་བརྐྱང་ཞབས་དང་ལྡན་པ་མོ། །དྲག་མོ་ཐོད་པའི་ཕྲེང་ཅན་མ། །གཡས་པ་ཌམ་རུ་གྲི་གུག་ཅན། །གཡོན་པར་ཐོད་པ་ཁ་ཊྭཱྃ་ག །སྤྲོ་ཞིང་སྡུད་པའི་སྐུ་ཅན་མ། །སུམ་བཅུ་རྩ་བདུན་བདག་ཉིད་ཀྱི། ། 86-1-16b དཀྱིལ་འཁོར་དབུས་སུ་གཞག་པར་བྱ། །སྙིང་པོ་ཡི་གེ་ཉི་ཤུ་གཉིས། །མཁའ་འགྲོ་མ་དང་བཅས་ཁ་སྦྱོར། །ཨོཾ་ཤྲཱི་ཨོཾ་བཛྲ་བཛྲ་པ་ཧེ་ཌ་ཧེ་ཀེ་རུ་ནཱི་རུ་ཡེ་ཀྃ་ཧཱུྃ་ཌཱ་ཧཱུྃ་ཀྃ་ཕ་ནཱི་ཌ་ཛྲ་ཕ་ལ་ཊ་སེ་སྦ་བྷ་ཧཱ་ར་ཧཱུྃ་ཧཱུྃ་ ཕཊ་སྭཱ་ཧཱ། དཀྱིལ་འཁོར་པ་ཡི་ལྷ་མོ་རྣམས། །ཡི་གེ་རྡོ་རྗེ་ཅན་དུ་འདོད། །མཁའ་འགྲོ་མ་ཐོག་འཇོམས་པའི་རྩེར། །རིགས་ཀྱི་རྩར་ནི་རབ་ཏུ་གྲགས། །མཁའ་འགྲོ་མའི་གནས་བསྒྲུབས་ ནས་སུ། །དེར་ནི་ཕག་མོ་གནས་པར་འགྱུར། །སུམ་བཅུ་རྩ་བདུན་ལྷ་རྣམས་ནི། །རང་འདྲའི་ཐབས་དང་གཉིས་མེད་བདེ། །མིང་གི་སྦྱོར་བས་ཤེས་བྱ་བ། །དགོས་པ་རྣམ་མང་མན་ངག་གོ། །སུམ་ བཅུ་རྩ་བདུན་གྱི་ནི་རྒྱུད། །བདེ་བ་ཆེ་ལས་སྐྱེད་པར་འགྱུར། །གང་ཕྱིར་བདག་པོ་མཁའ་འགྲོ་མ། །རྒྱུད་དེ་མཁའ་འགྲོ་མའི་རིགས་སོ། །བདག་པོ་ཁྱོད་ལ་བདག་འདིའོ། །ཇི་ལྟར་བདག་གིས་བསྐྱེད་ འགྱུར་བ། །མཁའ་འགྲོ་མ་ལ་བདེ་སྟེར་བའི། །བཅོམ་ལྡན་འདས་ནི་མཉེས་བྱས་ནས། །ཁྱོད་སྐྱེད་བ་ནི་བཤད་ཀྱིས་ཉོན། །རང་གི་རྒྱུད་ནི་མ་ཉམ་པ། །ཌ་ཡིག་གསང་བའི་བུག་བདག་ཉིད། ། གཞུ་ཡི་རྣམ་པ་སྲོག་དང་ལྡན། །ལུས་ཀྱི་གཟུགས་ཅན་ཡང་དག་པ། །ཡུལ་དང་དབང་པོའི་བདག་ཉིད་ཅན། །བྱང་ཆུབ་སེམས་ཀྱི་ཐིག་ལེ་ཆེ། །རྒྱུད་ཨི་ཞེས་བྱའི་མིང་ཅན་ཏེ། །འགྲོ་དང་འོང་བའི་ པང་ཆེན་དུ། །རྩ་ཡིའི་འཁོར་ལོ་ལ་ཁྱབ་གྱུར། །ཀ་ཡིག་ཀ་གཟུགས་ཀྱང་དེ་བཞིན། །འོད་གསལ་སྤྲུལ་བྱ་སྤྲུལ་པའོ། །ཕྲིན་ལས་ཀྱིས་ནི་ཁམས་ཀུན་གྱི། །ཞི་བའི་གཟུགས་ཀྱིས་འགྲོ་བ་ཆེ། ། དགའ་བ་མེད་མཛེས་མི་འགྱུར་ཀྱང་། །བརྗོད་མིན་ལྷན་སྐྱེས་ཚོན་གྱིས་འཚོད། །མི་གཟུགས་རྟག་ཏུ་བདེ་ཆེན་པོས། །སྒྱུ་འཕྲུལ་ངེས་པར་འཕྲོ་བར་འགྱུར། །ཨཱི་ནི་འབྱུང་པོ་ཆེ་ཀུན་དང་། །དབང་ཕྱུག་ལ་སོགས་ 86-1-17a སུ་ནི་སྟོན། །ལུག་དང་དམར་སེར་ཡིད་བཟང་གིས། །དེ་ཡི་བཞི་ནི་བསྐྱེད་པར་འགྱུར། །འདི་ནི་མཁའ་འགྲོ་མའི་མིང་། །ལས་ཀྱི་དུས་བཞིན་མཚོན་པར་བྱ། །ཀླུ་རྣམས་ཡང་དག་ དགུག་བྱ་དང་། །ཆར་འབེབས་བཞུག་ཕྱིར་བཞུ་བ་དང་། །ལྷ་རྣམས་དང་ནི་འབྱུང་པོ་ཀུན། །རྒྱལ་པོ་རྣམས་ཀྱིའང་འཕྲུལ་ཆེན་དང་། །དབང་དང་མངོན་སྤྱོད་རེངས་པ་དང་། །བསད་དང་བསྐྲད་པ་ལ་སོགས་པ། ། མངོན་སྤྱོད་དུས་ལས་ཤེས་པར་བྱ། །རང་རང་གླིང་དུ་བསྐྱེད་པ་སྟེ། །ཤེས་རབ་ཐབས་ཀྱི་སྙོམས་འཇུག་པས། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཀྱི། །རྣལ་འབྱོར་དབང་པོས་སེམས་ཕྲ་ཞིང་། །ཤིན་དུ་ཕྲ་ བས་དེར་འཇུག་འགྱུར། །སེམས་ཅན་དོན་དུ་དེ་དང་དེར། །རང་བདག་སྦྱོར་བས་མཛད་པར་འགྱུར། །སྟོང་གསུམ་སྟོང་ནི་ཆེན་པོ་རུ། །གང་དུ་ཁྱབ་བདག་ཀུན་སྤྱོད་འགྱུར། །དེར་ནི་དུམ་བུ་བཅུ་གཉིས་སུ། ། རང་རང་གཙོ་མོ་རྣལ་འབྱོར་མ། །ཐིམ་དང་ལོངས་སྤྱོད་སྤྱོད་རྣམས་སུ། །རྫུ་འཕྲུལ་ཆེ་རྣམས་ཀུན་སྤྱོད་འགྱུར། །ཉི་ཁྲི་བརྒྱ་ཕྲག་བཅུ་དྲུག་གི། །དབུགས་རྒྱུ་བར་ནི་ཤེས་པར་བྱ། །བརྒྱ་ཕྲག་བཅྭ་བརྒྱད་སྲོག་རྣམས་ ཀྱིས། །འཕོ་བར་འདིར་ནི་བརྗོད་པར་བྱ། །བཅུ་གཉིས་རྣམས་ནི་ཉིན་ཞག་འགྱུར། །དུས་སྦྱོར་བཅུ་གཉིས་རིམ་ལས་སོ། །དུས་སྦྱོར་གསུམ་བསྒྱུར་བྱས་ནས་ཀྱང་། །དུས་ཀྱི་ཕོ་ཉ་མོ་ཀུན་སྤྱོད། །དུས་བརྒྱའི་ ཕྱེད་ཀྱིས་ཕོ་ཉ་མོ། །རེ་རེ་རྣམ་པར་ཤེས་པར་བྱ། །ལྔ་བཅུ་གསུམ་གྱི་ཡང་དག་པར། །ཉིན་ཞག་གཅིག་ལ་སྤྱོད་པའོ། །དེ་རྣམས་ཡི་གེར་ཡང་དག་བཤད། །ཨ་ཡིག་ལ་སོགས་ཀྵ་མཐའ་ཅན། །ཡོན་ཏན་ འཕར་མ་ཡིན་བསྟན་པས། །གསུམ་བསྒྱུར་བརྒྱ་ཕྲག་ཕྱེད་དང་བཅས། །དེ་རྣམས་ཕོ་ཉ་མོར་ངེས་བཤད། །འདི་ནི་མཁའ་འགྲོ་མ་ཕྱག་རྒྱ། །མཁའ་སྤྱོད་མ་དང་ས་སྤྱོད་གཞན། །ས་འོག་རྣམས་ནའང་གནས་ 86-1-17b པ་མོ། །རྣལ་འབྱོར་མ་རྣམ་རྣམས་གསུམ་ནི། །ཞིང་སྔགས་ལྷན་ཅིག་སྐྱེས་དང་ངོ་། །གང་ཞིག་གང་གིས་ལྷག་གནས་པ། །དེ་ནི་དེ་ཡིར་གསལ་མཐོང་འགྱུར། །རིགས་ཀྱི་ཁྱད་པར་ལ་བརྟེན་ནས། །འདོད་ པའི་སྦྱོར་སྐྱེས་གནས་པ་ཅན། །ཙ་རུའི་བཟའ་བ་དེ་རྣམས་སུ། །ཡེ་ཤེས་གཟུགས་ཅན་ཕྱུགས་ཆེན་པོ། །བཟའ་མིན་བཟའ་བྱ་དེར་ཡང་ནི། །མཚོན་མིན་གསལ་བར་མཚོན་པར་བྱ། །མཚན་ཉིད་མཚན་ཉིད་ མིན་པ་སྤོང་། །དེ་ནི་སྤོང་བར་རབ་སྤོང་བའོ། །རྗེས་འཛིན་ཚར་གཅོད་ལ་ཆགས་པའང་། །གང་ཞིག་གང་གིས་རང་རང་དངོས། །སངས་རྒྱས་དང་ནི་ཆོས་གནས་པར། །བྱས་ཏེ་མངོན་སྤྱོད་སྦྱོར་བ་ཡིས། །ཨ་བ་དྷཱུ་ ཏཱིའི་སྲོག་གི་རླུང་། །བརྟན་པར་ཕག་སོགས་རྣལ་འབྱོར་མ། །མ་བརྟན་སྲོག་གི་རླུང་རྣམས་ཀྱི། །དངོས་གྲུབ་གསལ་བར་མི་འགྱུར་རོ། །ལྷ་མོ་རྣམས་སྣང་གིས་རྒྱས་གདབ། །རྡོ་རྗེ་འཛིན་བདག་མི་བསྐྱོད་པས། ། ཕོ་ཉ་མོ་སྔགས་སུམ་བཅུ་དྲུག །དུས་ལས་རང་དང་རང་གི་རིགས། །ཇི་ལྟར་བདག་མོའི་རིགས་དང་ནི། །ཕྱག་དང་མཚན་མ་རིམ་ཇི་ལྟར། །ཡང་ན་ངེས་པར་བརྗོད་པ་རུ། །མངོན་རྟོགས་མཚན་ཉིད་ལས་ ཤེས་བྱ། །བོལླ་ཀཀྐོ་ལ་སྦྱོར་ལས། །ལྷ་མོ་རང་ཉིད་ཞུ་བར་ཞུགས། །སྐད་ཅིག་དེ་ལ་མ་ལུས་པའི། །དཀྱིལ་འཁོར་ཐམས་ཅད་རོ་མཉམ་ལྟ། །ལྷ་མོ་ནམ་མཁའི་ནང་སྣང་བས། །འདི་ཡིས་མངའ་ བདག་བསྐུལ་བར་བྱེད། །མཆོག་ཏུ་བདེ་བ་ཆེན་པོའི་རྡོ་རྗེ་རོལ་ཅིག་རོལ། །ཤེས་རབ་ཐབས་ཀྱི་དགོངས་པ་རབ་ཏུ་གྲུབ་པར་མཛོད། །འཇིག་རྟེན་རྣམས་ལ་ཁྱོད་ཀྱི་ཐུགས་རྗེ་བསྒོམས་པ་ཡིས། ། ཇི་ལྟར་ལྷ་དང་ལྷ་མིན་མ་ལུས་སངས་རྒྱས་མཛོད། །བྱང་ཆུབ་རྡོ་རྗེ་འཛིན་པས་བདེ་ཆེན་གྱིས་མཉེས་མཛོད། །ཁྱོད་ནི་སྟོང་ཉིད་ཏིང་ངེ་འཛིན་ལ་ཞུགས་སམ་ཅི། །རྡོ་རྗེ་པད་མ་རོལ་པས་དེང་ནི་ངེས་རྟོགས་མཛོད། ། 86-1-18a གང་གིས་ལྷན་ཅིག་སྟོང་ཉིད་ཏིང་འཛིན་ལ་ཁྱོད་བཞུགས། །མངའ་བདག་ཁྱོད་ཀྱིས་ཁམས་བཞིའི་ས་བོན་འཛག་པར་མཛོད། །ཨ་བ་དྷཱུ་ཏཱིའི་རང་བཞིན་གཏུམ་མོ་ལྡང་བར་འགྱུར། ། ས་གསུམ་སྲེག་པར་བྱེད་དེ་གང་དུའང་མི་མཐོང་ངོ་། །མྱ་ངན་འདས་པའི་ངོ་བོས་འབར་ཞིང་འབར་བར་འགྱུར། །མཁའ་འགྲོ་མ་རྣམས་ལྷན་སྐྱེས་རང་བཞིན་གྱིས་དགར་མཛོད། །དགའ་ བ་དང་ནི་འཆི་བར་སྣང་བ་མི་མཐོང་ངོ་། །ཐུགས་ཀྱི་རྒྱལ་བ་མགོན་པོས་འདི་དག་སད་པར་མཛོད། །སྒྱུ་མ་ཡི་ནི་སེམས་ཅན་ཁམས་ནི་བསྒྲལ་བར་མཛོད། །གླུ་ཆེན་པོ་ནི་འདི་གསན་ནས། ། རྣལ་འབྱོར་འཁོར་ལོ་ཅན་རབ་སད། །སྒྱུ་མ་ལྟ་བུའི་འགྲོ་བ་ཀུན། །བརྟན་པ་ལ་སོགས་འགྲོ་བ་ནི། །མཐོང་བཞིན་རང་གི་འཁོར་ལོ་ཅན། །ནམ་མཁའ་ཐིམ་པ་སྐུ་ཆེར་འགྱུར། །ལྷན་སྐྱེས་ སོགས་ཀྱིས་སྤྲུལ་པ་ཅན། །གཉིས་པོ་གཅིག་པའི་སྐུ་ཆེན་པོ། །དང་པོའི་སངས་རྒྱས་རང་བཞིན་ཅན། །ཐམས་ཅད་ཀྱི་ནི་ཆོས་ཀྱི་སྐུ། །རྣལ་འབྱོར་མའི་རྒྱུད་ཐོབ་ནས། །རྣལ་འབྱོར་རྒྱུད་ རྣམས་ལ་ཡིད་ཆེས། །སློབ་དཔོན་སེམས་ཀྱི་རྡོ་རྗེ་ཡང་། །དབུ་མའི་ཚུལ་གྱི་སྤྱོད་ཡུལ་ལོ། །དེ་ཉིད་ཕྱིར་བསྟན་ཐོབ་པ་ལས། །དབུ་མ་ཆེན་པོའི་མཚན་ཉིད་དོ། །གྲུབ་མཐའ་མན་ངག་ སྤྱོད་ཡུལ་ནི། །མཁས་པ་རྣམས་ཀྱིའང་སྤྱོད་ཡུལ་མིན། །གྲུབ་མཐའ་མངོན་སུམ་ལས་ཤེས་བྱ། །མན་ངག་ཀྱང་ནི་རྗེས་དཔག་ལས། །ཤེས་བྱ་བླ་མའི་ཞལ་ལས་ཀུན། །དེ་མཁས་སངས་ རྒྱས་སྤྱོད་ཡུལ་ལོ། །བྱིས་པའི་རིགས་ཀྱི་རྣམ་ཤེས་ཀྱི། །མངོན་ང་རྒྱལ་ཅན་སྤྱོད་ཡུལ་མིན། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་ 86-1-18b འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །ཞེས་བྱ་བ་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་མཁའ་འགྲོ་མ་བསྐྱེད་པའི་མཚན་ཉིད་དང་། བདེ་བ་ལ་ཀུན་དུ་སྤྱོད་པའི་ལས་ཀྱི་དེ་ཁོ་ན་ཉིད་ཀྱི་རྣམ་པར་གཞག་པའི་ཆོ་ག་སྟེ་འདི་ནི་ལེའུ་གསུམ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ། །ལཱ་མ་ཇི་ལྟར་གནས་པ་ནི། །ཇི་ལྟར་སྔོན་གྱི་སངས་རྒྱས་ཀྱིས། ། གསུང་པ་བདག་གིས་གསལ་བྱ་ཙམ། །རྡོ་རྗེ་སྡོམ་པ་བཅོམ་ལྡན་འདས། །ཕག་མོ་རྣལ་འབྱོར་སྡོམ་པ་སྟེ། །འཁོར་ལོ་སྡོམ་པ་མཁའ་འགྲོ་མ། །དེ་བཞིན་དམ་ཚིག་སྡོམ་པ་ནི། །ལཱ་མ་ཡིས་ནི་ཡང་དག་བསྟན། ། པད་མའི་སྡོམ་པར་འདོད་པ་ནི། །དུམ་སྐྱེས་མ་ཅན་གཟུགས་ཅན་མ། །རིན་ཆེན་སྡོམ་པའོ་ཁྱབ་བདག་ལ། །ལཱ་མ་རང་ཉིད་ཀྱིས་ཞུས་པ། །རྡོ་རྗེ་སྡོམ་སོགས་ཇི་ལྟ་བུ། །ངོ་མཚར་བདག་གི་བདག་ པོ་ཀྱེ། །རྡོ་རྗེ་དམ་ཚིག་དེ་བཞིན་སྦྱོར། །པད་འཁོར་དེ་བཞིན་རིན་ཆེན་གྱི། །སྡོམ་པ་ཡང་ནི་ཇི་ལྟར་ལགས། །དེ་ནས་རྡོ་རྗེ་ཅན་མཆོད་ནས། །མཉེས་པ་བདག་ལ་ཡང་དག་གསུངས། །རྡོ་རྗེ་ པུག་འཕོ་མེད་ཡེ་ཤེས། །རྟོགས་ནས་རྡོ་རྗེ་གསུམ་རྣམས་སུ། །སྡོམ་པ་རྡོ་རྗེ་གསུམ་རྣམས་ལ། །བསྐྱེད་པ་རྡོ་རྗེ་སྡོམ་པ་ནི། །དམ་ཚིག་རྩ་རྣམས་ཐམས་ཅད་ཀྱིར། །ཤེས་བྱ་ལམ་གྱི་རྗེས་ སྐྱོབ་པའི། །སྡོམ་པའི་འཁོར་ལོ་མཆོད་པ་ནི། །དམ་ཚིག་སྡོམ་པར་འདོད་པ་ཡིན། །རྣལ་འབྱོར་རྣམ་པ་དྲུག་པོ་ནི། །སྦྱོར་དྲུག་ནམ་མཁའི་བུ་ག་རུ། །སྡོམ་པ་བདེན་པའི་དངོས་པོ་ཀུན། ། བདག་གི་རྣལ་འབྱོར་སྡོམ་པའོ། །པད་མ་ཨ་བ་དྷཱུ་ཏཱིའི་རྩ། །འཁོར་ལོ་བཞི་ལ་གནས་པ་ནི། །སྡོམ་པའོ་འཁོར་ལོ་དེ་རྣམས་སུ། །པད་མའི་སྡོམ་པར་བརྗོད་པར་བྱ། །འཁོར་ལོ་བདེ་བར་གཤེགས་ 86-1-19a པའི་ལམ། །དབང་སོགས་རྣམས་སུ་བསྐྱེད་པ་ཡིས། །སྡོམ་པའོ་ཆོས་དེ་རྣམས་སུ་ནི། །འཁོར་ལོ་སྡོམ་པ་ཡིན་པར་བཤད། །རིན་ཆེན་རྡོ་རྗེ་མགོ་བོ་ཡི། །ནོར་བུར་ འབབ་པ་འོངས་པ་ཡིས། །སྡོམ་པའོ་སྲོག་གི་ཐིག་ལེ་ཡང་། །རིན་ཆེན་སྡོམ་པ་ཡིན་པར་འདོད། །མ་བཤད་པ་ལས་དེ་རྣམས་ཀྱིས། །མཁའ་འགྲོ་བདུན་པ་ཡེ་ཤེས་མཆོག །ཁྭ་ གདོང་ལ་སོགས་བརྒྱད་དང་ནི། །འདྲེན་པ་གཉིས་མེད་མཚན་ཉིད་ཕྱིར། །དེ་ལྟར་ཐམས་ཅད་མཉམ་སྦྱོར་བས། །གཅིག་ཏུ་སྡོམ་པའི་མཁའ་འགྲོ་ཡིན། །གཏུམ་མོ་འབར་མ་ལ་ནི་གཟུགས། ། རྩ་སོ་སོ་དང་དབུ་མ་སྟེ། །ཡེ་ཤེས་མཁའ་འགྲོ་དེ་ལས་བསྐྱེད། །རྣམ་པ་ཀུན་རིག་སྐད་ཅིག་ལས། །བྱང་ཆུབ་སེམས་ཀྱི་དབུས་སུ་ནི། །བདུད་རྩི་གསང་བའི་གཟུགས་ཅན་གང་། །རྡོ་རྗེ་ མཁའ་འགྲོ་དེ་བཤད་དོ། །ནམ་མཁར་འགྲོ་བ་ཡི་ནི་མཆོག །བློ་བུར་བྱུང་བ་བདག་མེད་པ། །སྒྱུ་འཕྲུལ་ཆེན་པོ་ཆུ་སྐྱེས་གཟུགས། །རྣལ་འབྱོར་རང་སེམས་སེམས་མེད་ཀྱང་། ། རྣལ་འབྱོར་མཁའ་འགྲོའི་མཚན་ཉིད་དོ། །འཁོར་ལོ་ནང་གི་བདག་ཉིད་གཟུགས། །ཐིག་ལེ་ཀུན་ཏུ་སྦྱར་བ་ཡིས། །མཚན་ཉིད་གནད་དང་མཚམས་ལ་ནི། །ཀུན་དུ་སངས་རྒྱས་སྐྱེ་བར་འགྱུར། ། འདུ་བ་ཕྱི་དང་ནང་བདག་ཉིད། །ཡེ་ཤེས་དངོས་རང་བཞིན་ལས་སོ། །དམ་ཚིག་སེམས་དཔའ་གསུམ་རིག་པ། །སྐྱེ་དང་འཆི་དང་བར་རྣམས་ཀྱི། །སྲིད་པ་ཀུན་ལས་ཤེས་པར་བྱ། །སྤོང་བས་ དམ་ཚིག་མཁའ་འགྲོ་སྐྱེ། །བདག་ཉིད་ཀུན་གྱིས་མི་ཤེས་ཀྱང་། །འགྲོ་བ་མཁས་པའི་ལམ་གྱིས་འགྱུར། །འདོད་ཆགས་སྒྱུ་མ་བཅས་ནམ་མཁའ། །པད་མ་མཁའ་འགྲོ་རང་ཉིད་གཙོ། ། 86-1-19b དབྱངས་ཡིག་དེ་བཞིན་རྣལ་འབྱོར་དང་། །ཕྱག་རྒྱ་ལྷན་སྐྱེས་འདོད་རྣམས་ཀྱི། །བགྲོད་བཞིན་དུ་ནི་རྟག་ཏུ་སྐྱེ། །འབར་བ་རིན་ཆེན་དབང་མཁའ་འགྲོ། །དེ་བཞིན་ཁམས་ནི་རྣམ་པ་བདུན། ། རྣམ་ཤེས་བདུན་གྱི་མཚན་ཉིད་དོ། །ཆུ་གཏེར་རི་དང་གླིང་རྣམས་ཀྱང་། །རྒྱ་མཚོ་ཆེ་དེར་རབ་ཏུ་ཞུགས། །དེ་ཉིད་ཉི་ཤུ་ལྔ་བདག་ཉིད། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་རྒྱུས། །འཁོར་ཡུག་ ལ་སོགས་སྟོང་ཉིད་དང་། །རང་བཞིན་སྐྱེས་བུ་དེ་བཞིན་དུ། །འོད་གསལ་བ་དང་ཐམས་ཅད་མིང་། །ཆོས་ཀྱི་དབྱིངས་དང་རང་མཚན་ཉིད། །ཐར་དང་སངས་རྒྱས་དེ་བཞིན་དུ། །ཡེ་ཤེས་རྡོ་ རྗེ་སེམས་ལམ་བདག །ཆོས་འབྱུང་དང་ནི་ཐེག་ཆེན་དང་། །གསང་བ་སྔགས་ཚུལ་ཁྱབ་བདག་དང་། །ལྷན་སྐྱེས་དང་ནི་འདུས་དེ་བཞིན། །ཐུགས་རྗེ་ཆེན་པོ་རང་ཉིད་དང་། །བདག་མེད་མ་དང་ ཀུན་དེ་ཉིད། །རང་བཞིན་ཅན་སྟོང་ཡང་ནས་ཡང་། །དེ་ཕྱིར་རྒྱ་མཚོའི་མིང་དང་ཡང་། །རྒྱ་མཚོ་ཆེན་པོའི་གཟུགས་ཀྱིས་ནི། །ཨཱ་ཀུན་འཇིགས་གཟེར་སེམས་ཅན་རྣམས། །ངང་གིས་ སངས་རྒྱས་ཡོན་ཏན་ལྡན། །རྞྞ་དེ་རྣམས་དགེ་བ་མངོན་འདོད་ལ། །དུབ་དང་ཡོངས་སུ་ངལ་བ་མེད། །ཝ་རྟོག་པ་ཐམས་ཅད་སྤངས་པ་ལས། །ཐོབ་པ་སྒྱུ་མའི་རང་མཚན་ཉིད། ། མ་གསང་སྔགས་ཚུལ་གྱི་བདག་ཉིད་ཀུན། །ཧ་བསྐྱེད་པ་ཡི་ནི་གཟུགས་ཅན་ནོ། །ས་དེ་ཡི་ཆོས་ནི་མི་བདེན་ཏེ། །མུ་དངོས་པོ་སྐད་ཅིག་འཇིག་ཕྱིར་རོ། །དྲ་རྫས་དང་སྣ་ཚོགས་ རང་བསྟན་ཆོས། །རྒྱ་མཚོ་ཆེན་པོའི་མཚན་ཉིད་དོ། །ལཱ་མའི་རང་གི་མཚན་ཉིད་ས། །ཇི་ལྟ་བ་བཞིན་རིམ་གྱིས་ཏེ། །རོལ་པའི་མྱོས་ལས་བསྐྱེད་པ་ནི། །རྣལ་འབྱོར་མ་ཀུན་ཤེས་པར་བྱ། །མ་སོགས་ 86-1-20a ཀུན་གྱི་འཁོར་ལོ་ཡི། །རྩ་ཡི་ལམ་ནས་རྗེས་འགྲོ་མའོ། །ཡང་ན་སྒྱུ་མ་འཛིན་པར་འགྱུར། །དེ་ནི་སྒྱུ་མ་ཆེ་རང་བཞིན། །བུམ་པའི་རཱ་སི་སྦྱོང་པ་ཡིས། །འཕོ་བའི་ གྲངས་ཀྱང་གཉིས་པའོ། །རྡོ་རྗེ་ཕག་མོ་ཅན་ལྷ་མོ། །ཀུན་དུ་སྤྱོད་པ་ལཱ་མར་གནས། །ཁ་དོག་ལྗང་སྣང་ལྷ་མོ་སྟེ། །ལྷག་མ་མཁའ་འགྲོ་མ་དང་མཚུངས། །སྲེད་པ་དང་ནི་སྡང་བའི་དངོས། ། ཐམས་ཅད་དེ་ཡི་སྟེང་དུ་གནས། །ཧེ་རུ་ཀ་ཡི་མདོག་དང་གཟུགས། །དེ་བཞིན་གཤེགས་པའི་རྗེས་འགྲོ་རྣམས། །ལྷག་མ་འཁོར་དྲུག་རྣལ་འབྱོར་མ། །དཔའ་བོ་རྣམས་དང་ཐམས་ཅད་འབྱུང་། ། འཁོར་ལོའི་རྩིབས་ཀྱི་དབུས་སུ་སྦྱིན། །ཐུགས་སོགས་ཁ་དོག་དྲུག་ཏུ་གྲགས། །འཁོར་ལོ་ཆ་མཉམ་ལ་བྲི་བྱ། །རྡོ་རྗེ་པད་མ་འཁོར་དེ་བཞིན། །རལ་གྲི་རིན་ཆེན་གྲི་གུག་གི། །ཕྲེང་བ་རྟག་ ཏུ་རིམ་ཤེས་བྱ། །ཕྱི་རོལ་སྣ་ཚོགས་རྡོ་རྗེའི་ཕྲེང་། །མགོ་བོའི་ཕྲེང་བ་ཐམས་ཅད་དུའོ། །ལཱ་མ་བྱང་གི་སེམས་ལས་བསྐྱེད། །རྣལ་འབྱོར་མ་ཚོགས་གཙོ་མོ་སྟེ། །དུས་ཀྱི་རྗེས་མཐུན་ སེམས་ཅན་དོན། །སྨོན་ལམ་གྱི་ནི་མཚན་ཉིད་དོ། །བསྐལ་པ་བཟང་པོའི་དབུས་སུ་ཡང་། །རྫོགས་ལྡན་ལ་ནི་རྣམ་གཟིགས་སོགས། །དེ་ཡི་དུས་སུ་ཤེས་བྱ་བ། །དེ་བཞིན་རྣམ་གཟིགས་ བྱང་གླིང་དུའོ། །འཛམ་བུའི་གླིང་ནི་ཆུ་དུན་དུའང་། །བདག་ནི་ཤཱཀྱའི་རིགས་རྗེས་འགྲོ། །ལྷག་མ་གླིང་ལྔ་རྣམས་སུ་ནི། །དེ་བཞིན་གཤེགས་རིགས་རིམ་པས་སོ། །དེ་ཕྱིར་ལཱ་མ་འགྲོ་བ་ཀུན། ། སངས་རྒྱས་མཆོག་གི་གནས་མཐའ་ལེན། །མ་ནི་རྣལ་འབྱོར་ཐམས་ཅད་ཀྱི། །སྙིང་སྟོབས་བྱ་བ་བྱེད་པ་གསལ། །ས་ཡི་དབང་ཕྱུག་ཞག་ལ་ནི། །མཆུ་ཡི་ཟླ་བ་ཅན་དུ་འདོད། །ཐུར་སེལ་ཞེས་བྱའི་ 86-1-20b རླུང་དང་ནི། །འགྲོ་དང་ཟླ་བ་ཞེས་བྱ་བའི་རྩ། །ཇི་སྲིད་འཆི་བའི་དུས་ཉིད་བར། །འཛིན་བཞིན་དུ་ནི་མི་ཉམས་སོ། །དེ་ལྟར་རྣལ་འབྱོར་མ་བཅུ་གཉིས། །ཟླ་བ་ཉིན་ཞག་རླུང་རྣམས་སོ། །རྩ་དང་རྩ་ནས་ འབབ་པ་སྟེ། །མི་ནི་བསྐྱེད་པ་རྣལ་འབྱོར་མ། །རྩ་ཡི་ཚོགས་ནི་ཐམས་ཅད་ལ། །སྐད་ཅིག་ལས་ནི་སྲོག་འཕོ་འགྱུར། །རང་བཞིན་དེ་ལ་ཤེས་བྱས་ནས། །སྡང་སོགས་ཡོན་ཏན་གྱིས་རིམ་པས། ། དེས་ནི་སྣ་ཚོགས་སྤྲུལ་བདག་དང་། །ལས་ཀྱིས་གནས་ནི་མང་པོའོ། །རྣལ་འབྱོར་པ་ཡི་དངོས་གཅིག་ནི། །ལཱ་མ་མྱ་ངན་འདས་མཚན་ཉིད། །མྱ་ངན་འདས་དང་མཚོན་པ་ནའང་། །གཉིས་པོ་ཞུགས་ གྱུར་མིང་མེད་པ། །ཇི་ལྟར་མི་ཤེས་དེ་ལ་ནི། །བདག་གིས་མཆོག་ཏུ་འདུ་ཤེས་སོ། །སངས་རྒྱས་བྱང་ཆུབ་སེམས་མེད་འགྱུར། །ཆོས་ཀྱི་སྐུ་སོགས་དངོས་པོའོ། །དབང་པོ་རྣམས་ཀྱི་དྲིན་གྱིས་ནི། ། སྐྱེ་བ་ཅན་ཀུན་ཐོབ་པར་འགྱུར། །དབང་པོའི་དངོས་པོ་བདེན་མིན་ཡིན། །དེ་ཚེ་མི་བདེན་པས་ཐོབ་འགྱུར། །དབང་པོ་གཉིས་ཀྱི་དངོས་ཉིད་ཅི། །གྲིབ་མ་ཡི་ནི་སྐྱེས་བུ་མཚུངས། །གྲིབ་མའི་དངོས་པོ་དེ་བདུན་ ཀྱང་། །སྐྱེས་བུའི་གཟུགས་ནི་བདེན་མ་ཡིན། །དེ་བཞིན་དབང་པོ་མ་བདེན་ཀྱང་། །དེའི་དངོས་བདེན་པའི་མཚན་ཉིད་དོ། །མན་ངག་རྣམ་པ་མང་པོ་གཞན། །མཆོག་ཏུ་སྔགས་པར་ཤེས་པར་བྱ། ། བཏུང་བ་ལ་སོགས་བདོག་པ་ཀུན། །བླ་མ་ལ་ནི་འབུལ་བ་བདེན། །དེ་ནི་མི་བདེན་པས་སྤྱད་བྱ། །དེ་ལ་བརྙས་པར་མི་བྱའོ། །འདི་ལ་སྔགས་ཀྱང་བཤད་བྱ་སྟེ། །ལྷ་མོ་ཀུན་གྱི་རྒྱ་མཚོ་འདིར། །ཉེ་བའི་སྙིང་པོ་ སྔགས་རྣམས་ལ། །ཁ་སྦྱོར་མཛེས་པས་བརྒྱན་པའོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ། །ཉེ་སྙིང་རྣམ་པ་གསུམ་དུ་འདོད། །ལུགས་འབྱུང་ལུགས་ལ་བཟློག་པ་ཡིས། །དེ་བཞིན་དབུས་སུ་ལུགས་ 86-1-21a འབྱུང་མིན། །ཨོཾ་ཨོཾ་བ་ཧྲཱིཿ། ཛྲ་ཧེ་ལཱ་ཧེ་མཱ་ཧཱུྃ་ཡེ་ཧཱུྃ་ཧཱུྃ་ཕ་ཧཱུྃ་ཊ་ཕ་ཊ་ཕ་ཧཱུྃ་ཊ་ཧཱུྃ་སྭཱ་ཧཱ་ཧཱ་ཧེ་ཧྲཱིཿ །ཨོཾ་ཨོཾ་ཧཱུྃ་ཧེ་ཧཱུྃ་ཧེ་ཧྲིཿ ཕཊ་ཨོཾ་ཞེས་བྱ་བའོ། །སུམ་བཅུ་རྩ་བདུན་རྣམས་ ཀྱིས་ནི། །རྣལ་འབྱོར་དབང་ཕྱུག་མ་རིམ་ལས། །རྩ་དང་ཚིག་ནི་ཤེས་བྱ་སྟེ། །ཡི་གེ་བརྗོད་པའི་བདག་ཉིད་ཀྱི། །གཉིས་དང་གསུམ་གྱི་རྩ་བསྐྱེད་དེ། །ཡི་གེ་རེ་རེ་ཡི་ཡང་ངོ་། །ཡང་ན་ཐམས་ཅད་ བསྡུས་པ་ཡིས། །བདག་ཉིད་ཆེན་པོའི་དུས་འདིའོ། །དེ་ཕྱིར་སངས་རྒྱས་ཀུན་བདག་ཉིད། །རྣལ་འབྱོར་མ་རྟག་རེ་རེ་སྐྱེ། །གལ་ཏེ་སེམས་དཔའ་ཆེ་ཁྲོས་ན། །སྤྲོས་པའི་ཁྲོ་བོ་རྣལ་འབྱོར་མ། །དེ་བཞིན་ གཏི་མུག་འདོད་ཆགས་སོགས། །རྣལ་འབྱོར་མ་ནི་རྟག་ཏུ་སྤྲོས། །ཚེགས་ཆུང་བ་ཡིས་ལས་འགྲུབ་པ། །ཡུམ་མཆོག་ལཱ་མའང་ཐོབ་པར་འགྱུར། །བཅོམ་ལྡན་བདག་པོས་འདི་གསུངས་ཏེ། །ཡི་གེ་ རེ་རེ་རྣལ་འབྱོར་མ། །མིང་ནི་དེ་དང་མཉམ་ཞེས་བྱ། །ཁྱོད་ལ་རྡོ་རྗེ་མཆོག་བསྲེས་པའོ། །དེ་ལྟར་དེ་ཉིད་རྟག་བརྟེན་ནས། །རྣལ་འབྱོར་ཕྱག་རྒྱ་དང་ལྷན་ཅིག །རྩེན་ཅིང་རྒྱ་ཆེར་རོལ་པར་བྱ། །སྲིད་དང་མྱ་ངན་ འདས་དབུས་སུ། །དཔའ་བོ་ཐམས་ཅད་མཉམ་སྦྱོར་བ། །རྡོ་རྗེ་སེམས་དཔའ་བདེ་བ་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །ཞེས་བྱ་བ་ནི་དཔལ་ མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ལཱ་མ་བསྐྱེད་པའི་མཚན་ཉིད་དང་སྔགས་དགོད་པ་དང་། འཁོར་ལོས་སྒྱུར་བ་དྲུག་ལ་སོགས་པའི་རང་བཞིན་དང་མྱ་ངན་ལས་འདས་པ་ལ་སོགས་ པའི་རྣམ་པར་གཞག་པ་སྟེ་ལེའུ་བཞི་པའོ།། །། དེ་ནས་མཆོག་ཏུ་རབ་བཤད་བྱ། །སེམས་ཅན་རྣམས་ལ་ཕན་བརྩེ་བས། །ཁཎ་ཌ་རོ་ཧིའི་གནས་བཞུགས་ནས། །མངའ་བདག་རྡོ་རྗེ་མཁའ་འགྲོ་དང་། ། 86-1-21b འཁོར་ལོ་བཞི་ཡི་པད་མོ་རུ། །རྩ་ནི་བརྒྱ་དང་ཉི་ཤུའོ། །དེ་རྣམས་མིང་ནི་ཅི་རིག་པར། །དེ་ཁོ་ན་ཉིད་སྣང་ལ་བཤད། །ཡུལ་དབུས་མ་དང་ཀ་ལིང་ཀ་མ་དང་། །ཨོ་ཊ་མ་དང་ཀརྞྞ་ཊ་མོ་མ་རུ་མོ། །སཽ་ རཥྚ་མོ་མ་ལ་ཡ་མ་བིང་ག་མ། །འགྲོ་ལྡིང་མ་དང་ཊ་ལིང་ག་ཀ་མོ། །མ་ལ་བ་མོ་མ་ཧཱ་ར་མ། །བ་རེན་དྲ་མོ་ཀཱ་མ་རུ་པི་མ། །ཌཱ་ཧཱ་ལི་མོ་ཨ་ཊ་ལི་ཡུལ་མ། །བྷ་ཊ་རི་མོ་ལཱ་ཌཱ་དབུས་འགྱུར་མ། །ཏི་ར་ཧུད་ཏི་ མོ་དང་དང་ར་ན་ཊ་མ་དང་བལ་ཡུལ་མ། །མཉན་ཡོད་མ་དང་རཱ་ཌྷ་མོ་མང་ཌིག་ཀ་རི་མ་དང་། །བྷང་ག་ལཱ་མོ་ཁ་ཌ་མ་དང་ཧ་རི་ཀེ་ལ་མ། །གསེར་གླིང་མ་དང་སིང་ག་ལ་མོ་དང་། །ཌ་མ་ཌ་མོ་ཀན་ཏོར་ཀ་མོ། ། སིན་དྷུ་ཁ་བའི་གནས་མ་ཙཱུྃ་ཊི་མོ། །ཀུ་ལུ་ཏ་མོ་ཛ་ཌ་ར་མོ་པ་ཐ་མ། །ཛཛྫ་ཡུ་ཏ་མ་དང་བ་ར་ཎ་མ་དང་། །ཨོ་ཌི་ཡཱ་ཎ་མ་དང་ལམ་པ་ཀ་མ་དང་། །ཛཱ་ལཱན་དྷ་ར་མ་དང་ཨར་བུ་ད་མ་དང་། །ཁ་ཆེ་མ་ དང་ཀོ་ས་ལ་མོ་ཀཱཉ་ཙི་མ། །ཛ་ཡན་ཏ་མོ་ཏྲི་ཤཀ་ཏ་མོ་ཙམ་བྷ་མ། །ལུ་ཧ་ར་མ་པུ་ར་ཧོ་རི་ཀ་མོ་དང་། །མུམྨུ་ན་མ་ཀཱམ་པོ་ཛ་མ་དང་། །བྷཊྚོ་མ་ལ་གྲྀ་ཧ་དེ་བ་མོ། །པྲེ་ཏ་པུ་རི་མ་དང་བབ་བྷ་ར་མ་ དང་། །བི་ལ་མོ་དང་ཉེ་བའི་པི་ལ་མོ། །དུར་ཁྲོད་མ་དང་ཉེ་བའི་དུར་ཁྲོད་མ། །རྒྱ་མཚོ་ཆེན་པོའི་འགྲམ་མ་ཁ་ས་མོ། །ཀླ་ཀློ་མ་དང་ཐམས་ཅད་ཡུལ་མ་སྟེ། །རིམ་པས་དྲུག་བཅུ་བཞི་ལྷ་མོ། ། ལྟེ་བའི་འཁོར་ལོ་རྣལ་འབྱོར་མ། །རིགས་ཀྱི་རྩར་ནི་ཤེས་པར་བྱ། །སྙིང་གའི་འཁོར་ལོ་དེ་བཞིན་བརྒྱད། །ཕོ་ཉ་མོ་ཀུན་འགྲོ་མ་སྟེ། །པྲ་ཡ་ག་མོ་དེ་བི་ཀོ་ཊ་མ། །འཕགས་རྒྱལ་མ་དང་དཔལ་ ཆེན་པོ། །འབར་བའི་གདོང་མ་སིལ་བ་ལི་མོ་དང་། །མ་ཧི་ལ་མ་ཀཽ་མ་རི་མོ་སཽ་ར་མ། །དེ་ལྟར་ཐམས་ཅད་སྙིང་གནས་སུ། །སྒྱུ་མའི་རྣམ་པ་རང་ཞིང་མའོ། །མགྲིན་པར་འཁོར་ལོའི་ལྷ་མོ་ཡང་། ། 86-1-22a གཙོ་མོ་མཆོག་ནི་བཤད་པར་བྱ། །ཆ་ཆེན་བཅུ་དྲུག་ཉིད་ཡིན་ཏེ། །ཁམས་རྣམས་བཅུ་དྲུག་དེ་བཞིན་ནོ། །ཁྲག་དང་ཁུ་བ་རྐང་དང་ནི། །རྡུལ་དང་ཚིལ་དང་ལྤགས་པ་དང་། །ཤ་དང་རུས་ པ་རྒྱུས་པ་དང་། །རྣག་དང་རྒྱུ་མ་རང་འབྱུང་དང་། །བཤང་གཅི་མཁྲིས་པ་མཆིལ་མའོ། །ར་ཧ་སྱ་སོགས་ཚིག་གིས་ཁམས། །དེ་རྣམས་མྱོས་བྱེད་འབབ་མའོ། །མགོ་བོ་རུ་ནི་ལྷ་མོ་ཆེ། །འཁོར་ ལོ་སུམ་བཅུ་རྩ་གཉིས་རྩ། །ཞག་གི་རིམ་པ་ཐམས་ཅད་དུ། །མཚམས་ཀུན་རྨད་བྱུང་ཆེན་མོའོ། །ནག་མོ་གཙིགས་མ་འཇིགས་རུང་མ། །དགའ་མ་འདས་མ་ལོག་འདྲེན་མ། །ཙ་མུཎ་ཌ་དང་དྲག་ གཟུགས་མ། །ལྷ་མོ་དཀའ་ཟློག་དབྱངས་ཅན་མ། །ནག་བཟང་མོ་དང་ནག་ཆེན་མོ། །ནག་སྦོམ་མ་དང་གཞན་མི་ཐུབ། །རྒྱལ་མ་དང་ནི་རྣམ་རྒྱལ་མ། །མི་ཕམ་མོ་དང་རྒྱལ་བ་མོ། །དྲག་མོ་ སྡང་མ་དབང་མོ་དང་། །ཟླ་མ་ལམ་གྱི་བཞི་མདོ་མ། །གྲོང་གནས་མ་དང་དྲག་མིག་མ། །ཀམ་པོ་ཛ་མ་ཌོམ་བི་མ། །གཏུམ་མོ་དང་ནི་གདོལ་པ་མོ། །བྲམ་ཟེ་མོ་དང་དམངས་རིགས་མོ། །རྒྱལ་པོའི་བུ་ མོ་འཕྲུལ་ཆེན་མོ། །ལྷ་རྫས་ཆང་གིས་འགེངས་བྱེད་མའོ། །དེ་ལྟར་རྩ་ཡི་འཁོར་ལོ་རུ། །ཁཎ་ཌ་རོ་ཧེ་ནང་འགྲོ་མའོ། །བདག་འདིར་འགྲོ་བ་མོ་ཡིན་ཅི། །རང་གི་བདག་པོས་བཀའ་སྩལ་ཅིག ། ལུས་རྣམས་ཐམས་ཅད་ལ་ནི་ཁམས། །མཁའ་འདྲ་དངོས་པོ་གཅིག་ཏུ་འགྱུར། །ས་གཞི་ཆ་བཞིན་ཤེས་བྱ་སྟེ། །ཡུལ་གྱིས་ཕྱེ་ཡང་ས་གཞི་གཅིག །དུམ་བུ་དུམ་བུར་གྱུར་པའི་ཁམས། ། ཡང་ན་ཡུལ་དང་ཞག་དག་འགྱུར། །ཌ་ཡི་ཡི་གེ་བསྟན་དེའི་ཕྱིར། །སྒོ་ང་མངལ་གྱི་མཚན་ཉིད་ལས། །འདིར་ནི་རྣམ་ཤེས་བསྐྱེད་པར་འགྱུར། །གང་འདྲའི་གང་གི་ཁམས་རྣམས་ལ། །བཞིར་ནི་ 86-1-22b རྣམ་པར་ཤེས་བྱ་སྟེ། །ལས་ལ་དུམ་སྐྱེས་མ་རང་ཉིད། །སྡིག་པ་ཆེན་པོ་འཕྲོག་བཞིན་མ། །བསད་ལ་ཁམས་ནི་ཐམས་ཅད་དོ། །དེས་ནི་སེམས་ཅན་བྲལ་དུམ་སྐྱེས། །ཤིན་ཏུ་ལས་ཀུན་མཛད་ པ་མོ། །གཙོ་མོ་མཆོག་གི་རྣལ་འབྱོར་མ། །རང་གི་འཕོ་བ་ལས་བཞེངས་མཆོག །ཉ་ནི་འཆར་བའི་དུས་དང་ནི། །འདོད་དང་རྒྱུ་སྐར་གྲེ་མཆོག་དང་། །ནུབ་ཀྱི་བ་ལང་སྤྱོད་གླིང་དུ། །འདོད་ཆགས་ ཆེན་པོའི་རང་བཞིན་མ། །དངོས་མེད་བྱེད་པ་མིན་ལྷ་མོ། །གཉིས་མེད་གོ་འཕང་ལ་བརྟེན་མ། །སུམ་བཅུ་བདུན་བདག་ཉིད་དབུས་སུ། །བསྐྱེད་འགྱུར་རང་གི་སྔགས་ལས་སྐྱེ། །ཨོཾ་བ་ས་ཛྲ་ རྦ་ཁུ་བུ་ཎྜ་དྷ་རོ་བ་ཧི་ཛྲ་ཀཱ་ཌཱ་ཡེ་གི་ཧཱུྃ་ནི་ཧཱུྃ་ཡེ་ཕཊ་བ་ཕཊ་རྞྞ་སྭཱ་ནཱི་ཧཱ་ཡེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ་ཨོཾ། སྔགས་འདི་རབ་ཏུ་སྦྱོར་བར་བྱེད། །དཀྱིལ་འཁོར་འདོད་པ་ཐམས་ཅད་ལ། །ལྷ་མོ་རེ་རེ་རྣམས་ ཀྱི་ནི། །དབུས་སུ་འཁོར་ལོ་བཞི་སྐྱེས་མ། །ཐབས་དང་ཤེས་རབ་བདག་ཉིད་ཅན། །ཐམས་ཅད་ཆོས་འབྱུང་དབུས་སུ་སྟེ། །སྒོ་བཞི་དང་ནི་ཡང་དག་ལྡན། །རྟ་བབས་ཀྱིས་ནི་དེ་རྣམས་བརྒྱན། །ཤ་ ཆེན་པོ་ནི་ཟ་བཞིན་དུ། །འཇིགས་བྱེད་སྒྲ་ནི་བསྒྲགས་པའོ། །ལཱ་མའི་འཁོར་ལོ་བ་ལང་ཤ །མཁའ་འགྲོ་མ་ལ་གླང་ཆེན་ཤ །ཕག་མོ་ལ་ནི་ཤ་ཐམས་ཅད། །དམ་ཚིག་སྡོམ་པའི་སྦྱོར་བས་ སོ། །གསང་སྔགས་བདེན་པར་ཤེས་བྱས་ནས། །སྔགས་ཀྱི་ཡི་གེ་བརྗོད་པ་མིན། །སེམས་ཅན་ཀུན་གྱི་ངག་གང་དེ། །སྔགས་ནི་རྣལ་འབྱོར་མ་རུ་གྲགས། །གལ་ཏེ་ཡི་གེ་བ་སྔགས་ཡིན། ། གོ་ཌེའི་ཡི་གེ་པ་དང་མཚུངས། །རྩ་ཡི་བུ་ག་བུ་ག་རུ། །དབུགས་ནི་ཡི་གེར་འདུ་ཤེས་པའོ། །སྔགས་ཀྱི་བཏུང་བའི་སེམས་ལ་ནི། །ཇི་སྲིད་རྐང་མཐར་འགོག་པ་ལས། །ཡུལ་དང་ཡུལ་དུ་ 86-1-23a ཀུན་དུ་སྤྱོད། །ཡུལ་དབུས་སུ་ཡང་འོངས་པ་ལས། །ཚིམ་བྱ་རང་གི་འཁྲུལ་འཁོར་དུ། །བུམ་པ་བཞིན་དུ་བཏུང་བ་འབབ། །དཀྱིལ་འཁོར་རང་གི་སྟན་གནས་ནས། །སྲོག་གི་ འཁོར་ལོ་བཞིན་དུ་བསྐོར། །སེམས་དཔས་འཁོར་བཞིན་པ་རུ་ནི། །ནོར་བུའི་བུ་གར་བཙིར་བར་བྱ། །བུ་ག་དགུ་རུ་ས་བོན་ཀྱང་། །རྡོ་རྗེ་སོགས་པས་སྒོམ་པར་བྱ། །ཡང་ན་རྩ་རྣམས་ཐམས་ ཅད་དུ། །སྔགས་ཀྱི་ཡི་གེ་འདི་དགོད་བྱ། །མ་ཀ་ཨོཾ་ཀ་མ་སཽ་མ་བི་དྲ་ཏ་མཱ་མ་བྷ་གཱ་ཌ་ཨ་བྷ་ལཱ་མ་ཏི་ད་ན་སྭཱ་རཱ་ཌི་བ་ཁཱ་ཧ་སུ་སྃ་ཌ་ཀ་སུ་ཧི་བུ་ཀུ་ཛ་ཡ་ཛ་བ་ཨོ་ལྃ་ཛཱ་ཨ་ཀ་ཀོ་ཀཱྃ་ཛ་ཏྲི་ཙ་ལུ་ཡུ་མུྃ། ཀཱྃ་བྷ་གྲེ་བྲེ་བ་པེ་ཨུ་སྨ་ཨུ་ཁ་ཞེས་བྱ་བ་ནི་ལྟེ་བར་རོ། །བྲི་དེ་ཨུ་མ་ཛཱ་སུ་མ་ཀཽ་ཞེས་བྱ་བ་ནི་སྙིང་གར་རོ། །ར་སུ་མ་སྭཱ་མེ་ཙ་མྃ་ཨ་བཱུ་ཨ་སྦ་བི་མུ་པི་ཤླེ་ཞེས་བྱ་བ་ནི་མགྲིན་པའིའོ། །ཀྲི་ཀ་ བྷཱི་ནཱ་ཏི་བི་ཙཱ་གཽ་ཨོ་ས་བྷ་མ་གོ་དུ་ཨུ་ཙ་ཙ་གྲཱ་རཽ་ཀྃ་ཌཽ་ཙ་མཱ་བྲཱ་སྲུ་ར་ཞེས་བྱ་བ་ནི་མགོ་བོའི་འཁོར་ལོ་ལའོ། །ཡང་ན་མི་ཕྱེད་མ་ལ་སོགས་པའི་མིང་ཅན་ཏེ། དེ་རྣམས་ཀྱི་ཡང་ཡིག་དང་པོ། ཐམས་ཅད་མགོ་བོའི་འཁོར་ལོར་སྦྱིན། །འཁྲུལ་འཁོར་འདི་ནི་བློ་ཆེན་པོ། །སྲོག་གི་རླུང་ནི་རྣམ་འཛིན་འགྱུར། །པད་མ་བཞི་ཡི་འདབ་མའི་དབྱིབས། །རེའུ་མིག་འཁོར་ལོ་རིམ་ཐིག་གདབ། ། ཐམས་ཅད་ཟླུམ་པོའི་རྣམ་པར་ནི། །ཐིག་ལྔ་རྣམས་ནི་གདབ་པར་བྱ། །བརྒྱད་དང་བཅུ་དྲུག་དྲུག་བཅུ་བཞི། །སུམ་བཅུ་རྩ་གཉིས་རེའུ་མིག་འདོད། །ལྟེ་བའི་གནས་ནི་ཐོབ་ནས་སུ། །སྲོག་གི་ནུས་པ་རྣམས་ ཀྱིས་འཁོར། །ཇི་སྲིད་ཨ་བ་དྷཱུ་ཏཱིའི་རླུང་། །དེ་སྲིད་འཁྲུལ་འཁོར་འདིར་བརྗོད་དོ། །གལ་ཏེ་ངག་གིས་དེ་ལྟར་བྱེད། །སྔགས་ནི་འཇམ་སྙན་གྱིས་གླུ་ལེན། །སྒྲས་ནི་སྲོག་ངེས་ཕུར་བཏབ་ནས། །རྩ་དགུ་པོ་ནི་དགག་ 86-1-23b པར་བྱ། །ནད་མེད་མི་རྒས་མཛེ་མེད་ཅིང་། །རྟག་ཏུ་བཀྲེས་དང་སྐོམ་པ་མེད། །དེ་ལྟར་ལ་སོགས་མཐའ་ཡས་པ། །ནད་དེ་འཆི་བའི་མཐར་ཐུག་མེད། །དཀྱིལ་འཁོར་ལྔར་ནམ་ཡང་ན་ནི། །འཁྲུལ་འཁོར་ ཅན་ཀུན་འབབ་པར་བྱ། །ཁམས་དང་སྐྱེ་མཆེད་གཞན་ལ་སོགས། །བདུད་རྩིའི་རྣལ་འབྱོར་ལྡན་པས་བཟའ། །མདོག་དམར་འདུ་ཤེས་ལྷག་མ་ནི། །ལཱ་མའི་ཕྱག་དང་གཟུགས་ཅན་ནོ། །དཔའ་བོ་ ཐམས་ཅད་མཉམ་སྦྱོར་བ། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །ཞེས་བྱ་བ་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་ འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་དུམ་སྐྱེས་མའི་མཚན་ཉིད་དང་བསྐྱེད་པ་དང་། འཁོར་ལོ་བཞིའི་རྩའི་རྣམ་པར་གཞག་པའི་མིང་མདོར་བསྟན་པ་དང་། སྔགས་དགོད་པ་ལ་སོགས་པའི་ ཆོ་ག་སྟེ་ལེའུ་ལྔ་པའོ།། །། དེ་ནས་གཞན་མཆོག་བཤད་པར་བྱ། །མདོར་བསྡུས་པ་སྟེ་རྒྱས་པར་མིན། །དཔལ་ཧེ་རུ་ཀའི་ཀུན་སྦྱོར་ལས། །གཟུགས་ཅན་མའི་མཚན་ཉིད་དག །ལུས་ལྡན་དང་ནི་ ལས་དང་ཚིགས། །སྔོན་དུ་གཟུགས་ཅན་མ་ལ་བརྟེན། །ཕྱི་ནང་བདག་ཉིད་ཅན་གཟུགས་སུ། །བདེ་ལ་གནས་པས་འགྲོ་བར་འགྱུར། །འདིར་ནི་རྐང་ལག་ཐམས་ཅད་ལ། །ཚིགས་ནི་བཅུ་གཉིས་ཉིད་ཡིན་ནོ། ། ལྔ་ལྔ་རུ་ནི་ཤེས་བྱ་སྟེ། །བཅུ་གཉིས་ལ་རྩ་དྲུག་བཅུའོ། །དཀྱིལ་འཁོར་རྣམས་ལའང་འབབ་པ་མོ། །འཕོ་བ་བཅུ་གཉིས་སུ་འདོད་དོ། །གཡོན་པ་དང་ནི་གཡས་པ་ལའང་། །སྔོན་དུ་ལུགས་སོགས་སྔགས་ རིག་པས། །ལྷག་མ་བུ་ག་བཞི་རྣམས་སོ། །ལྟེ་བ་མདོམས་དང་རྩིབས་ལོགས་གཉིས། །གྲུ་གསུམ་དེ་བཞིན་ཤེས་བྱ་སྟེ། །དེ་ཡི་སྒོ་རྣམས་རྩ་དྲུག་བཅུ། །མཚམས་ནི་རྣམ་པ་ལྔར་རབ་གསུངས། །ཉི་མ་རྒྱུ་བར་ 86-1-24a གང་འགྲོ་བ། །དེ་འགྲོ་ཟླ་བ་ཟླ་རྣམས་སུ། །དྲུག་ལྔ་སུམ་བཅུའི་ཆ་རྣམས་སུ། །སྙིང་གར་གྲགས་པ་དེ་བཞིན་གསུངས། །རྩ་དགུ་ཇི་ལྟར་འགྲོ་བའོ། །མིག་ལ་སོགས་པའི་བུག་རྣམས་ སུ། །སྒོ་ལ་བརྟེན་ནས་གནས་པར་འགྱུར། །མགྲིན་པར་གངས་འདྲ་བ་ཡི་ཁམས། །དེ་རུ་གྱུར་ནས་གནས་པའོ། །མ་ཕྱེད་མ་སོགས་སུམ་བཅུ་གཉིས། །རྒྱུད་མང་པོར་ནི་བསྔགས་པའོ། །དེ་ཡི་གཟུགས་ སུ་གནས་ལྷ་མོ། །གཟུགས་ཅན་མ་དེའི་རྣམ་རྟོག་པས། །བཅོམ་ལྡན་འདས་ལ་བདག་འདྲིའོ། །གཟུགས་ཅན་མའི་མིང་ཅིག་གསུངས། །འགྲོ་བ་ཐམས་ཅད་གཟུགས་མེད་མཛོད། །རྩ་ཡི་བདེ་སོགས་ མིང་གིས་སོ། །འགྲོ་བའང་དབང་པོའི་ལམ་རྣམས་སུ། །གང་འདྲའི་གཟུགས་ཀྱི་གཟུགས་ཅན་མ། །བ་ལས་ཐོབ་པའི་བདེ་བ་ནི། །དབང་གཉིས་རྣམ་པའི་སྦྱོར་ལས་སོ། །གང་དང་གང་གི་རིགས་གང་ནི། །དེ་ དང་དེ་ཡི་འགྲོ་བར་བཤད། །བདེན་པ་ཀུན་ལས་འདྲེན་པར་འགྱུར། །སྔགས་ཀྱི་ཚུལ་ལས་གཞན་མི་འགྲོ། །དེ་ཕྱིར་གཟུགས་ཅན་མ་འགོག་ལས། །ལྷན་སྐྱེས་པའི་བྱང་ཆུབ་ཚོལ། །ལྷ་མོ་ཆེན་མོ་ཁ་དོག་ སེར། །ལྷག་མ་དུམ་སྐྱེས་མ་དང་མཚུངས། །འདུ་བྱེད་ཕུང་པོའི་གཟུགས་དང་ནི། །མིང་དང་བུད་མེད་སོགས་གཟུགས་ཅན། །མཉམ་མེད་སེམས་ཅན་དོན་ལས་ཕྱིར། །གླིང་འདི་རུ་ནི་སྐྱེ་འགྱུར་རོ། །ལུག་ དང་བྱ་ཀུ་ལ་གནག་པ་ཡི། །ཟླ་བ་རཱ་སིའི་རང་བཞིན་ཅན། །ཐབས་དང་ཤེས་རབ་བདེ་བས་ཀྱང་། །དཀྱིལ་འཁོར་དབུས་སུ་བཞུགས་པའོ། །ཡང་དག་སུམ་བཅུ་བདུན་བདག་ཉིད། །ཇི་ལྟའི་རིམ་པས་དཔའ་རྣལ་ འབྱོར། །གསང་སྔགས་ཁ་སྦྱོར་སྦྱོར་བ་རུ། །གཟུགས་ཅན་གཙོ་མོའི་ཤེས་པར་བྱ། །ཨོཾ་བཛྲ་གྲྃ་རཱུ་མ་པི་མ། ནཱི་ཧི་ཡ་ཨོཾ་ཀེ་སྭཱ་ཧཱུྃ་ཧཱ་ཧཱུྃ་ཧཱཿ། ཕ་ཨོཾ་ཊ་བཽ་ཕ་ཥ་ཊ་ཊ་ཧེ་སྭཱ་ཧཱ་ཧཱུྃ་ཧཱུྃ་ཧོཿ། ཨོཾ་ཕཊ་ཕཊ་ཧྃ། དེ་ 86-1-24b ལྟར་རང་བཞིན་ལས་ཤེས་བྱ། །སྔོན་གྱི་ཆོ་གའི་ལས་ཀྱིས་ནི། །དབུས་མའི་བུ་གར་ཕྱིན་ནས་ནི། །དབུགས་ནི་རྣམ་ཤེས་ངོ་བོ་ཅན། །སངས་རྒྱས་ཞིང་ནི་གྲངས་མེད་པ། །མ་ལུས་སྐད་ཅིག་དེ་ལ་ མཐོང་། །མ་ལུས་རང་བདག་ངོ་བོ་ཅན། །བསྒོམས་དང་ཐོས་དང་མཐོང་བ་ཡང་། །བགྲོད་བཞིན་པ་ན་རྟོགས་མི་འགྱུར། །འདི་ནི་སྒྱུ་མའི་རང་མཚན་ཉིད། །གཟུགས་ཀྱི་སྐུ་ཡང་རྣམ་གསུམ་སྟེ། ། སྐུ་གསུང་ཐུགས་ཀྱི་མཚན་ཉིད་དེ། །དེ་ནི་འདོད་དང་གཟུགས་གཟུགས་མེད། །མི་ལོང་དུ་ནི་གདོང་རྫོགས་པ། །ཇི་བཞིན་ཁམས་གསུམ་ལ་གནས་ནས། །དེ་ཡི་གཟུགས་དང་གཞན་གཟུགས་ཅན། ། གཟུགས་དང་གཟུགས་ལས་གཟུགས་བརྙན་ཏེ། །གྲངས་མེད་པ་ཡི་འཇིག་རྟེན་ཁམས། །གཟུགས་ཅན་སྒྱུ་མས་བུད་མེད་དང་། །ཐབས་ནི་སྐྱེས་བུའི་ལས་ཅན་གྱི། །གཉིས་མེད་བུད་མེད་སྐྱེས་ བུ་གཅིག །གཅིག་མིན་གཅིག་མིན་མིན་གཟུགས་ཅན། །གཟུགས་ཀྱི་ཡུལ་ལ་སོགས་དངོས་ལ། །མཚོན་བྱེད་མཚོན་བྱ་མེད་གཟུགས་ཅན། །མཚོན་དཀའ་མཚོན་བྱའོ་མཚོན་བྱ་ལ། ། མཚོན་བྱ་གཟུགས་མེད་མཚན་ཉིད་མ། །མཚོན་མེད་སྤྱོད་ཡུལ་དེ་ཡང་ནི། །མཚོན་པ་པོ་དེའི་སྤྱོད་ཡུལ་ལོ། །ཇི་ལྟར་ལ་ལར་རྨི་ལམ་མཐོང་། །རང་ཉིད་ཤི་བ་མཐོང་འགྱུར་ནའང་། །མཐོང་བཞིན་ དུ་ཡང་ངུ་བར་བྱེད། །གཟུགས་དང་གཞན་གྱི་གཟུགས་ཅན་ནོ། །དེ་ལྟར་ཀུན་གྱི་རང་བཞིན་དུ། །རྡོ་རྗེ་སེམས་དཔའ་རང་གི་དང་། །སེམས་དཔའ་ཆེན་པོའི་རང་བཞིན་དང་། །དམ་ཚིག་སེམས་དཔའ་ ཆེན་པོ་པ། །བྱང་ཆུབ་ཆེན་པོའི་ཚུལ་སེམས་དཔའ། །བརྟན་དང་འགྲོ་བ་སྣ་ཚོགས་སོ། །དེ་ལྟའི་གཟུགས་ནི་ཇི་ལྟར་སྔོན། །རྟོག་གེ་པ་རྣམས་ཀྱིས་མི་ཤེས། །བྱིས་པའི་རྣལ་འབྱོར་རྟོག་བྱ་མིན། ། 86-1-25a རྣལ་འབྱོར་མ་ཡཱི་མཆོག་ཐོབ་པས། །སྐྱེ་བ་འདི་ཉིད་ལ་ཤེས་འགྱུར། །སྐྱེ་བོ་ཐམས་ཅད་བྱང་ཆུབ་རང་བཞིན་ཏེ། །རྨོངས་པའི་བྱིས་པས་ཤེས་པ་མ་ཡིན་ནོ། །སེམས་ཅན་ ཐམས་ཅད་རྣལ་འབྱོར་མའི་དེ་ཉིད། །མི་གང་ཡིན་པ་དེ་ནི་རྡོ་རྗེ་འཆང་། །གླུ་འདི་བླངས་པས་ཐམས་ཅད་ནི། །སྐྲག་སྟེ་ས་ལ་བརྒྱལ་བར་འགྱུར། །རྣལ་འབྱོར་མ་རྣམས་འགྱེལ་ནས་ཀྱང་། །ཆོས་ཀྱི་སྤྱོད་ ཡུལ་ངོ་མཚར་ཏོ། །ཐོད་པའི་དུམ་བུ་ལ་སོགས་གཙོ། །དཔའ་བོ་རྣམས་ཀྱིས་བསྐུལ་མཛད་ནས། །གསོན་ཅིག་གསོན་ཅིག་སྲིན་མོ་ཁྱེད། །སེམས་ཅན་ཁམས་ཀྱི་རང་བཞིན་གྲོལ་བྱེད་མ། །ཁྱེད་དང་ སེམས་ཅན་རྣམས་ལ་དབྱེ་བ་མེད། །དཔའ་བོ་ཐམས་ཅད་སྒྲོལ་བར་མཛད་པ་མོ། །སླར་ཡང་བཅོམ་ལྡན་འདས་ཀྱི་ནི། །སྐུ་ལ་ཐམས་ཅད་རབ་ཏུ་ཞུགས། །སླར་ཡང་སྤྲོ་བའི་སྦྱོར་བ་ཡིས། །གཙོ་མོ་ཞལ་ ནས་སྤྲོས་པར་འགྱུར། །རྣམ་སྣང་མཛད་ལ་སོགས་པའི་རྒྱུ། །སླར་ཡང་ཞལ་ནས་སྤྲོ་བར་མཛད། །བཅོམ་ལྡན་ཐམས་ཅད་སྡུ་མཛད་ནས། །རྣལ་འབྱོར་མའི་རྒྱུད་ལ་ནི། །ཆེད་དུ་བརྗོད་པས་ ཆེད་བརྗོད་མཛད། །རྣལ་འབྱོར་རྒྱུད་ཀུན་ལ་ཡང་ངོ་། །རྣམ་སྣང་མཛད་དང་རིན་ཆེན་དབང་། །འདིར་ནི་འདོད་ཆགས་དོན་ཡོད་གྲུབ། །མི་བསྐྱོད་པ་དང་སྤྱན་མའི་རྒྱུད། །མཱ་མ་ཀཱི་དང་གོས་དཀར་མོ། ། སྒྲོལ་མ་དང་ནི་གཟུགས་རྡོ་རྗེ། །སྒྲ་དང་དྲི་དང་རོ་དེ་བཞིན། །རེག་དང་ཆོས་དབྱིངས་སུ་གྲགས་དང་། །ས་སྙིང་ནམ་མཁའི་སྙིང་པོ་དང་། །ཕྱག་ན་རྡོ་རྗེ་འཇིག་རྟེན་དབང་། །བསྒྲིབ་ཀུན་ སེལ་དང་བཟང་པོ་དང་། །འཇམ་དཔལ་དང་ནི་བྱམས་པ་དང་། །གཤིན་རྗེའི་དགྲ་དང་ཤེས་མཐར་མཛད། །པད་མ་མཐར་མཛད་བགེགས་མཐར་མཛད། །མི་གཡོ་བ་དང་དབྱུག་སྔོན་ཅན། །འདོད་ 86-1-25b དང་སྟོབས་ཆེན་གནོད་མཛེས་དང་། །གཙུག་ཏོར་འཁོར་ལོ་སྒྱུར་བ་དང་། །ཁྲོ་གཉེར་རི་ཁྲོད་ལོ་མ་ཅན། །ལྷག་མ་རྡོ་རྗེ་སེམས་དཔའ་འོ། །དེ་ལྟར་རྒྱུད་ཀྱི་མིང་འདི་ནི། །ཐབས་ཀྱི་དངོས་པོའི་ མཚན་ཉིད་དོ། །ཤེས་རབ་རྒྱུད་ནི་རང་བྱུང་ཉིད། །རང་གི་རང་བཞིན་རྟག་ཏུ་གནས། །བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་སུ། །མི་འཇིག་གོ་འཕང་རྗེས་འགྲོ་བ། །བསྐལ་པ་བསྲེག་པའི་དུས་ སུ་ནི། །གཞན་དུ་སོང་ནས་ཡང་དག་གནས། །ཐོད་པའི་དུམ་སོགས་དཔའ་བོ་ཡིས། །མིང་ནི་མི་བསྐྱོད་ལ་སོགས་སོ། །དངོས་པོའི་དབྱེ་བའི་རྣམ་གྲངས་ཀྱིས། །རིགས་ནི་དུ་མ་འབྱུང་བའོ། ། གཟུགས་ཅན་མ་ཡི་གནས་བརྟེན་ནས། །དཔའ་བོ་ས་ལ་བསྒྱིངས་པར་འགྱུར། །གཟུགས་ནི་གཟུགས་མེད་གྱུར་པའི་གཟུགས། །བདེ་མཆོག་དང་ནི་མཉམ་པར་འཁྱེར། །དཔའ་བོ་ཐམས་ ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །ཞེས་བྱ་བ་ནི་དཔལ་མཁའ་འགྲོ་རྒྱ་མཚོ་ རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་གཟུགས་ཅན་མའི་མཚན་ཉིད་ཀྱི་རང་བཞིན། རྩའི་འཁོར་ལོའི་རང་བཞིན་དང་གནས་ཀྱི་རྣམ་པར་གཞག་པ་དང་རྒྱུད་ཀྱི་མཚན་ཉིད་ཀྱི་ཆོ་ག་ སྟེ། ལེའུ་དྲུག་པའོ།། །། དེ་ནས་རྣལ་འབྱོར་མཆོག་གི་ས། །ཆོ་ག་མཐོང་བའི་ལས་ཀྱིས་ཏེ། །གང་གིས་ཁ་གདོང་མ་འབྱུང་བ། །དེ་ཡི་ཆོ་གས་ཐར་འགྲོ་མ། །ཉེ་བའི་གླིང་དུ་གནས་ མ་སྟེ། །ཁྱུ་མཆོག་འཕོ་དང་བཟང་པོ་མ། །ས་གའི་ཟླ་བར་ཤེས་བྱ་སྟེ། །ས་ལྔ་པར་ནི་འདོད་པ་ཡིན། །ལྷ་མོ་སྒོ་ན་གནས་པ་མོ། །ཀཱ་ནི་ཆོས་དབྱིངས་མར་འདུ་ཤེས། །གཉིས་པ་ཆོས་ཀྱི་སྐུ་དང་ནི། །དེ་ལས་ 86-1-26a ལོངས་སྤྱོད་རྫོགས་འབྱུང་བ། །སྱཱ་ནི་སྤྲུལ་པའི་སྐུ་ཡིན་ཏེ། །ལྟེ་སྙིང་མགྲིན་པ་མགོ་བོ་ལས། །བུ་ག་བཞི་རྣམས་ཤེས་བྱ་སྟེ། །བྱ་རོག་འདྲ་བའི་སྲོག་གདོང་ཅན། །དེ་ལ་རྟག་ཏུ་མངོན་སྤྱོད་ནི། །སྲོག་ ཆགས་རྣམས་ནི་སྐད་ཅིག་གསོད། །ཀླུ་རྣམས་དགུག་པར་བྱ་བ་དང་། །ཆར་དབབ་པ་དང་རེངས་པའོ། །ཆོས་ཀྱི་དབྱིངས་དང་བྱང་ཆུབ་ཆེ། །རྣལ་འབྱོར་མ་ཀུན་རང་བཞིན་མ། །ཆོས་དང་ལོངས་སྤྱོད་སྤྲུལ་ པ་ལ། །བདེ་བ་འདོད་པས་འགྲོ་བ་མོ། །སྔགས་བདེན་ལས་ཀྱི་བདག་ཉིད་ཅན། །བྱ་རོག་གཙོ་མོ་དེ་ལ་བརྟེན། །རྡོ་རྗེ་ཕག་མོ་དེ་ལ་ནི། །བྱ་རོག་མ་ནི་གནས་སུ་སོན། །སུམ་བཅུ་རྩ་བདུན་རྣལ་འབྱོར་མ། ། སྔགས་འདི་ལས་ནི་བྱུང་བ་ཡིན། །ཨོཾ་བ་ནི་ཛྲ་མོ་ཀཱ་བྷ་ཀཱ་ག་སྱཱ་བ་ཡ་ཏེ་བྷ་ཀེ་བཱི་ཧཱུྃ་རེ་ཧཱུྃ་ཤཱ་ཕ་ཡཾ་ཊ་ཧཱུྃ་ཕ་ཧཱུྃ་ཊ་ཕ་སྭཱ་ཊ་ཧཱ་ཕ་ཨོཾ་ཊ་སྭཱ་ཧཱུྃ་ཧ་ཧཱུྃ། འདི་ནི་རིང་ཐུང་དབྱེ་བ་ལས། །ཤེས་རབ་ཐབས་ཀྱི་རང་ བཞིན་ཅན། །ཐུང་ངུ་ཐབས་ཀྱི་རང་བཞིན་དང་། །རིང་བོ་ཤེས་རབ་མངོན་པར་བརྗོད། །ཁ་དོག་ནག་མོ་དྲག་ཆེན་མོ། །ལྷག་མ་མཁའ་འགྲོ་མ་དང་མཚུངས། །གང་ཕྱིར་བྱང་ཆུབ་སེམས་ཞུ་བ། །དེ་ཚེ་ བྱ་རོག་ལས་རྒྱལ་མ། །ནམ་མཁར་བྱ་རོག་བཞིན་འཁོར་བ། །བྱ་རོག་གདོང་མའི་རླུང་གིས་སོ། །གང་ཕྱིར་འཕུར་ཞིང་སྟེང་འཕུར་བ། །དེ་ཕྱིར་འོག་དང་སྟེང་དུ་ལྟ། །བྱ་རོག་བཞིན་དུ་རིང་འཕུར་ནས། ། བྱ་རོག་གླིང་དུ་སླར་འོང་བའོ། །དེར་སོན་པ་ནི་བདེ་ཆེན་པོ། །ལུས་ཀྱིས་ཉམས་སུ་མྱོང་བའོ། །བསོད་ནམས་ལས་ཀྱིས་སྐྱེ་བར་འགྱུར། །རྣལ་འབྱོར་གོང་ནས་གང་དུའོ། །བསོད་ནམས་མུན་ལྡན་དེ་ བཞིན་འདིར། །དམྱལ་བ་བྱ་རོག་དུམ་བུ་ཅན། །ཕ་རོལ་ཕྱིན་ཚུལ་རྣམས་ཀྱི་ཡང་། །སྦྱིན་པའི་ཕ་རོལ་ཕྱིན་པར་འདོད། །མ་བྱིན་ལེན་པས་དམྱལ་བ་པ། །བྱ་རོག་བཞིན་དུ་རྟག་ཏུ་བཀྲེས། །དེའི་དེ་ལྟར་ལས་ 86-1-26b དུས་སུ། །མི་གང་ངང་གིས་འཆི་བར་འགྱུར། །རྣལ་འབྱོར་མ་ནི་དེ་བསྒོམས་ནས། །བདེ་ཆེན་ཉམས་སུ་མྱོང་བར་འགྱུར། །རྣལ་འབྱོར་མ་ཡི་སྤྱད་ཀུན་ཀྱང་། །རང་གིས་རང་ནི་ཐོབ་པར་འགྱུར། །ལས་མ་བྱས་ ན་གང་གི་ནི། །ལས་ཅན་མེད་ཅིང་ལས་བྱེད་མེད། །རང་སེམས་འཕོ་བ་ལས་ཡིན་ཏེ། །ལས་དེ་ལས་བྱེད་པ་ཡང་དེ། །ལུས་ཀྱི་དབྱིབས་དང་གཟུགས་བདག་ཉིད། །སེམས་མེད་པ་ནི་སེམས་དཔའ་མཆོག ། ལག་པ་རྐང་པ་ཐམས་ཅད་ཀྱིས། །གང་བྱས་ལས་བྱེད་པ་རང་ངོ་། །དེ་ཀུན་གྱི་ནར་ཁྱེར་བ་ནི། །ཡང་དག་ལས་མཐའི་མཚན་ཉིད་དོ། །ལས་ཀྱང་དགེ་བ་རྒྱུ་དོན་གཉེར། །མི་དགེ་རང་གིས་སྤང་བར་བྱ། །རྣལ་འབྱོར་ མ་རྣམས་ཀྱི་མཆོད་པའམ། །དེ་བཞིན་བཟའ་བ་འདུ་བ་ནི། །གྲོང་དང་གྲོང་ཁྱེར་གནས་པ་དང་། །རི་ལ་སོགས་པའི་རྩེ་ཆེན་དུ། །དམ་ཚིག་དོན་དུ་མཆོད་པར་བྱ། །རྣལ་འབྱོར་དངོས་གྲུབ་འབྲས་རབ་སྟེར། ། མཁའ་འགྲོ་མ་ཡི་གཟུགས་བརྙན་ཀྱང་། །ཁྱབ་གནས་རླུང་གི་མིང་ཅན་ཏེ། །སྲོག་དང་ཐུར་སེལ་མཉམ་གནས་དང་། །ཁྱབ་བྱེད་ཇི་ལྟའི་རིམ་གཉིས་ཀྱིས། །མཁའ་འགྲོ་དེ་བཞིན་ལཱ་མ་དང་། །དུམ་སྐྱེས་མ་དང་ གཟུགས་ཅན་མ། །འུག་གདོང་ཁྱི་དང་ཕག་གདོང་མ། །རིམ་པས་ཀླུ་དང་རུས་སྦལ་རྩངས། །ལྷ་སྦྱིན་དང་ནི་ནོར་ལས་རྒྱལ། །རྟག་ཏུ་བརྟན་མ་ཕོ་ཉ་གཉིས། །དགའ་དང་སྐྱོ་བ་ཞེས་བྱ་བ། །མཆེ་མ་དང་ནི་འཇོམས་ མ་མཆོག །མདོར་བསྟན་པ་ཡི་ཚིག་འདི་ཡང་། །རྒྱས་བཤད་ཀུན་ནས་བརྗོད་པར་བྱ། །ཕག་མོས་མཆོད་པ་བྱས་ནས་ནི། །རྡོ་རྗེ་སེམས་དཔའ་ལ་ཞུས་པ། །ཇི་སྲིད་སྲོག་སོགས་རླུང་རྣམས་ཀྱི། །སོ་སོ་རེ་རེའི་ མིང་འདུ་ཤེས། །བདག་གི་སྟོན་པ་ངོ་མཚར་ཆེ། །དུས་ཀུན་དུ་ནི་སྐྱེ་བར་འགྱུར། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དང་པོར་གཙོ་བོ་ཅན་འཛིན་པ། །སྟོང་པའི་ངོ་བོས་གྲོལ་བར་འགྱུར། །རྡོ་རྗེ་ལྟ་བུའི་རླུང་ 86-1-27a དགོད་བྱ། །རྟེན་ནི་སྣོད་ཀྱི་འཇིག་རྟེན་ལའོ། །གང་ཕྱིར་འཇིག་པ་ཐིམ་འགྱུར་བ། །དེ་ཡི་དབྱིབས་ཚུལ་ཀྱང་མེད་པ། །དེ་ཕྱིར་ཐུར་སེལ་ཞེས་བྱ་ཡང་། །འགྲོ་བ་དང་ནི་འོང་བར་བསྟན། །མཉམ་གནས་ རིགས་སུ་སོན་ནས་ནི། །སྔོན་དུ་གང་དང་གང་རྣམས་ཀྱིས། །ངག་དུ་བརྗོད་པ་སྨྲ་བར་འགྱུར། །སྔོན་དུ་བག་ཆགས་མ་ལུས་པའོ། །ཁྱབ་བྱེད་འགྲོ་བ་ཐམས་ཅད་ལ། །རྒྱས་འདེབས་པས་ན་ལས་ཀྱི་རླུང་། །ཀླུ་ནི་ཁྲོ་བོའི་ ངོ་བོ་ཉིད། །ཁྱབ་བྱེད་དེ་བཞིན་ཚིག་གཉིས་ཏེ། །རུས་སྦལ་སེར་སྣའི་ངོ་བོ་ནི། །སྨྲ་བ་ཡི་ནི་མཚན་ཉིད་དོ། །རྩངས་པ་འདོད་ཆགས་མཉམ་གནས་སོ། །ཐུར་སེལ་ཕྲག་དོག་ལྷ་སྦྱིན་ནོ། །ནོར་རྒྱལ་གཏི་མུག་བདག་ཉིད་དེ། ། སྲོག་གི་རླུང་ནི་གྲངས་གཉིས་ལས། །དགའ་བའི་ཡེ་ཤེས་ཅན་ཤེས་བྱ། །སྐྱོ་བ་དེ་ཡི་བཏགས་པའོ། །དེ་ཕྱིར་མཁས་པས་སོ་སོར་ཤེས་པ་ཡིས། །གང་ཕྱིར་སྲོག་གི་རླུང་ནི་ཐམས་ཅད་བདག་ཉིད་སྐྱེ། །ཇི་ལྟར་ས་ནི་བཅུ་ གཉིས་ལས། །ཐོག་མ་དེ་ཉིད་བཅུ་གཉིས་པའོ། །བཅུ་པོ་རྣམས་ཀྱིས་དེ་ཤེས་བྱ། །གང་ཕྱིར་ས་བཅུའི་དབང་ཕྱུག་གོ། །ས་གཅིག་རང་བཞིན་རྣམས་ཀྱིས་ནི། །རྡོ་རྗེ་འཛིན་མ་ཆེན་མོར་འདོད། །སྦྱིན་སོགས་ཕ་རོལ་ཕྱིན་པ་གང་། ། ལྷན་སྐྱེས་ཡང་དག་བྱང་ཆུབ་ཉིད། །ཐམས་ཅད་ཀྱི་ནི་ནང་སོན་པས། །རྡོ་རྗེ་དབྱིངས་དབང་ཕྱུག་མ་མཆོག །བཤད་དང་མ་བཤད་གང་ཅིའང་རུང་། །དེ་ཀུན་བྱང་ཆུབ་ཚུལ་ཅན་ནོ། །སླར་ཡང་བྱ་རོག་དབྱིབས་ལྷ་མོ། །དེ་ནི་བྱེད་པའི་གཟུགས་ ཅན་མའོ། །བྱེད་པ་ཕྱོགས་ཀྱི་གནས་ལ་སྟེ། །རྩ་གནས་ཀུན་གྱི་བུ་གའོ། །ཐིམ་དང་དེ་ལས་ལངས་བསམ་གཏན། །ཁྭ་གདོང་མིང་དུ་འདུ་ཤེས་སོ། །དེ་ལྟར་རྣལ་འབྱོར་གཏེར་ཐམས་ཅད། །བླ་མའི་ཞལ་ལས་གསལ་ཐོབ་འགྱུར། །བླ་མ་གང་ ད་མི་བརྙས་ཤིང་། །སྟོན་བྱེད་དེ་ཉིད་འདོད་པར་བྱ། །འཕགས་པའི་གོ་འཕང་མ་ཐོབ་ན། །མནར་མེད་ལ་སོགས་རྣམས་སུ་འཚེད། །ཀུན་ནས་བླ་མ་གུས་པ་ལས། །བྱང་ཆུབ་རབ་ཏུ་ཐོབ་པར་འགྱུར། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་ 86-1-27b སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །ཞེས་བྱ་བ་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ཁྭ་གདོང་མ་ལ་སོགས་པའི་ སྲོག་བསྐྱེད་པའི་མཚན་ཉིད་ཀྱི་ཆོ་ག་སྟེ་ལེའུ་བདུན་པའོ།། །། དེ་ནས་གཞན་གྱི་མཚན་ཉིད་མཆོག །འུག་གདོང་ལ་སོགས་གང་གསལ་བ། །བྱེད་པ་ཡང་དག་བྱ་བ་དང་། །ཐམས་ཅད་མཚམས་ནི་བཤད་པར་བྱ། །འཁྲིག་པ་སྡིག་པ་ སྣྲོན་རྣམས་ནི། །ཟླ་བའི་སྦྱོར་བས་རྟག་ཏུ་གནས། །འུག་གདོང་ཡེ་ཤེས་ཐོབ་ནས་ནི། །རྩ་ནི་ལན་གསུམ་འགྲོ་བ་མོ། །ཨུ་དྲག་ཤུལ་གཟི་བརྗིད་གཙིགས་པ་མོ། །ཡེ་ཤེས་ལམ་དབང་བཟའ་བ་ལས། ། ལཱུ་འདོད་ལ་དགའ་ བ་སྒྱུ་འཕྲུལ་ཆེ། །ལྷ་མིན་ལ་སོགས་སྐྱེ་རྣམས་ལ། །རྐང་པའི་མཐེབ་མཐར་བཅུ་གཉིས་སུ། །ཀ་མདའ་ཡེ་ཤུགས་ཀྱིས་འགྲོ་བར་འགྱུར། །འུག་གདོང་མའི་མིང་ལས་ཡང་། །ཨུ་ནི་ཨོ་ཌིན་བུ་གར་འདོད། །ལ་པུལླཱི་ར་མ་ ལ་ཡར་གྲགས། །ཨུ་ནི་མུམ་མུ་ནི་ཞིང་ངོ་། །ཀཱ་ནི་ཀཱ་མ་རཱུ་པ་སྟེ། །དེ་བཞིན་སྱཱ་འདིར་ཞིང་ཀུན་འདོད། །ཞིང་ཀུན་དབུས་སུ་གྱུར་པ་ནི། །གྲུ་གསུམ་རྣམ་པའི་བདེ་བའི་མཐའ། །གང་ཕྱིར་གནས་ལྔའི་བདག་ཉིད་ཀྱི། །མི་ཟད་ཧེ་རུ་ ཀའི་གོ་འཕང་། །ཡང་ན་བདག་གི་གདན་སོགས་སུ། །དཔལ་ཧེ་རུ་ཀ་རྡོ་རྗེ་རང་། །སྐྱེ་གནས་གནས་ལྔའི་བདག་ཉིད་དེ། །སྙིང་ལྟེ་རྐན་དང་མགོ་བོ་དང་། །གསང་བ་རུ་ཡང་རྩ་ཀུན་གྱི། །སྐྱེ་གནས་བུ་ག་ལྔའི་བདག་ཉིད། །སྒོང་སྐྱེས་ དང་ནི་དྲོད་གཤེར་སྐྱེས། །མངལ་སྐྱེས་བརྫུས་ཏེ་སྐྱེས་པ་རྣམས། །སེམས་ཅན་སངས་རྒྱས་ཡོན་ཏན་བདག །རིགས་ལྔ་རབ་ཏུ་སྟོན་པའོ། །ཉེ་བའི་གླིང་དུ་གནས་མ་ཡང་། །གཙོ་མོའི་གཟུགས་ཅན་ཡང་དག་གནས། །སྔགས་ ཀྱི་ཕྲེང་བ་ལས་སྐྱེས་རྣམས། །སུམ་བཅུ་རྩ་བདུན་བདག་ཉིད་སྐྱེས། །ཨོཾ་བ་མ་ཛྲ་ཧཱ་ཨུ་ཀ་ལཱུ་ལྤ་ཀཱ་ཨ་སྱཱ་གྣི་ཡ་སྃ་ཀེ་ནི་ཧཱུྃ་བྷཱ་ཧཱུྃ་ཡ་ཕཊ་ཧཱུྃ་ཊ་ཧཱུྃ་ཕ་ཧ་ཊ་སྭཱ་ཕ་ཧ་ཊ་ཨོཾ་སྭཱ་ཧཱུྃ་ཧཱ། དེ་ལྟར་སྔགས་དེ་ཁོ་ནའི་བདག །ཤེས་རབ་ཐབས་ 86-1-28a ཀྱི་རང་བཞིན་ཅན། །ཁ་དོག་ལྗང་སེར་དྲག་ཆེན་མོ། །ལྷག་མ་ལཱ་མ་དང་ནི་མཚུངས། །དཀྱིལ་འཁོར་དབུས་སུ་བསྒོམ་བྱས་ནས། །དུར་ཁྲོད་གནས་དང་གཉིས་མེད་པ། །ཀུན་སྤྱོད་རྩ་རྣམས་ཐམས་ཅད་ཀྱི། །རྒྱས་པའི་དགའ་ བའི་སྤྱོད་ཡུལ་ལོ། །འདི་ནི་འཚོ་བའི་ཏིང་འཛིན་དང་། །འོད་གསལ་རྣམ་པའི་ཆོས་ཉིད་དོ། །བསྐྲད་པའི་ལས་དང་རྣལ་འབྱོར་མ། །འཇིག་རྟེན་གྱི་ནི་འདྲེན་པ་མོ། །རང་བསྟན་ཆོས་ལས་གསུངས་པ་ཡི། །སྣ་ཚོགས་ལས་ཀྱང་བྱ་བའོ། ། ཀུན་གྱི་རྣལ་འབྱོར་ཡོངས་རྫོགས་ནས། །རྒྱུད་འདི་ཡི་ནི་སྤྱོད་ཡུལ་ལོ། །འོན་ཀྱང་རྣལ་འབྱོར་དེ་ཀུན་ཀྱང་། །མདོར་བསྡུས་ཚུལ་ནི་ཚིག་འདི་ཡིན། །སོ་སོར་བསྡུད་དང་དེ་བཞིན་དུ། །བསམ་གཏན་སྲོག་རྩོལ་འཛིན་པ་དང་། །རྗེས་ སུ་དྲན་དང་ཏིང་འཛིན་ཏེ། །སྦྱོར་བའི་མཚན་ཉིད་རྣམ་དྲུག་གོ། །སོ་སོར་སྡུད་པ་ཁྭ་གདོང་མ། །འུག་གདོང་མ་ནི་བསམ་གཏན་འདོད། །སྲོག་རྩོལ་དུ་ནི་གནས་པ་ཁྱི། །འཛིན་པ་ལ་ནི་ཕག་མོའོ། །རྗེས་དྲན་གནས་པ་ཕོ་ཉ་མོ། །ཏིང་ ངེ་འཛིན་ནི་བརྟན་མར་འདོད། །མཆེ་བ་མ་ནི་རྒྱས་བསྟན་ཐོབ། །འཇོམས་མ་འབྲས་བུ་ཀུན་བདག་སྐྱེས། །འཁོར་བ་ལས་ནི་གྲོལ་གྱུར་པ། །རང་གི་སྐུ་ནི་སྒྱུ་མ་མཉམ། །བདག་བྱིན་བརླབས་འདི་ཕྲ་མོ་དང་། །རྡོ་རྗེ་བཟླས་རང་ མཚན་ཉིད་དོ། །རྫོགས་པའི་བྱང་ཆུབ་སེམས་ཀྱི་གཏེར། །དེ་ལས་ལྷག་མ་ཟུང་འཇུག་གོ། །མྱ་ངན་འདས་ཞེས་བྱ་བའང་འདི། །ལམ་ཐམས་ཅད་ཀྱིས་མྱ་ངན་འདས། །ཐེག་ཆེན་ཀུན་ལ་རབ་འཇུག་པ། །སྔགས་ཀྱི་ཐེག་པ་རུ་ནི་ བྱེད། །བྱ་བ་བསྟན་བཅོས་དགེ་སྣ་ཚོགས། །སྙིང་རྗེ་མཉེས་གཤིན་པ་ཡིས་བྱེད། །གང་འདྲའི་དངོས་དང་དངོས་པོ་ལ། །ཡེ་ཤེས་རྣམ་པའི་རང་བྱུང་གིས། །དེ་འདྲ་བ་ཡི་སེམས་རྒྱུན་ལས། །བདག་ཉིད་རྣལ་འབྱོར་རྣམས་ཀྱིས་མཐོང་། ། ལུས་ཀྱི་མཚན་ཉིད་ཡང་དག་པ། །རྩ་ཡི་གུར་ནི་བཤད་པར་བྱ། །སྤྱི་གཙུག་ནས་ནི་ནོར་བུའི་མཐར། །མཚམས་དང་མགྲིན་པ་རྣམ་གཉིས་འདོད། །རྐང་པའི་མཐེ་བོ་མཚམས་མཐའ་དང་། །སྨིན་དབུས་དེ་བཞིན་སྒྲོ་བ་སྟེ། །མཚན་མའི་རྩ་བ་ 86-1-28b དཔྲལ་བ་དག །མིག་དང་རྐང་པའི་སོར་མོ་གཉིས། །མིང་མེད་པས་ནི་པུས་མོར་ཤེས། །བྱིན་པ་རྣ་བ་གཉིས་དག་དང་། །རྐང་པའི་མཐིལ་དང་སྙིང་ག་དག །ལྟེ་བ་དང་ནི་རྒྱབ་གཞུང་དང་། །བཤང་ལམ་དང་ནི་རྐན་ཤེས་བྱ། ། རྐང་པའི་ཚིགས་དང་མཆུ་དག་དང་། །མཁུར་བ་མཁུར་ཚོས་དག་དང་ནི། །འདོམས་དང་མཆན་ཁུང་གཉིས་དང་ནི། །ལག་པའི་ཚིགས་དང་རྐང་པ་དག །དཔུང་པའི་ཚིགས་དང་ནུ་མ་གཉིས། །འཇིང་བ་ཐལ་གོང་འདིར་མཚམས་སོ། ། མཇུག་མ་ནོར་བུ་གཉིས་དག་དང་། །རྐེད་པའི་ཚིགས་དང་མགྲིན་པ་དང་། །དབྲལ་བ་དང་ནི་ཚིགས་གཉིས་དག །རྣ་བུག་དག་དང་རྩ་བ་དང་། །བྲང་དག་གཉིས་ཀྱི་མཚམས་སུ་འདོད། །སྟན་དག་དང་ནི་སྨིན་ཁུགས་དང་། །ལྕེ་དང་མི་ཡི་ སྣ་གང་དག །དེ་བཞིན་དུ་ནི་རྐན་དང་ལྕེ། །བོལླ་ཀཀྐོ་ལ་གཉིས་དག །དེ་ལ་སོགས་པ་དུ་མ་ནི། །རྩ་དང་ཚིགས་ཀྱི་གནད་དུ་འགྱུར། །རང་རང་སྤྱོད་པ་བཙིར་བྱ་སྟེ། །བྱང་སེམས་བདག་ཉིད་ཆེ་རྣམས་ཀྱི། །བཙན་ཐབས་སྦྱོར་བའི་ཆོ་ག་རུ། ། ཤེས་བྱ་བླ་མའི་གསུང་གིས་སོ། །ཟླ་བ་ཟླ་བའི་ཚེས་གང་དུ། །ཚེས་གྲངས་དེ་ལ་རྩ་བའི་རྩ། །དཀར་པོའི་ཚེས་གཅིག་ལ་སོགས་ནས། །ཇི་སྲིད་ནག་པོའི་མཐར་ཐུག་པར། །ཤེས་བྱ་བྱང་ཆུབ་འབབ་པའི་རྩ། །འུག་མོ་སྤྱོད་མོ། ། སྒོ་ལ་སྤྱོད་པ་མོ། །གང་དང་འདྲ་བའི་གདོང་དེ་ཡི། །དེ་འདྲའི་སོར་མོའི་ཕྱག་རྒྱ་ནི། །དབུགས་ནི་དེ་དང་འདྲ་བར་བྱ། །ཕྱི་དང་ནང་གི་བདག་ཉིད་འདོད། །ཡང་ན་རྩ་རྣམས་ཐམས་ཅད་ནི། །བཙིར་བྱ་བཅུ་གཉིས་ཀྱིས་ལྷག་པའི། །བརྒྱ་ཡི་ ཚིགས་རྣམས་ཐམས་ཅད་ནི། །ཇི་ལྟར་གདོང་གིས་རིམ་པས་སོ། །དེ་དང་དེར་ནི་ཨཱ་ལི་འབར། །དྲག་པོའི་སྒྱུ་མ་དུས་ཀུན་དུ། །དེ་ཕྱིར་ཨ་ཞེས་བྱའི་སྒོ། །ཚིག་ཏུ་རྟོག་པས་བརྟགས་པའོ། །དེ་བཞིན་གཤེགས་པའི་དབུགས་དབྱུང་ བར། །རྡོ་རྗེ་འཆང་ལྟར་བརྟག་པའོ། །གང་དང་གང་གིས་འཆིང་འགྱུར་བ། །རྩ་ནི་གཏི་མུག་ཆེན་པོར་འགྱུར། །དེའི་དེ་ཡི་རང་བཞིན་གྱུར། །སྣ་ཚོགས་གཟུགས་ཀྱི་རིན་ཆེན་བཞིན། །རྨོངས་དང་མཁས་རྣམས་ཀྱི་ངག་ལ། །མངའ་བདག་ཐར་ 86-1-29a པ་ཆེན་པོ་བཞུགས། །བྱེད་པ་འབྱུང་པོ་ཐམས་ཅད་ཀྱི། །དབང་ཕྱུག་སྐྱེ་བོ་སྣ་ཚོགས་རྣམས། །དེ་ཕྱིར་རྟག་ཏུ་ལས་ཉམས་པ། །སྔོན་བྱས་སྡིག་པའི་ལས་ཀྱིས་ཏེ། །ཉམས་འགྱུར་བསྟན་པ་འདི་ལ་ནི། །བགྲོད་བྱ་ སངས་རྒྱས་ཉིད་འཐོབ་འགྱུར། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །ཞེས་བྱ་བ་ནི་དཔལ་མཁའ་འགྲོ་ རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་འུག་གདོང་མའི་ངེས་པའི་ཚུལ་དང་ཡང་དག་པའི་ཆོ་ག་ལས་བསྐྱེད་པ་དང་སྲོག་ལ་སོགས་པའི་མཚན་ཉིད་སྟེ་ལེའུ་བརྒྱད་པའོ།། །། དེ་ནས་གཞན་ནི་དོན་ཆེ་བ། །ཁྱི་གདོང་ རྒྱུ་ཡི་དབྱེ་བཤད་བྱ། །གང་ཞིག་རྣམ་པར་ཤེས་ཙམ་གྱིས། །རྣལ་འབྱོར་རྣམས་ཀྱིས་མཆོག་འགྲུབ་འགྱུར། །སྭཱ་ཁྱི་ནི་རྣལ་འབྱོར་མ་དབུགས་འབྱིན། །རང་གིས་འཇུག་དང་འབྱུང་བར་འགྱུར། །དུས་ཀུན་ཏུ་ནི་གཉིད་ལོག་དང་། །སད་པ་ བདེ་བ་ཡོན་ཏན་ཆེ། །སྣ་ཚོགས་གནས་སུ་སོང་ནས་ནི། །བདག་ཉིད་ཀྱིས་ནི་བདེ་རེག་འགྱུར། །བརྒྱ་ལ་ཉི་ཤུས་ལྷག་པ་ནི། །ངེས་ཚིག་བསྟན་བྱའི་མཚན་ཉིད་དོ། །དེ་ལྟར་ཁྱིའི་མིང་དུ་ནི། །བདེ་བ་སྦྱིན་པ་པོར་ཤེས་བྱ། །པད་མའི་ སྐྱེ་གནས་དེ་རྣམས་སུ། །ཨཱསྱེ་པད་མའི་ཁ་ནི་རབ་རྒྱས་པ། །གཏོང་དང་ལོངས་སྤྱོད་གར་ཆེན་པོ། །གླུ་དང་རོལ་མོ་གཉིད་ལོག་དང་། །རེག་དང་གོས་དང་རྒྱན་དག་དང་། །མེ་ཏོག་ལ་སོགས་བསུང་ཅན་འདོད། །མཐུན་པར་ལྟེ་བའི་མ་ལ་སོགས། །མཛེས་མ་རྣམས་ ཀྱི་ངག་ཅན་ཏེ། །སངས་རྒྱས་མཆོད་སོགས་ཐམས་ཅད་དུ། །སུ་རའི་བཏུང་ལ་འཐུང་འགྱུར་དང་། །སྐྱེད་མོས་ཚལ་དང་རྫིང་བུའི་འགྲམ། །བསྟི་གནས་འགྲོ་བ་ལ་སོགས་ཀྱིས། །ཚིམ་དང་སྟོན་མོ་འདོད་པ་ལྟར། །བླ་མའི་གསུང་ནི་བདེ་ཆེན་ པོ། །མི་དང་མི་མོའི་སྒེག་པ་དང་། །དགོད་དང་སྒེག་པའི་བྱ་བ་གང་། །མཁས་པ་རྣམས་ཀྱི་ཡིད་དམ་པ། །སྐྱེ་བོ་དབང་ཕྱུག་ཉིད་དུའོ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །མཆོད་དང་ཕྱག་བྱེད་ལ་སོགས་པས། །བླ་མ་གུས་ལས་བདེ་བ་སྟེ། ། 86-1-29b ཡོན་འབུལ་བ་དང་བུད་མེད་དོ། །སྤྱོད་ལམ་ལ་སོགས་ཆོས་རྣམས་ལ། །ལས་ཐམས་ཅད་ལ་མི་འཇུག་གོ། །རྒོལ་བ་རྣམས་ནི་གཞོམ་པ་དང་། །སངས་རྒྱས་ཆོས་རྣམས་གཞག་པ་དང་། །རྣལ་འབྱོར་མ་དང་བཟའ་བཏུང་དང་། ། སྒོམ་དང་དགའ་བ་བསྐྱེད་པ་དང་། །དབང་པོ་གཉིས་ཀྱི་བདག་ཉིད་སྐྱེས། །སྦྱིན་སོགས་ཕ་རོལ་ཕྱིན་རྣམས་ཀྱི། །ལས་ཀྱིས་སྐྱིད་པ་བཅལ་བྱ་དང་། །བྱམས་དང་སྙིང་རྗེ་དགའ་བ་དང་། །ཀུན་གྱི་ཐ་མར་བཏང་སྙོམས་དང་། །ཡེ་ཤེས་ ཤེས་རྣམ་ཤེས་སྨྲ་བ་དང་། །དབུ་མའི་ཚུལ་ནི་གཞག་པ་ལས། །ཀུན་ལ་དབུགས་དབྱུང་སྦྱིན་པ་དང་། །སྐུར་པ་འདེབས་པ་དགག་པ་དང་། །དགེ་བ་བཅུའི་ལས་དང་ནི། །ཀློག་དང་ཁ་ཏོན་བྱེད་མཆོག་ལས། །བྱང་ཆུབ་ལམ་ལ་གནས་ པ་ཡི། །དཔའ་བོ་གཉིས་མེད་ལྟ་བའི་ཕྱིར། །ལུས་ལ་ལྟོས་པ་མེད་པ་ཡིས། །གྲོང་དང་གྲོང་དུ་གནས་རྣམས་ཀྱི། །དེ་ལྟར་གནས་སྐབས་གཅིག་པའོ། །གཉིས་པ་སླར་ཡང་བཤད་པར་བྱ། །སངས་རྒྱས་རྣམས་ཀྱི་རྒྱུད་ ལ་དགའ། །དོན་དམ་རྣམས་ལ་གསལ་བ་ཡིས། །རྣལ་འབྱོར་མ་རྣམས་ཀྱི་གནས་སུ། །དངོས་གྲུབ་གཏམ་རྣམས་བརྗོད་པ་དང་། །ཆོས་ནི་དོན་ཆེན་འདུ་ཤེས་ལ། །དུས་སུ་འདུ་ཤེས་སྒོམ་པ་པོ། །འགྲོ་གྲུབ་ སྤོང་བའི་འདུ་ཤེས་ནི། །དེ་ཉིད་རྟོགས་པའི་མིང་ཅན་ནོ། །དངོས་རྣམས་སྒྱུ་མའི་འདུ་ཤེས་དང་། །ཞི་སོགས་ལས་ཀྱིས་བདེ་བ་དང་། །ཕ་དང་བུ་ལས་གཅིག་མིན་དང་། །གནས་སོགས་འགྲོ་བར་སྤྲོ་བ་ཅན། །ཉོན་ མོངས་ཕུང་པོ་ཡོངས་གཏོང་དང་། །ཡེ་ཤེས་ཕུང་པོ་བསྐྱེད་པ་དང་། །སླར་ཡང་འཁོར་བར་མི་འོང་དང་། །འཁོར་ལོ་སྡོམ་པའི་རྣལ་འབྱོར་ལྡན། །རྟོག་པ་པོ་ཡི་ཚིག་བཟུང་ནས། །རྟོགས་ལྡན་མིན་པའི་ཚིག་སྤང་བྱ། ། དབང་པོ་རྣམས་ཀྱི་མི་མཐུན་མིན། །རང་བཞིན་གྱིས་ནི་མཛེས་པ་ཡི། །ལྷན་ཅིག་སྐྱེས་དང་ལོངས་སྤྱོད་རྫོགས། །སྤྲུལ་པ་དང་ནི་ཆོས་སྐུ་ཡང་། །འདུ་ཤེས་སད་པ་ལ་སོགས་སུ། །གང་ཕྱིར་སྲིད་མཚོར་ཀུན་སྤང་བྱ། ། 86-1-30a ལྷག་མ་དགའ་བ་བཞི་པོ་ནི། །སྨོན་ལམ་རྫོགས་ལྡན་ལ་སོགས་ལ། །རྫོགས་ལྡན་དུས་སུ་རང་བཞིན་སྐྱེ། །དགའ་བ་སངས་རྒྱས་རྫོགས་ལྡན་གང་། །སེམས་ཅན་གསུམ་ལྡན་ལ་ཕྲ་སྐྱེས། །རིག་པ་དེ་ལ་སྦོམ་པོ་སྐྱེས། །གཉིས་ ལྡན་ལ་ནི་བདེ་བ་མེད། །རྩོད་དུས་ཆ་ཡི་རགས་པའོ། །ཐམས་ཅད་སངས་རྒྱས་ཡོན་ཏན་ཐོབ། །སྨོན་ལམ་གྱིས་ནི་རང་གི་འབྲས། །དེ་ལྟར་བདེ་སྐབས་རྣམས་ཀྱིས་ནི། །སུམ་བཅུ་རྩ་གཉིས་རྨད་བྱུང་ཆེ། །གནས་སྐབས་གསུམ་པའི་ བདེ་བ་ལ། །དགའ་བ་བཅུ་དྲུག་རྟག་བརྟགས་པས། །ཁམས་བཅུ་དྲུག་ཏུ་ཤེས་པར་བྱ། །རང་བཞིན་སྐྱེས་པར་གྱུར་པ་གསལ། །སྨན་དང་འདྲ་བར་ཤེས་པར་བྱ། །བདུད་རྩི་ཟོས་པས་ཕ་རོལ་འགྲོ། །པད་ཅན་དུང་དང་སྣ་ཚོགས་ཅན། ། གླང་པོ་མ་དང་བུང་བའི་མིང་། །འཁོར་ལོ་རྡོ་རྗེ་སྐྱ་སྣར་མ། །ངུ་བ་མོ་དང་བུ་སྐྱེ་ཚེ། །ཉང་རྩི་སྤྲས་དང་ངོ་ཚ་དང་། །གློག་དང་ཙན་དན་ཉི་མ་སྐྱེས། །དམར་པོ་དེ་བཞིན་སྦྲུལ་གྱི་མིག །སྨན་མཆོག་ཏུ་ནི་ཤེས་པར་བྱ། །བདེ་བས་དགའ་ བའི་དུས་སུ་ནི། །ཁབ་སོགས་བྱེད་པའི་སྐད་ཅིག་ལས། །བྱ་བ་དེ་དག་ཞར་ལ་དྲན། །སྒོམ་པའི་སྐད་ཅིག་མཐར་འགྲོ་བའོ། །གནས་སྐབས་བཞི་ལ་བཤད་པ་ནི། །ཡིད་ཅན་རྣམས་ཀྱི་གྲངས་བརྒྱད་དེ། །འགྲོ་དང་འཕོ་འགྱུར་དེ་བཞིན་དུ། ། སྐྱུག་འགྱུར་གཉིད་ཡུར་འགྱུར་དེ་བཞིན། །ལྟུང་འགྱུར་འཛག་འགྱུར་དང་ནི་འདིར། །གཡོ་འགྱུར་འགྱེལ་བར་འགྱུར་བ་ཉིད། །རྣལ་འབྱོར་མ་བརྒྱད་དཀར་མོ་སོགས། །བདེ་བའི་རྒྱུ་ཡིས་གནས་སྐབས་སོ། །དེ་ལྟར་གནས་སྐབས་རྣམ་ བཞི་ལ། །ཁྱི་གདོང་མིང་གིས་འདུ་ཤེས་གྱུར། །ཡང་དག་དྲན་པའི་གོ་འཕང་འདིར། །གང་དང་སུ་ཡིར་གནས་པར་འགྱུར། །ཡང་དག་རྩོལ་བ་ལ་གནས་ནས། །ཁྱི་ནི་གཞན་གྱི་གྲོང་དུའོ། །སྔགས་བདེན་སྦྱོར་བའི་བདག་ཉིད་དེ། །དཀྱིལ་ འཁོར་དབུས་སུ་སྒོམ་པའོ། །ཨོཾ་བ་ཛ་ཛྲ་ཊཱ་ཤྭཱ་མ་ན་ཏ་ཨཱ་ཀུ་སྱཱ་ཊ་ཡ་ཨོ་ཀེ་ཏ་ཧཱུྃ་ཀཱ་ཧཱུྃ་ཊཱ་ཕ་ཡ་ཊ་ཧཱུྃ་ཕ་ཧཱུྃ་ཊ་ཕ་སྭཱ་ཊ་ཧཱ་ཕ་ཨོཾ་ཊ་སྭཱ་ཧཱ། སུམ་བཅུ་རྩ་བདུན་བདག་ཉིད་སྔགས། །ཤེས་རབ་ཐབས་ཏེ་དངོས་གྲུབ་སྟེར། །ཁ་དོག་དམར་པོ་ 86-1-30b དྲག་ཆེན་མོ། །ལྷག་མ་དུམ་སྐྱེས་མ་དང་མཚུངས། །ཆུ་སྟོང་ཀར་ཀ་ཊ་ཡུགས་ས། །རང་གི་བདག་པོ་རབ་གནས་མ། །ཉེ་བའི་གླིང་དུ་གནས་མ་སྟེ། །སེམས་ཅན་རང་རང་བཞིན་དུ་སྐྱེས། །དབང་གི་ལས་ལ་ལྷ་མོ་སྟེ། །ལྷ་དང་ལྷ་མིན་ སོགས་སྔགས་རིག །བདུད་རྩི་ལྔ་དང་སྒྲོན་མ་ཆེ། །མཆོད་པ་ལས་རྣམས་ཐམས་ཅད་ལའོ། །སྙིང་གའི་པད་མར་ཡོངས་བཀུག་ནས། །བདུད་རྩི་ཚིག་ཀུན་ལས་སྐྱེས་པ། །རྡོ་རྗེ་སྦུ་གུའི་རབ་སྦྱོར་བས། །སྦར་དང་བསྲོ་བ་ ལ་སོགས་པས། །སྐུ་རྡོ་རྗེ་སོགས་སྔགས་ཀྱིས་ནི། །བྱིན་གྱིས་བརླབ་པར་བྱས་པ་ལའོ། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ཕས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་ པོས་འདི་གསུངས་སོ། །ཞེས་བྱ་བ་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ཁྱི་གདོང་མའི་མཚན་ཉིད་དང་བདེ་བ་ལ་སོགས་པའི་གནས་སྐབས་ཀྱི་ཆོ་ག་སྟེ་ལེའུ་དགུ་པའོ།། །། དེ་ནས་ ཕག་གདོང་མ་ཡི་ནི། །ཉུང་བ་རྒྱ་ཆེར་བཤད་པར་བྱ། །དངོས་པོ་ཀུན་ལ་རབ་འཇུག་དང་། །དངོས་པོ་དེ་ལས་ལྡོག་པའོ། །ཕག་མོ་རེངས་པའི་ལས་རྣམས་ལ། །མི་ཤེས་རི་བོ་འཇོམས་མའོ། །ཁབ་ནི་རྡོ་རྗེའི་གདོང་དེ་ཡང་། །སྐུད་པ་བཞིན་ དུ་ཀུན་འགྲོ་མ། །བྱང་ཆུབ་སེམས་ཀྱི་དགའ་ཆེན་པོ། །ཀེང་རུས་བདུད་རྩི་འབྱིན་པའོ། །དེའི་རང་བཞིན་འདོད་ཆགས་སོགས། །བཞི་པ་ལས་འདས་མི་འགྱུར་མ། །དེ་ནས་ལྷ་མོ་ཆེན་མོ་བརྒྱད། །མངལ་སོགས་བསྐྱེད་པའི་མཚན་ཉིད་དེ། ། ཐོག་མར་བྱ་རོག་བཞིན་ས་བོན། །མ་ཡི་པད་མ་ལ་ལྟུང་བའོ། །ནུབ་གཅིག་གིས་ནི་ཕྱེ་བ་ཡིས། །ཕྱི་ནས་འུག་པར་གནས་དང་འདྲ། །ཟླ་བ་གཅིག་ཏུ་གནས་ནས་ནི། །ཁྱི་ཡི་དབུགས་ནི་འཕེལ་བ་ལས། །ཕག་ཏུའང་ཡན་ལག་བདག་ཉིད་ཅན། ། བརྟན་མས་སྐྱེ་གནས་དྲལ་བ་ལས། །ཕོ་ཉ་བྱིས་པ་དང་འཆི་ཕྱིས། །མཆེ་བ་མོ་ནི་ལས་བཅོམ་པས། །འཇོམས་མ་བྱང་ཆུབ་ཡན་ལག་དགྱེས། །དངོས་གྲུབ་ཀུན་གྱི་འབྲས་འབྱུང་མ། །ཡང་དག་པ་ཡི་རྩོལ་བ་འདི། །གཞན་གྱི་ལྟ་བ་ཉ་ 86-1-31a སོགས་ཀྱིས། །འཇུག་པ་ཐམས་ཅད་བདེན་པ་སྟེ། །འཇུག་མེད་དེ་དངོས་སྤྱོད་ཡུལ་ལོ། །རྐང་གཉིས་རྐང་བཞི་ལ་སོགས་པའི། །རྩོལ་བའི་ཡན་ལག་ལ་འཇོམས་མའོ། །མཐོང་བ་དང་ནི་རེག་པས་ཀྱང་། །འཇུག་མེད་དེ་ ཉིད་རྟག་ཏུའོ། །ཁ་དོག་སེར་མོ་དྲག་ཆེན་མོ། །ལྷག་མ་གཟུགས་ཅན་མ་དང་མཚུངས། །རྡོ་རྗེའི་དཀྱིལ་འཁོར་དབུས་སུ་ནི། །ཤེས་རབ་ཐབས་ཀྱི་རང་བཞིན་ཅན། །སེང་གེ་གྲོ་བཞིན་ཆུ་སྲིན་ལ། །ཉེ་བའི་གླིང་དུ་གནས་པ་མོ། །སྔགས་ ལས་བཞིངས་པའི་ལྷ་མོ་རྣམས། །རང་རང་ཞིང་དང་ཉིང་ཞིང་མའོ། །ཨོཾ་བ་དྃ་ཛྲ་ཥྚཱ་སཱུ་ཀ་ཀ་རཱ་ལོ་སྱཱ་གྲ་ཡཻ་མུ་ཧཱུྃ་ཧཱུྃ་ཁ་བྷི་ཕ་ཥ་ཊ་ཎཱ་ཕ་ཡ་ཊ་ཧཱུྃ་སྭཱ་ཧཱུྃ་ཧཱ་ཕ་ཨོཾ་ཊ་ཕཊ་སྭཱ་ཧཱ། སུམ་བཅུ་རྩ་བདུན་བདག་ཉིད་ཀྱི། །གཙོ་མོ་མཆོག་གི་རྣལ་འབྱོར་མ། །དཀྱིལ་ འཁོར་ཐིག་གདབ་ལ་སོགས་ནི། །བསྒོམས་པའི་སྦྱོར་བའི་མ་ཡི་སྟེ། །ཐིག་ཆེན་གཉིས་ནི་བཏབ་ནས་སུ། །ཤར་དང་སོ་སོར་འདོད་ཐིག་དང་། །ཟུར་གྱི་ཐིག་གཉིས་བཏབ་བྱས་ནས། །ཕུར་བུ་གདབ་པར་བྱ་བ་སྟེ། །ཚངས་པའི་ཐིག་གི་ལོགས་ནས་ ནི། །སུམ་བཅུ་རྩ་གཉིས་པ་གཉིས་གདབ། །སྒོ་ནི་འཁོར་ལོའི་བརྒྱད་ཆ་སྟེ། །ལྟེ་བའི་པད་མ་དེ་དང་མཉམ། །སྙིང་པོའི་འདབ་མའི་ངོས་ནས་ནི། །ཆ་གསུམ་དུ་ཡང་དེ་ཤེས་བྱ། །དེ་ཡི་ཆ་གཅིག་འཁོར་ལོ་གསུམ། །ལྷག་མ་ཚོན་གྱི་ས་ བཞིའོ། །དེ་ཡི་སུམ་ཆ་ཕྲེང་བ་སྟེ། །རྡོ་རྗེ་པད་མ་དང་འཁོར་ལོ། །རྩིབས་རྣམས་འཁོར་ལོ་དབུས་མ་ལས། །དམན་ཏེ་གཉིས་གཅིག་སྡོམ་པས་སྦོམ། །ཀ་བ་རྣམས་ནི་ཀུན་དུ་སྦྱིན། །བརྒྱད་གསུམ་འཁོར་ལོ་གསུམ་དུའོ། །སྒོ་ལས་ སུམ་འགྱུར་རྟ་བབས་ཏེ། །སྒོ་ཁྱུད་སྒོ་ཡི་ཆ་ཅན་ནོ། །སྟེགས་བུ་རྣམས་ནི་དེའི་ཕྱེ་སྟེ། །འགྲམ་དང་ལོགས་ནི་དེ་བཞིན་ནོ། །གཟུངས་ཀྱི་སྣམ་བུ་དང་ནི་འདིར། །རིན་ཆེན་ཕྲེང་ཕྱེད་སྣམ་བུའོ། །མགོ་བོའི་ཕྲེང་བ་དེ་ཡི་ཕྱེད། །མུན་པའི་ སྣམ་བུ་དེ་བཞིན་ནོ། །ཀ་བའི་རྩེ་ལས་འཐོན་རྩེ་མོ། །སྣ་ཚོགས་རྡོ་རྗེ་འོད་ཆེན་པོའོ། །དྲིལ་ཆུང་དྲ་བ་གོས་རྣམས་དང་། །བ་དན་དྲིལ་བུ་སྒྲ་སྒྲོགས་པའོ། །དེའི་ཕྱི་ཆུ་སྐྱེས་ཐམས་ཅད་དུ། །སྙིང་པོ་ལ་སོགས་ཡང་དག་བྲི། །སྣ་ 86-1-31b ཚོགས་རྡོ་རྗེའི་ཕྲེང་དང་འདིར། །ལྷག་མར་འབར་བའི་ཕྲེང་བའོ། །དེ་ཡི་ཕྱི་རོལ་ཁོར་ཡུག་ནི། །ས་གཞིའི་རིམ་པས་བྲི་བར་བྱ། །གྲི་གུག་ཕྲེང་བ་སྦྱིན་བྱ་ཞིང་། །མགོ་དང་ལག་པ་དག་དེ་བཞིན། །སྙིང་པོའི་པད་མའི་ཕྱི་རོལ་དུ། །རིན་ཆེན་ཕྲེང་ བ་ཡང་དག་བྲི། །དུར་ཁྲོད་བརྒྱད་པོ་བྲི་བྱ་སྟེ། །ཀུན་ནས་གཏུམ་དྲག་ལ་སོགས་སོ། །ས་བོན་རྣམ་པར་དགོད་པར་བྱ། །ཐམས་ཅད་གྲི་གུག་ལས་བྱུང་བའོ། །ཡང་ན་སྐུ་སོགས་རྣམས་ཀྱི་ནི། །ཡི་གེ་རྣམས་ཀྱིས་དཀྱིལ་འཁོར་ཀུན། ། དེ་བཞིན་སྐད་ཅིག་རྣམ་པས་ཀྱང་། །ས་བོན་རྣམས་ཀྱིས་དཀྱིལ་འཁོར་དབྱུང་། །མཚམས་ཀྱི་པད་མའི་འདབ་མ་ལ། །བདུད་རྩི་ལྔ་ཡི་ཐོད་པ་ནི། །བུམ་པའི་སྟེང་དུ་སྦྱིན་བྱ་སྟེ། །སུམ་བཅུ་རྩ་བདུན་གཞན་བྱའོ། །གནག་དང་རྩ་བ་ སྤངས་པ་སྟེ། །མཆུ་ནི་འཕྱང་ཞིང་མགྲིན་པ་མཐོ། །མགྲིན་པ་རྣམས་སུ་གོས་ཟུང་སྟེ། །རིན་ཆེན་ལྔ་དང་འབྲུ་དང་སྨན། །དྲི་ཡི་ཆུ་དང་འདབ་མའི་རྩེ། །བདུད་རྩི་ལྔ་རྣམས་ཀྱིས་དགང་བྱ། །གཏོར་མ་ལས་རྣམས་ཀུན་ལ་སྟེ། །ཀུན་ ནས་སྒོམ་པ་ལ་སོགས་པའོ། །རྡོ་རྗེ་ལྷ་མོ་རྣམས་དང་ནི། །ཞིང་སྐྱོང་དང་ནི་ཁྲོ་རྣམས་ལ། །བདུད་རྩི་ལྔ་སོགས་རྫས་རྣམས་འབུལ། །ཚིམ་བྱ་ཕྱི་ལ་སོགས་རྣམས་ཀྱིས། །བགེགས་མེད་ཡང་དག་འཕེལ་བར་འགྱུར། །ཕྱི་ནས་ལས་ ནི་ཡང་དག་བརྩམ། །དུ་མའི་དུད་འགྲོའི་ཞལ་ལྷ་མོ། །སུམ་བཅུ་རྩ་བདུན་གཟུགས་ཅན་རྣམས། །ལས་ཀྱི་རྡོ་རྗེ་འཇོམ་བྱས་ནས། །ཏིང་འཛིན་གསུམ་གྱི་རྣམ་འབྱོར་ལྡན། །བདུན་བཅུ་གཉིས་ཕྱག་དྲག་མོ་སྟེ། །ཞབས་བཅྭ་བརྒྱད་ ནི་རྣམས་ཀྱིས་ལྡན། །རྩ་བའི་ཞལ་ནི་ཕག་ཞལ་ཏེ། །ངོས་གཉིས་དག་ཏུ་དགུ་དགུའོ། །དེ་ཡི་སྟེང་དུ་བདུན་བདུན་ཏེ། །ཕྱི་ནས་གསུམ་ནི་བཞག་པར་བྱ། །གཡས་སུ་ཁྱི་དང་ལྕེ་སྤྱང་དང་། །བྱི་ལ་སྟག་དང་སེང་གེ་དང་། །འཇིགས་བྱེད་ མཆེ་ཅན་རྟ་བོང་བུ། །དེ་ལྟར་ཇི་ལྟར་རིམ་པས་སོ། །གཡོན་དུ་བ་ལང་མ་ཧེ་སྤྱང་། །རུས་སྦལ་ཆུ་སྲིན་རི་བོང་དང་། །བསེ་དང་གཡག་དང་མུན་ཛ་དང་། །ཇི་ལྟའི་རིམ་པས་མཚོན་པར་བྱ། །སྦྲུལ་དང་སྲེ་མོ་རྩངས་པ་དང་། །སྲམ་དང་བྱི་བ་དང་ནི་དོམ། ། 86-1-32a མཁའ་ལྡིང་བྱ་རྒོད་བྱ་རོག་དང་། །འུག་པ་བྱ་གར་ཁྲ་དང་ནི། །སྲིན་བྱ་དང་ནི་ངུར་པ་དང་། །རྨ་བྱ་ཟངས་ཀྱི་གཙུག་པུད་ཅན། །ཕུག་རོན་འདི་རྣམས་ཐམས་ཅད་ལ། །རང་བཞིན་མདོག་ཏུ་འདོད་པར་བྱ། །དཀྱིལ་འཁོར་ གྱི་བྱ་ངེས་པར་ནི། །རང་བཞིན་གང་གི་ཁམས་ལའོ། །ཡོན་ཏན་སུམ་བཅུ་གསུམ་བདག་ནི། །རང་བཞིན་གྱིས་ནི་འཛིན་པར་འགྱུར། །དེ་ཡི་གཟུགས་བརྙན་གྱི་ནི་ཞལ། །འགྲོ་ལ་བྱང་ཆུབ་བྱེད་བདག་ཉིད། །ཞབས་རྣམས་ཀྱིས་ ནི་འབྱུང་པོའི་ཚོགས། །མེ་ཡི་དབུས་སུ་སོན་པ་གནོན། །གཡས་པས་ཁྱབ་འཇུག་དྲག་པོ་དང་། །ཚངས་པ་ཉི་མ་མེ་དང་ནི། །དབང་པོ་རླུང་དང་བདེན་བྲལ་དང་། །ནོར་སྦྱིན་ཇི་ལྟའི་རིམ་པའོ། །གཡོན་པས་གཤིན་རྗེ་འདོད་པ་དང་། །ཟླ་ བ་ཆུ་ལྷ་ནོར་རྒྱས་དང་། །ས་དང་ཚོགས་ཀྱི་བདག་པོ་དང་། །སྨིན་དྲུག་བུ་དང་འཁོར་སྒྱུར་ཏེ། །དེ་ལྟར་བཅྭ་བརྒྱད་དབྱིབས་རྣམས་ནི། །འདུས་པ་རྨད་བྱུང་བསྔགས་པའོ། །འཛིན་འགྱུར་རང་གི་སེམས་ཀྱིས་ནི། །ལྷ་མོའི་ཞབས་ནི་ རྡོ་རྗེ་འཛིན། །གཡས་པར་མཚོན་ཆའི་ཚོགས་ཀྱང་ནི། །རྡོ་རྗེ་རལ་གྲི་མདུང་དབལ་ཅན། །དགྲ་སྟ་གྲི་གུག་མདའ་དང་ནི། །གསལ་ཤིང་ཕུག་དང་ཐོ་བ་དང་། །འཁོར་ལོ་ཌམ་རུ་ཆུ་གྲི་དང་། །དབྱུག་པ་དང་ནི་མཚོན་རྩེ་གཅིག །དུང་ དང་ཟངས་དང་དབྱུག་གུ་དང་། །རྨ་བྱའི་འཇུག་མ་དེ་བཞིན་ཏེ། །བྱ་རོག་སྒྲོ་དང་པིར་དང་ནི། །མེ་ཡི་ཐབ་དང་རི་བོ་དང་། །དབྱུག་པ་མེ་ལོང་པི་ཝང་དང་། །རྐང་མགོ་ལག་པ་གློ་བ་དང་། །རྒྱུ་མ་སྒྲ་གཅན་ལྕགས་སྒྲོག་དང་། །གདོས་དང་སྒྲོགས་དང་ ཉ་རྒྱ་དང་། །མགོ་གཅད་འབར་བ་མར་ནག་དང་། །འཇིགས་བྱེད་གཟུགས་ཏེ་རིམ་པས་སོ། །གཡོན་པར་དྲིལ་བུ་ཕུབ་རིངས་མཆེ། །ཐོ་བ་ཞགས་པ་ཐོད་པ་དང་། །གཞུ་དང་ཁ་ཊྭཱྃ་ག་པོ་ཏི། །ཕུབ་ཆུང་ཡུ་ཅན་སྡིགས་འཛུབ་དང་། །གཡེར་ ཀའི་ཕྲེང་དང་ལྕགས་སྒྲོག་དང་། །བྲག་དང་དུར་ཁྲོད་རྡུལ་དང་ནི། །བྷོ་ཀྃ་ཌ་ཀ་པགས་རློན་དང་། །སྐྲ་ཡི་ཐག་པ་འཕྱང་བ་དང་། །སྐུལ་བྱེད་རོ་ཡི་ཤིང་བུ་དང་། །བྲག་དང་ཕུབ་དང་མགོ་བོ་དང་། །ཀེང་རུས་ཟོར་བ་དེ་བཞིན་ཏེ། །མིག་དང་མཁལ་ 86-1-32b མ་གཉེ་མ་དང་། །སྤེན་པ་དང་ནི་ཕུར་པ་དང་། །ས་བོན་གང་དང་སོག་ལེ་དང་། །ཁབ་དང་ལུས་ཀྱི་ལྤགས་པ་དང་། །སྤྲིན་ཆར་འབབ་དང་ཤིང་རལ་གྲི། །དེ་ལྟར་རིམ་པས་ཤེས་བྱས་པས། །བདུན་བཅུ་རྩ་གཉིས་རྒྱུད་ཀྱི་རྩའོ། །གཉིས་པ་ལྷག་པ་ ཡི་ཕྱག་གཉིས་ཀྱིས། །གླང་པོའི་ལྤགས་པ་སྟེང་བགོས་པའོ། །ཁམས་གསུམ་གླང་པོ་ལ་བཞུགས་པ། །དྲལ་བ་བགེགས་ནི་བཅོམ་པ་ཡིའོ། །ཀུན་གྱི་ཁ་དོག་རང་བཞིན་ཏེ། །ཡང་ན་གཙོ་མོའི་ཁ་དོག་བཞིན། །མགོ་བོའི་ཕྲེང་ སོགས་ཐམས་ཅད་དང་། །གོས་དང་རྒྱན་རྣམས་ལུས་སྐྱེས་པའོ། །དེ་ལྟར་ཡང་དག་པའི་རྩོལ་བའི། །གཟུགས་བརྙན་ཅན་མར་ཤེས་པར་བྱ། །ཡང་དག་དྲན་པའི་རང་བཞིན་གྱིས། །དངོས་དབྱེ་རྐང་གཉིས་བདག་ཉིད་དོ། །ཏིང་འཛིན་ དྲ་བས་ཀུན་བཀང་ནས། །འོད་གསལ་བ་ལ་ཀུན་ཐིམ་བྱོས། །རྟོགས་ནས་སངས་རྒྱས་ཉིད་འཐོབ་འགྱུར། །སྣ་ཚོགས་དུད་འགྲོ་སོགས་སྐྱེའོ། །རང་རང་སྐད་ཀྱིས་ཆོས་ཀྱང་ནི། །རང་རིགས་སྐྱེས་ལ་སྟོན་པར་འགྱུར། །སཱུ་ཡི་ཡི་ གེས་འགྲོ་ཀུན་རྒྱས་བཏབ་སྟེ། །ལྷན་སྐྱེས་རང་བཞིན་དེ་ཉིད་དྲན་པར་བྱ། །སླར་ཡང་འཁོར་བའི་སྡུག་བསྔལ་མི་འོང་ངོ་། །ཕྱུགས་གང་ཡིན་པའི་སྐྱེ་བོ་རྣམས་སངས་རྒྱས། །དཔའ་བོ་ཐམས་ཅད་མཉམ་སྦྱོར་བས། །རྡོ་རྗེ་སེམས་ དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ཕག་གདོང་མ་བསྐྱེད་པ་དང་དཀྱིལ་འཁོར་ ལ་འཇུག་པ་ལ་སོགས་པའི་ལེའུ་སྟེ་བཅུ་པའོ།། །། དེ་ནས་བརྟན་མའི་སྦྱོར་བ་འདིར། །བཤད་ཀྱིས་སྒོམ་པ་པོ་རྣམས་ཉོན། །ཀུན་ནས་དུས་ནི་བཞི་རྣམས་སུ། །ཟླ་བ་གསུམ་གསུམ་པ་ནི་བཞི། །བགྲོད་དང་མཉམ་ པས་བཅིངས་པ་ཡི། །མཚམས་དེ་རྣམས་ནི་རབ་བཤད་བྱ། །བྱང་དུ་བགྲོད་པ་ལ་སོགས་པ། །བརྟན་མ་ལ་སོགས་མཚམས་གནས་མ། །ཉེ་བའི་གླིང་དུ་གནས་པ་མོ། །མགོ་ཡི་ཟླ་བ་དང་ནི་གཞུ། །མོ་ཧི་ཏ་ནི་རྟག་ཏུ་དེའི། །ལས་ 86-1-33a གཉིས་དག་ཏུ་ཤེས་བྱ་སྟེ། །སྒོམ་པོ་རྣམས་ཀྱི་དུས་མིན་པའི། །འཆི་བ་མཆི་བས་གཅོད་མ་གང་། །དེ་ཡིས་གཤིན་རྗེའི་མཆེར་ཤེས་བྱ། །ཐོག་མར་ཡི་གེ་གཉིས་ཅན་ནོ། །བཅོམ་ལྡན་དུས་མིན་འཆི་བ་ནི། །མི་རྣམས་ལ་ ནི་ཇི་ལྟར་འབྱུང་། །གང་གི་དྲིན་གྱིས་བདག་རིག་འགྱུར། །སུ་ཞིག་བདག་ལ་སྤྲུལ་པར་འགྱུར། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །བརྟན་མ་དུས་མིན་འཆི་བ་ནི། །སེམས་ཅན་རང་རང་ལས་ཀྱིས་སོ། །སྐྱེ་བ་ཀུན་ལ་ འཚེ་བ་ཡི། །སྡིག་གང་བདག་ཉིད་ཀྱིས་བྱས་པ། །དེ་ཡིས་དེ་ནི་དུས་མིན་འཆི། །ཁམས་དང་དབུགས་ནི་འཆད་པར་འགྱུར། །གཞན་རྣམས་ཀྱིས་ནི་གཅད་པ་ཡིས། །བཟའ་བཏུང་ཕྱིན་ཅི་ལོག་ཏུ་འགྱུར། །སྦྱིན་པ་རྙེད་པ་དང་ བཅས་སྦྱིན། །དུས་མིན་གྱིས་ནི་ཉམས་མི་འགྱུར། །སྦྱིན་པ་རྣམ་པ་གཉིས་སུ་བཤད། །ལས་དང་བསམ་པ་ལས་ཀྱང་ངོ་། །གཡོན་གྱི་སྣ་ཡི་སྒོ་རུ་ནི། །ཟླ་བ་རྒྱུ་བའི་རིམ་པ་ཡིས། །བགྲོད་པའི་སྲོག་ནི་ཉི་མའི་སྟེ། །ཨ་བ་དྷཱུ་ཏཱིའི་ རླུང་རིམ་པས། །དེ་ཡིས་ཡ་ཡི་ཡི་གེ་བཤད། །མ་ཡི་ཡི་གེ་དབུས་འབབ་མའོ། །ད་ཡིག་གཡས་སུ་སོང་ནས་ནི། །རེ་ཤིག་དབུས་མ་རྒྱུ་བར་འགྱུར། །ཨ་ཡི་ཡི་གེས་གནས་པ་འཐོབ། །སླུ་བ་ནམ་མཁར་འགྲོ་བ་མོ། །རྩ་ནི་བདེ་ཀུན་ བདག་ཉིད་རྣམས། །དྷི་ཡི་ཡི་གེའི་མིང་དུ་ཤེས། །མདོར་བསྡུས་པ་ཡི་ཡི་གེ་ནི། །དཀྱིལ་འཁོར་ལྔ་རྣམས་སུ་ནི་བརྗོད། །དེ་རྣམས་དངོས་ལས་ཁྱོད་བསྐྱོད་དེ། །དུས་མིན་སླུ་བར་རིག་པར་བྱ། །དེ་ལྟར་བསོད་ནམས་གཅིག་ཉིད་པོ། ། གནས་གནས་བགྲོད་པའི་ལུས་ཅན་ནོ། །འཆི་བ་ཞེས་འདི་རྣམ་རྟོག་སྟེ། །མཁའ་སྤྱོད་གོ་འཕང་འཁྲིད་པར་འགྱུར། །འདིར་ནི་ཁ་དོག་གཉིས་སུ་འགྱུར། །ལུས་བསྒོམ་པ་ནི་དེ་བཞིན་ནོ། །ཇི་ལྟར་མཁའ་འགྲོ་མའི་རིམ་པས། ། མཚོན་མ་མཚོན་ཆ་སོགས་འགྱུར་རོ། །སྤོང་བའི་ཆོས་ཤེས་བྱ་བར་གསུངས། །དཀྱིལ་འཁོར་དབུས་ཀྱི་གཙོ་མོའོ། །རྣལ་འབྱོར་སུམ་བཅུ་བདུན་བདག་ཉིད། །སྔགས་ལས་བྱུང་བའི་བདག་ཉིད་ཀྱིས། །ཨོཾ་ཨཱཿས་ཧཱུྃ་ཧ་བ་སྲ་ཛ་ 86-1-33b བྷུ་ཡ་ཛ་མ་བྷཱ་དཱ་སུ་ཌཱ་རཱ་ཀཱི་ཡ་ཡེ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་ཕཊ། སྭཱ་སྭཱ་ཧཱ་ཧཱ་ཨོཾ། འདི་ནི་ཤེས་རབ་ཐབས་བདག་ཉིད། །རྣལ་འབྱོར་མ་དང་དཔའ་བོའི་གཙོ། །གཤིན་རྗེ་མཆེ་བའི་རབ་སྦྱོར་བས། །སྐྱེ་བ་མཐར་བྱེད་བཟའ་བར་བྱ། ། དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །ཞེས་བྱ་བ་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ ལས་གཤིན་རྗེ་བརྟན་མའི་རྣམ་པར་གཞག་པ་དང་བསྐྱེད་པའི་མཚན་ཉིད་ཅེས་བྱ་བ་སྟེ། ལེའུ་བཅུ་གཅིག་པའོ།། །། དེ་ནས་གཤིན་རྗེ་ཕོ་ཉ་འཆད། །གང་གིས་འཆི་བ་དབང་འགྱུར་བའོ། །བྲི་ཤྩི་ཀ་རུ་ཡང་དག་བྱུང་། །སྨིན་ དྲུག་ཅན་དང་བཟང་པོར་ལྡན། །དཔྱིད་ཀྱིས་མཉམ་པའི་དུས་ཀྱིས་ནི། །ཕོ་ཉ་མ་བསྐྱེད་མཚན་ཉིད་དོ། །གཤིན་རྗེ་གསོད་མ་དེ་ཡི་ནི། །འཆི་བ་སླུ་བའི་འཁོར་ལོ་ལ། །རྩིབས་བཅུ་གཉིས་པའི་འཁོར་ལོ་ཆེར། །ལན་གསུམ་དུ་ནི་བསྐོར་བར་ བྱ། །ལྔ་རྣམས་ཉི་ཤུ་རྩ་ལྔར་ནི། །བཅུ་གསུམ་བར་དུ་བྲི་བར་བྱ། །སླར་ཡང་སུམ་བཅུ་གཉིས་རྣམས་སུ། །གསུམ་གཉིས་གཅིག་ནི་ལོ་ཡིན་ནོ། །དུས་ཚོད་མེ་དང་གཉིས་ཟླ་བ། །ཟླ་བའོ་ཚེས་ཕྱོགས་དེ་བཞིན་མདའ། །གསུམ་གཉིས་ གཅིག་གི་སྐབས་སུ་ནི། །རིམ་པས་ཕྱི་ནས་ཉི་ཕྱེད་སོགས། །ཉི་མ་གཅིག་དང་ཞག་དང་གཉིས། །གསུམ་བཞི་ས་དང་ཉི་མ་ཕྱོགས། །ནོར་རོ་ཆུ་ཕྱོགས་རིམ་པས་ཏེ། །སུམ་བཅུ་བདུན་བདག་ཉིད་གསལ་བའོ། །སྲོག་གི་ནུས་པར་ཤེས་ བྱ་བ། །བཅུ་དགུ་ཡི་ནི་བདག་ཉིད་དོ། །བཅུ་དགུ་སླར་ཡང་འདི་རུ་ནི། །འཇོམས་པའི་བདག་ཉིད་ནུས་ཅན་ནོ། །ཉི་མར་བདུན་པོ་མཉམ་སོན་པར། །སྐྱེ་བའི་སྐར་མ་དང་ཟླ་བ། །གཅིག་ཏུ་སྤྱོད་པར་རྟག་རྒྱུ་ལས། །རྒྱས་པའི་དུས་ནི་ཡང་དག་ འཐོབ། །བར་གྱི་ཉི་མ་རྣམས་ཉིད་ནི། །བཅུ་དྲུག་གྲངས་སུ་ཤེས་བྱས་ལ། །བདུན་བཅུ་རྩ་གཉིས་རིམ་པ་ཡིས། །ལོ་ཡི་རིམ་པས་ཡང་དག་སྦྱར། །དེ་ཕྱིར་ཕོ་ཉའི་ལྷ་མོ་ཡང་། །དཀྱིལ་འཁོར་བདག་ཉིད་ཅན་བསྒོམ་བྱ། །གང་དུ་རྩ་ནི་ 86-1-34a སྲོག་སྤངས་པ། །དེར་ནི་འདི་དེ་འབབ་པར་བྱ། །སྟེང་དུ་ཡལ་འདབ་སྟེང་རྩ་བ། །གསང་བ་ཡིས་ནི་དབུགས་བྱ་བའོ། །དེ་ནི་མཉམ་པ་མཚམས་ཀུན་ཏེ། །མཉམ་པ་ཡ་ཡིག་གིས་འགུགས་མའོ། །དེ་ནས་གནད་བཅིངས་ པས་ཉམས་པ། །མ་ཡི་ཡི་གེས་ཐམས་ཅད་བཤད། །འོག་དང་སྟེང་དུ་བསྐྱོད་བྱས་ནས། །རྣོན་པོའི་མེ་ནི་རབ་འབར་བྱ། །ནད་རྣམས་དང་ནི་སྡིག་མང་རྣམས། །ལས་ཀྱིས་རང་ཉད་ཉམས་པར་འགྱུར། །དེར་ནི་སྦྱིན་པ་སྦྱིན་བྱ་སྟེ། ། བ་ལང་མ་ཧེ་ཞོན་སོགས་སོ། །བྱང་ཆུབ་སེམས་ཀྱི་ལམ་དུ་ནི། །མཛེས་མ་རྣམས་ཀྱི་དེ་ཚེ་བཏུང་། །དེར་ཡང་རང་གི་ཡན་ལག་ལས། །བྱུང་བའི་སྣ་སྨན་བཏང་བར་བྱ། །འོ་མ་དང་མཉམ་བཟའ་བྱ་སྟེ། །གློ་བ་ལ་སོགས་མཚོས་ པའོ། །གཡུལ་ངོར་རང་ཉིད་འགྱེལ་བ་ཡི། །གལ་ཏེ་རྙེད་ན་ཁྲག་ཆེན་པོ། །ཐེ་ཚོམ་སྤངས་ནས་བཏུང་བྱ་ཞིང་། །དེ་ཡི་ཤ་ཡང་བཟའ་བར་བྱ། །ཡང་ན་གང་གི་ས་གནས་སུ། །འཆི་ལྟས་ཟད་ནས་སོང་བར་དུ། །བཟའ་བ་འོ་མས་བྱས་ ན་བདེ། །ཡང་ན་ཤ་རྣམས་ཐམས་ཅད་དོ། །གོས་འཇམ་རྣམས་ཀྱིས་ཡོངས་གཡོགས་ནས། །བདག་ཉིད་ལ་ནི་དུས་ཀུན་དུ། །དེར་ནི་གནས་ས་སྲོ་བྱ་ཞིང་། །མེ་དང་ལྷན་ཅིག་ངེས་གནས་བྱ། །དེར་ནི་ཆུ་དྲོན་ཀྱང་བཏང་ཞིང་། ། བཟའ་བ་ཆུང་ངུ་ཉུང་ངུའོ། །གཤིན་རྗེའི་ཕོ་ཉ་བསྒོམ་བྱ་སྟེ། །སུམ་བཅུ་རྩ་བདུན་བདག་ཉིད་རང་། །གསང་སྔགས་ཁ་སྦྱོར་བདག་ཉིད་ཅན། །སེར་དམར་གཉིས་ཀྱི་ཁ་དོག་ཅན། །སེར་པོས་འཆི་བ་རེངས་པར་བྱེད། །དམར་པོས་དབང་ དུ་འགུགས་པར་བྱེད། །ལྷན་སྐྱེས་རྫོགས་བྱང་ཆུབ་དངོས་ཀྱིས། །ལྟེ་འོག་མགྲིན་པ་རྐན་འགྲོ་རྣམས། །ཟབ་པས་སྲོག་ནི་གཞན་འགྲོ་བ། །ཕན་ཚུན་ཕུག་རྣམས་སུ་འདུ་འགྱུར། །དེ་ཕྱིར་ཁ་ཊྭཱྃ་ག་བསྒོམ་སྟེ། །ཡན་ལག་ཁ་ཊྭཱྃ་ སྦྱོར་བས་སོ། །སྙིང་གའི་པད་དབུས་སུ་སེམས་ཀྱིས། །དཀྱིལ་འཁོར་སྔོན་ཆའི་ཆ་ཅན་ནོ། །ལྷ་མོའི་མདོག་ནི་སྔོན་ཅན་ཏེ། །དབྱིབས་སོགས་གཟུགས་ཅན་མ་དང་མཚུངས། །ཨོཾ་བ་པ་ཛྲ་ར་ཡ་ཤུ་མ་པཱ་དཱུ་ཤོ་ཏཱི་དྱཱ་ཡེ་ཏ་ཧཱུྃ་སཱུ་ཧཱུྃ་ལ་ཕཊ་ཁ་ཕཊ་ 86-1-34b ཊྭཱྃ་སྭཱ་ག་ཧཱ་དྷཱ་རི་ཎི་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ་ཨོཾ་ཧཱུྃ། ཤེས་རབ་ཐབས་བདག་ཉིད་དུ་སྐྱེས། །སྒྱུ་འཕྲུལ་ཆེན་མོའི་རང་བཞིན་ཅན། །རྣལ་འབྱོར་མ་ནི་འདི་རྣམས་ཀུན། །བདུད་རྩིའི་གཟུགས་སུ་བསྒོམ་པར་བྱ། །དེ་རྣམས་སྙིང་གར་དཀར་ བར་ནི། །འཁོར་ལོ་ཐམས་ཅད་རྣམ་བསྒོམ་བྱ། །དེ་རྣམས་ནང་དུ་རང་མིང་ཡང་། །ཁ་དོག་དཀར་པོ་འོད་བཅས་པ། །རྩ་ཡི་བུ་ག་སོ་སོ་ཡི། །ནང་དུའང་རྣམ་པར་བསྒོམ་པར་བྱ། །རློན་དང་བཙོས་པའི་རའི་འོ་མ། །བདུད་རྩི་ལྔ་དང་རང་འབྱུང་ ནི། །རྡོ་རྗེའི་རྩེ་མོས་འཐུངས་པས་ཀྱང་། །དུས་སུ་འཆི་བ་ཉམས་པར་འགྱུར། །ཟག་མེད་དེ་ཉིད་ཐོབ་པས་ན། །དེ་ལ་དུས་མིན་འཆི་མིང་ཅི། །དེ་ཕྱིར་ཡང་དག་རབ་སྤོང་བའི། །ཆོས་ཉིད་གཤིན་རྗེའི་ཕོ་ཉར་ཤེས། །རྡོ་རྗེས་བཏུང་བྱས་རབ་ བཤད་པ། །ལས་ཀྱིས་རྣམ་པ་གཉིས་སུ་འདོད། །གཅིག་ནི་ཕྱི་རོལ་གྱིར་བཤད་དེ། །གཉིས་པོ་ནང་གི་བདག་ཉིད་འདོད། །རྡོ་རྗེ་རྩེ་གསུམ་བསྒོམ་བྱ་བ། །རྩ་དྲུག་དུས་ནི་རྒྱུ་བ་མོ། །ངང་པའི་རྒྱུ་བར་འཛིན་པའི་སྲོག །འོག་གི་ཆུ་ནི་འཐུང་བ་ ཡི། །བདུད་རྩི་ལྔ་སོགས་གང་ཅུང་ཟད། །དེ་ཡི་དབུས་སུ་རབ་ཏུ་ཞུགས། །འཐུངས་པས་རྒས་དང་འཆི་བ་འབྲས། །རྡོ་རྗེ་འཆང་གི་གདམས་ངག་གོ། །གཤིན་རྗེའི་ཕོ་ཉ་མ་ཡི་རྣལ་འབྱོར་མ་ཁྱོད་བཞུགས། །དེ་ཡིས་གླར་ཡང་རྒས་དང་ འཆི་བ་མེད་པ་འཐོབ། །འཆི་བ་སློང་བར་བྱེད་པའི་རྣལ་འབྱོར་མ་བླ་མེད། །རྣལ་འབྱོར་མ་ལ་སྡིག་དང་བསོད་ནམས་མི་ལྡན་ནོ། །དེ་ནི་མཉམ་པའོ་མཉམ་སྲོག་ལས། །གཡོན་དང་གཡས་དང་དབུ་མ་ཡི། །རྩོལ་བ་གཡོ་མེད་དངོས་པོ་ ལས། །སླར་ཡང་ཡ་མའི་ཡི་གེ་འདོད། །ཕོ་ཉ་ཕྱོགས་གཉིས་ཀྱི་ངང་པ། །དབུ་མར་ཟད་པའི་གོ་འཕང་ངོ་། །དེ་ལྟར་རྣམ་པ་མང་པོ་ནི། །བརྟན་པའི་བློ་ལྡན་གྱིས་མཚོན་བྱ། །འདིར་མང་བཤད་པས་ཅི་བྱ་སྟེ། །སྦྱིན་པའི་ཕ་རོལ་ཕྱིན་ སོགས་པ། །དགེ་བའི་ལས་ཀྱང་བསྙེན་བྱ་སྟེ། །ལུས་གཅིག་ལུས་མང་པོ་ཅན་ནོ། །རྣལ་འབྱོར་མ་ལ་མཆོད་བྱ་ཞིང་། །དཔའ་བོ་རྣམས་ལ་བརྗེད་པར་བྱ། །གང་ཞིག་གང་སློང་ལ་ཡང་དག །དེ་ཕྱིར་དེ་རྣམས་ལ་ངེས་སྦྱིན། །དཔའ་བོ་ 86-1-35a ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །ཞེས་བྱ་བ་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ ཀྱི་རྒྱལ་པོ་ཆེན་པོ་ལས་གཤིན་རྗེ་ཕོ་ཉ་མོ་བསྐྱེད་པ་ལ་སོགས་པའི་མཚན་ཉིད་དང་འཆི་བ་བསླུ་བའི་འཁོར་ལོ་བསྒོམ་པའི་མན་ངག་མདོར་བསྡུས་པ་སྟེ་ལེའུ་བཅུ་གཉིས་པའོ།། །། དེ་ནས་གཤིན་རྗེ་མཆེ་ གཙིགས་མ། །བཤད་ཀྱིས་ད་ནི་མཉན་པར་གྱིས། །སེམས་ཅན་རྣམས་ཀྱི་བག་ཆགས་ཀྱི། །སྐྱོན་གྱིས་གུར་ལ་འབིགས་དང་བསྲེག །གང་ཞིག་གང་ལ་ལས་བྱས་པས། །དེ་ཡི་དུས་སུ་འབིགས་པར་འདོད། །བརྒྱད་བཅུ་རྩ་བཞིའི་ གནད་རྣམས་ནི། །གང་དང་དེར་ནི་གནས་རྣམས་ཀྱང་། །འདི་རྣམས་དབུས་སུ་བྱ་བ་སྟེ། །དགེ་དང་དམན་པ་མཚོན་པར་བྱ། །མི་དགེ་བ་ནི་འཆིར་དོགས་པས། །གནད་དུ་ན་བས་མཚོན་པར་བྱ། །གལ་ཏེ་དུས་ནི་གཅིག་ལ་ནི། །རྐན་གསུམ་ དུ་ནི་གཟེར་བ་ན། །དེ་ཚེ་ཞག་གསུམ་ན་འཆི་བར། །རིག་བྱ་འདི་ལ་ཐེ་ཚོམ་མེད། །རྐང་པའི་བྲང་བར་གཟེར་བ་དང་། །གལ་ཏེ་ལྟེ་བར་གཟེར་བ་ན། །ལྷ་མོ་ཞག་གཉིས་ན་འཆི་བར། །སྐྱེ་བོ་རྣམས་ནི་འགྱུར་བའོ། །རྐང་པ་གཉིས་ཀྱི་བྲང་འཐིལ་ དང་། །གལ་ཏེ་མིག་ཏུ་གཟེར་བ་ན། །དེ་ཚེ་ཟླ་བ་གསུམ་དུ་ཡང་། །འཆི་བྱེད་ཀྱི་ནི་དབང་དུ་འགྲོ། །རྐང་པའི་མཐིལ་ནི་གཟེར་བ་དང་། །གལ་ཏེ་སྣ་ནི་གཟེར་བ་ན། །ཞག་གསུམ་ན་ནི་འཆི་འགྱུར་བར། །འདི་ལ་ཡང་ནི་ཐེ་ཚོམ་མེད། ། བཤང་དང་གཅི་བའི་དུས་སུ་ནི། །གལ་ཏེ་སྦྲིད་པ་བྱུང་བ་ན། །དེ་ཡི་དེ་ལྟར་དུས་ཚོད་ཀྱི། །ལོ་ན་ངེས་པར་འཆི་བའོ། །སྔ་དྲོ་ཡི་ནི་ཉིན་ལྔ་དང་། །དབུས་མའི་གུང་ལ་བཅུ་དེ་བཞིན། །གཞན་གྱི་གུང་ལ་ཟླ་ཕྱེད་གཅིག །ནམ་ཕྱེད་ལ་ཡང་ ཟླ་བ་སྟེ། །འདི་ཚེའི་དེ་ལྟར་དུས་སུ་ནི། །གལ་ཏེ་སྦྲིད་བྱུང་སྔོན་བཞིན་ཏེ། །དུས་ཀྱི་ངེས་པར་འཆི་འགྱུར་བས། །འདི་ལ་ཐེ་ཚོམ་མེད་པའོ། །ལྟག་པ་ཡི་ནི་བསྡུད་ཁུང་དུ། །གཟེར་ན་ལོ་ནི་ལྔ་རྣམས་ན། །དེ་ནི་འཆི་བར་འགྱུར་བར་ནི། ། 86-1-35b ཤེས་བྱ་འདི་ལ་ཐེ་ཚོམ་མེད། །ལྷ་མོ་ལྕེ་རྩེ་མ་མཐོང་ན། །དེ་ཕྱིར་ཞག་ནི་གསུམ་ན་འཆི། །ཉན་པ་ཡི་ནི་རྩེ་མོར་གཟེར། །འཆི་བ་ཟླ་བ་བཞི་ནའོ། །མིག་གཡོན་པ་ཡི་འབྲས་བུ་ནི། །མེ་ལོང་ལ་ནི་མ་མཐོང་ན། །དེ་ཚེ་ཞག་བདུན་ན་ འཆི་བར། །སྔོན་གྱི་སྐྱེ་བར་བཤད་པའོ། །དཀར་པོ་ཡི་ནི་ཚེས་གཅིག་ལ། །གལ་ཏེ་ཁུ་བ་དཀར་མིན་འགྱུར། །ཟླ་བ་དྲུག་ན་དེ་འཆི་སྟེ། །དམར་པོས་ནང་དུ་ངེས་པར་འགྱུར། །བྷ་ག་ལིང་ག་ཡོངས་སྦྱར་བའི། །མཐའ་རུ་གལ་ཏེ་སྦྲིད་ པ་ནི། །བྱུང་ན་ཟླ་བ་ལྔ་ན་ནི། །དེ་ཚེ་ལྟུང་བར་འགྱུར་བའོ། །སྦྱོར་བའི་དུས་སུ་དྲིལ་བུའི་སྒྲ། །རྣ་དག་ལ་བྱུང་འཆི་གསལ་བར། །གལ་ཏེ་བརྒྱ་བྱིན་མཉམ་གྱུར་པ། །ཟླ་བ་ལྔ་ན་ཐེ་ཚོམ་མེད། །དེ་བཞིན་དུས་ནི་གཅིག་གི་ཚེ། །གལ་ ཏེ་ཟླ་བ་ཉི་མ་དག །གང་གི་སེམས་ཅན་ལ་གཟེར་བ། །ཟླ་བ་གཅིག་ཏུ་འཚོ་བཅས་པའོ། །རྐང་ལག་དག་གི་ཚིགས་བཞི་དང་། །མཐེའུ་ཆུང་གི་ནི་སོར་མོ་ལ། །གང་གི་དུས་གཅིག་ལ་གཟེར་བ། །ངེས་པར་ཟླ་བ་གཅིག་ན་འཆི། ། བསྣུན་པ་གསུམ་གྱིས་གཟེར་བ་ན། །གལ་ཏེ་ནུས་སྟོབས་བདག་མཉམ་པ། །རྐང་པའི་མཐེ་བོང་དག་ལས་དཔའ། །ས་གསུམ་དུ་ནི་སྐྱེ་བོ་རྣམས། །མདུད་པའི་རྒྱལ་པོ་ལྟ་བུའི་ཚུལ། །དཔེ་དེས་རྟག་ཏུ་བཤད་པའོ། །དེ་ཚེ་ཟླ་དྲུག་ན་འཆི་བར། ། གལ་ཏེ་དྲག་པོ་མཉམ་ཀྱང་འགྱུར། །སྙིང་གའི་དབུས་དང་དེ་བཞིན་སྔོན། །འདིར་ཡང་མགྲིན་པའི་སྤྱོད་ཡུལ་ཏེ། །ཟླ་ཕྱེད་གསུམ་ན་འཆི་བར་ནི། །རྣམ་དཔྱད་སྤྱོད་ཡུལ་འདི་ལ་མེད། །སླར་ཡང་མགོ་བོའི་རྩེ་མོར་གཟེར། ། གྲོང་ཁྱེར་གསུམ་གྱི་རྒྱ་མཚོ་བསྲེག །འཕྲལ་དུ་འཆི་བར་ཤེས་བྱ་བར། །ལུས་ཀྱི་གུར་དུ་བཤད་པའོ། །རྣ་བའི་རྩ་བར་དེ་བཞིན་གཟེར། །འཕྲལ་དུ་འཆི་བར་ངེས་པར་བཤད། །སྨིན་མའི་དབུས་སུ་དེ་བཞིན་གཟེར། ། དེ་ཡི་སྐད་ཅིག་ལ་འཆི་འགྱུར། །སྣ་ཡི་རྩེ་མོར་རླུང་གྲང་མོར། །གྱུར་ན་ཡོངས་རྫོགས་དུས་ཡིན་ནོ། །དེ་ལྟར་འཆི་བ་ཐམས་ཅད་ནི། །མཆེ་གཙིགས་གོ་འཕང་གིས་བསླུའོ། །གང་གི་དུས་སུ་འདི་འགྱུར་བ། །གཟེར་ནི་དེ་ཚེའི་དུས་འདིར་ 86-1-36a འགྱུར། །གཟེར་བའི་གནས་ནི་གསལ་མཚོན་ནས། །རྩ་བ་བཅུ་ཡིས་མཉེ་བར་བྱ། །ཁྱབ་འཇུག་ཅེས་བྱའི་མར་ཁུ་ནི། །མགོ་བོར་རྟག་ཏུ་གཟུང་བར་བྱ། །སྣ་ནས་རྣམ་སྣང་མར་ཁུ་དང་། །མར་དང་ཁྲག་ཏུ་ཡོངས་ལྡན་པའོ། ། ཉི་མའི་འོད་ཀྱིས་མི་གདུང་སྟེ། །སྐྱེ་བོ་དང་བྲལ་ཁྱིམ་གྲོན་པོར། །སྦྱོར་བའི་རྒྱ་མཚོ་ཆེ་གཟུང་བས། །རྣལ་འབྱོར་མ་དེ་ཡང་བསྒོམ་བྱ། །ཡཿ གང་གི་དཀྱིལ་འཁོར་ཆེན་པོར་ནི། །མ། དབུ་མའི་མཐའ་ཡི་མཚན་ཉིད་ལས། །གཡས་ སུ་བགྲོད་པའི་དུས་སུ་ནི། །དྃ་ཡིག་ཚིགས་མཚམས་ཀུན་དུའོ། །བུ་ག་གཟེར་བྱེད་ཕུག་ནས་ནི། །དེའི་སྐད་ཅིག་ལ་དབྱུག་གུ་དབྱུག །ཊ་ཧྲིལ་ཧྲིལ་པོར་ནི་འགྱུར་བཞིན་པ། །ཤ་སྙིང་གའི་རྫིང་བུ་ལ་སོགས་པ། །ཤེས་བྱ་མཚམས་ཀུན་དུ་ཡང་སྟེ། །གཟེར་བའི་འཆི་བ་སླུ་བ་ལ། ། ཨི། དབང་པོ་ཡིས་ནི་ཐམས་ཅད་ལའང་། །ཡིད་ནི་དེ་བཞིན་ངེས་པར་གནས། །ཥྚཱི་ཡི་ཡི་གེ་ཞེས་བྱ་བ། །དེ་ལྟར་ཚིགས་བཅད་གཉིས་ཀྱིས་གསུངས། །དེར་ནི་ཏིང་འཛིན་ཞེས་བྱ་བ། །དབང་པོ་སྦྱངས་པས་ཐོབ་པར་གྱིས། །པད་སྣལ་སྐུད་ པས་ནོར་བུ་དང་། །སྤྱི་གཙུག་ཀྱང་ནི་གཅིག་ཏུ་བྱ། །རྣམ་ཤེས་བརྒྱད་པོ་དེར་གནས་པར། །བསྒོམ་བྱ་མྱོས་བྱེད་འབབ་པ་མོ། །ཀུན་དུ་སྐུད་པ་དེ་བཏང་བས། །གཤིན་རྗེའི་མཆེ་བ་འཇོམས་པ་མོ། །དེ་ཡིས་ནཱ་ཡི་ཡིག་བཤད་དོ། །གཟེར་བ་ ཐམས་ཅད་རྣམ་འཇོམས་མའོ། །ཁ་དོག་དམར་དང་སྔོ་བ་སྟེ། །འཆི་བ་འཇོམས་མ་བྱང་ཆུབ་འགྲོ། །དེ་ཡི་མཚོན་ཆར་འགྱུར་བ་ནི། །དུམ་སྐྱེས་རྣལ་འབྱོར་མ་ཡིའོ། །རྡོ་རྗེའི་དཀྱིལ་འཁོར་དབུས་སུ་ནི། །སུམ་བཅུ་རྩ་བདུན་བདག་ཉིད་ མཆོག །ཨོཾ་བ་བྱཱ་ཛྲ་གྷ་ཡ་ཛི་མ་ན་དྃ་ཨ་ཥྚྲཱ་མྦ་ཎཱི་ར་ཡ་དྷ་ཀེ་རཱ་ཡ་ཡ་ཧཱྃ་ཧཱུྃ་ཧཱྃ་ཕ་ཧཱུྃ་ཊ་ཕ་ཕཊ་ཊ་ཕཊ་སྭཱ་སྭཱ་ཧཱ་ཧཱ་ཨོཾ། ཤེས་རབ་ཐབས་ཀྱི་རང་བཞིན་དུའང་། །སྐུད་པའི་དབུས་སུ་བསྒོམ་པར་བྱ། །ཐ་སྐར་ཟླ་བ་དེ་བཞིན་དུ། །སྲང་དང་ཁྱུ་མཆོག་རཱ་སིའིའོ། ། འདིས་ནི་བྱེད་བཞིན་པ་ཡིས་ནི། །འཆི་བ་སླུ་བ་དགེ་བའོ། །གཞན་ནི་དེ་ལ་དེ་ལྟར་བྱ། །ཕོ་ཉ་མ་ནི་གསལ་བར་བརྗོད། །གཞན་གྱི་འཆི་བ་བླུ་བ་ཡང་། །བརྒྱ་ཕྲག་འབུམ་རྣམས་ཤེས་པར་བྱ། །འོན་ཀྱང་ཀུན་སྟོང་གནས་བྱས་ནས། །བླ་མཆོག་མཉེས་ 86-1-36b པར་བྱས་པས་སོ། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །ཞེས་བྱ་བ་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་ རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་གཤིན་རྗེ་མཆེ་བ་མའི་རབ་ཏུ་སྦྱོར་བ་ལ་འཇུག་པ་འཆི་བ་བསླུ་བ་ལ་སོགས་པའི་ལེའུ་སྟེ་བཅུ་གསུམ་པའོ།། །། དེ་ནས་འཇོམས་མའི་འཇུག་པ་ནི། །གང་གིས་ཕ་རོལ་འགྲོ་བཤད་བྱ། །རྣལ་འབྱོར་མ་ རྣམས་འདུས་བྱས་ནས། །གཞི་ལས་འདྲི་བར་བྱེད་པ་སྟེ། །འཇུག་པ་ཞེས་བྱ་ཅི་རུ་བཤད། །ཁྱབ་བདག་ཕ་རོལ་མིང་ནི་ཅི། །ཤིན་དུ་ངོ་མཚར་སྟོན་པས་གསུངས། །རྡོ་རྗེ་འཛིན་པ་བཀའ་དྲིན་མཛོད། །ཉོན་ཅིག་སྒྱུ་མའི་འཇུག་པ་ཡང་། །མི་ བདེན་པ་ནི་བདེན་བཏགས་ཏེ། །ལྷ་མོ་དབང་པོའི་དྲ་བ་ལྟར། །འཇོམས་མ་ཡི་ཡང་འཇུག་པ་སྟེ། །མཐོང་བ་ན་ཡང་དེ་ལ་མེད། །ཆུ་ཡི་ཟླ་བ་ལྟ་བུ་མཆོག །རང་གི་རང་བཞིན་ལ་འཇུག་འགྱུར། །རྣལ་འབྱོར་དེ་ཉིད་འཛིན་རྣམས་ཀྱིའོ། །དུས་ཀྱི་ འཆི་བའི་དངོས་པོ་ཡང་། །ལས་ཀྱིས་སུ་ནི་བསླུ་བ་སྟེ། །འཁོར་བ་ལས་ནི་ཕ་རོལ་འགྲོ། །འཆི་མེད་བླུ་བ་ཡང་ནི་མེད། །སྟོན་གྱི་ནམ་ཉིན་མཉམ་དུས་སུ། །སྣ་ཡི་ནམ་མཁའི་དཀྱིལ་འཁོར་དུ། །རླུང་ནི་རྣམ་པར་འཛིན་བཞིན་པས། །འཆི་བའི་ དུས་ནི་བླུ་བའོ། །བརྒྱ་ཕྲག་དྲུག་དང་ཉི་ཤུ་གཅིག །སྟོང་ཕྲག་རྣམས་ཀྱི་སྲོག་རྣམས་ནི། །ཨ་བ་དྷཱུ་ཏཱིར་རབ་ཞུགས་པ། །དེ་ནི་འཇོམས་མར་མངོན་བརྗོད་པའོ། །བྱིས་པའི་མཁས་པ་རྨོངས་པ་ཡིས། །བསླུ་བ་བཤད་པ་དེ་མ་ཡིན། །དེ་མིན་ བསླུ་བ་རབ་བཤད་པ། །འདི་ནི་བདག་གི་རང་མཚན་ཉིད། །སླར་ཡང་ལྷ་མོ་དེས་གསུངས་པ། །ཡ་སོགས་དེ་ལྟར་དོན་བསྟན་པས། །གང་གང་ཏིང་འཛིན་དམིགས་ནས་ནི། །ནམ་མཁའ་མཉམ་སོགས་འདུས་པའི་མཐའ། །རྒྱུད་ནི་དེ་ བཞིན་སྲོག་ཆེན་པོ། །རྡོ་རྗེ་ལྟ་བུར་ཡང་ནི་བཤད། །དལ་གྱིས་དལ་གྱིས་འགྲོ་བདག་ཉིད། །ཚིགས་རྣམས་ཀུན་དུ་ཐིམ་པའོ། །ཞི་གནས་ལྷག་མཐོང་དག་གིས་ནི། །བྱང་ཆུབ་འཆི་བའི་སྤྱོད་ཡུལ་མིན། །རྡོ་རྗེའི་སར་ནི་འཁྲིད་པར་གྲགས། །གོ་འཕང་ཆེན་ 86-1-37a པོ་འཛིན་མཆོག་གོ། །དེ་ལྟར་ཡོན་ཏན་ཁྱད་འཕགས་པས། །མི་རྣམས་ཀྱི་ནི་མི་དགེ་འཛད། །ནོར་ཆེན་གོ་འཕང་ཐོབ་པ་ནི། །ཡང་དག་སྤོང་བའི་མཚན་ཉིད་དོ། །སྲོག་ནི་ཡང་དག་རྒྱུ་བྱས་ནས། །དུས་ཀུན་དུ་ནི་ཉེ་བར་བྱ། །རྟག་ཏུ་ འཆི་བལྟས་འཆི་བ་སླུ། །རྣལ་འབྱོར་པ་རྣམས་ཀྱིས་ལྷན་ཅིག །རྣལ་འབྱོར་མ་རྣམས་དང་མཇལ་བ། །བསོད་ནམས་དབང་གིས་བརྒྱ་ལམ་འཐོབ། །དེ་རྣམས་དང་བྱས་དགའ་ཆེན་པོ། །མྱངས་པས་འཆི་བ་བསླུ་བ་ཡིན། །དེ་ཕྱིར་རྣལ་འབྱོར་མ་ རྣམས་ཀྱི། །མཆོད་པ་རྣལ་འབྱོར་པ་ཡིས་བྱ། །རྡོ་རྗེ་འཆང་ཆེན་གོ་འཕང་ནི། །དེ་རྣམས་མཉེས་པས་ཐོབ་པར་འགྱུར། །རྨོངས་པ་གང་ཞིག་སྨོད་བྱེད་པ། །དེ་ཡི་དངོས་གྲུབ་མཆོག་མེད་དོ། །དེ་རྣམས་ལ་ནི་སྨད་པ་ལས། །མནར་མེད་དམྱལ་བ་ཆེན་ པོར་འགྱུར། །དེ་ཡི་བསོད་ནམས་བྱས་པ་ཅི། །སྨྱུང་བར་གནས་པའམ་དཀའ་ཐུབ་ཅི། །རྣལ་འབྱོར་མ་ལ་རྟག་གུས་པ། །སྐད་ཅིག་ཡུད་ཙམ་སོགས་ཀྱིས་སོ། །ལྷ་མོ་ཁ་དོག་གཉིས་མ་སྟེ། །སྲིད་དང་མྱ་ངན་འདས་གཟུགས་ཅན། །དཀྱིལ་ འཁོར་པ་རྣམས་དབུས་སུ་ནི། །བསྒོམ་བྱ་མཚན་མ་ལཱ་མ་བཞིན། །སྔགས་ཀྱི་ཡི་གེའི་སྦྱོར་བ་ཡིས། །སུམ་བཅུ་རྩ་བདུན་རྣལ་འབྱོར་མས། །བསྐྱེད་བྱ་ཐབས་དང་བཅས་པ་སྟེ། །ལྷན་སྐྱེས་སྦྱོར་བས་རྡོ་རྗེ་འཛིན། །ཨོཾ་བ་མ་ཛྲ་ཧཱ་ཡ་དྷུ་མ་ མྲཱ་མནྡྷ་ཐ་ཀཱ་ནཱི་ར་ཡེ་བ་ཧཱུྃ་པུ་ཧཱུྃ་ཤཱ་ཕ་ཡ་ཊ་ཧཱུྃ་ཕ་ཧཱུྃ་ཊ་ཕ་སྭཱ་ཊ་ཧཱ་ཕ་ཨོཾ་ཊི་སྭཱ་ཧཱ། དེ་ལྟར་ཡུངས་ཀར་ཙམ་གྱི་ནི། །ཐིག་ལེའི་དབུས་མ་བསྒོམ་པར་བྱ། །སྙིང་ག་ལ་སོགས་འཁོར་ལོ་རུ། །གང་དུ་ཡིད་ནི་ཡོངས་སྦྱོར་གྱིས། །བུ་མོ་རུས་སྦལ་ཟླ་བ་ ཡང་། །ཁྲུམས་ཅན་ཉེ་བའི་གླིང་མའོ། །སེམས་ཅན་དོན་བྱེད་དེ་ཉིད་དུ། །ཐིམ་དང་ལོངས་སྤྱོད་སོགས་བྱེད་མ། །ཕག་མོའི་སྤྲུལ་པའི་བདག་ཉིད་དུ། །སྐྱེས་པ་སྲིད་པ་འཇོམས་བྱེད་མའོ། །བཅོམ་ལྡན་རྡོ་རྗེའི་རྣལ་འབྱོར་ཆེས། །ལྷ་རྣམས་ཐམས་ ཅད་གཞུགས་པ་དང་། །འཁོར་ལོ་སྒྱུར་ཆེན་ངོ་བོ་ལས། །ཐམས་ཅད་ཀུན་ནི་སྤྲུལ་པ་དང་། །སངས་རྒྱས་ཉིད་བདག་འདུ་ཤེས་ཀྱིས། །དེའི་བདག་ཉིད་དུ་སྡུད་པར་འགྱུར། །བསྡུད་དེ་དེ་ལྟར་ཡོད་མིན་པ། །འབྱིན་པ་རུ་ནི་ཇི་ལྟར་འགྱུར། །འདི་ཀུན་ 86-1-37b སྒྱུ་འཕྲུལ་དྲ་བ་སྟེ། །སྒྱུ་མ་མེད་ཅིང་སྟོང་ཉིད་མེད། །ངོ་བོ་ཀུན་དུ་སྦྱོར་བ་ཙམ། །སངས་རྒྱས་ཉིད་སོགས་འདུ་བཅས་པའོ། །རྫོགས་ལྡན་གསུམ་ལྡན་སོགས་དངོས་ཉིད། །རང་གི་རང་བཞིན་མཚན་ཉིད་དོ། །རྣམ་གཞག་ཙམ་དུ་གསུངས་པ་ནི། །དངོས་ པོ་མ་འཁྲུལ་ངོ་བོ་ཉིད། །རྣམ་པར་རྟོག་པས་བརྟག་པར་བྱ། །རྟོག་པ་མེད་པར་གྱུར་པ་ན། །བརྟག་པ་ཉིད་དུ་མི་བྱའོ། །རྟོག་དང་རྟོག་མེད་ལས་གྲོལ་འགྱུར། །ཐམས་ཅད་གཟིགས་པ་རྣམས་ཀྱིས་བསྟན། །གང་ཞིག་གང་དངོས་སྐད་ཅིག་ མཐོང་། །དེ་མཐོང་རི་བོང་རྭ་བཞིན་ནོ། །འདི་ཡིས་འགོག་པ་མེད་པར་ནི། །སྐྱེ་བ་ལ་སོགས་ཡོངས་རྟོགས་བྱ། །སྣ་ཚོགས་ལུང་དང་རྒྱུད་རྣམས་ལའང་། །རིགས་པ་ཅན་འདིར་རྣམ་པར་དཔྱོད། །རྣམ་དཔྱད་གྱུར་པས་རིགས་པ་ནི། །དེ་རིགས་ བདག་གི་ཆེ་བའོ། །སེམས་ནི་དེ་ཡི་གཞི་རྟོགས་པར། །རྣ་བའི་དྲུང་དུ་བརྗོད་པའོ། །སློབ་མའི་ཕྱིར་དང་བླ་མ་ལ། །གུས་ཕྱིར་འདི་ནི་གཟུང་བར་གྱིས། །དེང་སང་སྐྱེ་བོ་ཚེ་ཐུང་ལ། །རིགས་པ་གཞན་བདག་ལ་ཡོད་མིན། །གཡོ་ཅན་རྩོད་བའི་ དུས་སུ་ནི། །བློ་ཆུང་བསོད་ནམས་ཤིན་ཏུ་ཆུང་། །དེ་ཕྱིར་བསོད་ནམས་ལྡན་རྣམས་ཀྱི། །ཡེ་ཤེས་སངས་རྒྱས་སྤྱོད་ཡུལ་མིན། །ཡུན་རིང་དུས་ནས་སྙིང་རྗེ་ནི། །བསྟེན་འགྱུར་རྟོག་པ་མ་བྱེད་ཅིག །བསོད་ནམས་གྲངས་མེད་མ་བྱས་པར། ། སླར་ཡང་ཡེ་ཤེས་སྨྲ་བ་ཅི། །བྱང་ཆུབ་སེམས་ཅི་སངས་རྒྱས་ཅི། །འདི་ལ་ཁྱད་པར་ཡོད་མི་འགྱུར། །དངོས་པོ་རྟོགས་ཕྱིར་སངས་རྒྱས་དང་། །དེ་དངོས་བྱང་ཆུབ་སེམས་དཔའ་རང་། །དབང་པོ་རྣམས་ནི་བྱང་ཆུབ་སེམས་དཔར་བསྐྱེད། །ཡུལ་ རྣམས་ཀྱིས་ནི་སངས་རྒྱས་ཉིད་དུ་གྱིས། །ཕུང་པོ་དང་ནི་སངས་རྒྱས་ལྷན་ཅིག་ཟུང་། །ཁམས་རྣམས་རྡོ་རྗེ་འཛིན་པར་གཟུང་བར་བྱོས། །སྲིད་པར་སླར་ཡང་ལྡོག་པར་འགྱུར་བ་མ་ཡིན་ནོ། །ཐམས་ཅད་འཆི་བ་མེད་པའི་ངོ་བོར་ཟུང་། ། སྙིང་རྗེ་ཡི་ནི་སྦྱོར་བས་ཁྱོད་བཞུགས་ཤིག །གང་དང་གང་གིས་གཞན་གྱི་དགོས་པ་གྱིས། །བརྗོད་མེད་ཀུན་ལའང་ནན་ཏན་བྱོས། །མཁའ་འགྲོ་མ་སོགས་འཇོམས་མཐའ་ཡི། །འཇོམས་མ་འདུས་པ་ཐམས་ཅད་དང་། །བགེགས་ 86-1-38a སོགས་འབྱུང་པོ་འདུས་པ་མ། །འཇིག་རྟེན་སྡང་བ་ཐམས་ཅད་དང་། །ཡི་དགས་སོགས་དང་དམྱལ་བའང་རུང་། །གཤིན་རྗེ་ལ་སོགས་ཁྲོ་བ་འདིར། །སྔོན་གྱི་བག་ཆགས་འཇོམས་མའོ། །དཔའ་བོ་ཐམས་ཅད་མཉམ་སྦྱོར་བས། ། རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །ཞེས་བྱ་བ་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་གཤིན་རྗེ་འཇོམས་ མ་འཇུག་པ་བསྐྱེད་པ་དང་དུས་སུ་འཆི་བ་བསླུ་བའི་ཆོ་གའི་མཚན་ཉིད་དང་སངས་རྒྱས་ཀྱི་གནས་སྐབས་ཀྱི་རང་བཞིན་ཏེ་ལེའུ་བཅུ་བཞི་པའོ།། །། དེ་ནས་འདི་ལས་གསང་ཆེན་བཤད། །ཡང་དག་ཏིང་འཛིན་མཚན་ ཉིད་དོ། །དཔལ་ཧེ་རུ་ཀར་གནས་གང་གིས། །གུས་བཅས་ལས་གཞན་ལ་ཡོད་མིན། །འཇིགས་པ་ལ་སོགས་ཆགས་པའི་མཐར། །བསྟན་པ་སྤྲུལ་པའི་སྐུ་གསལ་བའོ། །ཆོས་དང་ལོངས་སྤྱོད་རྫོགས་སོགས་འདིར། །ཐམས་ཅད་བསྡུས་ པ་བྱས་པར་འགྱུར། །ཐོག་མར་གནས་ནི་ཀུན་བསྒྲུབ་བྱ། །སྐྱེ་བོ་མེད་དང་རི་སོགས་དང་། །དུར་ཁྲོད་དུ་བྱ་དེ་རུ་ནི། །གཏོར་མ་ཞིང་སྐྱོང་རྣམས་ལའོ། །རྣལ་འབྱོར་ཁ་ཡི་གཙང་སྦྲ་སོགས། །སྔོན་སོང་མཆོད་ཡོན་ལ་སོགས་འབུལ། །བཅོམ་ལྡན་ འདས་ཀྱི་སྐུར་དམིགས་ནས། །རས་བྲིས་སོགས་བསྒོམ་བཤད་ལྡན་པར། །ཡི་དགས་གདན་ཅན་དྲག་ཆེན་པོ། །བསྒོམ་པ་འགྲོ་བའི་དོན་དང་ལྡན། །ཀུན་ནས་ཀུན་དུ་སྐད་ཅིག་གིས། །ཏིང་ངེ་འཛིན་ནི་དམིགས་པར་བྱ། །ཤྲཱི་ཡིག་འབྱུང་ བ་ཀུན་གྱི་དོན། །ཕྱི་དང་ནང་གི་བདག་ཉིད་འདོད། །འདི་དག་ཀུན་རྫོབ་གཟུགས་དང་ནི། །འཇུག་མེད་བདེ་བའི་མཐའ་ཅན་གང་། །ཨེ་བྃ་ལ་སོགས་གཉིས་མེད་པའང་། །ཤྲཱི་ཞེས་བྱ་བའི་ཡིག་ངེས་བརྗོད། །ཧེ་ཡིག་སྙིང་ག་ནས་ཀུན་དུ། ། ཧེ་རུ་ཀ་སོགས་རང་འཁོར་འགྲོ། །བསྒོམ་པ་ཀུན་གྱི་འབྱུང་གནས་ལས། །འཛིན་པ་ལ་སོགས་རྣམ་བསྐྱེད་འགྱུར། །དེ་ནི་རྒྱུ་སྟོང་བདག་ཉིད་དེ། །རྒྱུའི་བདག་ཉིད་དུ་མི་རྟོག་པའོ། །རང་བཞིན་ཆོས་བདག་མེད་པ་ཉིད། །དེ་ནི་སྟོང་པའི་ 86-1-38b རྣལ་འབྱོར་གནས། །བཀོད་པ་གང་ཟག་བདག་མེད་པ། །རྟོག་པའི་དྲ་བ་ཆེན་པོ་ནི། །རུ་ཡིག་རྐྱེན་གྱི་བདག་ཉིད་ཅན། །དེ་ནི་བདག་གི་བཀོད་བྲལ་བའོ། །སླར་བརྗོད་ཀ་ནི་མ་ལུས་པའི། །བདག་གིས་གཉིས་བྱར་མེད་ཤེས་གང་། །གང་ཕྱིར་ཅི་ལ་ འང་མི་གནས་པ། །དེ་ཕྱིར་ཀ་ཞེས་བྱ་བར་བརྗོད། །དངོས་པོ་མངོན་སུམ་སྟོང་པ་མིན། །དངོས་པོ་ཙམ་གྱི་རང་བཞིན་ཅན། །དཔལ་ཧེ་རུ་ཀ་གནས་ལྷ་མོ། །སྔ་ནས་བསྒོམ་པ་ཀུན་འགྲོ་བའོ། །སྙིང་ལ་པད་མ་ཉི་དབུས་སུ། །ཡེ་ཤེས་ ས་བོན་རང་བྱུང་ལས། །འོད་ཟེར་ཁ་དོག་སྣ་ཚོགས་པ། །ནམ་མཁའ་གང་བར་སྤྲོ་བར་བྱ། །ཡེ་ཤེས་མཁའ་འགྲོ་མ་ཡི་གཟུགས། །ལྷ་ཡི་ཚོགས་ནི་སྤྱན་དྲངས་ནས། །ནམ་མཁའི་ཁོངས་ཀྱི་དབུས་སུ་ནི། །འགྲོ་བའི་བདག་པོ་གཞག་ བྱས་ལ། །ཟླ་ཉི་ཤར་བདག་ཉིད་སྐྱེས་པའི། །བདུད་རྩི་སོགས་ཀྱིས་མཆོད་བྱས་ནས། །སྡིག་པ་བཤགས་སོགས་བྱས་ནས་ནི། །སྙིང་རྗེ་ལ་སོགས་རྗེས་དྲན་བྱ། །སྟོང་ཉིད་རང་བཞིན་བདག་ཉིད་ཀྱི། །རྣལ་འབྱོར་དག་པ་རྣམ་ བསྒོམ་བྱ། །ས་བོན་ལྔ་ཡི་རང་བཞིན་ལས། །ཁང་པ་བརྩེགས་པ་རྣམ་སྤྲུལ་བྱ། །རྒྱུ་ཡི་རྡོ་རྗེ་འཆང་བ་ཕྱིས། །རི་རབ་པད་མའི་སྟེང་དུ་གསལ། །སྐུ་མདོག་དཀར་པོ་ཞལ་བཞི་པ། །སྤྱན་གསུམ་ཕྱག་ནི་བཅུ་གཉིས་པ། །ཤེས་ རབ་ཁ་སྦྱོར་སྦྱོར་བདག་ཉིད། །བྱིས་པའི་རྒྱན་གྱིས་བརྒྱན་པའོ། །དཀར་དང་ལྗང་གུ་དམར་བ་དང་། །སེར་པོ་གཡོན་ནས་བསྐོར་བས་སོ། །ཞལ་གྱི་རལ་པའི་ཅོད་པན་ལ། །སྣ་ཚོགས་རྡོ་རྗེ་ཟླ་ཕྱེད་འཛིན། །འཕྲོག་བྱེད་དཀར་མོ་ མཉམ་པར་མནན། །གཡས་བརྐྱང་ཞབས་ཀྱིས་ཡང་དག་བཞུགས། །རྡོ་རྗེ་དྲིལ་བུ་གླང་ཆེན་གྱི། །ལྤགས་པ་ཅང་ཏེའུ་གྲི་གུག་དང་། །དགྲ་སྟ་རྩེ་གསུམ་དེ་བཞིན་དུ། །ཁ་ཊྭཱྃ་ག་སྣོད་ཞགས་པ་དང་། །མགོ་སྟེ་གཡོན་དང་གཡས་ པར་རོ། །འདམ་སྐྱེས་ཁ་དོག་སྣ་ཚོགས་པ། །འདབ་མ་བཞི་བཅུ་རྩ་བརྒྱད་དང་། །འཁོར་ལོའང་བཅུ་གཉིས་བདག་ཉིད་ཅན། །སྒོ་ནི་བཅུ་དྲུག་བདག་ཉིད་དང་། །ཉམས་དགའ་དུར་ཁྲོད་སོ་གཉིས་ནའོ། །གྲི་གུག་རིན་ཆེན་རྡོ་རྗེ་དང་། །པད་ 86-1-39a མ་འཁོར་ལོ་རལ་གྲི་དང་། །སྣ་ཚོགས་རྡོ་རྗེ་ཐོད་པ་དང་། །མགོ་བོ་ཀེང་རུས་འདི་རྣམས་དང་། །ཞགས་པའམ་ལྕགས་ཀྱུར་ཤེས་བྱ་སྟེ། །འཁོར་ལོ་འཁོར་ལོར་ཕྲེང་བའོ། །རེ་རེར་རྩིབས་ནི་སུམ་བཅུ་དྲུག །རྡོ་རྗེ་པད་མ་ ཉི་མ་ཅན། །རྒྱུ་ཡི་རྡོ་རྗེ་ཡོངས་གྱུར་པ། །ལྔ་བརྒྱ་བཞི་ཡིས་ལྷག་པ་ཡི། །དཀྱིལ་འཁོར་འཁོར་ལོ་རྫོགས་པའོ། །རྟག་ཏུ་གླུ་མའི་སྒྲ་ཡིས་སོ། །མངའ་བདག་ཉི་མ་རེ་རེར་འགྲོ་བ་མགྲོན་འབོད་ན། །ཁྱོད་ནི་ཅི་ཡི་ཕྱིར་ན་སྟོང་པ་ཉིད་ དུ་ཞུགས། །བཞེངས་ཤིག་བཞེངས་ཤིག་བདག་ནི་སྙིང་རྗེའི་རང་བཞིན་ཏེ། །རྡོ་རྗེ་འཛིན་པ་བདེ་ཆེན་བདག་ལ་འདོད་པ་མཛོད། །གསོན་ཅིག་གསོན་ཅིག་གཞན་གྱི་དགོས་པ་ནུབ། །འཇིག་རྟེན་ཕྱུགས་གང་ཤི་བ་བཞིན་དུ་འགྱུར། ། བདག་གི་པད་མ་རྒྱས་པ་ལ་འདོད་མཛོད། །དེ་ལྟར་འཇིག་རྟེན་ཀུན་བདེར་འགྱུར་བར་བྱོས། །རྡོ་རྗེ་འཛིན་པས་བདག་ལ་རོལ་ཅིག་རོལ། །ལྷན་སྐྱེས་རང་བཞིན་བརྗོད་དུ་མེད་པ་འཐོབ། །སེམས་ཅན་འཇིག་རྟེན་གཞན་ནི་ རྨོངས་གྱུར་པས། །ཇི་ལྟར་ཁྱོད་ཀྱི་སྟོང་པ་དོན་མེད་འགྱུར། །ཁྱོད་ནི་ཆོས་རྣམས་ཀུན་གྱི་བྱེད་པ་སྟེ། །ཅི་ཕྱིར་ལྷན་སྐྱེས་རང་བཞིན་འགྲོ་མེད་བཞུགས། །བདག་ལ་མཆོག་གི་དོན་གྱིས་འདོད་པ་མཛོད། །དེ་ལྟར་ཁྱོད་ནི་འཇིག་ རྟེན་རྣམས་མཐུན་བཞུད། །གླུ་འདིས་རྗེས་སུ་བསྐུལ་བ་ཡིས། །རང་ཉིད་ཧེ་རུ་ཀ་རབ་སད། །ཨོཾ་ཨཱཿཀཱ་ཡ་བཱ་ག་ཙིཏ་ཏ་བཛྲ་ཧཱུྃ་ཕཊ་ཧོ། གསང་སྔགས་འདི་ནི་འདོན་པ་ན། །སྐད་ཅིག་རྣམ་པའི་རྣལ་འབྱོར་ལྡན། །སྐད་ཅིག་སྔགས་ ལས་བྱུང་བདག་ཉིད། །དཔའ་བོ་ཀུན་དང་རྣལ་འབྱོར་མའོ། །འཇིགས་བྱེད་མཚན་མོ་ནག་མོ་དང་། །ལྟེ་བ་ཉི་མ་མེ་མཆོག་ལ། །གར་དུ་མཛད་པ་ཡི་ནི་སྐུ། །གནག་དང་ལྗང་གུ་ཕྱེད་ཕྱེད་དོ། །བདུན་བཅུ་རྩ་དྲུག་ཕྱག་དང་ནི། །ཞལ་བཅུ་བདུན་ལ་སྤྱན་གསུམ་ པ། །དཔའ་བོ་རལ་པའི་ཅོད་པན་འཛིན། །སྣ་ཚོགས་རྡོ་རྗེ་ཟླ་ཕྱེད་ཅན། །མཆེ་བ་ཆེན་པོ་གཙིགས་པའི་ཞལ། །གཡས་དང་གཡོན་པ་རྟག་ཏུ་ནི། །སེར་བ་དང་ནི་ལྗང་གུ་གྲགས། །ནུབ་ནི་དམར་པོ་དེ་བཞིན་ཏེ། །ལྷག་མའི་ཞལ་ནི་བུང་བ་མཚུངས། །མཆེ་བ་ 86-1-39b གཙིགས་པ་འཇིགས་པར་བྱེད། །རིམ་པ་ཇི་ལྟའི་མཚོན་ཆའི་ཚོགས། །གཡས་དང་གཡོན་པར་ཤེས་པར་བྱ། །གླང་ཆེན་ལྤགས་པ་ཕྱག་གཉིས་ཀྱིས། །སྐྱེ་གནས་ཕྱག་རྒྱ་དེ་བཞིན་གཞན། །རྡོ་རྗེ་རལ་གྲི་མདུང་རིངས་དང་། །རྩེ་གསུམ་ཇི་ལྟའི་རིམ་པས་ གཡས། །དགྲ་སྟ་གྲི་གུག་མདའ་དང་ནི། །གསལ་ཤིང་ཕུག་དང་ཐོ་བ་དང་། །འཁོར་ལོ་ཅང་ཏེའུ་ཆུ་གྲི་དང་། །དབྱུག་ཏོ་དང་ནི་མཚོན་རྩེ་གཅིག །དུང་དང་ཟངས་དུང་དབྱི་གུ་དང་། །རྨ་བྱའི་འཇུག་མ་དེ་བཞིན་དུ། །བྱ་རོག་སྒྲོ་དང་པིར་དང་ནི། །མེ་ཡི་ ཐབ་དང་རི་བོ་དང་། །དབྱུག་པ་མེ་ལོང་པི་ཝང་དང་། །རྐང་མགོ་ལག་པ་གློ་བ་དང་། །རྒྱུ་མ་སྒྲ་གཅན་ལྕགས་སྒྲོག་དང་། །གདོས་དང་དུ་བྷུ་ས་ཉ་རྒྱ། །མགོ་མེད་འབར་བའི་མར་ནག་དང་། །འཇིགས་བྱེད་གཟུགས་ཏེ་རིམ་པས་སོ། །གཡོན་པ་ དྲིལ་བུ་ཕུབ་རིངས་མཆེ། །གཏུན་ཤིང་ཞགས་པ་ཐོད་པ་དང་། །གཞུ་དང་ཁ་ཊྭཱྃ་ག་པོ་ཏི། །ཕུབ་ཆུང་ཡུ་ཅན་སྡིགས་མཛུབ་དང་། །གཡེར་ཀའི་ཕྲེང་དང་ལྕགས་སྒྲོག་དང་། །བྲག་དང་དུར་ཁྲོད་རྡུལ་དང་ནི། །བྷོ་ཀྃ་རྔ་དང་ལྤགས་རློན་དང་། །སྐྲ་ཡི་ ཐག་པ་འཕྱང་བ་དང་། །རོ་སྲེག་སྐུལ་པའི་ཤིང་བུ་དང་། །འཕོངས་དང་ཕུབ་རིངས་མགོ་བོ་དང་། །ཀེང་རུས་ཟོར་བ་དེ་བཞིན་དུ། །མིག་དང་མཁལ་མ་གཉེ་མ་དང་། །སྤན་པ་ཡི་ནི་ཕུར་བུ་དང་། །ས་བོན་གང་བ་སོག་ལེ་དང་། །ཁབ་དང་རླིད་ བཤུས་ལྤགས་པ་དང་། །སྤྲིན་ཆར་འབབ་དང་ཤིང་ལྕགས་ཀྱུ། །ཕྱག་གི་མཚོན་ཆ་བདུན་བཅུ་གཉིས། །དེ་ལྟའི་རིམ་པས་ཤེས་པར་བྱ། །མགོ་བོ་ལྔ་ཡིས་རྒྱན་དུ་བྱས། །ཕྱག་རྒྱ་དྲུག་དང་ལྡན་པས་ཀླུབས། །དེ་བཞིན་མགོ་རྒྱའི་ཕྲེང་བ་ དང་། །དཔུང་རྒྱན་ཞབས་གདུབ་སྒྲ་སྒྲོགས་དང་། །སྐུ་ལ་བ་སྤུའི་ཕྲེང་བར་ལྡན། །དེ་ཡི་མདུན་དུ་ལྷ་མོ་ཆེ། །རྡོ་རྗེ་ཕག་མོ་སྔར་དང་མཚུངས། །ཤེས་རབ་ཐབས་ཀྱི་བདེ་བས་བརླན། །སྐུ་ཡི་ཚིགས་སྐབས་ཀུན་ལའོ། །སྣ་ཚོགས་ཧེ་རུ་ཀ་འབར་ བས། །རྣམ་པར་འཕྲོ་བཅས་རྣམ་བསྒོམ་བྱ། །དབུ་རྣམས་ཀུན་ལ་དར་དཔྱངས་ཀྱི། །ཕྲེང་བ་བརྟུལ་ཞུགས་ཅན་གྱིས་བྱ། །པད་མའི་འདབ་མར་ཤར་སོགས་ཀྱི། །བར་བར་དུ་ནི་རྣལ་འབྱོར་མ། །ཉི་ཤུ་རྩ་བཞིའི་གྲངས་ཉིད་ནི། །མཁའ་འགྲོ་མ་ 86-1-40a སོགས་དྲུག་དྲུག་གོ། །ཤར་ལ་སོགས་ནས་བྱང་གི་མཐར། །མཁའ་འགྲོ་མ་སོགས་དྲུག་དེ་བཞིན། །དང་པོ་བྱང་ནས་ནུབ་ཀྱི་མཐར། །སླར་ཡང་ལཱ་མ་ལ་སོགས་དྲུག །ནུབ་ལ་སོགས་ནས་ལྷོ་ཡི་མཐར། །དུམ་སྐྱེས་མ་ལ་སོགས་ པའི་རིགས། །དང་པོ་ལྷོ་ནས་ཤར་གྱི་མཐར། །དེ་ནས་གཟུགས་ཅན་མ་སོགས་དྲུག །མཁའ་འགྲོ་མ་དང་གཟུགས་ཅན་ཉིད། །འོ་བྱེད་མ་དང་གཞན་སྒྱུར་མ། །བྱིས་བཅས་མ་དང་རྗེས་འཇུག་མ། །ཕྱེད་ནག་ཕྱེད་སྔོན་ཅན་རྣམས་སོ། ། ལཱ་མ་རྣལ་འབྱོར་དབང་ཕྱུག་དང་། །བཟང་མོ་ཐོད་པ་ཅན་ནག་མོ། །རྒྱལ་པོ་སྐོར་མ་ཕྱེད་ལྗང་གུ། །གང་ཕྱིར་ཕྱེད་དམར་རིམ་པས་སོ། །དུམ་སྐྱེས་མ་དང་དུར་ཁྲོད་མ། །རྣམ་པར་ཞུ་མ་ཀུ་རུ་ཀུ་ལ་མ། །ངུ་མ་གར་མར་གྲགས་མ་རྣམས། །ཕྱེད་ དམར་བ་ལ་ཕྱེད་སེར་མོ། །གཟུགས་ཅན་འཇིགས་བྱེད་གཙུག་པུད་མ། །ཐོར་ཚུགས་རལ་པ་ཅན་དྲག་མོ། །ལྷ་མོ་ཕྱེད་སེར་ཕྱེད་ནག་མའོ། །ཕྱག་མཚན་ལ་སོགས་ཕག་མོ་བཞིན། །མཚམས་ཀྱི་འདབ་མ་རྣམས་ལ་ནི། །བདུད་རྩི་ལྔ་ཡི་སྣོད་ རྣམས་སོ། །གཡས་བརྐྱང་ཞབས་ཀྱིས་དེ་བཞིན་དུ། །ཐོད་པའི་ཕྲེང་བ་སོགས་འཛིན་མ། །གཡོན་སྐོར་དུ་ནི་ཤེས་བྱ་སྟེ། །རི་རབ་སྟེང་གི་ཆར་སྐྱེས་མའོ། །དེའི་བརྒྱ་རྡོ་རྗེའི་འཁོར་ལོ་ནི། །སྔོ་ནག་པ་ཡི་དབུས་སུ་ནི། །མཁའ་འགྲོ་དེ་བཞིན་ལཱ་ མ་དང་། །དུམ་སྐྱེས་མ་དང་གཟུགས་ཅན་མ། །རབ་གཏུམ་མོ་དང་གཏུམ་མིག་མ། །འོད་ལྡན་མ་དང་སྣ་ཆེན་མོ། །དཔའ་བློ་མོ་དང་མིའུ་ཐུང་མ། །ལང་ཀའི་བདག་མོ་ཤིང་གྲིབ་མ། །སྲུ་སྲུངས་མ་དང་དེ་བཞིན་འདིར། །འཇིགས་བྱེད་ཆེན་མོ་རུ་ ནི་དྲན། །རླུང་ཤུགས་མ་དང་ཆང་ཟ་མོ། །སྔོ་བཟངས་ལྷ་མོ་རབ་བཟང་མ། །རྟ་རྣ་མ་དང་བྱ་གདོང་མ། །འཁོར་ལོའི་ཤུགས་མ་དུམ་སྐྱེས་མ། །ཆང་འཚོང་འཁོར་ལོའི་གོ་ཆ་མ། །ཤིན་དུ་དཔའ་མོ་སྟོབས་ཆེན་མ། །འཁོར་ལོ་བསྒྱུར་མ་བརྩོན་ཆེན་ མོ། །གཤིན་རྗེ་མ་སྐྱེས་གཤིན་རྗེ་མ། །དེ་བཞིན་གཡོ་བྱེ་སྐྲག་བྱེད་མ། །གཏུམ་མོ་དང་ནི་དབྱངས་ཅན་མ། །འདོད་འགྲུབ་མ་དང་འབར་ཆེན་མོ། །ཁ་དོག་འཁོར་ལོ་ཇི་ལྟ་བའོ། །ཕྱག་བཞི་མ་ལ་ཞལ་གཅིག་མ། །ཐོད་པ་དང་ནི་ཁ་ཊྭཱྃ་འཛིན། །ཅང་ 86-1-40b ཏེའུ་གྲི་གུ་དེ་བཞིན་ནོ། །སྐྲ་གྲོལ་ཕྱོགས་ཀྱི་གོས་ཅན་མ། །སྐུ་ལ་ཕྱག་རྒྱ་ལྔ་སོགས་ཏེ། །རྡོ་རྗེའི་ཕྲེང་བས་རྣམ་པར་བརྒྱན། །ཡི་དགས་གདན་ཅན་དྲག་ཆེན་མོ། །འཁོར་ལོ་ཀུན་གྱི་རྣལ་འབྱོར་མ། །སྣ་ཚོགས་རྒྱན་དང་ལྡན་པ་དང་། །དེ་བཞིན་ ཤེས་རབ་ཐབས་ལྡན་པའོ། །དེ་ལྟར་གཟུགས་མེད་ཁམས་དང་ནི། །དེ་ཡང་གནས་སུ་ངེས་པར་བརྗོད། །རབ་ཏུ་དགའ་བའི་སར་གྲགས་པའོ། །སླར་ཡང་གནས་དང་ཉེ་གནས་སོགས། །དེ་ལྟར་ས་ཡི་དབུས་སུ་ཡང་། །ས་བཅུ་ གཉིས་སུ་འདོད་པ་ཡིན། །དེ་ལྟར་ཐམས་ཅད་དུ་ཤེས་བྱ། །ཁམས་གཅིག་འདིར་ནི་ཐམས་ཅད་དོ། །སུམ་བཅུ་རྩ་དྲུག་བཤད་པ་རྣམས། །གཙོ་བོ་ཡོན་ཏན་ཀུན་རང་བཞིན། །དེ་ལྟར་ཁམས་ནི་དཔའ་བོ་དང་། །རྣལ་འབྱོར་མ་རྣམས་རང་ བཞིན་ཅན། །ཁོར་ཡུག་ཏུ་ནི་སེམས་ཅན་རྣམས། །རྫུས་སྐྱེས་རིགས་ཀྱི་རིམ་པས་སོ། །དེ་ཡང་སུམ་བཅུ་རྩ་དྲུག་གི། །ཡུལ་དང་ཡུལ་རིམ་པས་ཕྱེའོ། །ཞེས་བྱ་བ་ནི་རྡོ་རྗེའི་འཁོར་ལོའི། །དེ་ནས་དེ་ཡི་ཕྱི་རོལ་འཆད། །སླར་ཡང་སྙིང་པོའི་ འཁོར་ལོ་འདི། །དམར་སེར་ཁ་དོག་ལ་དེ་བཞིན། །འཁོར་ལོའི་རྩིབས་ཀྱི་དབུས་སུ་ནི། །རྡོ་རྗེ་འཆང་མ་མི་བསྐྱོད་མ། །རྣམ་སྣང་རིན་ཆེན་དབང་མོ་དང་། །པད་མ་གར་མ་དོན་ཡོད་མ། །སྤྱན་མ་དང་ནི་མཱ་མ་ཀཱི། །གོས་དཀར་སྒྲོལ་མ་གཟུགས་ རྡོ་རྗེ། །སྒྲ་དང་དེ་བཞིན་དྲི་དང་རོ། །རེག་དང་ཆོས་དབྱིངས་རྡོ་རྗེ་མ། །ས་སྙིང་མ་དང་མཁའ་སྙིང་མོ། །ཕྱག་མ་འཇིག་རྟེན་མགོན་པོ་མ། །སྒྲིབ་ཀུན་སེལ་མ་ཀུན་བཟང་མོ། །རིན་ཆེན་སྒྲོན་མེ་བདག་མེད་མ། །ཁྲོ་གཉེར་རི་ཁྲོད་ལོ་མ་ཅན། ། གཤིན་མཐར་བྱེད་མ་ཤས་མཐའ་མ། །པད་མཐའ་མ་བགེགས་མཐར་བྱེད་མ། །མི་ཡོག་མ་དང་དབྱུག་སྔོན་མ། །འདོད་རྒྱལ་མ་དང་སྟོབས་ཆེན་མོ། །གཙུག་ཏོར་མ་དང་གནོད་མཛེས་མ། །ཁ་དོག་འཁོར་ལོ་ཇི་བཞིན་ཏེ། །ཞལ་ལ་སོགས་ པའི་མཚན་ཉིད་ཀུན། །ལྷག་མ་རྡོ་རྗེའི་འཁོར་ལོ་བཞིན། །ཉེ་བའི་གནས་སུ་ལྷ་མོ་རྣམས། །རང་འདྲའི་ཐབས་དང་བསམ་པར་བྱ། །གཡས་བརྐྱང་བ་ཡི་ཞབས་ཀྱིས་ཀྱང་། །གཟུགས་ཀྱི་ཁམས་དང་དྲི་མེད་དང་། །གླིང་དང་པོ་རུ་འདོད་པ་ཡིན། ། 86-1-41a འདྲེན་བར་རྣམ་པར་ཤེས་བྱ་དང་། །ཆུང་ངུའི་ཧེ་རུ་ཀར་འདོད་དང་། །གསུམ་པར་པད་མའི་ཧེ་རུ་ཀ །བཞི་པ་ནམ་མཁའ་བར་འདོད་དང་། །ལྔ་པར་འཐོར་རླུང་ཧེ་རུ་ཀ །དྲུག་པར་ས་ཡི་ཧེ་རུ་ཀ །བདུན་པར་འབར་བའི་ཧེ་རུ་ ཀ །བརྒྱད་པར་གཤེར་བའི་ཧེ་རུ་ཀ །དགུ་པར་ཡེ་ཤེས་ཧེ་རུ་ཀ །བཅུ་པར་ཐུགས་ཀྱི་ཧེ་རུ་ཀ །བཅུ་གཅིག་གསུང་གི་ཧེ་རུ་ཀ །བཅུ་གཉིས་པར་ནི་སྐུ་ཡིར་འདོད། །བཅུ་གཉིས་དེ་རྣམས་རྡོ་རྗེ་ཆེ། །ཧེ་རུ་ཀ་སྟེ་རྒྱུད་གཞན་མེད། །འཁོར་ལོ་ གསུམ་སྡོམ་ཧེ་རུ་ཀ །དེ་རྣམས་དབྱིབས་ནི་ཅི་འདྲ་བ། །སྐུ་མདོག་རང་རང་འཁོར་ལོ་ལས། །བློ་ལྡན་རྣམས་ཀྱིས་མཚོན་པར་བྱ། །ཞེས་བྱ་བ་ནི་སྙིང་པོའི་འཁོར་ལོ་སྟེ་གཉིས་པའོ།། །། དེ་ནས་དེ་བརྒྱ་ཡོན་ཏན་ཀུན། ། ཞེས་བྱའི་འཁོར་ལོ་དཀར་དམར་བ། །རྡོ་རྗེའི་རྩིབས་ཀྱི་དབུས་སྦྱིན་པ། །ཕོ་ཉ་མ་མཆོག་སུམ་བཅུ་དྲུག །བྲམ་ཟེ་རྒྱལ་རིགས་རྗེ་རིགས་མོ། །དམངས་མོ་གཏུམ་མོ་ཁྱི་འཚོང་མ། །གཡུང་མོ་གར་མ་ཐོད་པ་ཅན། །ཉ་བ་མོ་དང་ སྨྱིག་དཀར་མ། །དུང་མཁན་མོ་དང་ཐ་ག་མོ། །ཁུར་བ་མཁན་མོ་ཤིང་བཟོ་མ། །ཕྲེང་མ་ཁ་མ་ཚོས་མ་དང་། །སྲིན་བལ་བྱེད་མ་ཕོ་ཉ་མོ། །བཤང་འཕྱག་མ་དང་རྩི་མཁན་མ། །ཆང་འཚོང་ལྡུམ་རའི་གཉེར་བ་མོ། །རྒྱལ་པོས་བཀྲབས་ མ་ཤན་པ་མོ། །སོ་རྩི་འཚོང་བར་བྱེད་མ་དང་། །གསེར་མགར་མོ་དང་ལྕགས་མགར་མོ། །ནོར་བུ་བརྒྱུད་མ་ནགས་པ་མོ། །ཀླ་ཀློ་ཨོ་ཌི་ཚོང་པ་མོ། །རྡོ་བཟོ་མ་དང་ཞིང་ལས་མ། །ཀོ་ལྤགས་མོ་སྟེ་རྣལ་འབྱོར་མ། །འདི་རྣམས་ འཁོར་ལོའི་ཁ་དོག་གོ། །ལྷག་མ་ཐམས་ཅད་སྙིང་པོ་ཡི། །འཁོར་ལོ་ཇི་བཞིན་ཤེས་པར་བྱ། །འདིར་ནི་ཞིང་དུ་ཤེས་བྱ་སྟེ། །འདོད་ཁམས་རིགས་ཀུན་བདག་ཉིད་དང་། །གཉིས་པའི་གླིང་ཞེས་བྱ་བར་བཤད། །རང་གི་ཤེས་རབ་ཐབས་ བདག་ཉིད། །འོད་བྱེད་པ་ཡི་ས་དེ་བཞིན། །བླ་མ་རང་ཉིད་མཆོད་པར་བྱ། །རང་མིང་བརྗོད་པའི་སྔགས་ལ་ནི། །ཐོག་མར་ཕྱག་འཚལ་རབ་ཏུ་གྲགས། །ཧཱུྃ་ཧཱུྃ་ཕཊ་ཀྱི་ཡི་གེ་མཐར། །དེ་ལྟར་འཁོར་ལོ་ཀུན་ལ་བྱ། །དེ་ཡི་ཕྱི་རོལ་ 86-1-41b ཟླུམ་པོར་སྦྱིན། །རི་མོ་གཉིས་ནི་གནག་དང་སྔོ། །སྒོ་དང་རྟ་བབས་ཁ་ཁྱེར་དང་། །དྲ་བ་དྲ་བ་ཕྱེད་པས་མཛེས། །ཤར་གྱི་སྒོ་ཡི་དབུས་སུ་ཡང་། །མཁའ་འགྲོ་མ་འདྲའི་ཁྭ་གདོང་མ། །བྱང་དུ་འུག་པའི་གདོང་ཅན་མ། །ནུབ་དུ་ ཁྱི་གདོང་ཅན་མ་དང་། །ལྷོ་རུ་ཕག་གི་གདོང་ཅན་ཏེ། །ཁ་དོག་ལཱ་མ་སོགས་འདྲ་མཆོག །མེ་དང་བདེན་བྲལ་རླུང་དང་ནི། །དབང་ལྡན་མཚམས་ན་གནས་པ་མོ། །གཤིན་རྗེ་བརྟན་མ་ཕོ་ཉ་མོ། །མཆེ་གཙིགས་འཇོམས་ མ་རིམ་ཇི་བཞིན། །ཁ་དོག་གཉིས་གཉིས་མཉམ་པར་བྱ། །ཞལ་ནི་རྗེས་སུ་མཐུན་རིམ་པས། །ཤར་དང་བྱང་དང་ནུབ་དང་ནི། །ལྷོ་ཡི་ས་གཞི་རྟག་པ་རུ། །གནག་དང་སྔོ་དང་ལྗང་དང་དམར། །སེར་པོ་ཡི་ནི་མདོག་ཏུ་བྱ། ། ལྷན་སྐྱེས་དཀྱིལ་འཁོར་དེ་བཞིན་དུ། །གང་ཕྱིར་འཁོར་ལོ་རིམ་པ་བཞི། །ཆོས་དང་ལོངས་སྤྱོད་རྫོགས་སྤྲུལ་པ། །མཇུག་ཏུ་བྱའོ་རིམ་ཇི་བཞིན། །འཁོར་ལོ་གཉིས་པར་རི་མོ་གསུམ། །གསུམ་པ་ལ་ནི་རི་མོ་བཞི། །བཞི་པ་ རི་མོ་ལྔའི་བདག་ཉིད། །དུར་ཁྲོད་ཀུན་ནས་རིམ་པས་ཏེ། །ཕྱི་རོལ་ལ་སོགས་ས་གཞི་ནི། །ཟླུམ་པོའི་དབྱིབས་སུ་བྱ་བར་འདོད། །འཁོར་ལོ་རི་མོ་ལྔའི་བདག་ཉིད། །གྲྭ་བཞི་པ་ལ་ཀུན་དུ་འབར། །དེ་ལ་ལྷན་སྐྱེས་འཁོར་ལོ་ཡི། ། དུར་ཁྲོད་རྣམས་ནི་བཤད་བྱ་སྟེ། །གཏུམ་དྲག་ཚང་ཚིང་དེ་བཞིན་དུ། །འབར་བས་འཁྲིགས་པའི་ཀེང་རུས་ཅན། །འཇིགས་སྡེ་ཤར་ལ་སོགས་པ་ཡི། །ཕྱོགས་སུ་གཡོན་སྐོར་ཡོངས་སུ་གནས། །ཨཊ་ཊ་ཊ་ཊ་རྒོད་དབང་ ལྡན་དུ། །དཔལ་གྱི་ནགས་ནི་བསྲེག་ཟེར་ཏེ། །མུན་པ་དྲག་པོ་བདེན་བྲལ་དུ། །རླུང་དུ་ཀི་ལི་ཀི་ལི་སྒྲོགས། །དུར་ཁྲོད་དྲག་པོའི་གཟུགས་རྣམས་ནི། །རོ་ལངས་འབྱུང་པོ་ལྕེ་སྤྱང་སྒྲ། །རིམ་པ་འདི་ཡིས་གནས་པ་སྟེ། །དུར་ ཁྲོད་བརྒྱད་པོ་རྣམས་སུ་ཡང་། །ཤིང་དང་ཕྱོགས་སྐྱོང་ཀླུ་དབང་སྟེ། །ཤི་ཤིང་ཁྱབ་ནས་ཀྃ་ཀེ་ལི། །ཙུ་ཏའི་ཤིང་དང་ནྱ་གྲོ་དྷ། །དེ་བཞིན་ཀ་རཉ་ཛ་ཀ་ཉིད། །ལ་ཏ་པར་ཀ་ཊི་དང་པ་ཐི་བ། །དབང་པོ་ནོར་སྦྱིན་དེ་བཞིན་དུ། །ཀླུ་དབང་དང་ནི་ 86-1-42a གཤིན་རྗེའི་བདག །དབང་ལྡན་དེ་ནས་བསྲེག་ཟ་དང་། །སྲིན་པོའི་དབང་པོ་རླུང་བདག་པོ། །ནོར་རྒྱས་འཇོག་པོ་དེ་བཞིན་དུ། །སྟོབས་ཀྱི་རྒྱུ་དང་པད་མ་ཉིད། །པད་ཆེན་ཧུ་ལུ་ཧུ་ལུ་དང་། །རིགས་ལྡན་དང་ནི་དུང་སྐྱོང་ ངོ་། །སྒྲོགས་པ་དང་ནི་འུར་སྒྲོགས་དང་། །དྲག་པོ་འཁྱིལ་བ་མཐུག་དེ་བཞིན། །གང་བ་ཆར་འབེབས་གཏུམ་པོ་སྟེ། །འདི་རྣམས་སྤྲིན་གྱི་བདག་པོའོ། །འདིར་ནི་དུར་ཁྲོད་ཐམས་ཅད་ལ། །རྡོ་རྗེ་ཕྲེང་བ་རྣམ་པར་སྦྱིན། །ཐམས་ཅད་ ཀྱང་འདིར་དེ་བཞིན་བྱ། །ཕྱི་དང་ནང་དུ་འདོད་པ་ཡིན། །ཞེས་བྱ་བ་ནི་གསུམ་པ་ཡོན་ཏན་གྱི་འཁོར་ལོའོ།། །། དེ་ནས་ཕྱི་རོལ་ནམ་མཁའ་ཡི། །འཁོར་ལོ་འདམ་སྐྱེས་སྔོན་པོ་མཚུངས། །སུམ་བཅུ་དྲུག་རྩིབས་དབུས་ སུ་ཡང་། །མཁའ་སྤྱོད་རྣལ་འབྱོར་མ་འདི་རྣམས། །མི་འམ་ཅི་མོ་དྲི་ཟ་མོ། །ཧུ་ཊ་ཀ་མ་བཱ་ཊ་བ་མ་དེ་བཞིན་དུ། །པི་ཝང་གླིང་བུ་མུ་ཀུན་ད་མ་དང་། །རྫ་རྔ་མ་དང་ངེས་པར་གག་ག་རི། །ཆ་ལང་མ་དང་ཤཱེ་ལེན་དྲི་ཀི་མ། །གླུ་མ་ཀ་ར་ ཌ་དང་ཏ་མ་ཌཱ་མཆོག་དང་། །གར་མ་སྒེག་མོ་ཊཀ་ཀ་མ་དང་ནི། །ཏཱ་ལི་ཤ་ར་ཎ་མོ་རྔ་ཆེན་མ། །མཽ་དྲི་རྒྱུད་ཅན་མ་དང་མ་རུ་མ། །ན་ལ་བ་མོ་དེ་བཞིན་ཌྷམ་བ་ཀི། །ཌམ་རུ་མ་དང་ཌུན་ཌཱུ་ཀི་དེ་བཞིན། །ཟངས་དུང་མ་དང་ར་དུང་མ་དེ་བཞིན། ། བྷུ་ཀི་མ་དང་དྲིལ་བུ་མ་དང་དྲིལ་ཆུང་མ། །གཡེར་ཁ་མ་དང་དེ་བཞིན་ཌ་ཀོ་ལིཀ་མ་དང་། །དུང་མ་དང་ནི་དབྱངས་ལྡན་མ་དེ་བཞིན། །འཁོར་མ་མཆོག་གི་དབང་ཕྱུག་མོ། །ཁ་དོག་སྣ་ཚོགས་བཀྲ་བ་འམ། །ཡང་ན་འཁོར་ལོའི་ཁ་ དོག་གོ། །ཉེ་བའི་ཞིང་ན་གནས་པ་མོ། །གླིང་ནི་གསུམ་པ་མོ་མཆོག་གོ། །མཁའ་ལ་སྤྱོད་མའི་རིགས་སུ་བྱོན། །གླིང་འདི་ལ་ནི་ཡང་དག་གནས། །ས་ནི་འོད་འཕྲོ་ཅན་དེ་དང་། །རང་རང་གནས་སོགས་ཞིང་མའོ། །ཡང་ན་ཌམ་རུ་ཁ་ཊྭཱྃ་ག ། འདིར་ནི་སླར་ཡང་སྤངས་ནས་སུ། །རང་རང་མཚན་མ་སོ་སོའི་ཚུལ། །ཇི་ལྟར་འདོད་པར་བྱ་བའོ། །འཁོར་ལོ་ཀུན་གྱི་ཅོད་པན་ལ། །རང་གི་བདག་པོས་བྱ་བའོ། །འདིར་ནི་ཤེས་རབ་ཐབས་བདག་ཉིད། །རིགས་ལྡན་བདག་ཉིད་རིགས་ཅན་མའོ། ། 86-1-42b ཇི་ལྟར་རྒྱན་ལ་སོགས་མང་པོ། །ལྷག་མ་སྔོན་བཞིན་བྱ་བའོ། །འཁོར་ལོ་ཀུན་དུ་སྤྱན་གསུམ་དང་། །ཕྱོགས་ཀྱི་གོས་འཆང་རྗེས་འགྲོ་མའོ། །ཞེས་བྱ་བ་ནི་ནམ་མཁའི་འཁོར་ལོ་སྟེ་དང་པོའོ།། །། དེ་ནས་ཕྱི་རོལ་རླུང་འཁོར་ལོ། ། སྔོན་པོ་སྣ་ཚོགས་པ་ཡི་མདོག །རྡོ་རྗེའི་རྩིབས་དབུས་སྦྱིན་བྱ་བ། །རྣལ་འབྱོར་མ་རྣམས་རིམ་ཇི་བཞིན། །ནམ་མཁའི་སྙིང་པོ་ལས་གཞན་མིང་། །བློ་དང་ལྡན་པས་ཤེས་པར་བྱ། །མཁའ་ལྡིང་ངང་མོ་བཀྲ་བ་མོ། །བྱ་རོག་བྱ་གར་ སྲེག་པ་མོ། །རྨ་བྱ་ཟངས་ཀྱི་གཙུག་པུད་མ། །གུ་ད་བུ་ལི་འཇམ་པ་མོ། །ཕུག་རོན་བྱ་རོག་ཆེན་མོ་དང་། །ག་ཌི་མི་དང་གོང་མ་སྲེག །ནེ་ཙོ་སྔགས་མ་བཞད་མོ་དང་། །བྱ་རྒོད་འུག་མ་མཆིལ་པ་མོ། །ཤིང་བྱེའུ་མོ་དང་ངུར་པ་མ། །བྲི་ཀྵཱ་ར་ནི་ ཀཀྐ་པའི། །སོ་བྱ་མོ་དང་བྱི་ལ་མོ། །ལྕུག་མའི་མགྲིན་དང་སཱ་རི་མོ། །ཁྲ་མོ་གུར་གུམ་ལྕེ་ཅན་མ། །བཱ་ཊི་རཱི་ཀཱ་ཀྃ་ཛྃ་གྷ་མོ། །ཧོར་མོ་ཀྃ་ཀ་མོ་དེ་བཞིན། །དཊྡ་རི་མོ་རི་དགས་དགྲ། །དེ་ལྟར་རྣལ་འབྱོར་མའི་འཁོར་ལོ། །འཁོར་ལོའི་ ས་གཞི་གང་འདྲའི་མདོག །ཡང་ན་རང་རང་ལས་ཤེས་བྱ། །ཕྱག་སོགས་དེ་བཞིན་སྔོན་དང་མཚུངས། །ཐམས་ཅད་ཤེས་རབ་ཐབས་བདག་ཉིད། །འདུན་ས་ལ་ནི་གནས་མ་མཆོག །སྦྱང་དཀའི་སར་ནི་ཤེས་བྱ་སྟེ། །གླིང་ནི་ བཞི་པ་མར་འདོད་དོ། །འཁོར་ལོ་འདི་ནི་སྒོང་སྐྱེས་དང་། །ཡོན་ཏན་གསུམ་གྱི་དབྱེ་བ་ཅན། །གསུམ་གྱི་བདག་ཉིད་གསུམ་པ་ཡི། །འཁོར་ལོ་དྲོད་གཤེར་སྐྱེས་གཟུགས་ཅན། །བཞི་པ་མངལ་སྐྱེས་ཞེས་བྱ་བ། །འཁོར་ལོ་གསུམ་ གྱི་བདག་ཉིད་འདོད། །ཞེས་བྱ་བ་ནི་རླུང་གི་འཁོར་ལོ་སྟེ་གཉིས་པའོ།། །། དེ་ནས་ཕྱི་རོལ་གྱི་བཤད་བྱ། །འཁོར་ལོ་ས་ཡི་མིང་ཅན་མཆོག །ཁ་དོག་སེར་པོའི་རང་བཞིན་ལ། །སུམ་བཅུ་དྲུག་རྩིབས་རྣམས་ཀྱིས་སྤྲས། །རྣལ་ འབྱོར་མ་ནི་སུམ་བཅུ་དྲུག །ས་སྤྱོད་མ་རྣམས་རིམ་ཇི་བཞིན། །སེང་མོ་སྟག་མོ་བྷིམྦྷ་རི་བོང་མ། །གླང་ཆེན་རི་དྭགས་བྱི་ལ་མོ། །བ་དང་མ་ཧེ་མོ་རྟ་མོ། །ལྕེ་སྤྱང་མོ་དང་བསྲེ་མོ་འབྲི། །བྱི་བ་བོང་མོ་བྷི་ཌི་མ། །ར་མོ་ལུག་མོ་རིམ་པ་བཞིན། ། 86-1-43a ཁྱི་མོ་ཕག་མོ་དོམ་མོ་དང་། །ཌན་ཌ་རི་མོ་མཽ་ཛྙཱ་ཀ །དྲེད་མོ་དང་ནི་སྒེག་མོ་དང་། །ནགས་མ་དང་ནི་ཁྱི་ཆེན་མོ། །བྱ་རོག་ཆེན་མོ་ཁ་སྒོ་མ། །སྦྲུལ་མོ་བཀྲ་མོ་རྔ་མོ་དང་། །སྲེ་མོ་རྩངས་མོ་ཕུག་པ་མོ། །གྲོང་ན་གནས་པ་མ་ མཆོག་གོ། །དེ་ལྟར་འཁོར་ལོའི་མདོག་བཞིན་མ། །ཡང་ན་རང་རང་ཁ་དོག་གོ། །ལྷ་མོ་ཤེས་རབ་ཐབས་བདག་ཉིད། །ཉེ་བའི་འདུན་སར་གནས་པ་མོ། །མངོན་དུ་གྱུར་པའི་ས་ཉིད་དང་། །དེ་ནི་ཤེས་རབ་ཕ་རོལ་ཕྱིན། །ལྔ་པའི་གླིང་ དུ་གནས་པ་མོ། །མཚོན་ཆ་ལ་སོགས་སྔོན་བཞིན་ནོ། །ལུས་ནི་བུད་མེད་རྣམ་པའི་གཟུགས། །གདོང་པ་རང་གི་དངོས་པོར་འདོད། །ཤར་དང་བྱང་དང་ནུབ་དང་ནི། །ལྷོ་ཡི་སྒོ་རུ་ཤེས་བྱ་བ། །ཚངས་མ་དབང་ཕྱུག་ཆེན་པོ་མ། ། གཞོན་ནུ་ཁྱབ་འཇུག་མ་དེ་བཞིན། །ཕག་མོ་དབང་མོ་གཏུམ་མོ་དང་། །དཔལ་ཆེན་མོ་ནི་གྲྭ་རྣམས་སུ། །སྒོ་རུ་གཟུགས་དང་མཚན་མ་ནི། །མཁའ་འགྲོ་མ་སོགས་བཞིན་དུ་གྲགས། །གྲྭ་རུ་བརྟན་མ་ལ་སོགས་བཞིར། །ཤེས་བྱ་ འདིར་ནི་རི་མོ་གསུམ། །སྐུ་གསུང་ཐུགས་ཀྱི་ཆོས་རྣམས་སོ། །ཆོས་ཀྱི་འཁོར་ལོ་ཤིན་ཏུ་མཛེས། །དུར་ཁྲོད་རྣམས་ནི་བརྗོད་བྱ་སྟེ། །མེ་ཡི་འཁོར་ལོའི་དབུས་སུ་ནི། །གསོད་དང་ཀུན་དུ་སྐྲག་བྱེད་དང་། །འཇིགས་པ་ཆེ་དང་འཇིགས་བྱེད་དང་། ། དྲག་པོའི་དུར་ཁྲོད་དེ་བཞིན་དུ། །གཡོན་སྐོར་དུ་ནི་རྣམ་པར་དགོད། །སྐྲོད་བྱེད་དང་ནི་སྡང་བྱེད་དང་། །ལྐུགས་བྱེད་དང་ནི་རེངས་བྱེད་སླར། །དབང་ལྡན་ལ་སོགས་གྲྭ་ལའོ། །ཤིང་ནི་རིམ་པས་སྦྱིན་བྱ་སྟེ། །གོ་ཡུ་སྟར་ག་ནཱ་ལི་ར། །སེ་ འབྲུ་བིལ་བའི་ཤིང་དེ་ནས། །སྐྱུ་རུ་བི་ཛྙ་རག་ཤའི་ཤིང་། །རིམ་པ་ཇི་བཞིན་རྣམ་པར་དགོད། །དབང་པོ་གཤིན་རྗེ་མ་ཆུ་མོ། །གནོད་སྦྱིན་འབྱུང་མོ་དྲུང་སྲོང་མ། །སྲིན་མོ་རླུང་གི་ཆུང་མ་སྟེ། །འཇིག་རྟེན་སྐྱོང་མ་སྦྱིན་པར་བྱ། །ཀླུ་མོ་ སྲིན་མོ་ཐམས་ཅད་ནི། །འདིར་ནི་རྣམ་པ་ཀུན་དུ་སྦྱིན། །དེ་ལྟར་དཀྱིལ་འཁོར་འཁོར་བཤད་ལ། །ཕུན་སུམ་ཚོགས་པ་ཐམས་ཅད་སྦྱིན། །ལས་ཀྱི་རྗེས་མཐུན་སྐུ་མདོག་ཅན། །དེར་ནི་གཙོ་བོ་བསྒོམ་པར་བྱ། །ཞེས་བྱ་བ་ནི་ 86-1-43b འཁོར་ལོ་གསུམ་པ་སའི་དཀྱིལ་འཁོར་ལ་རིམ་པ་གཉིས་དང་བཅས་པའོ།། ༈ །། དེ་ནས་ཕྱི་རོལ་སླར་ཡང་འདིར། །མེ་ཡི་འཁོར་ལོ་བདག་གིས་བཤད། །ཁ་དོག་དམར་པོ་འབར་ཆེན་མོ། །སུམ་བཅུ་དྲུག་རྩིབས་ རྣམས་མཆོག་ལ། །རྣལ་འབྱོར་མ་སླར་དགོད་བྱ་བ། །ལྷ་སོགས་རིགས་ལས་བྱུང་མ་སྟེ། །ལྷ་མོ་ཀླུ་མོ་གནོད་སྦྱིན་མོ། །འབྱུང་མོ་ངོ་བོ་ཙམ་པོའོ། །དེ་ཀུན་གསུངས་པ་འདི་ནི་ཅི། །ལྷ་ཡི་རིགས་བྱུང་བཤད་པར་བྱ། །མ་དང་ ཆུང་མ་སྲིང་མོ་དང་། །བུ་མོ་སྲིང་མོའི་བུ་མོ་དང་། །ཕ་ཡི་སྲིང་མོ་དེ་དང་ནི། །ཞང་པོ་ཡི་ནི་ཆུང་མ་དང་། །ཆུང་མའི་སྤུན་ཟླ་མ་དང་ནི། །དེ་ཉིད་ཀྱི་ནི་ཕ་ཡི་མ། །ཆུང་མ་ཡི་ནི་ཕྱི་མོ་དང་། །མ་ཡི་མ་དང་གཉེན་མོ་དང་། །མ་ཡི་སྤུན་ཟླའི་བུ་མོ་དང་། ། རང་གི་ཕྱི་མོའི་སྤུན་ཟླ་དང་། །སྤུན་ཟླའི་བུ་མོ་དེའི་བུ་མོ། །ཕ་ཡི་མ་དང་ཕྱི་མོ་དང་། །ཁུ་བོ་ཡི་ནི་ཆུང་མ་དང་། །བུ་མོའི་བུ་ཡི་ཆུང་མ་དང་། །སླར་ཡང་ཆུང་མའི་སྤུན་ཟླ་དང་། །རང་ཕའི་སྲིང་མོའི་བུ་མོ་དང་། །དེ་ཉིད་ཀྱི་ནི་རང་རིགས་སྐྱེས། ། སྤུན་ཟླའི་ཆུང་མ་བུ་མོ་དང་། །བུ་ཉིད་ཀྱི་ནི་ཆུང་མ་དང་། །བུ་མོའི་ཁྱོ་ཡི་མ་ཡི་ནི། །བུ་ཉིད་ཀྱི་ནི་སྒྱུག་མོ་དང་། །བུ་མོའི་བུ་མོར་ཡང་དག་བཤད། །ཕོ་ཉ་སུམ་བཅུ་དྲུག་རྣམས་སོ། །ཁ་དོག་དམར་པོར་ཡང་དག་གྲགས། །མཚོན་ཆ་ལ་སོགས་ སྔར་དང་མཚུངས། །ས་ནི་རིང་དུ་སོང་ཉིད་དང་། །དྲུག་པའི་གླིང་དུ་གནས་པ་མོ། །འདུ་བར་རྟག་ཏུ་ཤེས་བྱ་སྟེ། །ཤེས་རབ་ཐབས་བདག་ངོ་བོ་ཅན། །ནུས་པའི་འཁོར་ལོར་འདི་རྟག་ཏུ། །ཤེས་བྱ་རང་འདྲའི་མཛེས་མའོ། །གུན་དུ་རྡོ་རྗེའི་ ཕྲེང་ལ་སོགས། །ལུགས་འབྱུང་ལུགས་ལས་བཟློག་པ་ཡིས། །གཡོན་དང་གཡས་པའི་ལག་པ་ཡིས། །འདིར་ནི་མཆོད་པ་བྱེད་པ་ཡིན། །ཕྱུགས་རྣམས་ཀྱི་ནི་ཤ་ཐམས་ཅད། །ཀུན་དུ་སོན་པར་དབུལ་བར་བྱ། །བཏུང་བ་ རྣམ་པ་སྣ་ཚོགས་དབུལ། །བལྡག་བྱ་སྣ་ཚོགས་ཉིད་དེ་བཞིན། །རང་རང་སྟན་ལས་ལངས་ནས་ནི། །བླ་མ་རྡོ་རྗེ་འཛིན་པ་མཆོད། །སླར་ཡང་འོངས་ནས་འཁོར་ལོ་ཡི། །མཆོད་པ་བཅུ་གཉིས་རྣམས་ལའོ། །ཞེས་བྱ་བ་ནི་ལོངས་ 86-1-44a སྤྱོད་རྫོགས་པའི་འཕར་མའི་མེའི་འཁོར་ལོ་དང་པོའོ།། །། དེ་ནས་དེ་ཡི་ཕྱི་རོལ་བཤད། །ཆུ་ཡི་འཁོར་ལོ་རྫུ་འཕྲུལ་ཆེ། །མདོག་དཀར་སུམ་བཅུ་དྲུག་རྩིབས་ལ། །རྣལ་འབྱོར་མ་ནི་རིམ་པས་བསྒོམ། །མ་ཀ་ར་མོ་རུས་སྦལ་ཉ། ། སྦལ་མོ་རུས་སྦལ་ཆུ་སྲམ་མོ། །སྡིག་ནག་གགྒར་མ་ཤྲཱི་ལི་མ། །ཆུ་ཡི་ཕུག་མ་སྲིན་བུའི་གདོང་མ་དང་། །ཆ་ག་བ་མོ་ཀ་ཀ་རུ་མོ་སུ་ཡ་མོ། །ཆུ་བྱི་མོ་དང་གྲོག་མོའི་གདོང་མ་དང་། །ཆུའི་མི་མོ་དང་ནི་རྒོད་མ་དང་། །གླང་ཆེན་མོ་དང་སྟག་མོ་ལྕེ་སྤྱང་མོ། ། ཆུ་སྦྲུལ་མོ་དང་དུང་མོ་མགྲོན་བུ་མ། །ཉ་ཕྱིས་མ་དང་ནོར་བུ་ཛིང་གུ་ར་མ་དང་། །ལི་ས་མོ་དང་དུ་བ་དུ་ར་མ་ཀརྞྞ་ཊཱ། །ཕ་ཊ་ཀ་མོ་དཱ་བ་ཀ་མ་ཀྲི་མ་མོ། །ཛུ་ཥི་ཛུ་ཥཱི་མ་དང་ཤ་སྦྲང་མ་ཀ་ལཱ་མ། །ལྷ་ཡི་གཙོ་མོ་མཆོག་རྣམས་སོ། །དེ་ལྟར་ཁ་དོག་རང་ བཞིན་ནི། །དཀར་མོའམ་རང་རང་རིགས་སྐྱེས་པ་མོ། །གདོང་ནི་རང་རང་གཟུགས་ཀྱིས་ཏེ། །རྣལ་འབྱོར་མའི་རིམ་ཇི་བཞིན་ནོ། །ཉེ་བའི་འདུ་བ་ཉིད་དང་ནི། །ས་ནི་མི་གཡོ་བ་མཆོག་གོ། །བདུན་པའི་གླིང་དུ་གནས་པར་ནི། །ཤེས་བྱ་མཚོན་ ཆ་སྔོན་བཞིན་ནོ། །ཡང་ན་གང་བའི་རི་སོགས་ཀྱི། །མི་རྣམས་སུམ་བཅུ་དྲུག་ལྷའོ། །གནས་སོགས་རིམ་པས་དེ་རྣམས་སུ། །མི་མོ་དངོས་སུ་ཡང་དག་བྱ། །འཛམ་བུའི་གླིང་འདི་དེ་ཡིས་ནི། །དུམ་བུ་བཅུ་གཉིས་ཀྱིས་བརྒྱན་པའོ། ། བ་ཚ་ཞེས་བྱའི་རྒྱ་མཚོར་ནི། །དེ་རུ་གཏོགས་པའི་སྐྱེ་བོ་རྣམས། །དྲོད་གཤེར་སྐྱེས་དང་འདུ་འཕྲོད་ལས། །སྐྱེས་པའམ་མངལ་ནས་སྐྱེས་པར་བསམ། །འཁོར་ལོ་འདི་ནི་དྲོད་གཤེར་སྐྱེས། །མེ་ཡི་འཁོར་ལོ་མངལ་སྐྱེས་སོ། ། མཚན་ཉིད་ཐམས་ཅད་ཡོངས་རྫོགས་པའི། །ཤེས་རབ་ཐབས་བདག་ཉིད་རང་ངོ་། །ཞེས་བྱ་བ་ནི་ཆུའི་འཁོར་ལོ་སྟེ་གཉིས་པའོ།། ༈ །། དེ་ནས་དེ་ཡི་ཕྱི་རོལ་འཆད། །ཀུན་ནས་ཡེ་ཤེས་འཁོར་ལོའོ། །སུམ་བཅུ་ དྲུག་རྩིབས་སྣ་ཚོགས་མདོག །ལྷ་མིན་མོ་ཡི་རིགས་རིམ་པས། །ཏིལ་མཆོག་མ་དང་ཕུལ་དུ་བདེ། །ལྷ་ཡི་བུ་མོ་དགའ་ཆེན་མ། །དགའ་དང་དགར་གྲགས་པད་མ་ཅན། །དུང་ཅན་སྣ་ཚོགས་གླང་ཆེན་མ། །གཟུགས་ཆེན་ 86-1-44b མ་དང་གཟུགས་མཛེས་མ། །འོད་ཆགས་རྣམ་སྒེག་བདེ་བ་མོ། །མེ་ཏོག་འདོད་མ་ཨུཏྤལ་དགར། །ཨུད་པལ་སྔོ་དང་མཛེས་མ་དང་། །འདོད་ཆགས་མ་དང་འདོད་ཆགས་ཆེ། །རོལ་གྲགས་མ་དང་རོལ་ཆེན་མ། །མྱོས་མ་དང་ནི་མྱོས་དགའ་ མ། །འདོད་པ་མོ་དང་འདོད་ཆེན་མ། །བདེ་ལས་བྱུང་དང་བདེ་ལྡན་མ། །མཐུན་མཆོག་མ་དང་བྱམས་པ་མོ། །སྐལ་བཟང་ལྡན་མ་སྐལ་བཟང་མོ། །དམའ་བ་མོ་དང་ཞུམ་པ་མོ། །སྐྱེ་གཟུགས་མར་ནི་གྲགས་པ་སྟེ། །རྣལ་འབྱོར་མ་ ཡི་གཙོ་མོ་མཆོག །ཐམས་ཅད་ཤེས་རབ་ཐབས་བདག་ཉིད། །རྣམ་པ་སྣ་ཚོགས་མདོག་དེ་བཞིན། །ཕྱག་དང་མཚོན་ཆ་སྔོན་བཞིན་ཤེས། །ལེགས་པའི་བློ་གྲོས་ས་དེ་བཞིན། །དུར་ཁྲོད་རིན་པོ་ཆེར་སྣང་བ། །རང་འབྱུང་བདེ་བ་ བྱེད་པ་པོ། །དེ་ཕྱིར་ལོངས་སྤྱོད་རྫོགས་སྐུ་དང་། །དཀྱིལ་འཁོར་འཁོར་ལོ་གསུམ་པ་ལ། །དགའ་བ་བཞི་ནི་དག་པ་ཡིས། །ཀུན་ནས་རི་མོ་བཞི་ཅན་ནོ། །ཤར་ལ་སོགས་པའི་སྒོ་བཞི་རུ། །རྣལ་འབྱོར་མ་རྣམས་རིམ་ཇི་བཞིན། ། དཀར་མོ་ཆོམ་རྐུན་རོ་ལངས་མ། །ཟ་ཕོད་མ་ཡང་རྣམ་པར་དགོད། །གྲྭ་ལ་གནས་པའི་ལྷ་མོ་བཞི། །སྦོས་མོ་རི་ཁྲོད་མ་དེ་བཞིན། །གཏུམ་མོ་དང་ནི་གཡུང་མོ་སྟེ། །རིམ་པས་སྔོན་བཞིན་རྟག་ཤེས་བྱ། །ཕྱི་རོལ་དུར་ཁྲོད་འཁོར་ ལོ་ནི། །ཆུ་ཡི་དཀྱིལ་འཁོར་དབུས་སུ་སྟེ། །བྱིས་པ་འཆི་དང་ལྷག་མ་ཟ། །གཡུལ་དྲག་མོ་དང་མཆེ་བ་ཀུན། །ཤར་ལ་སོགས་པར་གཡོན་སྐོར་དུ། །དེ་ལྟར་བརྩེ་བ་ཆེན་པོས་བསམ། །དུ་བ་མུན་ནག་དང་ནི་མེ། །ཧཱ་ཧཱའི་སྒྲ་དང་སྒྲ་ ཆེན་ནོ། །ཤིང་ནི་ཙན་དན་ག་པུར་དང་། །ཛཱ་ཏི་ཕ་ལ་དང་ཨེ་ལ། །ནཱ་ག་གེ་སར་ཙམ་པ་དང་། །ཀུན་དུ་རུ་དང་ལྷའི་ཤིང་ངོ་། །ཕྱོགས་སྐྱོང་རྣམས་ནི་མཚོན་བྱ་བ། །ཉི་མ་བསིལ་བ་ས་ཡི་བུ། །རི་བོང་ཅན་སྐྱེས་བླ་མ་ཉིད། །ངན་སྤོང་ཉི་མའི་ བུ་དེ་བཞིན། །ལྷ་མིན་མགོ་བོར་ཤེས་བྱ་སྟེ། །དྲག་པོའི་གདོང་རྣམས་སུ་བྱའོ། །འབར་བ་རལ་གྲི་ཆུ་གྲི་དང་། །མདུང་རིངས་སྤུ་གྲི་བྲག་དེ་བཞིན། །ཀློག་དང་སྣ་ཚོགས་མཚོན་འབེབས་པར། །དུར་ཁྲོད་ཀྱི་ནི་དབུས་སུ་བྱ། །རལ་གྲི་ 86-1-45a མིག་སྨན་རི་ལུ་དང་། །རྐང་པ་བྱུག་དང་བཅུད་ལེན་དང་། །མཆིལ་ལྷམ་དངུལ་ཆུ་ས་འོག་གི། །དངོས་གྲུབ་སྒྲུབ་པ་མཁས་པས་བྱ། །ཞེས་བྱ་བ་ནི་ཡེ་ཤེས་ཀྱི་འཁོར་ལོ་སྟེ་ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་འཁོར་ལོ་ གསུམ་གྱི་བདག་ཉིད་དོ།། །། དེ་ནས་དེ་ཡི་ཕྱི་རོལ་འཆད། །ཐུགས་ཀྱི་འཁོར་འདི་གསལ་བའོ། །མདོག་ནག་སུམ་ཅུ་རྩ་དྲུག་རྩིབས། །ཐམས་ཅད་རང་བཞིན་སྐྱེས་པ་མཆོག །ཀླུ་མོ་གནོད་སྦྱིན་མོ་འབྱུང་མོ། །ཡི་དགས་ དམྱལ་མོ་མནར་མེད་མ། །ལྟུང་བ་མོ་དང་བར་མེད་མ། །བུམ་མོ་གཤིན་རྗེ་མོ་དེ་བཞིན། །ཐིག་ནག་མ་དང་མེ་མདག་མོ། །ཚ་བ་མོ་དང་རབ་ཚ་མ། །ངུ་འབོད་མ་དང་ངུ་འབོད་ཆེ། །མར་ནག་ཏུ་འཚེད་རི་གཉིས་འཚིར། །སྡང་མ་རྨོངས་མ་ ཕྲག་དོག་མ། །ཆགས་མྱོས་སེར་སྣ་སྐུད་པ་མ། །གྲངས་མ་རལ་གྲིའི་ནགས་མ་ཉིད། །དུ་མ་དང་ནི་མུ་གེ་མ། །ནད་དགོན་མ་དང་མཚོན་གྱི་དང་། །ཆུ་ཡི་དགོན་པ་མ་དང་ནི། །རལ་གྲི་སེན་མོ་རབ་མེད་མ། །སྤུ་གྲིའི་སོ་མ་འཁོར་ལོ་མ། ། གྲུལ་བུམ་མོ་སྟེ་ལྷ་མོ་ཆེ། །མདོག་ནི་འཁོར་ལོ་ཅི་འདྲ་བའོ། །ཕྱག་དང་མཚོན་ཆ་སྔོན་བཞིན་དུ། །ཤེས་བྱ་རང་གི་གཟུགས་ཅན་ནོ། །དེ་ལ་ཉེ་བའི་དུར་ཁྲོད་དང་། །དེ་ནས་ས་ནི་ཆོས་ཀྱི་སྤྲིན། །སེམས་ཀྱི་རང་བཞིན་དག་པ་ཉིད། ། ཀུན་འགྲོ་འཁོར་ལོ་ཅན་དུ་འདོད། །རང་བཞིན་སྤངས་པ་བདག་མེད་པ། །འཁོར་ལོ་ཅན་སར་བཞུགས་པའོ། །འཁོར་ལོ་རྣམས་ནི་རིམ་ཇི་བཞིན། །ཐམས་ཅད་དེ་ལྟར་ཤེས་པར་བྱ། །སྒོ་སྐྱོང་མ་ནི་ཐམས་ཅད་ཀྱི། །གནས་ བཞི་རྣམས་ནི་བཅུ་གཉིས་སོ། །དེ་ལྟར་བཅུ་དྲུག་ཤེས་བྱ་བ། །སྟོང་པ་ཉིད་ནི་མཁས་པ་ཡི། །ཡེ་ཤེས་རྣམ་ཤེས་ངོ་བོའི་ཕྱིར། །དུར་ཁྲོད་བཅོམ་ལྡན་འདས་རང་ཉིད། །སྤྲུལ་པའི་འཁོར་ལོ་འདི་ལ་ནི། །གསུམ་གྱི་བདག་ཉིད་མིང་གིས་ སོ། །ཕྱི་ནས་གཞན་འདི་ཐམས་ཅད་ནི། །འཁོར་ལོ་གཉིས་སུ་བཤད་པར་བྱ། །ཞེས་བྱ་བ་ནི་ཐུགས་ཀྱི་འཁོར་ལོའི་དང་པོའོ།། །། དེ་ནས་ཕྱི་རོལ་དུ་གཞན་པ། །གསུང་གི་འཁོར་ལོ་དེ་བཤད་བྱ། །དམར་པོ་ 86-1-45b བཙོད་ཀྱི་ཁ་དོག་སྟེ། །སུམ་ཅུ་དྲུག་རྩིབས་བདག་ཉིད་གཙོ། །མཆོད་མ་ཟ་མ་གཉིད་མ་དང་། །ལེ་ལོ་མ་ཆོས་སེམས་སྒོམ་མོ། །ཁྱིམ་སེམས་བུད་མེད་སེམས་མ་དང་། །དོན་སེམས་མ་དང་སྦྱོར་བྲལ་མ། །བུ་སེམས་ རྣམས་དང་མྱ་ངན་མ། །བསམ་གཏན་མ་དང་སྔགས་ཟློས་མ། །ངོ་ཚ་ང་རྒྱལ་གདུང་བ་མོ། །སེམས་ཅན་དོན་བྱེད་བརྩོན་མ་དང་། །རྒྱལ་པོ་སེམས་མ་གཞན་གནོད་མ། །ཡེ་ཤེས་ཐོབ་མ་དཀའ་ཐུབ་མ། །རྒས་མ་འཆི་བའི་ བསམ་ཅན་མ། །བདེ་མ་སྡུག་མ་མི་དགེ་མ། །ཡོད་དང་མེད་མ་ཉིད་དང་ནི། །བླ་མ་སེམས་མ་འགྲོ་བ་མོ། །བཟོད་མ་མི་བཟོད་མ་ངལ་མ། །ངལ་སོས་མ་དང་བཀྲེས་མ་མཆོག །ལས་ནི་ཐམས་ཅད་བྱེད་ལྷ་མོ། །རང་བཞིན་ འཁོར་ལོ་འདི་ཆེའོ། །ཁ་དོག་རང་གི་འཁོར་ལོར་གྲགས། །ལྷག་མ་འདི་ནི་སྔོན་བཞིན་ནོ། །ཤེས་རབ་ཐབས་བདག་ཉིད་ལྷ་མོ། །རང་བཞིན་གྱི་ནི་དཀྱིལ་འཁོར་འདི། །གདན་བཞི་པའི་རྒྱུད་སྟོང་ཕྲག་ནི། །བཅུ་གཉིས་པ་ལ་ བཤད་པ་སྟེ། །ཡེ་ཤེས་མཁའ་འགྲོ་མ་སོགས་ཀྱི། །མཆོད་སོགས་ལྷ་མོར་འདོད་པ་ཡིན། །གྲོང་མཐའི་གནས་ནི་འདི་ལྟ་བུ། །ཀུན་དུ་འོད་ཀྱི་ས་ཡིན་ནོ། །དེ་ལྟར་ཡེ་ཤེས་སོགས་སྐུའི་མཐའ། །ཆུ་མེ་རླུང་དང་ནམ་མཁའ་ཡི། ། བསྐོར་བའི་འཁོར་ལོ་ཞེས་བྱ་བར། །རྡོ་རྗེ་མཆོག་མ་ཤེས་པར་བྱ། །ཞེས་བྱ་བ་ནི་གསུང་གི་འཁོར་ལོའི་གཉིས་པ་སྤྲུལ་པའི་འཁོར་ལོའོ།། །། དེ་ནས་སྐུ་ཡི་འཁོར་ལོ་བཤད། །སྐུ་གསུང་ཐུགས་ཀྱི་ཁ་དོག་ ཅན། །སུམ་ཅུ་རྩ་དྲུག་རྩིབས་དབུས་སུ། །རྣལ་འབྱོར་མ་ཡི་འཁོར་སྒྱུར་མའོ། །རྒྱལ་ཆེན་བཞི་ཡི་རིས་མ་དང་། །སུམ་ཅུ་རྩ་གསུམ་འཁོར་སྒྱུར་མ། །འཐབ་བྲལ་དགའ་ལྡན་འཁོར་སྒྱུར་མ། །འཕྲུལ་དགའ་མ་དང་ དེ་བཞིན་དུ། །གཞན་འཕྲུལ་དབང་བྱེད་མ་དང་ནི། །ཚངས་རིས་མ་ཡི་འཁོར་ལོ་མ། །ཚངས་པ་མདུན་འདོན་མ་དེ་བཞིན། །ཚངས་པ་ཆེན་པོའི་འཁོར་སྒྱུར་མ། །འོད་ཆུང་ཚད་མེད་འོད་མ་དང་། །འོད་གསལ་མ་དང་དགེ་ཆུང་མ། ། 86-1-46a ཚད་མེད་དགེ་བའི་འཁོར་སྒྱུར་མ། །དགེ་རྒྱས་མ་དང་སྤྲིན་མེད་མ། །བསོད་ནམས་སྐྱེས་མའི་འཁོར་ལོ་དང་། །འབྲས་བུ་ཆེ་བའི་འཁོར་སྒྱུར་མ། །མི་ཆེ་མི་གདུང་འཁོར་ལོ་མ། །ཤིན་དུ་མཐོང་སྣང་བཟང་སྣང་མ། ། འོག་མིན་མ་ཡི་འཁོར་སྒྱུར་མ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་མ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་མ། །ཅི་ཡང་མེད་པའི་སྐྱེ་མཆེད་མ། །འདུ་ཤེས་མེད་དང་འདུ་ཤེས་ནི། །མེད་མིན་དམྱལ་མོ་ཡི་དགས་མ། ། དུད་འགྲོ་མི་མོ་ལྷ་མིན་མོ། །གཞལ་མེད་ཁང་སྤྱོད་མ་དེ་བཞིན། །ཟླ་བ་ཉི་མ་གཤིན་རྗེ་མོ། །དབང་མོ་འཁོར་སྒྱུར་མར་ཤེས་བྱ། །རང་གི་འཁོར་ལོའི་མདོག་བཞིན་བྱ། །ཕྱག་དང་མཚོན་ཆ་སྔར་བཞིན་ནོ། །ཤེས་རབ་ཐབས་ ཀྱི་རང་བཞིན་ཏེ། །ཉེ་བའི་གྲོང་མཐར་ཡང་དག་གནས། །ས་ནི་མོས་པ་སྤྱོད་པ་སྟེ། །འདི་རྣམས་འཁོར་ལོ་བཅུ་གཉིས་སོ། །འཁོར་ལོ་འདི་ནི་གྲུ་བཞི་སྟེ། །སྤྲུལ་པའི་སྐུར་ནི་འདུ་ཤེས་སོ། །རི་མོ་ལྔ་ནི་མེ་ལོང་ སོགས། །ཐམས་ཅད་མཚན་ཉིད་ཀྱིས་མཚན་པའོ། །བརྒྱད་གཉིས་ལྷ་མོས་བྱས་པ་ཡི། །མཆོད་པ་དཀྱིལ་འཁོར་བཞི་ལའོ། །ཕྱི་རོལ་དུར་ཁྲོད་བརྒྱད་རྣམས་ཏེ། །སྒོ་སྐྱོང་མ་ནི་རིམ་ཇི་བཞིན། །ཤར་དུ་ཆུ་སྐྱེས་ དཀར་མོ་བསྒོམ། །བྱང་དུ་གན་དྷ་རི་མའོ། །ནུབ་དུ་རྡོ་རྗེ་གར་མ་སྟེ། །ལྷོ་རུ་རྟ་རྒོད་མ་ཡི་ཁ། །གྲྭ་ཡི་ཆར་ནི་ལྷ་མོ་བཞི། །དབང་ལྡན་ལ་སོགས་རིམ་ཇི་བཞིན། །ལྷ་མོ་རྡོ་རྗེ་འབར་ཞལ་དང་། །རྡོ་རྗེ་ཁྲོ་གཉེར་མའི་ཞལ་ དང་། །རྡོ་རྗེ་འཐུབ་མ་གཏུམ་མོ་སྟེ། །ཁ་དོག་ལ་སོགས་སྔོན་བཞིན་ནོ། །དྲག་མོ་ཆེན་མོ་གཙིགས་པའི་ཞལ། །འབར་བའི་ཕྲེང་བས་རྣམ་མཛེས་མའོ། །དཔའ་བོ་རྣམས་ཀྱི་མདོག་དང་གཟུགས། །རྣལ་འབྱོར་མ་ཀུན་ཇི་ ལྟ་བའོ། །ཀུན་ལ་མགོ་བོའི་ཕྲེང་བས་བརྒྱན། །དཔའ་བོ་རྣམས་ལ་དར་ཕྲེང་ཅན། །རལ་པའི་ཅོད་པན་དཔའ་དེ་རྣམས། །ཡན་ལག་ཀུན་ལ་ཐལ་བས་བསྐུས། །རྣལ་འབྱོར་མ་ཡི་མཐོ་ཞིང་འཕྲེང་། །ལག་གདུབ་སྤྱི་གཙུག་ 86-1-46b བརྒྱན་པ་དང་། །མཚན་ཉིད་ཐམས་ཅད་ཡང་དག་རྫོགས། །ཕག་མོའི་རིགས་ལས་བྱུང་བའོ། །དཔའ་བོ་ཀུན་གྱི་མིང་རྣམས་ནི། །ཐོག་མའི་འཁོར་ལོ་ལ་སོགས་མཚོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་དུ། །སྣ་ཚོགས་པད་མ་མཁའ་ འགྲོ་དང་། །རིན་ཆེན་ཐོད་པའི་དུམ་བུ་དང་། །ཀེང་རུས་ཆེན་པོའི་ཀེང་རུས་དང་། །མཆེ་བ་རྣམ་གཙིགས་ལྷ་དགྲ་དང་། །འོད་དཔག་མེད་དང་རྡོ་རྗེ་འོད། །རྡོ་རྗེ་སྐུ་དང་མྱུ་གུ་ཅན། །རྡོ་རྗེ་རལ་པ་ཅན་དེ་བཞིན། །དཔའ་ཆེན་རྡོ་རྗེ་ཧཱུྃ་མཛད་དང་། ། ཤིན་དུ་བཟང་དང་རྡོ་རྗེ་བཟང་། །འཇིགས་བྱེད་ཆེན་པོ་མིག་མི་བཟང་། །སྟོབས་ཆེན་རིན་ཆེན་རྡོ་རྗེ་དང་། །རྟ་མགྲིན་ནམ་མཁའི་སྙིང་པོ་དང་། །ཧེ་རུ་ཀ་དང་པད་གར་ཅན། །རྣམ་སྣང་མཛད་དང་རྡོ་རྗེ་སེམས། །སྟོབས་ཆེན་ཡེ་ ཤེས་མཁའ་འགྲོ་དང་། །བློ་བརྟན་ཐར་དང་ཡེ་ཤེས་དང་། །ཐབས་དང་ཐུགས་ཀྱི་རྡོ་རྗེའོ། །ལྷག་མའི་མིང་ནི་ལྷ་མོ་བཞིན། །སྐྱེས་བུའི་རྟགས་རྣམས་སུ་བྱའོ། །འཁོར་ལོ་བཅུ་གཅིག་རྣམས་ཀྱི་ནི། །སྒོ་ལ་སོགས་པའི་དེ་ བཞིན་ནོ། །སྙིང་པོའི་པད་མའི་ལྷ་མོ་རྣམས། །གཙོ་བོས་བདག་པོ་བཞིན་དུ་བྱ། །འོན་ཀྱང་བདག་པོ་སོགས་འཁོར་ལོར། །ཇི་ལྟར་བསྐལ་བཟང་རྒྱལ་བ་ནི། །བཞི་ཡིས་དམན་པའི་སྟོང་ཕྲག་གཅིག །དེ་རྣམས་ཐམས་ཅད་རྣམ་ བསྒོམ་བྱ། །མཚན་ནི་ཡོན་ཏན་དབྱེ་བས་ཕྱེ། །སྤྲུལ་པའི་སྐུ་ཅན་བདག་ཉིད་དོ། །གང་ཞིག་གང་གི་འཁོར་ལོ་ཡི། །རྣལ་འབྱོར་མ་ནི་ཐོག་མར་བྱུང་། །དེ་ཡིས་བཅུ་གཉིས་ཤེས་པར་བྱ། །ཀུན་སྤྱོད་གནས་དང་ཉེ་གནས་མའོ། ། ལྷག་མ་ས་ནི་བཅུ་གསུམ་པ། །སྒོ་དང་གྲྭ་ལ་སོགས་གནས་མའོ། །མཆོད་དང་བསྟོད་སོགས་དུས་སུ་ནི། །ཐོག་མར་རྡོ་རྗེའི་མིང་ཤེས་བྱ། །དཔའ་བོ་རྣམས་ལའང་དེ་བཞིན་ནོ། །ཕྱི་རོལ་དུར་ཁྲོད་བཤད་བྱ་བ། །དང་པོར་ཚིག་པར་ ཤེས་བྱ་སྟེ། །གཉིས་པར་ཡང་ནི་མ་ཚིག་པ། །གསུམ་པ་དུམ་བུར་གྱུར་པ་ཉིད། །བཞི་པ་ཡང་ནི་མ་གཏུགས་པ། །ལྔ་པ་འཇིགས་སུ་རུང་བར་བཤད། །དྲུག་པ་ཡང་ནི་འཇིགས་བྱེད་པ། །བདུན་པ་གསལ་ཤིང་ཕུག་པ་སྟེ། །སྟེང་ནས་ 86-1-47a བཏགས་པ་བརྒྱད་པའོ། །དུར་ཁྲོད་བརྒྱད་པོ་རྟག་ཏུ་ནི། །དམྱལ་བསྲུང་ཆེན་པོ་བརྒྱད་རྣམས་སོ། །ཤལ་མ་ལི་ཤིང་མྱ་ངན་མེད། །ཡོངས་འདུ་ཨུ་དུམ་བར་དེ་བཞིན། །ཌོམ་བི་ར་དང་གམ་བྷ་རི། །རྒྱ་ཤུག་དང་ནི་ བ་རུ་རའོ། །སྣ་ཚོགས་རོ་ལངས་ཚོགས་དང་ནི། །རྣལ་འབྱོར་མ་དང་དཔའ་བོའི་ཚོགས། །མཁའ་སྤྱོད་མ་དང་ས་སྤྱོད་གཞན། །གང་ཡིན་དེ་ཡང་རྫུ་འཕྲུལ་ཆེ། །མགོ་མེད་རྒྱུག་དང་གཞན་ཡང་ནི། །མགོ་བོ་མེད་པ་གར་བྱེད་ དང་། །ཉལ་བ་དང་ནི་རྐང་མེད་དང་། །མགོ་དང་ལུས་སོགས་གཏུབས་པ་སྟེ། །ཏིང་འཛིན་ཆེན་པོའི་རྒྱུ་ཡིས་ནི། །དེ་རྣམས་དགའ་བཅས་གར་བྱེད་པའོ། །དེ་ལྟར་དེ་བཞིན་དབུས་སུ་ནི། །རྒྱུ་སྐར་སྣ་ཚོགས་བྱ་བ་ཡིན། །ཁ་ དོག་སྣ་ཚོགས་ཤེས་བྱ་སྟེ། །བཞོན་པ་གང་གི་ཡིན་པའོ། །རྫོགས་པའི་བྱང་ཆུབ་རྒྱུའི་བདག་ཉིད། །ཡོངས་རྫོགས་དཀྱིལ་འཁོར་བསྒོམ་པར་བྱ། །རྒྱུ་ཡི་རྡོ་རྗེ་ཅི་འདྲ་བ། །ཡང་ནི་དེ་འདྲ་སྤྲོ་བར་བྱ། །དུད་འགྲོའི་ཞལ་ཅན་ ལྷ་མོ་ནི། །ལས་ཐམས་ཅད་མས་ཁྱེར་ནས་འོངས། །ཁྲོ་བོའི་ཚོགས་ཀྱིས་མཉམ་བཀུག་ནས། །སྔོན་དུ་བགེགས་ནི་བསལ་བར་བྱ། །སུམ་བྷས་བཀའ་བསྒོ་རྡོ་རྗེ་ཅན། །བརྟུལ་ཞུགས་ཅན་གྱིས་ཕུར་གདབ་བྱ། ། ཨོཾ་སུམྦྷ་ནི་སུམྦྷ་ཀཱ་ཡི་ཀཱྃ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་བཱ་ཙི་ཀཱྃ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཙ་ཏྲཱ་སི་ཀཱྃ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨ་ན་ཡ་ཧོཿ། བྷ་ག་ཝཱན་བཛྲ་རཱ་ཛྙཱ་ནི་ཀཱྃ་ཧཱུྃ་ཧཱུྃ་ཕཊ། །ཤར་ལ་སོགས་པའི་ཕྱོགས་སུ་གཞག ། རྡོ་རྗེ་གུར་གྱི་དབུས་སུ་ནི། །འོག་ཏུ་རྡོ་རྗེའི་ས་གཞིར་འགྱུར། །སྟེང་དུ་མདའ་ཡི་དྲ་བ་ཅན། །རྡོ་རྗེ་ར་བ་བླ་བྲེའོ། །ཆོས་ཀྱི་འབྱུང་གནས་ནང་དུ་ཡང་། །དེ་ཡང་གསུམ་བཞི་ལྔ་དང་ནི། །གྲུ་དྲུག་པ་རུ་བསྒོམ་པར་བྱ། །འཕར་མ་ བཞི་ཡི་རིམ་ཇི་བཞིན། །རེམ་པས་ཐམས་ཅད་འདིར་དགོད་བྱ། །ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྐ་ན་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པྃ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ་བཛྲ་དྷ་རོ་ཨཱ་ཛྙཱ་པ་ཡ་ཏི་སརྦ་བིགྷྣན་ཀཱ་ཡ་བཱཀ་ 86-1-47b ཙིཏ་ཏ་བཛྲ་ཀཱི་ལཱ་ཡ་ཧཱུྃ་ཕཊ། ཕུར་བུ་གདབ་པའི་སྔགས་སོ། །ཨོཾ་བཛྲ་མུང་ག་ར་བཛྲ་ཀཱི་ལཱ་ཀོ་ཊ་ཡ་ཧཱུྃ་ཕཊ། བརྡུང་བའི་སྔགས་སོ། །དེ་ལྟར་འཁོར་ལོ་ཀུན་དཔའ་བོ། །བཅོམ་ལྡན་རྡོ་རྗེའི་རིགས་བྱུང་བའོ། །སྤྲུལ་པའི་སྐུ་ནི་ མ་ལུས་པ། །རྣལ་འབྱོར་མ་ནི་བྱང་ཆུབ་སྣོད། །འདི་ནི་སྐུའི་འཁོར་ལོ་སྐུ་གསུམ་གྱི་བདག་ཉིད་དང་སྤྲུལ་པ་དང་ལྷན་ཅིག་པ་སྟེ་གསུམ་པའོ།། །།དེ་ནས་གནས་དང་ཉེ་གནས་སོགས། །ཇི་ལྟའི་རིམ་པ་རྣམས་གསུངས་པ། ། གནས་ནི་གང་བའི་རི་ཉིད་དང་། །དྲ་བ་འཛིན་དང་ཨོ་ཌྱན་དང་། །ཨར་བུ་དང་ཡང་དེ་བཞིན་གནས། །གོ་ད་བ་རི་ཉེ་གནས་ཏེ། །དགའ་བའི་དབང་ཕྱུག་ལྷ་མོའི་མཁར། །གྱད་ཡུལ་ཡང་ནི་ཉེ་གནས་སོ། །འདོད་གཟུགས་དེ་བཞིན་ཨོ་ ཌི་དང་། །ཏྲི་ཤ་ཀུ་ན་ཀོ་སལ་ཞིང་། །ཀ་ལིང་ཀ་དང་ལམ་པ་ཀ །ཀཱཉ་ཙི་ཁ་བའི་གནས་ཉེ་ཞིང་། །ཡི་དགས་གྲོང་དང་ཁྱིམ་ལྷ་མོ། །སཽ་རཥྚ་དང་གསེར་གླིང་ནི། །འདུན་སའོ་ཉེ་བའི་འདུན་ས་ནི། །གྲོང་ཁྱེར་སིན་དྷུ་མ་རུ་དང་། །ཀུ་ལུ་ ཏ་ཡང་ཉེ་འདུན་ས། །འདུ་བ་ཆུ་ཀླུང་འགྲམ་དང་ནི། །སྐྱེད་ཚལ་རྒྱ་མཚོར་རབ་བཤད་དང་། །ལམ་གྱི་བཞི་མདོའོ་ཉེ་འདུ་བ། །རི་ཡི་སྤྱི་བོ་གྲོང་དབུས་དང་། །ཚོགས་ཅན་གཞོན་ནུའི་རི་དང་ནི། །རིགས་ཀྱི་ཞིང་ཡང་ཉེ་འདུ་བའོ། ། དུར་ཁྲོད་མུ་མུ་མི་ཡ་ནས། །སྤྱོད་དང་ཧ་རི་ཀེ་ལ་དང་། །སྒྱུ་མའི་གྲོང་ཁྱེར་དུར་ཁྲོད་དོ། །ཉེ་བའི་དུར་ཁྲོད་རི་མཐའ་དང་། །སྔགས་ཀྱི་ཞིང་དང་ལྷ་ཡི་གྲོང་། །ཀརྞྞ་ཊ་དང་པ་ཊ་ཡང་། །དེ་བཞིན་གྲོང་མཐར་བཤད་པའོ། །གྲོང་མཐའ་ཀོང་ ཀ་ན་ཉིད་དང་། །ཁྱབ་བདག་ལས་ཀྱི་ཡུལ་ལྗོངས་དང་། །རྣལ་འབྱོར་མ་ནི་སྟུག་པོའི་གྲོང་། །དེ་བཞིན་འདིར་ནི་ཉེ་གྲོང་མཐའོ། །ཕ་ཡི་ནགས་དང་ཁྱིམ་གྱི་ལོགས། །ལྟེང་ཀ་དང་ནི་རྫིང་བུ་སྟེ། །གནས་འདི་རྣམས་སུ་བུ་མོ་གང་། ། ལྷན་སྐྱེས་རང་གི་སྐྱེ་གནས་སྐྱེས། །ཡུལ་དང་ཡུལ་དུ་ཤེས་བྱ་བ། །ཡེ་ཤེས་ལྡན་དང་གཉིས་མེད་གནས། །འཁོར་ལོ་བཅུ་གཉིས་རྣམས་ཀྱིས་ནི། །མདའ་ཡི་དབྱེ་བས་གནས་སྐྱེས་རྣམས། །བཅུ་གཉིས་གནས་སོགས་ 86-1-48a རབ་བཤད་པ། །སུམ་བཅུ་དྲུག་ཁམས་རྒྱུ་ཡིས་སོ། །རེ་རེ་ཡི་ནི་ཁམས་རྣམས་ལའང་། །མིག་ལ་སོགས་པའི་སྐྱེ་མཆེད་རྣམས། །བདེན་དོན་རྣམ་པ་བཅུ་གཉིས་སུ། །ཤེས་བྱ་ལྷན་སྐྱེས་རྣལ་འབྱོར་མའོ། །སྔོན་གྱི་ཚིགས་བཅད་ འདི་ཡིས་ནི། །དབང་བསྐུར་བ་ནི་ནོད་པར་བྱ། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་རྣམས་ཁྲུས་གསོལ་འགྱུར། །དེ་བཞིན་བདག་ལ་ཁྲུས་བྱེད་འགྱུར། །ལྷ་ཡི་ཆུ་ཡིས་དག་པར་བྱ། །རྡོ་རྗེ་དང་ནི་མཁའ་བར་དུ། ། སངས་རྒྱས་ཐམས་ཅད་སོན་འདི་ནི། །ཡེ་ཤེས་འོད་ཟེར་བྱུང་དེ་རྣམས། །རང་བྱུང་བདུད་རྩི་རྒྱུན་གྱིས་ནི། །དབང་བསྐུར་རྡོ་རྗེ་མགོན་པོ་ཡི། །ལྷན་སྐྱེས་ཆུས་ནི་དགང་ཕྱིར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏཱ་བྷི་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དབང་བསྐུར་བའི་སྔགས་སོ། །འཁོར་ལོ་གང་དང་གང་གི་ནི། །དེ་དང་དེ་ཡི་རྒྱས་གདབ་ལ། །རྣལ་འབྱོར་མ་རྣམས་བདག་པོ་སྟེ། །ཁྱབ་བདག་གཞན་གྱིས་རྒྱས་མི་གདབ། །ཡེ་ཤེས་ཏིང་འཛིན་སེམས་དཔའ་ཡང་། །འཁོར་ལོ་ ཀུན་ལ་བསྒོམ་པར་བྱ། །དེ་ལས་བྱུང་བའི་འོད་ཚོགས་ཀྱིས། །ཡེ་ཤེས་འཁོར་ལོ་དགུག་པར་བྱ། །ཛཿཧཱུྃ་བྃ་ཧོཿའི་ཡིག་རྣམས་ཀྱིས། །བླ་མའི་མན་ངག་ལས་ཤེས་བྱ། །སྣ་ཚོགས་དཔའ་བོ་རྣལ་འབྱོར་མས། །གཙོ་བོ་ལ་ ནི་མཆོད་བྱེད་གཞུག །ཐིག་ལེ་དང་ནི་ཕྲ་མོ་ཆེའི། །རྣལ་འབྱོར་གཉིས་ནི་ཡོངས་དམིགས་བྱ། །འཁོར་ལོ་བཅུ་གཉིས་ཐིག་ལེ་ཡང་། །རྡོ་རྗེའི་རྣམ་པ་རྣམས་སུ་མཚོན། །ལྟེ་བའི་འོག་སྟེང་རྩེ་རྣམས་ནི། །སྟོང་ཕྲག་གཅིག་ནི་ ཐིག་ལེ་ཅན། །རྩེ་མོ་བཅུ་ཡི་ཐིག་ལེ་རྣམས། །ཇི་ལྟའི་རིམ་པ་རྣམས་སུ་མཚོན། །དུ་བ་ལ་སོགས་བརྒྱ་ཕྲག་གཅིག །ཐིག་ལེའི་གནས་སུ་འབབ་པར་བྱ། །དེ་ཕྱིར་ཕྲ་མོ་གང་ཅིའང་རུང་། །སངས་རྒྱས་སྤྱོད་ཡུལ་མིན་དེ་བསྒོམ། ། རྡོ་རྗེའི་སྲོག་རྣམས་ལ་བལྟས་པས། །ཕྱག་རྒྱ་ཆེ་དེ་སངས་རྒྱས་དེ། །གསང་སྔགས་བཟླས་པ་བྱ་བ་ནི། །རྐང་པ་བརྒྱད་ལྷག་རྩ་བ་ནི། །བཞི་བཅུ་ལ་སོགས་འདི་རྣམས་ཀྱིས། །མཚན་ཉིད་ཐམས་ཅད་རྫོགས་པ་དང་། །བདེ་ཆེན་ 86-1-48b སོགས་དང་བཟང་པོ་དང་། །གཉིས་ཀུན་རྣམ་པར་སྤངས་པ་དང་། །མཆོད་པ་ཁམས་གསུམ་བདག་ཉིད་ནི། །དངོས་པོ་ཀུན་འབྱུང་རྣམས་ཀྱིས་སོ། །དཀར་མོ་སོགས་དང་འགྲོ་དྲུག་འཁོར་སྒྱུར་མ། །གཟུགས་དང་གཟུགས་ མེད་གཉིས་ཀྱི་ལྷ་མོ་སྟེ། །རང་གིས་ཐམས་ཅད་རང་བཞིན་དག་གིས་ནི། །མ་ལུས་པ་ཡི་འཁོར་ལོ་མཆོད་པར་འགྱུར། །དཀྱིལ་འཁོར་བདེ་བ་ཆེན་པོ་བསྒོམ་པར་གྱིས། །རྣལ་འབྱོར་བཅུ་གཉིས་བསོད་ནམས་སྡིག་མད་པའོ། །ཐམས་ ཅད་ཟག་མེད་རང་བཞིན་མོས་པར་གྱིས། །དཀྱིལ་འཁོར་ངན་པ་དེ་ནི་བདེ་བར་ཤེས་པར་བྱོས། །དབང་པོ་འཁྲུལ་པ་བདེ་བ་ཆེན་པོ་མོས་པར་གྱིས། །སྐད་ཅིག་དེ་ལ་རང་དང་གཞན་གྱི་ངོ་བོ་མེད། །གང་གི་རྣམ་པ་སྣ་ཚོགས་ གཟུགས་ཆེན་གྱིས། །ས་གསུམ་དུ་ནི་དཀྱིལ་འཁོར་འཁོར་ལོ་སྤྲོ་བར་བྱོས། །སྔགས་དང་ཕྱག་རྒྱ་སོགས་བརྒྱན་པས། །རྣལ་འབྱོར་ཆེན་པོས་གཏོར་མ་སྦྱིན། །འབུམ་བཟླས་པ་ཡི་རྗེས་ལས་ནི། །བྱེ་བ་བཟླས་པས་དངོས་གྲུབ་ཆེ། ། ཇི་ལྟར་མངོན་པར་བརྗོད་པ་བཞིན། །སྣ་ཚོགས་དམ་ཚིག་ཉེར་སྤྱད་ཚེ། །རྣལ་འབྱོར་དངོས་གྲུབ་གྱུར་དེ་ནས། །གང་རུང་དེར་ནི་གནས་པར་བྱ། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག ། རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །ཞེས་བྱ་བ་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། བཅོམ་ལྡན་འདས་ཡང་དག་པའི་ཏིང་ངེ་འཛིན་རྣམ་པར་གཞག་ པ་དང་མན་ངག་སྣ་ཚོགས་བསྟན་པ་སྟེ་ལེའུ་བཅྭ་ལྔ་པའོ།། །། དེ་ནས་རྩ་བའི་སྔགས་ཀྱི་ནི། །བཏུ་བ་བཤད་བྱ་མཉན་པར་གྱིས། །ཆོས་འབྱུང་གི་ནི་དབུས་སུ་ནི། །དེ་ནས་འཁོར་ལོ་འདི་བྲིའོ། །དབུས་སུ་དུམ་བུ་ལྔའི་ བདག་ཉིད། །དེ་ཡི་ཕྱི་རོལ་བཅུ་གཉིས་བྲི། །ཟླུམ་པོ་སྦྱིན་བྱ་སླར་ཡང་དར། །སྒོ་དང་གྲུ་ནི་བཞི་པའོ། །རྩིབས་བརྒྱད་པ་དང་ཟུར་བཞི་པའི། །ལེའུ་ཚེར་དབྱངས་དང་སྡེ་ཚན་ནོ། །དེར་གནས་མགོན་པོ་བཏུ་བར་བྱ། །འདོད་པ་ཀུན་དང་ 86-1-49a བདེ་འབབ་པའོ། །སྡེ་ཚན་ལྔ་སོགས་ཡི་གེ་ནི། །དབུས་སུའོ་དེ་ནས་དབྱངས་བཅུ་གཉིས། །མ་ནིང་སྒོ་ནི་བཞི་རུ་སྟེ། །གྲུ་གཉིས་བར་དེ་གཉིས་གཉིས་ཅན། །ཁྱབ་བདག་སྔགས་པས་མེ་ལ་ནི། །སོགས་པར་ཤེས་པར་བྱ་ བའོ། །ཀ་དབུས་ཙ་ཤར་ཊ་ལྷོ་ཏ་ནུབ་ཏུ། །བ་བྱང་རིམ་པ་ཇི་ལྟས་སོ། །ནུབ་ཀྱི་མཐའ་མ་གཟུང་བར་བྱ། །བྱང་གི་མཐའ་མ་དེ་བཞིན་ནོ། །མེ་ཡི་གཉིས་པའི་ཡི་གེ་ནི། །གཟུང་བྱ་དབང་ལྡན་ཆུའི་ས་བོན། །ཤར་གྱི་གསུམ་པའི་ཡི་གེ་ དང་། །ལྷོ་ཡི་གསུམ་པའི་དེ་བཞིན་ནོ། །དབུས་མའི་དང་པོ་གཟུང་བར་བྱ། །བྱང་གི་མཐའ་མའི་ས་བོན་ནོ། །དབང་ལྡན་གཉིས་པའི་གཟུང་བྱ་སྟེ། །དེ་ནི་དེ་ལྟར་ཐོག་མ་སྟར། །བདེན་བྲལ་མེ་ཡི་ས་བོན་དང་། །དབང་ལྡན་གྱི་ནི་ཆུ་དེ་ བཞིན། །སྲིན་པོའི་རྃ་ཡིག་བླང་བར་བྱ། །མེ་ཡི་གཉིས་པའི་ཡི་གེའོ། །འདྲེ་ཡི་མེ་ཡི་ས་བོན་གཟུང་། །མེ་ཡི་རླུང་ནི་དེ་བཞིན་ནོ། །སྔགས་ཀྱི་ཚིག་ནི་དང་པོ་སྟེ། །འདི་ཡི་དབྱངས་ནི་བརྗོད་པར་བྱ། །ཚེག་དྲག་དང་ནི་ཡོངས་ལྡན་པ། ། གཉིས་པའི་ཡི་གེ་ལ་སྤྲས་པའོ། །དུམ་བུ་བཞི་པས་མནན་པ་སྟེ། །གསུམ་པར་མེ་ཡི་སྤྲས་པའོ། །ཡི་གེ་ལྔ་པར་ར་ཡིག་གིས། །འོག་གི་ཆར་ནི་བརྒྱན་པའོ། །དུམ་བུ་གཉིས་པས་བརྒྱན་པ་སྟེ། །མཁས་པས་དྲུག་པའི་ཡི་གེ་ལའོ། ། དགུ་པར་དེ་ཉིད་ཀྱིས་མནན་པའོ། །བཅུ་པ་ལ་ཡང་བཞི་པས་སོ། །བཅུ་གཉིས་དེ་ཉིད་ཀྱིས་མནན་པའོ། །བཅུ་གསུམ་པ་ཡང་དེ་ཉིད་ཀྱིས། །བཅུ་བཞི་པ་ལ་ཆུ་ཡིས་ནི། །འོག་གི་ཆ་རུ་རྣམ་བརྟག་བྱ། །དུམ་བུ་གཉིས་པས་མནན་པ་ནི། ། ཡི་གེ་བཅྭ་ལྔ་པ་མཆོག་ལའོ། །དེ་ལྟར་སྔགས་པ་ཆེས་ཤེས་ནས། །རྐང་པ་ཀུན་ལ་བྱེད་པའོ། །ནུབ་ཀྱི་ཐོག་མ་བཟུང་བར་བྱ། །བྱང་ཕྱོགས་ཀྱི་ནི་བཞི་པའོ། །དབང་ལྡན་གྱི་ནི་ཆུ་བཟུང་བྱ། །སླར་ཡང་ལྷོ་ཡི་ཐ་མའོ། །དབུས་མའི་ཐོག་མའི་ས་ བོན་དང་། །བྱང་གི་མཐའ་མ་དེ་བཞིན་ནོ། །དབུས་མའི་ཐོག་མ་གཟུང་བར་བྱ། །བྱང་གི་མཐའ་མའི་ས་བོན་དང་། །དབང་ལྡན་གྱི་ནི་ཆུ་གཟུང་བྱ། །ལྷོ་ཡི་ཐ་མའི་ས་བོན་དང་། །མེ་ཡི་རླུང་གི་ཡི་གེ་སྟེ། །གཉིས་པ་ཡི་ནི་རྐང་པར་བཤད། ། 86-1-49b དུམ་བུ་གསུམ་པས་མནན་པ་སྟེ། །ཐོག་མ་མེ་ཡིས་འོག་གསལ་བྱས། །དུམ་བུ་ལྔ་པས་གཉིས་པ་ཡི། །ཡི་གེ་ཡི་ནི་འོག་ཏུ་བརྒྱན། །བྱང་ཕྱོགས་ཀྱི་ནི་ཐོག་མ་ཡིས། །དྲུག་པའི་འོག་ཏུ་གསལ་བྱས་པའོ། །ཡི་གེ་བརྒྱད་པའང་དེ་ དང་མཚུངས། །དུམ་བུ་གཉིས་པས་ཕྱེ་བའོ། །བཅུ་པ་དེ་ཉིད་ཀྱིས་མནན་པའོ། །དོན་མེད་ཐམས་ཅད་རྣམ་འཇོམས་བྱེད། །ཆོས་ཀྱི་འཁོར་ལོ་སྐོར་བ་དང་། །དངོས་གྲུབ་རྙོག་པ་མེད་ཀུན་ནོ། །ནུབ་ཀྱི་གསུམ་པ་གཟུང་བར་བྱ། ། འདྲེའི་གཉིས་པའི་ས་བོན་དང་། །ནུབ་ཀྱི་ཐོག་མའི་ས་བོན་དང་། །སླར་ཡང་ལྷོ་ཡི་དང་པོ་དང་། །བྱང་ཕྱོགས་ཀྱི་ནི་བཞི་པ་དང་། །འདྲེ་གཉིས་པ་ཡི་ཡི་གེ་དང་། །ལྷོ་ཡི་ཐ་མ་གཟུང་བར་བྱ། །བྱང་ཕྱོགས་ཀྱི་ནི་བཞི་པ་དང་། །འདྲེ་ཡི་ མེ་ཡི་གེ་གཟུང་། །དབང་ལྡན་གྱི་ནི་ཆུ་དེ་བཞིན། །མེ་ཡི་རླུང་གི་ས་བོན་སྟེ། །སྔགས་ཀྱི་རྐང་པ་གསུམ་པའི། །མཁས་པས་ཐོག་མའི་ཡི་གེ་ལ། །དུམ་བུ་བཅུ་གཅིག་པ་ཡིས་མནན། །དུམ་བུ་དགུ་པ་ཡིས་ཀྱང་ནི། །གཉིས་པའི་ཡི་ གེའི་མགོར་བརྒྱན་ཅིང་། །ལྷོ་ཡི་ཐོག་མ་ཉིད་ལ་ནི། །མེ་ཡིས་འོག་ཏུ་བརྒྱན་པའོ། །དབུས་མ་གསུམ་པར་སྦྱིན་བྱ་བ། །འོག་གི་ཆ་རུ་བརྟག་པར་བྱའོ། །དུམ་བུ་བཞི་པས་མནན་པ་ནི། །མཁས་པས་ཡི་གེ་ལྔ་པ་ལའོ། །དུམ་བུ་བརྒྱད་ པ་སྦྱིན་བྱ་བ། །ཡི་གེ་ཡི་ནི་བརྒྱད་པ་ལའོ། །བཅུ་པ་གཉིས་པས་མནན་པ་སྟེ། །སྡང་བ་རྣམས་ཀྱི་ཚར་གཅོད་མཆོག །ལྷ་དང་ལྷ་མིན་མི་རྣམས་ཀྱི། །གནས་དང་གནས་མིན་རྣམས་ཚར་བཅོད། །མེ་ཡི་གཉིས་པའི་ས་བོན་དང་། ། ནུབ་ཀྱི་ཐོག་མའི་ཡི་གེ་དང་། །རླུང་གི་གཉིས་པའི་ས་བོན་དང་། །དབང་ལྡན་གྱི་ནི་གཞན་དེ་བཞིན། །རླུང་གི་གཉིས་པའི་ཡི་གེ་དང་། །ནུབ་ཀྱི་ཐ་མའི་ཡི་གེ་དང་། །སླར་ཡང་ནུབ་ཀྱི་ཐོག་མ་དང་། །མེ་ཡི་རླུང་ནི་བླང་བར་བྱ། །རྐང་ པ་བཞི་པ་ཞེས་བཤད་དེ། །དངོས་པོ་ཐམས་ཅད་རབ་སྟོན་པའོ། །ཡི་གེ་ལྔ་པའི་འོག་གི་ཆར། །ར་ཡི་ཡི་གེ་བརྟག་པར་བྱ། །དྲུག་པར་བདུན་པའི་དུམ་བུ་དང་། །སླར་ཡང་བདུན་པར་མེ་ཡིས་ནི། །འོག་ཏུ་བརྒྱན་པར་གཉིས་པ་སྦྱིན། ། 86-1-50a ཀུན་མཁྱེན་གོ་འཕང་མི་ཟད་པའོ། །དབང་ལྡན་གྱི་ནི་ཆུ་གཟུང་བྱ། །སླར་ཡང་དྱུ་ཡིག་རང་བྱུང་ངོ་། །ནུབ་ཀྱི་ཐོག་མའི་ས་བོན་དང་། །ཤར་ཕྱོགས་ཀྱི་ཡང་གསུམ་པ་དང་། །དབང་ལྡན་གྱི་ནི་གཞན་གཟུང་བྱ། །སླར་ ཡང་མེ་ཡི་རླུང་དང་ནི། །རྐང་པ་ལྔ་པ་དྲུག་པོ་སྟེ། །རྣལ་འབྱོར་མ་རྣམས་སད་བྱེད་པའོ། །དབུས་མའི་ཐོག་མའི་ས་བོན་དང་། །ཡང་ནི་ཡི་གེ་དེ་ཉིད་དང་། །རླུང་གི་དབང་ཆེན་གཟུང་བར་བྱ། །སླར་ཡང་བྱང་གི་ཐ་མ་དང་། །རླུང་གི་ ས་ཡི་ས་བོན་དང་། །བྱང་ཕྱོགས་ཀྱི་ནི་བཞི་པ་དང་། །སྲིན་པོའི་མེ་ཡི་ས་བོན་དང་། །སླར་ཡང་ལྷོ་ཡི་ཐ་མ་དང་། །དབུས་མའི་གསུམ་པ་གཟུང་བར་བྱ། །མེ་ཡི་རླུང་ནི་དེ་བཞིན་ནོ། །ལྔ་པ་སོགས་ལ་དབྱངས་སྦྱིན་བྱ། །འབྱིན་ཅིང་སྡུད་པར་ བྱེད་པའོ། །ཐོག་མའི་ཡི་གེ་ཀུན་འགྲོ་ལ། །དུམ་བུ་གསུམ་པས་མནན་པར་བྱ། །ས་བོན་བཞི་པའང་དེ་ཉིད་ཀྱིས། །མནན་པ་མཛེས་པ་ཡི་ནི་མཆོག །ལྔ་པར་དུམ་བུ་གཉིས་པས་མནན། །ཆུ་ཡི་སྟན་དུ་བྱས་པར་འདོད། །རྐང་པ་ལྔ་པ་ དེ་ལ་ནི། །དགོས་པ་ཐམས་ཅད་སྦྱར་བ་ཡིན། །དང་པོའི་ཡི་གེ་བཅུ་གཅིག་པས། །མནན་པར་གྱུར་པས་མཛེས་པ་ཡིན། །དུམ་བུ་གཉིས་པས་མནན་པ་ནི། །ཡི་གེ་གཉིས་པར་བརྗོད་པར་བྱ། །བཞི་པ་ལྔ་པའི་ཡི་གེ་དག །དེ་ཉིད་ ཀྱིས་ནི་ཡང་དག་མནན། །ཡི་གེ་བརྒྱད་པ་དགུ་པ་ཡི། །དུམ་བུ་ཡིས་ནི་རྣམ་པར་བརྒྱན། །བཅུ་པ་དུམ་བུ་གཉིས་པས་མནན། །མེ་ཡིས་འོག་ཏུ་ཕྱེ་བ་སྟེ། །རྐང་པ་དྲུག་པར་ཤེས་པར་བྱ། །འདོད་པ་ཐམས་ཅད་རབ་སྒྲུབ་པའོ། ། དབུས་མའི་ཐོག་མ་བཟུང་བར་བྱ། །ལྷོ་ཡི་ཐོག་མ་དེ་བཞིན་དུ། །རླུང་གི་ས་ཡི་ས་བོན་དང་། །ཀ་ཥར་བཤད་པའི་སྔགས་བཏུ་བྱ། །བྱང་གི་བཞི་པ་གཟུང་བར་བྱ། །ཤར་གྱི་གསུམ་པ་དེ་བཞིན་ཏེ། །མེ་ཡི་རླུང་ནི་བཏུ་བྱས་ནས། ། རྐང་པ་བདུན་པ་མི་ཟད་པའོ། །ཁྱབ་བདག་ཐོག་མའི་ཡི་གེ་ལ། །རེའུ་མིག་དགུ་པས་མནན་པའོ། །རེའུ་མིག་གསུམ་པས་མནན་པའོ། །གཉིས་པའི་ཡི་གེ་བརྒྱན་པའོ། །དུམ་བུ་ལྔ་པའི་ཕྱི་མོ་ཡིས། །མཁས་པས་ལྔ་པའི་གདན་དུ་ 86-1-50b བྱ། །དེ་ནས་ཡི་གེ་དྲུག་པ་ལ། །དུམ་བུ་གཉིས་པས་མནན་པའོ། །ཤར་གྱི་གསུམ་པ་གཟུང་བར་བྱ། །རླུང་གི་ས་ཡི་ས་བོན་དང་། །དབང་ལྡན་གྱི་ནི་ཆུ་གཟུང་བྱ། །རླུང་གི་ས་དང་དེ་བཞིན་དུ། །ལྷོ་ཡིས་གསུམ་པ་གཟུང་བར་བྱ། ། སླར་ཡང་རླུང་གི་ས་ཉིད་དང་། །དབུས་མའི་གསུམ་པ་གཟུང་བར་བྱ། །མེ་ཡི་གྲྭ་ནི་རླུང་ཉིད་དེ། །རྐང་པ་བརྒྱད་པར་ཤེས་པར་བྱ། །སྡིག་པ་ཐམས་ཅད་རྣམ་འཇོམས་པའོ། །དུམ་བུ་གཉིས་པས་མནན་པ་ནི། །ཡི་གེ་དང་པོ་ ཆུ་གདན་ཅན། །མཁས་པས་ཡི་གེ་གཉིས་པ་ནི། །དུམ་བུ་གཉིས་པས་མནན་པའོ། །དུམ་བུ་བཞི་པས་གནོན་པ་ནི། །ཡི་གེ་བཞི་པར་འདུ་ཤེས་སོ། །དུམ་བུ་གཉིས་པས་གནོན་པ་ནི། །ལྷན་ཅིག་བདུན་པའི་ཡི་གེ་དང་། ། ནུབ་ཀྱི་ཐ་མར་ཤེས་བྱའོ། །དགྲ་ཀུན་ཟད་པར་བྱེད་པའོ། །བྱང་གི་ཐོག་མ་གཟུང་བར་བྱ། །བདེན་བྲལ་མེ་ཡི་ས་བོན་དང་། །དེ་ཉིད་གཉིས་པའི་ས་བོན་དང་། །བྱང་གི་ཐོག་མའི་ཡི་གེ་དང་། །བདེན་བྲལ་གྱི་ནི་གཉིས་པ་ གཟུང་། །དྱ་ཡིག་རྡོ་རྗེ་སེམས་དཔའོ། །ནུབ་ཀྱི་ཐོག་མའི་ས་བོན་དང་། །མེ་ཡི་གཉིས་པའི་ཡི་གེ་དང་། །རླུང་གིའང་ས་ནི་གཟུང་བར་བྱ། །མེ་ཡི་རླུང་གི་ས་བོན་ཏེ། །སྔགས་ཀྱི་རྐང་པ་དགུ་པ་ནི། །མཁའ་འགྲོ་མ་ཡི་སྙིང་ ཉེད་པའོ། །ཡི་གེ་གཉིས་པ་དུམ་བུ་ལས། །ལྔ་པ་ཡིས་ནི་གདན་དུ་བརྒྱན། །ཡི་གེ་གསུམ་པའང་དེ་ཉིད་ཀྱིས། །བཞི་པ་དུམ་བུ་གཉིས་པས་མནན། །ལྔ་པ་དུམ་བུ་དགུ་པས་སོ། །བརྒྱད་པར་དུམ་བུ་དྲུག་པས་སོ། །དགུ་ པ་དུམ་བུ་གཉིས་པས་མནན། །གདན་དུ་རྣམ་པར་ཤེས་བྱའོ། །དབུས་མའི་ཐོག་མའི་ས་བོན་དང་། །རླུང་གི་དབང་ཆེན་དེ་བཞིན་དང་། །ནུབ་ཀྱི་ཐོག་མའི་ས་བོན་དང་། །དེ་ཉིད་ཀྱི་ནི་བཞི་པ་དང་། །བྱང་གི་ཐ་མ་གཟུང་བར་བྱ། །དབུས་ མ་ཡི་ནི་གསུམ་པ་དང་། །དབང་ལྡན་གྱི་ནི་ཆུ་གཟུང་བྱ། །བྱང་གི་ཐོག་མའི་ཡི་གེ་དང་། །བདེན་བྲལ་གཉིས་པའི་ས་བོན་དང་། །སླར་ཡང་མེ་ཡི་རླུང་དང་ནི། །དེ་བཞིན་སྔགས་ཀྱི་རྐང་པ་ནི། །བཅུ་པ་ཞེས་བྱ་སྡང་བ་གསོད། །དུམ་བུ་ 86-1-51a གཉིས་པས་མནན་པ་ཡི། །བྱང་གི་དང་པོ་ཡི་གེ་ནི། །གཉིས་པའི་གདན་དུ་ཤེས་པར་བྱ། །བཅུ་གཅིག་པས་ནི་སྤྱི་གཙུག་ལའོ། །དུམ་བུ་དྲུག་པའི་གཞི་ལ་ནི། །མཁས་པས་ཡི་གེ་བཞི་པའོ། །ཡི་གེ་ལྔ་པ་དུམ་བུ་ནི། །བཞི་ པའི་མཐའ་འོག་མེ་དང་ལྡན། །དྲུག་པར་ར་ཡིག་གདན་སྦྱིན་བྱ། །བརྒྱད་པར་ལྔ་པ་ཡི་ནི་གདན། །དགུ་པ་དུམ་བུ་གཉིས་པས་མནན། །འཇིགས་ཆེན་འཇིགས་པར་བྱེད་པའོ། །དབང་ལྡན་གྱི་ནི་ཆུ་གཟུང་བྱ། །དབུས་མའི་ཐོག་ མའི་ཡི་གེ་དང་། །ལྷོ་ཡི་ཐོག་མ་གཟུང་བར་བྱ། །སླར་ཡང་བྱང་གི་ཐ་མ་དང་། །དབུས་མའི་གཉིས་པའི་ས་བོན་དང་། །དབང་ལྡན་གཉིས་པའི་ཡི་གེ་དང་། །ཡང་ནི་དེ་ཉིད་གཟུང་བར་བྱ། །བདེན་བྲལ་མེ་ཡི་ས་བོན་དང་། །དབང་ ལྡན་ཆུ་ཡི་ཡི་གེ་དང་། །མེ་ཡི་རླུང་གི་ས་བོན་བསྡུ། །སྔགས་ཀྱི་རྐང་པ་བཅུ་གཅིག་པ། །བདུད་སྡེ་རྣམ་པར་འཇོམས་བྱེད་པའོ། །ཐོག་མའི་ཡི་གེ་དུམ་བུ་ནི། །གསུམ་པས་མནན་ཅིང་མཛེས་པའོ། །བཞི་པ་ཡི་ནི་ཡི་གེ་ལའང་། ། དུམ་བུ་ལྔ་པས་སྟན་དུ་བྱས། །དྲུག་པ་གཉིས་པས་མནན་པ་དང་། །སླར་ཡང་བདུན་པ་དགུ་པ་ལའོ། །བྱང་གི་མཐའ་མ་གཟུང་བར་བྱ། །སླར་ཡང་ནུབ་ཀྱི་ཐོག་མ་དང་། །དབུས་མའི་གསུམ་པ་གཟུང་བར་བྱ། །ལྷོ་ཡི་མཐའ་མའི་ ཡི་གེ་དང་། །བྱང་གི་ཐོག་མ་གཟུང་བར་བྱ། །བདེན་བྲལ་མེ་ཡི་ཡི་གེ་དང་། །བྱང་གི་ཐོག་མའི་ས་བོན་དང་། །འདྲེ་ཡི་མེ་ནི་དེ་བཞིན་ཏེ། །ནུབ་ཀྱི་ཐོག་མ་གཟུང་བར་བྱ། །བྱང་གི་ཐ་མའི་ཡི་གེ་དང་། །དེ་ནས་ནུབ་ཀྱི་ཐོག་མ་གཟུང་། །སླར་ཡང་ མེ་ཡི་རླུང་ཡིན་ཏེ། །སྔགས་ཀྱི་ཚིག་རྐང་བཅུ་གཉིས་པ། །རྣལ་འབྱོར་མ་ཀུན་དབང་བྱེད་པའོ། །མཁས་པས་ཐོག་མའི་ཡི་གེ་ལ། །དུམ་བུ་གཉིས་པས་མནན་པའོ། །ཤར་སྒོ་མ་ཡིས་གནོན་པ་ནི། །དེ་ནས་གཉིས་པའི་གདན་དུའོ། ། སླར་ཡང་ཡི་གེ་དྲུག་པ་ལ། །དུམ་བུ་གསུམ་པས་མནན་པའོ། །ཡི་གེ་བདུན་པ་དུམ་བུ་ནི། །དྲུག་པའི་གདན་གྱིས་རྫོགས་བྱས་པའོ། །ཡི་གེ་བརྒྱད་པ་དུམ་བུ་ནི། །གསུམ་པ་ཡིས་ནི་བརྒྱན་པར་བྱ། །བཅུ་པར་དུམ་བུ་བཅུ་གཅིག་པས། ། 86-1-51b མནན་ཅིང་བཅུ་གཅིག་འོག་ཉིད་མ། །དུམ་བུ་གཉིས་པས་ད་ཉིད་ལའོ། །དབང་གི་ལས་ལ་གཡོ་བ་མེད། །རླུང་གི་གཉིས་པ་གཟུང་བར་བྱ། །སླར་ཡང་དབང་ལྡན་གཉིས་པ་དང་། །ཤར་གྱི་གསུམ་པའི་ས་བོན་དང་། །རླུང་གི་གཉིས་པའི་ཡི་གེ་དང་། །ནུབ་ ཀྱི་གསུམ་པའི་ས་བོན་དང་། །བདེན་བྲལ་མེ་ཡི་ཡི་གེ་དང་། །དབང་ལྡན་གྱི་ནི་ཆུ་གཟུང་བྱ། །རླུང་གི་ས་ཡི་ས་བོན་དང་། །འོག་གི་ཆར་ནི་དེ་ཉིད་སྦྱིན། །བྱང་ཕྱོགས་ཀྱི་ནི་བཞི་པ་དང་། །དབུས་མའི་ཐོག་མ་གཟུང་བར་བྱ། །བདེན་བྲལ་མེའི་ཡི་གེ་དང་། ། མེ་ཡི་རླུང་ནི་གཟུང་བར་བྱ། །སྔགས་ཀྱི་ཚིག་རྐང་བཅུ་གསུམ་པ། །ཀུན་དགའ་ཐམས་ཅད་བྱེད་པ་དང་། །རྗེས་སྐྱོབ་རྣམས་ཀྱི་བྱང་ཆུབ་ལམ། །ཡེ་ཤེས་ས་བོན་ཡང་དག་བཏུ། །ཡང་ནི་དེ་ཉིད་བཏུ་བར་བྱ། །དབུས་མའི་ཐོག་མ་གཟུང་བར་བྱ། ། བདེན་བྲལ་མེ་ཡི་ཡི་གེ་དང་། །ཤར་གྱི་ཐོག་མ་གཟུང་བར་བྱ། །དེ་ནི་དེ་ལྟར་གདན་དུ་བྱ། །སྲིན་པོའི་ར་ཡི་ཡི་གེ་གཟུང་། །ལྷོ་ཡི་ཐ་མའི་ས་བོན་དང་། །བྱང་གི་ཐ་མ་བཏུ་བྱས་ནས། །དབུས་མའི་གཉིས་པའི་ཡི་གེ་དང་། །མེ་ཡིའང་རླུང་ནི་གཟུང་ བར་བྱ། །ཚིག་རྐང་བཅུ་བཞི་མི་ཟད་པའོ། །སླར་ཡང་གསུམ་པའི་ཡི་གེ་ལ། །དུམ་བུ་གཉིས་པས་མནན་པ་དང་། །བཞི་པར་དགུ་པས་མནན་པ་དང་། །སླར་ཡང་ལྔ་པར་གཉིས་པས་སོ། །དུམ་བུ་ལྔ་པའི་གདན་ལྡན་པ། །བརྒྱད་པའོ་དེ་བཞིན་ དགུ་པ་ལ། །དུམ་བུ་གཉིས་པས་མནན་པའོ། །ལུགས་བཟློག་བཅུ་གསུམ་པ་བཤད་བྱ། །མཁས་པས་ཡི་གེ་བཅུ་གཅིག་པ། །རེའུ་མིག་གཉིས་པས་མནན་པའོ། །དྲུག་པ་བཞི་པས་མནན་པ་དང་། །བཞི་པའི་གདན་ནི་ལྔ་པའོ། ། བཅུ་གཅིག་པ་ནི་ཅོད་པན་དུ། །སྐྱེ་བོ་ཐམས་ཅད་རྣམ་འཁྲུལ་བྱེད། །བྱང་གི་ཐ་མ་གཟུང་བར་བྱ། །དབང་ལྡན་དབང་ལྡན་གཞན་དེ་བཞིན། །མི་ཡི་གཉིས་པའི་ས་བོན་དང་། །ཡང་ནི་དེ་ཉིད་བཏུ་བར་བྱ། །ལྷོ་ཡི་ཐ་མ་གཟུང་བར་བྱ། །སླར་ ཡང་བྱང་གི་དང་པོ་པ། །མེ་ཡི་རླུང་ནི་གཟུང་བར་བྱ། །ཡང་ནི་ས་བོན་དེ་ཉིད་དོ། །སྔགས་ཀྱི་ཚིག་རྐང་བཅྭ་ལྔ་པ། །སྐྲད་པར་རྣམ་པར་བརྟིག་པའོ། །གཉིས་པ་ཡི་ནི་ཡི་གེ་སྔགས། །རེའུ་མིག་གཉིས་པར་ཡང་དག་ལྡན། །གསུམ་ 86-1-52a པའི་གདན་དུ་བྱང་གི་ནི། །ཐ་མ་ཉིད་ནི་སྦྱིན་པར་བྱ། །ཁྱབ་བདག་ཡི་གེ་བཞི་པ་ནི། །རེའུ་མིག་གཉིས་པར་ཡང་དག་ལྡན། །དྲུག་པ་རེའུ་མིག་གསུམ་པས་མནན། །འོག་ཏུ་མེ་ཡིས་འབར་བྱས་པའོ། །བདུན་པ་གཉིས་པས་མནན་པ་ནི། ། རྣལ་འབྱོར་མ་ཡི་བདར་གནས་པའོ། །རླུང་གི་གཉིས་པ་གཟུང་བར་བྱ། །སླར་ཡང་དབང་ལྡན་གྱི་ནི་ཆུ། །བྱང་ཕྱོགས་ཀྱི་ནི་བཞི་པ་དང་། །ནུབ་ཀྱི་ཐོག་མ་དེ་བཞིན་དུ། །རླུང་གི་གཉིས་པའི་ས་བོན་དང་། །སླར་ཡང་ནུབ་ཀྱི་ཐོག་མ་དང་། ། རླུང་གི་གཉིས་པ་གཟུང་བར་བྱ། །ལྷོ་ཡི་ཐ་མ་ཉིད་དང་ཡང་། །དབུས་མའི་ཐོག་མའི་ས་བོན་དང་། །བདེན་བྲལ་གྱི་ནི་མེ་ཡི་བུ། །མེ་ཡི་རླུང་གི་ས་བོན་དང་། །སྔགས་ཀྱི་ཚིག་རྐང་བཅུ་དྲུག་པའོ། །གཉིས་པར་ར་ཡི་ཡི་གེས་མནན། ། གསུམ་པའི་གདན་ནི་དྲུག་པ་སྟེ། །ལྔ་པའི་ཅོད་པན་བཅུ་གཅིག་པ། །དྲུག་པ་དུམ་བུ་གཉིས་པ་ལས། །གདན་ནི་མེ་ཡི་བུ་ཡིས་སོ། །བཅུ་པར་དུམ་བུ་གཉིས་པས་སོ། །བྱང་གི་ཐ་མ་གཟུང་བར་བྱ། །དབང་ལྡན་ཕྱི་མ་དེ་བཞིན་དུ། ། དབུས་མའི་ཐོག་མའི་ས་བོན་དང་། །སླར་ཡང་རླུང་གི་ས་ཉིད་དང་། །བྱང་གི་ཐོག་མ་གདན་དུ་བྱ། །ནུབ་ཀྱི་ཐོག་མ་དེ་བཞིན་དུ། །དབུས་མའི་གསུམ་པ་གཟུང་བར་བྱ། །ནུབ་ཀྱི་ཐོག་མའི་ཡི་གེ་དང་། །ཤར་གྱི་གསུམ་པ་གཟུང་ བར་བྱ། །སླར་ཡང་མེ་ཡི་རླུང་ཡིན་ཏེ། །ཚིག་རྐང་བཅུ་བདུན་པ་ཡི་སྔགས། །དུས་སུ་འཆི་བ་འཇོམས་བྱེད་པའོ། །སྔགས་ཀྱི་ཡི་གེ་གཉིས་པ་ལ། །རེའུ་མིག་གཉིས་པ་ཡང་དག་ལྡན། །བཞི་པའང་དེ་ཉིད་ཡང་དག་ལྡན། ། ལྔ་པར་ཡང་ནི་དེ་ཡིས་སོ། །བཞི་པར་བཅུ་གཅིག་པ་ཡིས་མནན། །དྲུག་པ་ལ་ནི་གསུམ་པས་མནན། །ན་ཡི་ཡི་གེའི་སྟན་མནན་པའོ། །བདུན་པར་རེའུ་མིག་བདུན་པས་སོ། །བརྒྱད་པར་རེའུ་མིག་གཉིས་པ་སྟེ། །གསང་སྔགས་ བདེ་བ་ཀུན་འབྱུང་བའོ། །ཤར་གྱི་གསུམ་པ་གཟུང་བར་བྱ། །ལྷོ་ཡི་ཐོག་མ་དེ་བཞིན་ནོ། །དབུས་མའི་ཐོག་མའི་ས་བོན་དང་། །རླུང་གི་གྲྭ་ལས་ས་དང་ནི། །བྱང་ཕྱོགས་ཀྱི་ནི་ཐོག་མ་དང་། །དེ་ཉིད་ཀྱི་མཐའི་ཡི་གེ་དང་། །དབུས་མའི་ཐོག་ 86-1-52b མའི་ས་བོན་དང་། །ལྷོ་ཡི་ཐོག་མ་དེ་བཞིན་དུ། །མེ་ཡི་རླུང་ནི་གཟུང་བྱ་སྟེ། །སྔགས་ཀྱི་ཚིག་རྐང་བཅྭ་བརྒྱད་པའོ། །གཉིས་པའི་ཡི་གེ་རེའུ་མིག་ནི། །གཉིས་པ་དང་ནི་ཡང་དག་ལྡན། །བཞི་པ་ཡང་ནི་དེ་ཉིད་ཀྱིས། །ལྔ་པ་དྲུག་པའི་ཡི་གེ་ ལའོ། །བདུན་པའི་ཡི་གེའང་དེ་ཉིད་ཀྱིས། །དེ་བཞིན་བརྒྱད་པ་དུམ་གཉིས་པས། །སྐྱེ་བོ་རྣམས་ལ་ཆོས་འཁོར་ལོ། །རབ་བསྐོར་སྔགས་པའི་སྔགས་ཚིག་གོ། །དབུས་མའི་གཉིས་པ་གཟུང་བར་བྱ། །སླར་ཡང་ལྷོ་ཡི་དང་པོ་ མའོ། །དབུས་མའི་གསུམ་པ་གཟུང་བར་བྱ། །དབུས་མའི་ཐོག་མ་དེ་བཞིན་དུ། །བྱང་ཕྱོགས་ཀྱི་ནི་ཐོག་མ་དང་། །རླུང་གི་ས་ཉིད་དེ་ནས་ནི། །མེ་ཡི་གཉིས་པའི་ས་བོན་དང་། །རླུང་གི་གྲྭ་ཡི་ས་དང་ནི། །བྱང་ཕྱོགས་ཀྱི་ནི་བཞི་པ་ དང་། །ནུབ་ཀྱི་ཐ་མ་དེ་བཞིན་དུ། །དེ་ཉིད་ཀྱི་ནི་བཞི་པ་དང་། །སླར་ཡང་འདྲེ་ཡི་མེ་ཡི་བུ། །ལྷོ་ཡི་ཐ་མའི་གཟུང་བར་བྱ། །ཉི་ཤུར་གཅིག་གིས་མ་ཚང་ཚིག །ཡི་གེ་གཉིས་པར་ཆུ་གདན་དང་། །རེའུ་མིག་གཉིས་པར་ཡང་དག་ ལྡན། །ཅོད་པན་རེའུ་མིག་བཅུ་གཅིག་པའོ། །ལྔ་པ་རེའུ་མིག་གཉིས་པར་ལྡན། །བདུན་པར་རེའུ་མིག་དྲུག་པ་དང་། །འོག་གི་ཆ་རུ་གསལ་བྱས་པའོ། །དགུ་པ་རེའུ་མིག་གསུམ་པ་ཡིས། །མགོ་བོར་བཅུ་གཅིག་པ་འདོད་དོ། །གཉིས་པས་ བཅུ་གཅིག་པ་ལའོ། །གསུམ་པས་ཡི་གེ་བཅུ་གཉིས་པ། །བདུན་པས་བཅུ་གསུམ་པ་ལ་སྟེ། །གསང་སྔགས་ལྷན་ཅིག་སྐྱེས་ཆོས་ཅན། །བྱང་གི་ཐ་མ་གཟུང་བར་བྱ། །དབང་ལྡན་རེའུ་མིག་ལས་ཕྱི་མ། །རླུང་གི་གཉིས་པའི་ས་ བོན་དང་། །ཡང་ནི་བྱང་གི་ཐ་མ་དང་། །ནུབ་ཀྱི་གསུམ་པ་བྱང་གི་ནི། །ཐ་མ་ཡི་ནི་ཡི་གེ་དང་། །དབུས་མ་ཡི་ནི་གཉིས་པ་དང་། །རླུང་གི་ས་ཡི་ཡི་གེ་དང་། །མེ་ཡི་རླུང་ནི་གཟུང་བྱ་སྟེ། །སྔགས་ཀྱི་ཚིག་རྐང་ཉི་ཤུ་པའོ། །མཁས་པས་ཡི་ གེ་གཉིས་པ་ལ། །རེའུ་མིག་གཉིས་པ་ཡང་དག་ལྡན། །བཞི་པ་ལ་ནི་ལྔ་པའི་གདན། །ཡི་གེ་ལྔ་པར་ར་ཡིག་གིས། །བདུན་པ་ཡིས་ནི་དྲུག་པ་ལའོ། །བརྒྱད་པར་རེའུ་མིག་གཉིས་པས་སོ། །ཀུན་དུ་སྐྲག་བྱེད་ཆེན་པོ་སྟེ། །ཀླུ་ 86-1-53a རྣམས་འཇིགས་པར་བྱེད་པའོ། །དབང་ལྡན་གྱི་ཡང་ཆུ་གཟུང་བྱ། །དབུས་མའི་ཡི་གེ་བཞི་པ་དང་། །ཤར་གྱི་ཐོག་མ་གཟུང་བར་བྱ། །བདེན་བྲལ་མེ་ཡི་ས་བོན་དང་། །གདན་ནི་བྱང་གི་ཐ་མ་དང་། །དེ་ཉིད་ཀྱི་ཡིག་བཞི་པ་ དང་། །བདེན་བྲལ་མེ་ནི་བཏུ་བྱས་ནས། །ནུབ་ཕྱོགས་ཀྱི་ཡང་བཞི་པ་དང་། །བདེན་བྲལ་མེ་ཡི་ས་བོན་དང་། །ལྷོ་ཡི་ཐ་མ་དེ་བཞིན་ཏེ། །ཚིག་རྐང་ཉི་ཤུ་རྩ་གཅིག་པ། །ཀུན་དུ་སྐྲག་པ་ཐམས་ཅད་སྤངས། །རེའུ་མིག་གཉིས་ པ་ཡང་དག་སྦྱར། །རླུང་གི་སྟན་ནི་དེ་བཞིན་དུ། །ཡི་གེ་ཐོག་མ་ཞེས་བྱའོ། །གཉིས་པ་དེ་ལྟར་ར་སྟེང་གནས། །བཞི་པ་ཡི་ནི་གོར་གནས་པ། །རེའུ་མིག་གཉིས་པ་སྦྱར་བའོ། །ཅོད་པན་བཅུ་གཅིག་པས་མནན་པ། །བདུན་པ་ལ་ནི་ གཉིས་པར་ལྡན། །བརྒྱད་པ་ལ་ནི་གསུམ་པས་དང་། །དགུ་པ་ལ་ནི་མནན་པས་ཏེ། །དངོས་གྲུབ་ཀུན་གྱི་གཞི་ཡི་སྔགས། །ཕྱག་རྒྱའི་དངོས་གྲུབ་སྟེར་བ་པོའོ། །དབང་ལྡན་གྱི་ནི་ཆུ་གཟུང་བྱ། །ནུབ་ཀྱི་ཐོག་མ་དེ་བཞིན་དུ། །རླུང་གི་དབང་ཆེན་གཟུང་ནས་ ནི། །དེ་ཉིད་ཀྱི་གཉིས་པའི་ཡི་གེ། །དབུས་མའི་བཞི་པའི་ས་བོན་དང་། །སླར་ཡང་བྱང་གི་ཐ་མ་དང་། །ནུབ་ཕྱོགས་ཀྱི་ནི་བཞི་པ་ལ། །ར་ཡི་ཡི་གེ་ལྡན་པར་བྱ། །ལྷོ་ཡི་ཐ་མ་གཟུང་ནས་ནི། །དབུས་མའི་ཐོག་མ་དེ་བཞིན་དུ། །སྲིན་པོའི་ མེ་ནི་གཟུང་བར་བྱ། །མེ་ཡི་རླུང་གི་ས་བོན་ཏེ། །སྔགས་ཀྱི་ཚིག་རྐང་ཉི་ཤུ་གཉིས། །གསུངས་པའི་ལས་ནི་བྱེད་པའོ། །ཐོག་མའི་སྔགས་ཀྱི་ཡི་གེ་ལ། །དུམ་བུ་བདུན་པ་ཡང་དག་ལྡན། །གཉིས་པའི་ཡི་གེར་གཉིས་པ་དང་། །བཞི་ པའི་ཡི་གེར་བཅུ་གཅིག་པ། །བཅུ་པར་དུམ་བུ་གཉིས་པ་སྟེ། །སེམས་དང་སེམས་བྱུང་གཉིས་མེད་བྱེད། །བྱང་གི་ཐ་མ་གཟུང་བར་བྱ། །དབང་ལྡན་གྲ་ནི་གཞན་པ་དང་། །དེ་ཉིད་ཀྱི་ནི་ཆུ་གཟུང་བྱ། །ཡང་ནི་དབུས་མའི་བཞི་པ་དང་། །ན་ཡིག་ སྟན་དུའང་སྦྱིན་པར་བྱ། །ནུབ་ཀྱི་ཐ་མ་དེ་བཞིན་དུ། །དབང་ལྡན་གྱི་ཡང་ཆུ་གཟུང་བྱ། །སླར་ཡང་འདྲེའི་མེ་དང་ནི། །ལྷོ་ཡི་ཐ་མ་གཟུང་བར་བྱ། །ཚིག་རྐང་ཉི་ཤུ་རྩ་གསུམ་པའོ། །ཡི་གེ་གཉིས་པར་རེའུ་མིག་ནི། །གཉིས་པ་ལྡན་པས་ 86-1-53b མཛེས་པའོ། །གསུམ་པ་ལ་ནི་གསུམ་པ་དང་། །ལྔ་པ་ལ་ཡང་དེ་ཉིད་ཀྱིས། །དྲུག་པར་རེའུ་མིག་གཉིས་པ་དང་། །བདུན་པས་གསུམ་པར་དེ་བཞིན་དུ། །བརྒྱད་པར་རེའུ་མིག་བདུན་པ་སྟེ། །འཁོར་བ་དྲག་པོ་སྐྱོབ་པའོ། ། མེ་ཡི་གཉིས་པའི་ས་བོན་དང་། །ནུབ་ཀྱི་ཐོག་མ་དེ་བཞིན་དུ། །ར་ཡི་ཡི་གེའང་སྟན་དུ་སྦྱིན། །ཡང་ནི་ནུབ་ཀྱི་ཐ་མ་དང་། །རླུང་གི་གཉིས་པ་གཟུང་བར་བྱ། །བྱང་ཕྱོགས་ཀྱི་ནི་བཞི་པ་དང་། །ལྷོ་ཡི་ཐ་མའི་ས་བོན་དང་། ། དབུས་མའི་ཐོག་མའི་ཡི་གེ་དང་། །བདེན་བྲལ་མེ་ཡི་ས་བོན་དང་། །སླར་ཡང་མེ་ཡི་རླུང་ཡིན་ཏེ། །སྔགས་ཀྱི་ཚིག་རྐང་ཉི་ཤུ་བཞི། །འཆི་བདག་རྣམ་པར་འཐག་པའོ། །ཡི་གེ་གཉིས་པ་རེའུ་མིག་ནི། །ལྔ་པས་སྟན་དུ་མཛེས་ པའོ། །གསུམ་པ་ཡང་ནི་གསུམ་པ་ཡིས། །བཞི་པ་ལ་ནི་ལྔ་པ་ཡིས། །དེ་ཡི་མགོ་བོར་སྟོང་པས་མནན། །བརྒྱད་པ་ལ་ཡང་གཉིས་པས་སོ། །ནུབ་ཕྱོགས་ཀྱི་ནི་ཐོག་མ་ལ། །སླར་ཡང་ཉི་མ་སྟན་དུ་བྱ། །རླུང་གི་གཉིས་ པའི་ས་བོན་ལའང་། །ས་ཡི་ཕ་རོལ་དབང་ལྡན་མཚམས། །རླུང་གི་གཉིས་པའི་ཡི་གེ་ལ། །ར་ཡིག་གདན་དུ་བརྒྱན་པ་དང་། །བྱང་གི་ཐ་མ་གཟུང་བར་བྱ། །དབང་ལྡན་ས་མཐའ་དེ་བཞིན་དུ། །རླུང་གི་གཉིས་པའི་ཡི་ གེ་ཉིད། །དབང་ལྡན་ཕྱི་མ་སའི་ཕ་རོལ། །སླར་ཡང་རླུང་གི་གཉིས་པ་ལ། །ར་ཡིག་དང་ནི་ལྡན་པར་བྱ། །དབུས་མའི་ཐོག་མའི་ས་བོན་དང་། །བདེན་བྲལ་མེ་ཡི་ས་བོན་དང་། །བྱང་གི་ཐ་མ་གཟུང་བར་བྱ། །དབང་ལྡན་ཆུ་ དང་དེ་བཞིན་དུ། །རླུང་གི་དབང་ཆེན་གཟུང་བར་བྱ། །རླུང་གི་གདན་ནི་སྦྱར་བ་དང་། །ནུབ་ཀྱི་ཐོག་མའི་ཡི་གེ་ཙམ། །སླར་ཡང་གཟུང་བྱ་དེ་བཞིན་དུ། །དབང་ལྡན་གྱི་ནི་ཆུ་གཟུང་བྱ། །ར་ཡིས་མནན་པ་སྦྱར་བར་བྱ། །བདེན་ བྲལ་ར་ཡིག་གཟུང་བར་བྱ། །ནུབ་ཀྱི་དང་པོའི་སྟན་དེ་བཞིན། །ལྷོ་ཡི་ཐ་མ་གཟུང་བ་ནི། །གསང་སྔགས་ཚིག་རྐང་ཉི་ཤུ་ལྔ། །མཁས་པས་ཐོག་མའི་ཡི་གེ་ལ། །རེའུ་མིག་གསུམ་པའི་ཕྱི་མོར་ལྡན། །གཉིས་པར་རེའུ་མིག་ 86-1-54a གཉིས་པའོ། །དྲུག་པར་དེ་ཉིད་སྦྱར་བར་བྱ། །དགུ་པར་རེའུ་མིག་བདུན་པས་ཏེ། །དགུ་པར་བཅུ་གཅིག་པས་དེ་བཞིན། །བཅུ་གཉིས་པ་ལ་དུམ་གཉིས་གིས། །བཅུ་བཞི་པར་ཡང་དེ་ཉིད་ཀྱིས། །བཅུ་གཅིག་པས་ནི་མགོ་བོར་ མནན། །བཅུ་བདུན་པར་ནི་དུམ་གསུམ་པས། །བཅྭ་བརྒྱད་པར་ནི་བདུན་པས་ཏེ། །མཐའ་ཡས་སེམས་ཅན་དོན་བྱེད་མཆོག །སྤྲུལ་པའི་སྐུ་ཅན་ཉིད་དང་ནི། །རེ་བ་ཐམས་ཅད་སྐོང་བྱེད་པའོ། །མེ་ཡི་གཉིས་པའི་ས་བོན་གཟུང་། ། ནུབ་ཀྱི་ཐོག་མ་དེ་བཞིན་དུ། །རླུང་གི་གཉིས་པ་གཟུང་བར་བྱ། །སླར་ཡང་དབང་ལྡན་སའི་ཕ་རོལ། །རླུང་གི་གཉིས་པ་གཟུང་བར་བྱ། །བྱང་གི་ཐ་མའི་ཡི་གེ་དང་། །དབུས་མའི་གཉིས་པའི་ས་བོན་དང་། །མེ་ཡང་རླུང་གི་ཡི་གེ་སྟེ། ། སྔགས་ཀྱི་ཚིག་རྐང་ཉི་ཤུ་དྲུག །མངོན་ཤེས་ཐམས་ཅད་འཇུག་བྱེད་པའོ། །ཡི་གེ་ལྔ་པ་མཆོག་ལ་ནི། །ར་ཡི་སྟན་དང་ཡང་དག་ལྡན། །ཡི་གེ་དྲུག་པའི་གདན་དུ་ནི། །རེའུ་མིག་གི་ནི་ལྔ་པ་བྱ། །བདུན་པར་དུམ་བུ་གཉིས་པས་སོ། ། ཆར་འབེབས་འདོད་པ་ཐམས་ཅད་གསོལ། །ཛྙཱ་ནི་རང་བྱུང་བཏུ་བྱས་ནས། །ནུབ་ཀྱི་ཐ་མའི་ཡི་གེ་དང་། །རླུང་གི་གཉིས་པ་བཏུ་བྱ་སྟེ། །དབུས་མའི་གསུམ་པ་དེ་བཞིན་དུ། །སྲིན་པོའི་ཉི་མ་བླངས་པ་དང་། །བྱང་གི་ཐོག་མ་དེ་ནས་ནི། ། ར་ཡིག་གདན་དང་མཉམ་ལྡན་བྱ། །བྱང་ཕྱོགས་ཀྱི་ནི་བཞི་པ་དང་། །མེ་ཡི་རླུང་ནི་བླང་བྱ་སྟེ། །ཚིག་རྐང་ཉི་ཤུ་རྩ་བདུན་པའོ། །གཉིས་པའི་དུམ་བུ་ཉིད་ཀྱིས་ནི། །ཡི་གེ་གསུམ་པ་མཛེས་པར་བྱས། །བདུན་པའང་དེ་ཉིད་ཀྱིས་བྱ་ སྟེ། །ལྷན་སྐྱེས་རྫོགས་པའི་བྱང་ཆུབ་མཆོག །བྱང་གི་ཐ་མ་གཟུང་བར་བྱ། །དབང་ལྡན་གྲྭ་ཡི་སའི་ཕ་རོལ། །བྱང་གི་ཐོག་མ་བླང་བར་བྱ། །མེ་ཡི་གཉིས་པའི་ཡི་གེ་དང་། །ནུབ་ཀྱི་ཐོག་མ་གཟུང་བར་བྱ། །བདེན་བྲལ་གྲྭ་ཡི་ ཉི་མ་དང་། །ནུབ་ཀྱི་བཞི་པའི་ས་བོན་དང་། །བདེན་བྲལ་ཉི་མའི་ས་བོན་དང་། །དབང་ལྡན་ཆུ་ཡང་གཟུང་བར་བྱ། །རླུང་གི་གཉིས་པའི་ཡི་གེ་དང་། །དབང་ལྡན་གྲྭ་ཡི་ས་མཐའ་དང་། །བདེན་བྲལ་མེ་ཡི་ས་བོན་དང་། ། 86-1-54b ལྷོ་ཡི་ཐ་མ་གཟུང་བྱ་སྟེ། །སྔགས་ཀྱི་ཚིག་རྐང་ཉི་ཤུ་བརྒྱད། །སྔགས་ཀྱི་ཡི་གེ་གཉིས་པ་ལ། །ལེའུ་ཆེ་གཉིས་པ་ཡང་དག་སྦྱར། །གསུམ་པ་ཡིས་ནི་གསུམ་པ་ལ། །བཞི་པ་ལ་ཡང་དེ་ཉིད་ཀྱིས། །དྲུག་པ་ལ་ནི་ལྔ་པ་ཡིས། །འོག་གི་ ཆར་ནི་སྦྱར་བར་བྱ། །བདུན་པར་གསུམ་པ་ལྡན་པར་བྱ། །ལེའུ་ཚེ་གཉིས་པས་བཅུ་པ་ལ། །བཅུ་གཅིག་པ་ལའང་དེ་ཉིད་ཀྱིས། །སླར་ཡང་གསུམ་པས་བཅུ་གཉིས་ལའོ། །བཅུ་གསུམ་པ་ལ་དུམ་བདུན་པས། །ཐུགས་རྗེ་ཆེན་པོ་ འདོད་ཉིད་དོ། །རླུང་གི་གཉིས་པའི་ས་བོན་དང་། །ར་ཡིག་ལྡན་པའི་དབང་ལྡན་ཆུ། །བྱང་གི་ཐ་མ་གཟུང་བར་བྱ། །འདྲེ་ཡི་བསྲེག་ཟ་དེ་ནས་ནི། །བྱང་ཕྱོགས་ཀྱི་ནི་གསུམ་པ་དང་། །སླར་ཡང་རླུང་གི་ས་དང་ནི། །ནུབ་ཕྱོགས་ཀྱི་ ནི་བཞི་པ་ལ། །ཆུ་ཡི་གདན་ནི་སྦྱར་བའོ། །རླུང་གི་གཉིས་པའི་ས་བོན་དང་། །ཡང་ན་ནུབ་ཀྱི་ཐ་མ་སྟེ། །ཉི་ཤུ་རྩ་དགུ་པ་དེ་བཞིན། །སྔགས་ཀྱི་ཚིག་ནི་ཐམས་ཅད་བྱེད། །སྔགས་ཀྱི་ཡི་གེ་གསུམ་པ་ལ། །རེའུ་མིག་གཉིས་ པར་ཡང་དག་ལྡན། །ཡི་གེ་བདུན་པའི་གནས་ལ་ནི། །བཅུ་གཅིག་པ་ཡིས་ཡང་དག་མནན། །བརྒྱད་པ་ལ་ནི་གསུམ་པ་སྦྱར། །དེ་བཞིན་དགུ་པར་བདུན་པ་སྟེ། །གསང་སྔགས་འདི་ནི་སྣ་ཚོགས་པའི། །དངོས་གྲུབ་སྙིང་རྗེར་གསུངས་པའོ། ། མེ་ཡི་གཉིས་པའང་གཟུང་བར་བྱ། །ཁྱབ་བདག་ཆེན་པོ་ཉི་མར་ལྡན། །བདེན་བྲལ་གྲྭ་ཡི་གཉིས་པ་ལ། །ལྷོ་ཡི་ཐོག་མའི་གདན་ཅན་ནོ། །རླུང་གི་གཉིས་པའི་ས་བོན་དང་། །དབང་ལྡན་གྲྭ་ཡི་ས་ཕ་རོལ། །བདེན་བྲལ་ཉི་ མ་གཟུང་བར་བྱ། །དབུས་མ་ཡི་ནི་ཐོག་མ་མཆོག །སྲིན་པོའི་མེ་ནི་གཟུང་བར་བྱ། །དབུས་མའི་ཐོག་མའི་ཡི་གེ་དང་། །མེ་ཡི་རླུང་ནི་གཟུང་བྱ་སྟེ། །སྔགས་ཀྱི་ཚིག་རྐང་སུམ་བཅུའོ། །མཁས་པའི་ཐོག་མའི་ཡི་གེ་ལ། ། ལེའུ་ཚེ་གསུམ་པ་སྦྱང་བ་དང་། །དེ་ཉིད་ཀྱིས་ནི་གཉིས་པ་ལ། །དྲུག་པ་བཅུ་གཅིག་པ་ཡིས་མནན། །སླར་ཡང་བཞི་པ་ལ་གཉིས་པས། །དྲུག་པ་ལ་ཡང་དེ་ཉིད་ཀྱིས། །བརྒྱད་པའང་དེ་ཡིས་དེ་བཞིན་ནོ། །དེ་ཡང་འཁྲུལ་པ་ 86-1-55a རྣམས་སྤངས་པའོ། །རླུང་གི་གཉིས་པའི་ས་བོན་དང་། །ཉི་མར་ལྡན་པའི་དབང་ལྡན་ཆུ། །ནུབ་ཀྱི་ཐ་མའི་ས་བོན་དང་། །དབུས་མ་ཡི་ཡང་གསུམ་པ་དང་། །ཕྱིར་ཞིང་ནུབ་ཀྱི་ཐ་མ་དང་། །བདེན་བྲལ་གཉིས་པའི་ཡི་གེ་དང་། །སླར་ ཡང་དེ་ཉིད་དེ་ལྟར་བཏུ། །ལྷོ་ཡི་ཐ་མ་དེ་བཞིན་ཏེ། །རླུང་གི་གཉིས་པ་གཟུང་བྱས་ནས། །ནུབ་ཀྱི་དང་པོའི་སྟན་དེ་ནས། །བྱང་ཕྱོགས་ཀྱི་ཡང་བཞི་པ་དང་། །ནུབ་ཀྱི་ཐ་མ་དེ་བཞིན་དུ། །དབང་ལྡན་གྱི་ཡང་ཆུ་གཟུང་བྱ། །ནུབ་ཕྱོགས་ཀྱི་ནི་ བཞི་པ་སྟེ། །དེ་ལ་ར་ཡིག་ལྡན་པར་བྱ། །དབང་ལྡན་ཆུ་ཡི་ས་བོན་དང་། །ལྷོ་ཡི་ཐ་མ་གཟུང་བར་བྱ། །མེ་ཡི་རླུང་གི་ས་བོན་ཏེ། །བཀླགས་པས་དངོས་གྲུབ་བྱེད་པའི་སྔགས། །མ་བྱུང་འབྱུང་བར་མི་འགྱུར་རོ། །སྔགས་ཀྱི་ཡི་གེ་གསུམ་ པ་ལ། །རེའུ་མིག་གཉིས་པས་མནན་པ་སྟེ། །བཞི་པའང་དེ་ཉིད་དང་སྦྱར་ཅིང་། །བཅུ་གཅིག་པ་ཡིས་བརྒྱན་པའོ། །ལྔ་པ་དུམ་བུ་གཉིས་པ་སྟེ། །དེ་བཞིན་དྲུག་པར་དགུ་པས་སོ། །དགུ་པ་ཐིག་ལེས་མནན་པ་སྟེ། ། སླར་ཡང་བཅུ་གཉིས་ལ་གསུམ་པས། །བཅུ་གསུམ་པ་ལ་གཉིས་པས་ཏེ། །བཅྭ་ལྔ་པ་ལའང་དེ་ཉིད་ཀྱིས། །སྔགས་རྐང་སུམ་བཅུ་རྩ་གཅིག་པ། །བདེ་བ་ཐམས་ཅད་འབྱུང་བའོ། །ཐོག་མའི་རེའུ་མིག་ བཏུ་བྱས་ནས། །ནུབ་ཀྱི་ཐོག་མ་དེ་བཞིན་དུ། །རྡོ་རྗེ་སེམས་དཔའི་གདན་སྦྱིན་བྱ། །སླར་ཡང་བྱང་གི་ཐ་མ་དང་། །རླུང་གི་ས་ནི་གཟུང་བར་བྱ། །ནུབ་ཀྱི་བཞི་པའི་ཡི་གེ་དང་། །བདེན་བྲལ་མེ་ཡི་ས་བོན་དང་། ། ནུབ་ཀྱི་ཐ་མ་དེ་བཞིན་ནོ། །ཐག་མར་བཅུ་གཅིག་པ་ཡིས་མནན། །གསུམ་པར་རེའུ་མིག་གཉིས་པས་སོ། །བཞི་དང་ལྔ་པའང་དེ་ཉིད་ཀྱིས། །ཡི་གེ་དྲུག་པར་གསུམ་པ་ཡིས། །བདུན་པར་བདུན་པ་ཉིད་ཀྱི་ ཏེ། །སྔགས་རྐང་སུམ་བཅུ་རྩ་གཉིས་པ། །འཇིགས་བྱེད་མ་རྣམས་འཇིགས་བྱེད་དང་། །རྡོ་རྗེ་སེམས་དཔའ་རྫོགས་བྱེད་པ། །རླུང་གི་གཉིས་པའི་ས་བོན་དང་། །བྱང་ཕྱོགས་ཀྱི་ནི་ཐ་མ་མཆོག ། 86-1-55b བདེན་བྲལ་རྡོ་རྗེ་སེམས་དཔའ་དང་། །དབུས་མི་ཐོག་མའི་ཡི་གེ་དང་། །བྱང་ཕྱོགས་ཀྱི་ཡང་ཐོག་མ་དང་། །ནུབ་ཀྱི་ཐོག་མ་དེ་བཞིན་དུ། །དེ་ཉིད་ཀྱི་ནི་ཐ་མ་གཟུང་། །སླར་ཡང་དེ་ཡི་གསུམ་པ་དང་། ། མེ་ཡི་རླུང་ཡང་གཟུང་བྱ་སྟེ། །ཚིག་རྐང་སུམ་བཅུ་རྩ་གསུམ་པ། །ཐོག་མ་ལ་ནི་ལྔ་པའི་གདན། །གཉིས་པ་ལ་ནི་བདུན་པས་ཏེ། །གསུམ་པའི་གདན་ནི་ལྔ་པ་ཡི། །རེའུ་མིག་པ་ཡང་བསྡུ་བའོ། །བཞི་པར་ བཅུ་གཅིག་པ་ཡིས་གནན། །ལྔ་པ་ལ་ཡང་དུམ་གསུམ་པས། །བདུན་པ་བརྒྱད་པ་རེའུ་མིག་ནི། །གཉིས་པ་ཡིས་ནི་རྟག་ཏུ་འབར། །གཟུང་དང་འཛིན་པ་རྣམ་པ་ཡང་། །སྤོང་བ་སྔགས་ཀྱི་འདྲེན་པའོ། ། དབུས་མའི་ཐོག་མ་གཟུང་བར་བྱ། །གདན་ནི་མེ་ཡི་བུ་ཡིས་སོ། །ནུབ་ཕྱོགས་ཀྱི་ནི་བཞི་པ་དང་། །དབང་ལྡན་ཆུ་ཡི་ས་བོན་དང་། །དབུས་མ་ཡི་ནི་བཞི་པ་ནི། །ཉི་མའི་གདན་ལ་ཡང་དག་གནས། །དབང་ལྡན་ གྲྭ་ཡི་ས་མཐའ་དང་། །སླར་ཡང་ནུབ་ཀྱི་བཞི་པ་དང་། །འདྲེ་ཡི་མེ་ཡི་ས་བོན་དང་། །ལྷོ་ཡི་ཐ་མ་དེ་བཞིན་དུ། །མེ་ཡི་རླུང་ནི་གཟུང་བར་བྱ། །ཚིག་རྐང་སུམ་བཅུ་རྩ་བཞི་པའོ། །མཁས་པས་ཐོག་མའི་ཡི་གེ་ ལ། །རེའུ་མིག་དགུ་པས་མནན་པ་དང་། །གསུམ་པ་ལ་ནི་གསུམ་པས་སོ། །གཉིས་པས་དྲུག་དང་བརྒྱད་ཡིག་ལའོ། །གསང་སྔགས་ངན་འགྲོ་ལས་སྒྲོལ་བའོ། །རང་འབྱུང་སྒྲ་ཡང་བསྒྲགས་པའོ། ། བྱང་གི་ཐ་མ་གཟུང་བར་བྱ། །དབང་ལྡན་གྲྭ་ཡི་ས་མཐའ་དང་། །དབུས་མའི་ཐོག་མ་གཟུང་བར་བྱ། །མེ་ཡི་གཉིས་པའི་ས་བོན་དང་། །ནུབ་ཀྱི་ཐོག་མ་དེ་བཞིན་དུ། །རླུང་གི་དབང་ཆེན་དེ་བཞིན་ཏེ། །དབུས་ མའི་ཐོག་མ་གཟུང་བར་བྱ། །ནུབ་ཀྱི་ཡི་གེ་དང་པོ་ལ། །བྱང་གི་ཐ་མའི་གདན་སྦྱར་བྱ། །སླར་ཡང་ནུབ་ཀྱི་ཐ་མ་སྟེ། །ཚིག་རྐང་སུམ་བཅུ་རྩ་ལྔ་པ། །ཆོས་རྣམས་ཀུན་གྱི་སྟོང་པ་ཉིད། །གཉིས་གསུམ་ཡི་གེའི་ 86-1-56a གནས་ལ་ནི། །རེའུ་མིག་གཉིས་པ་སྦྱར་བའོ། །ལྔ་པ་ལ་ནི་དུམ་གསུམ་པས། །བདུན་པ་དགུ་པར་གཉིས་བདུན་པས། །བྱང་ཕྱོགས་ཀྱི་ནི་གསུམ་པ་དང་། །ནུབ་ཀྱི་གསུམ་པ་དེ་བཞིན་ཏེ། ། དེ་ཡི་བཞི་པའི་གདན་སྦྱིན་བྱ། །དབུས་མའི་ཐོག་མ་དེ་བཞིན་དུ། །ལྷོ་ཕྱོགས་ཀྱི་ནི་ཐོག་མ་དང་། །རླུང་གི་གཉིས་པའི་ས་བོན་དང་། །དབང་ལྡན་གྲྭ་ཡི་ས་མཐའ་དང་། །རླུང་གི་སླར་ཡང་གཉིས་པ་སྟེ། །དེ་ནི་ར་ ཡིག་ལྡན་པར་བྱ། །ཀ་ཥར་གྲགས་པའི་སྔགས་བཏུའོ། །ལྷོ་ཡི་ཐ་མ་གཟུང་བྱ་དང་། །སླར་ཡང་ནུབ་ཀྱི་ཐ་མ་དང་། །བདེན་བྲལ་གཉིས་པའི་ས་བོན་དང་། །བྱང་གི་ཐོག་མའི་གདན་ཅན་དང་། །ནུབ་ཀྱི་གསུམ་པ་གང་ ཡིན་དང་། །དེ་ཉིད་ཀྱི་མཐའི་ཡི་གེ་དང་། །མེ་ཡི་རླུང་ནི་གཟུང་བྱ་སྟེ། །སྔགས་ཀྱི་ཚིག་རྐང་སུམ་བཅུ་དྲུག །ཐོག་མར་ལྔ་པ་ཡི་ནི་གདན། །གསུམ་པ་དགུ་པས་མནན་པ་དང་། །བཞི་པ་ཡང་ནི་གསུམ་པ་ཡིས། ། དུམ་བུ་གཉིས་པས་དགུ་པ་ལ། །བཅུ་པ་ལ་ནི་གསུམ་པས་ཏེ། །བཅུ་གཅིག་པ་ལ་དུམ་གཉིས་པས། །བཅུ་གསུམ་པ་ལའང་དེ་ཉིད་ཀྱི། །ཐིག་ལེའི་ཡེ་ཤེས་སྒྲ་རྣམས་ཀྱིའོ། །ཛྙཱ་ཡི་རྣམ་པ་ཡང་དག་བཏུ། ། ནུབ་ཀྱི་ཐ་མའི་ཡི་གེ་དང་། །བྱང་གི་ཐ་མ་གཟུང་བར་བྱ། །ཤར་སྒོ་མ་ནི་གདན་དུ་འདོད། །ནུབ་ཕྱོགས་ནི་ཀྱི་ནི་ཐོག་མ་དང་། །སླར་ཡང་དབང་ལྡན་གྱི་ནི་ཆུ། །བདེན་བྲལ་གཉིས་པའི་ཡི་གེ་ནི། །ར་ཡིག་གིས་ནི་གནོན་པར་བྱ། ། བྱང་གི་ཐོག་མའི་ས་བོན་དང་། །ལྷོ་ཡི་ཐོག་མ་དེ་བཞིན་དུ། །མེ་ཡི་རླུང་ནི་གཟུང་བྱ་སྟེ། །ཚིག་རྐང་སུམ་བཅུ་རྩ་བདུན་པའོ། །ཡི་གེ་གཉིས་དྲུག་བརྒྱད་པ་ལ། །རེའུ་མིག་གཉིས་པ་སྦྱར་བའོ། །འབར་བའི་བདུད་རྩིའི་ རྣལ་འབྱོར་གྱི། །གསང་སྔགས་སྐྱེ་བོ་ཀུན་ཡིད་སྤྲོ། །རླུང་གི་གཉིས་པ་གཟུང་བར་བྱ། །དབང་ལྡན་ཆུ་ནི་ར་དང་ལྡན། །དབུས་མའི་ཐོག་མའི་ས་བོན་དང་། །རང་ཡིག་ལྡན་དང་བྱང་ཐ་མ། །དེ་ཉིད་དང་ལྡན་བྱང་དང་པོ། ། 86-1-56b དབང་ལྡན་ཆུ་ཡི་ཡི་གེ་དང་། །ནུབ་ཀྱི་ཐོག་མར་ར་ཡིག་ལྡན། །དེ་ཉིད་ཐ་མ་དེ་བཞིན་དུ། །མེ་ཡི་རླུང་ནི་གཟུང་བར་བྱ། །ནུབ་ཀྱི་ཐ་མ་དེ་བཞིན་ཏེ། །གསང་སྔགས་ཚིག་རྐང་སུམ་བཅུ་བརྒྱད། །ཉོན་མོངས་ཀུན་ཉེར་ ཞི་བྱེད་པའོ། །བརྒྱད་པར་དུམ་བུ་གཉིས་པ་ཡིས། །སྦྱར་བྱ་བདུན་པས་བཅུ་པ་ལའོ། །བྱང་ཕྱོགས་ཀྱི་ནི་གསུམ་པ་དང་། །ནུབ་ཕྱོགས་ཀྱི་ཡང་གསུམ་པ་དང་། །དེ་ཉིད་ཀྱི་ནི་ཐ་མ་གཟུང་། །དབུས་མའི་ཐོག་ མ་དེ་བཞིན་དུ། །སྲིན་པོའི་མེ་ཡི་ས་བོན་དང་། །མེ་ཡི་རླུང་གི་ས་བོན་ཏེ། །སྔགས་ཀྱི་ཡི་གེ་ཐོག་མ་ལ། །བཅུ་གཅིག་པ་ཡིས་མནན་པ་དང་། །མཁས་པས་ཡི་གེ་ལྔ་པ་ལ། །དུམ་བུ་གཉིས་པའི་ས་བོན་དང་། །དུམ་བུ་གཉིས་པའི་སྦྱར་བའོ། ། བག་ཆགས་སེམས་ཀྱི་བདག་ཉིད་ཀུན། །སྤོང་བའི་གསང་སྔགས་འབོད་པ་སྟེ། །མཁས་པའི་གསང་སྔགས་ཚིག་རྐང་ནི། །བཞི་བཅུར་གཅིག་གིས་མ་ཚང་བའོ། །རླུང་གི་གཉིས་པའི་ས་བོན་དང་། ། དབང་ལྡན་ཆུ་ནི་ར་ལྡན་དང་། །སླར་ཡང་དེ་ཉིད་བཏུ་བྱས་ནས། །དབུས་མའི་ཐོག་མའི་ཡི་གེ་དང་། །རླུང་གི་གྲྭ་ཡི་ས་ལ་ནི། །སླར་ཡང་བྱང་གི་དང་པོའི་གདན། །བྱང་ཕྱོགས་ཀྱི་ནི་བཞི་པ་དང་། ། ཤར་གྱི་དབུས་མའི་ཡི་གེ་དང་། །ལྷོ་ཡི་ཐ་མ་གཟུང་བར་བྱ། །དབུས་མའི་ཐོག་མ་དེ་བཞིན་དུ། །སྲིན་པོའི་མེ་ཡི་ས་བོན་དང་། །མེ་ཡི་རླུང་གི་ས་བོན་ཏེ། །སྔགས་ཀྱི་ཚིག་རྐང་བཞི་བཅུ་པ། ། ཡི་གེས་ཇི་ལྟའི་དོན་བྱེད་པའོ། །སྔགས་ཀྱི་ཡི་གེ་གསུམ་པ་ལ། །རེའུ་མིག་གསུམ་པ་སྦྱར་བ་དང་། །མཁས་པས་ཡི་གེ་དྲུག་པ་ལ། །རེའུ་མིག་བཅུ་གཅིག་པ་ཡིས་མནན། །བཅུ་པར་རེའུ་མིག་ གཉིས་པ་ཡིས། །མངའ་བདག་སྣ་ཚོགས་དོན་བྱེད་པའི། །བྱང་གི་ཐ་མ་གཟུང་བར་བྱ། །ལྷོ་ཕྱོགས་ཀྱི་ནི་གསུམ་པ་དང་། །དབང་ལྡན་གྱི་ནི་ཆུ་གཟུང་བྱ། །རླུང་གི་གྲྭ་ལས་ས་དང་ནི། །ཡང་ནི་དེ་ཉིད་བཏུ་ 86-1-57a བྱས་ནས། །དབུས་མ་ཡི་ནི་གསུམ་པ་ལ། །ནུབ་ཀྱི་ཐ་མའི་གདན་ཅན་དང་། །མེ་ཡི་གཉིས་པའི་ཡི་གེ་དང་། །བདེན་བྲལ་མེའི་ས་བོན་དང་། །སླར་ཡང་དེ་ཉིད་བཏུ་བར་བྱ། །མེ་ཡི་རླུང་ནི་གཟུང་བྱ་སྟེ། ། སྔགས་རྐང་བཞི་བཅུ་རྩ་གཅིག་པའོ། །ཐོག་མར་རེའུ་མིག་ལྔ་པ་ཡི། །གདན་དང་ཐིག་ལེས་མནན་པའོ། །གཉིས་པའང་རེའུ་མིག་གཉིས་པས་སོ། །བཞི་པ་ལ་ནི་བཞི་པས་སོ། །བརྒྱད་པར་ཡང་ནི་དེ་ཉིད་ཀྱིས། ། དགུ་པར་དུམ་བུ་གཉིས་པས་སོ། །བྱང་ཕྱོགས་ཀྱི་ནི་ཐོག་མ་དང་། །སྲིན་པོའི་ཉི་མའི་མགོན་པོ་དང་། །དབུས་མའི་ཐོག་མ་གཟུང་བྱས་ལ། །དེ་ནས་དབང་པོའི་སྒོ་གདན་ཅན། །ནུབ་ཕྱོགས་ཀྱི་ནི་ཐོག་མ་དང་། ། མེ་ཡི་རླུང་གི་ས་བོན་དང་། །ནུབ་ཀྱི་དང་པོ་གཟུང་བྱས་པ། །རྡོ་རྗེ་སེམས་དཔའ་ལ་ཞོན་པའོ། །བྱང་གི་ཐ་མ་གཟུང་བར་བྱ། །ནུབ་ཀྱི་ཐོག་མའི་ཡི་གེ་ནི། །དེ་ཉིད་ལ་ནི་ར་ཡིག་གདན། །ནུབ་ཀྱི་ ཐ་མ་དེ་བཞིན་དུ། །མེ་ཡི་གཉིས་པའི་ས་བོན་དང་། །སླར་ཡང་ནུབ་ཀྱི་ཐ་མ་དང་། །མེ་ཡི་རླུང་ནི་གཟུང་བྱ་སྟེ། །ཚིག་རྐང་བཞི་བཅུ་རྩ་གཉིས་པའོ། །ལྔ་པར་བཅུ་གཅིག་པ་ཡིས་མནན། ། བདུན་པ་ལ་ཡང་དེ་ཉིད་ཀྱིས། །དགུ་པར་བཅུ་གཅིག་དུམ་གཉིས་པས། །གསང་སྔགས་འཇོམས་བྱེད་ཆེན་པོར་གསུངས། །བྱང་གི་ཐ་མ་གཟུང་བར་བྱ། །དབང་ལྡན་གྲྭ་ཡི་ས་མཐའ་དང་། ། འདྲེ་ཡི་གྲྭ་ཡི་ཉི་མ་དང་། །ཀ་ཥར་གྲགས་པ་རང་ཉིད་བཏུ། །དབུས་མའི་ཐོག་མའི་ས་བོན་དང་། །སྲིན་པོའི་མེ་ཡི་བུ་དང་ནི། །མེའི་ཡང་རླུང་ནི་གཟུང་བྱ་སྟེ། །ཚིག་རྐང་བཞི་བཅུ་རྩ་གསུམ་པའོ། །གཉིས་ དང་བཞི་པ་དྲུག་པ་ལ། །དུམ་བུ་གཉིས་པ་སྦྱར་བའོ། །རྣལ་འབྱོར་བསྲུང་བའི་བདག་ཉིད་དུ། །ཡི་གེ་ལས་ནི་ཤེས་པར་བྱ། །ནུབ་ཕྱོགས་ཀྱི་ནི་གསུམ་པ་དང་། །སླར་ཡང་བདེན་བྲལ་གཉིས་པར་ནི། ། 86-1-57b ལྷོ་ཡི་དང་པོའི་སྟན་དུ་སྦྱིན། །ནུབ་ཀྱི་ཐ་མ་དེ་བཞིན་ཏེ། །དབང་ལྡན་གྱི་ནི་ཆུ་གཟུང་བྱ། །སླར་ཡང་ནུབ་ཀྱི་གསུམ་པ་དང་། །རླུང་གི་གྲྭ་ཡི་ས་དང་ནི། །ནུབ་ཀྱི་ཐ་མ་དེ་བཞིན་དུ། །ཚིག་རྐང་བཞི་བཅུ་རྩ་བཞི་པ། ། མཚམས་མེད་ལྔ་ནི་བྱེད་རྣམས་ཀྱིའོ། །ཁྱབ་བདག་ཐོག་མར་དུམ་བུ་ནི། །ལྔ་པའི་སྟན་གྱིས་མཛེས་པ་དང་། །གཉིས་པར་དུམ་བུ་གཉིས་པ་ཡིས། །སྦྱར་དང་སླར་ཡང་གསུམ་པ་ལ། །དུམ་གཉིས་པ་དང་ ཐིག་ལེས་སོ། །གསུམ་པས་ཡི་གེ་བཞི་པ་ལའོ། །ལྔ་པ་བདུན་པ་ལ་དེ་བཞིན། །རེའུ་མིག་གཉིས་དང་བདུན་པས་སོ། །ནུབ་ཕྱོགས་ཀྱི་ནི་བཞི་པ་དང་། །བདེན་བྲལ་མེ་ཡི་ས་བོན་ནི། །བྱང་གི་ཐ་མའི་ སྟན་ཅན་དང་། །ནུབ་ཕྱོགས་ཀྱི་ནི་བཞི་པ་དང་། །མེ་ཡི་རླུང་ནི་གཟུང་བར་བྱ། །དབུས་མའི་ཐོག་མའི་ཡི་གེ་དང་། །བདེན་བྲལ་མེ་ཡི་བུ་དང་ནི། །སླར་ཡང་མེ་ཡི་རླུང་ཡིན་ཏེ། །སྔགས་ཀྱི་ ཡི་གེ་གཉིས་པ་ལ། །ར་ཡིག་དགུ་པས་མནན་པ་དང་། །སླར་ཡང་ཡི་གེ་དྲུག་པ་ལ། །རེའུ་མིག་གཉིས་པས་སྦྱར་བ་ཡི། །སྔགས་ནི་ཆོས་རྣམས་ཀུན་གྱི་གཞི། །ཚིག་རྐང་བཞི་བཅུ་རྩ་ལྔ་པའོ། །དབུས་ མའི་ཐོག་མའི་གཟུང་ནས་ནི། །ཉི་མའི་གདན་གྱིས་གསལ་བྱས་པའོ། །ནུབ་ཕྱོགས་ཀྱི་ནི་བཞི་པ་དང་། །རླུང་གི་གཉིས་པའི་ཡི་གེ་ལ། །བྱང་གི་གཉིས་པའི་གདན་ཅན་ནོ། །བདེན་བྲལ་རྡོ་རྗེ་སེམས་ དཔའ་དང་། །རླུང་གི་གཉིས་པ་གཟུང་བྱས་ལ། །བྱང་གི་གཉིས་པའི་གདན་ཅན་ནོ། །འདྲེ་ཡི་མེ་ཡི་བུ་དང་ནི། །ལྷོ་ཡི་ཐ་མ་དེ་བཞིན་དུ། །མེ་ཡི་རླུང་ནི་གཟུང་བྱ་སྟེ། །ཚིག་རྐང་བཞི་བཅུ་ཞེ་དྲུག་པའོ། །ཐོག་མའི་ ཡི་གེར་རེའུ་མིག་ནི། །དགུ་པས་མནན་པར་མཛེས་པའོ། །གསུམ་པ་ལྔ་པ་བདུན་པ་ལ། །དུམ་བུ་གཉིས་པས་སྦྱར་བའོ། །རེའུ་མིག་གསུམ་པ་བཏུ་བྱས་ནས། །ནུབ་ཕྱོགས་ཀྱི་ནི་གསུམ་པ་ལ། ། 86-1-58a ཉི་མའི་གདན་ནི་ལྡན་པ་དང་། །ཤར་ཕྱོགས་ཀྱི་ནི་གསུམ་པ་དང་། །རླུང་གི་གྲྭ་ཡི་ས་དང་ནི། །དེ་ཉིད་གཉིས་པའི་ཡི་གེ་དང་། །ར་ཡིག་ལྡན་དང་དབང་ལྡན་ཆུ། །རླུང་གི་གཉིས་པའི་ཡི་གེ་ དང་། །ནུབ་ཀྱི་དང་པོ་ཉིད་ལ་ནི། །དབང་ལྡན་ཆུ་ཡི་གདན་ཅན་ནོ། །ནུབ་ཕྱོགས་ཀྱི་ཡང་ཐོག་མ་ལ། །གདན་ནི་བྱང་གི་ཐ་མའོ། །ནུབ་ཀྱི་ཐ་མ་གཟུང་བྱས་པ། །ཚིག་རྐང་བཞི་བཅུ་རྩ་བདུན་པའོ། །ཐོག་མར་ བཅུ་གཅིག་པ་ཡིས་ནི། །མནན་པ་མཛེས་པའི་མཆོག་ཡིན་ནོ། །གསུམ་པ་ལ་ནི་གཉིས་པས་ཏེ། །བརྒྱད་པ་ལ་ཡང་དེ་ཉིད་ཀྱིས། །བཅུ་པར་བདུན་པ་ཉིད་ཀྱིས་ཏེ། །སྔགས་ནི་ས་ཀུན་མཉམ་པའོ། །དབུས་ མ་ཡི་ནི་གསུམ་པ་ལ། །ར་ཡི་ཡི་གེ་ལྡན་པར་བྱ། །རླུང་གི་གཉིས་པའི་ས་བོན་ལ། །ནུབ་ཀྱི་དང་པོའི་གདན་དེ་ནས། །དབང་ལྡན་གྱི་ནི་ཆུ་གཟུང་བྱ། །ནུབ་ཕྱོགས་ཀྱི་ནི་གསུམ་པ་དང་། །བྱང་གི་ཐོག་མ་ གཟུང་བྱས་ལ། །ཉི་མའི་གདན་གྱིས་གསལ་བར་བྱ། །དབང་ལྡན་གྱི་ནི་ཆུ་གཟུང་བྱ། །ནུབ་ཕྱོགས་ཀྱི་ནི་གསུམ་པ་དང་། །བྱང་གི་ཐ་མ་གཟུང་བར་བྱ། །དབང་ལྡན་གྲྭ་ཡི་ས་ མཐའ་དང་། །བྱང་གི་ཐ་མ་གཟུང་བར་བྱ། །ནུབ་ཀྱི་ཐོག་མའི་ཡི་གེའོ། །སྔགས་ཀྱི་ཡི་གེ་གསུམ་པ་ལ། །རེའུ་མིག་གཉིས་པས་སྦྱར་བ་དང་། །དྲུག་པ་ལ་ཡང་དེ་ཉིད་སྦྱར། ། དགུ་པ་ལ་ཡང་དེ་ཉིད་ཀྱིས། །བཅུ་གཅིག་པ་ལ་བདུན་པ་སྦྱར། །ཤེས་རབ་ཕ་རོལ་ཕྱིན་རང་ཉིད། །གསང་སྔགས་ཚིག་རྐང་བཞི་བཅུ་བརྒྱད། །དཔའ་བོ་ཡིས་ནི་གསུངས་པ་སྟེ། ། སར་རྟོགས་འབྱུང་པོ་ཐམས་ཅད་དང་། །ལྷ་དང་ཀླུ་སོགས་སྐྲག་པར་འགྱུར། །གསང་སྔགས་འདི་ཡི་ནུས་པ་ནི། །མ་བྱུང་འབྱུང་བར་མི་འགྱུར་རོ། །སངས་རྒྱས་བྱང་ཆུབ་ 86-1-58b སེམས་དཔའ་སོགས། །གསང་སྔགས་མིང་གིས་གསུངས་པ་ནི། །འབུམ་ཕྲག་བཟླས་པའི་བདག་ཉིད་ཆེས། །མཉེས་ཤིང་དངོས་གྲུབ་གསོལ་བར་འགྱུར། །ཨོཾ་ཡིག་ དང་པོར་སྔགས་ཀུན་ལ། །ཧཱུྃ་ཧཱུྃ་ཕཊ་མཐར་དེ་བཞིན་དུ། །ཚིག་རྐང་རྣམས་ལ་སྦྱར་བ་དང་། །ཐུང་ངུ་དང་ནི་རིང་པོར་གདོན། །ལྷ་དང་འཇིག་རྟེན་སྐྱོང་བ་དང་། །གནོད་ སྦྱིན་དབང་པོ་འཁོར་སྒྱུར་དང་། །སྐྱེ་གནས་བཞིར་སྐྱེས་སེམས་ཅན་རྣམས། །འདྲེན་པ་འཇམ་པའི་རྡོ་རྗེ་སེམས། །བཟླས་པ་ཙམ་གྱིས་འགྲུབ་པར་འགྱུར། །སྔགས་ པས་བཀླགས་པས་འགྲུབ་པའང་ཡིན། །རྣལ་འབྱོར་མ་རྣམས་རིགས་རིམ་པས། །ཀུན་སྤྱོད་དུས་སུ་ཤེས་པར་བྱ། །ཡི་གེའི་ཐོག་མཐར་རིམ་པ་ཡིས། །ཚིག་རྐང་ རེ་རེ་ལ་ཡང་ངོ་། །བགེགས་ཀུན་རྣམ་པར་གཞིག་དོན་དུ། །ཁྲི་ཕྲག་གཅིག་ནི་བཟླས་པར་བྱ། །ཨོཾ་ཨ་ཀ་ཨཱ་ཁ་ཨི་ག་ཨཱི་གྷ་ཨུ་ང་ཨཱུ་ཙ་རི་ཚ་རཱི་ཛ་ལི་ཛྷ་ལཱི་ཉ། ཨེ་ཊ་ཨཻ་ཐ་ཨོ་ཌ་ ཨཽ་ཌྷ་ཨྃ་ཎ་ཨཿ ཏ་ཨཿ ཐ་ཨྃ་ད་ཨཽཾ་དྷ་ཨྃ་ན། ཨེ་པ་ཨཾ་ཕ་ལཱི་བ་ལཱི་བྷ་རཱིཾ་མ། རི་ཡ་ཨཱུྃ་ར་ཨུྃ་ལ་ཨཱིཾ་ཝྃ། ཨིཾ་ཤ་ཨཱྃ་ཥ་ཨྃ་ས་ཨྃ་ཧ། ཨྃ་ཀྵ་ཧཿ ཀ་ཀཱ་ཁ་ཁཱ་ག་གཱ་གྷ་གྷཱ་ང་ངཱ་། ཙ་ཙཱ་ ཚ་ཚཱ་ཛ་ཛཱ་ཛྷ་ཛྷཱ་ཉ་ཉཱ། ཊ་ཊཱ་ཐ་ཐཱ་ཌ་ཌཱ་ཌྷ་ཌྷཱ་ཎ་ཎཱ། ཏ་ཏཱ་ཐ་ཐཱ་ད་དཱ་དྷ་དྷཱ་ན་ནཱ། པ་པཱ་ཕ་ཕཱ་བ་བཱ་བྷ་བྷཱ་མ་མཱ། ཡ་ཡཱ་ར་རཱ་ལ་ལཱ་ཝ་ཝཱ། ཤ་ཤཱ་ཥ་ཥཱ་ས་སཱ་ཧ་ཧཱ། ཀྵ་ཀྵཱ་ཀྵྃ་ཀྵྃ་ཧྃ་ཧཱྃ་སྃ་སཱྃ་ཥྃ་ཥཱྃ་ཤྃ་ཤཱྃ་ པྃ་པཱྃ་ལྃ་ལཱྃ་རྃ་རཱྃ་ཡྃ་ཡཱྃ། མྃ་མཱྃ་བྷྃ་བྷཱྃ་བྃ་བཱྃ། ཕྃ་ཕཱྃ་པྃ་པཱྃ། ནྃ་ནཱྃ་དྷྃ་དྷཱྃ་དྃ་དཱྃ་ཐྃ་ཐཱྃ་ཏྃ་ཏཱྃ། ནྃ་ནཱྃ་ཌྷྃ་ཌྷཱྃ་ཌྃ་ཌཱྃ་ཐྃ་ཐཱྃ་ཊྃ་ཊཱྃ། ཉྃ་ཉཱྃ་ཛྷྃ་ཛྷཱྃ་ཚྃ་ཚཱྃ་ཙྃ་ཙཱྃ། ངྃ་ངཱྃ་གྷྃ་གྷཱྃ་གྃ་གཱྃ་ཁྃ་ཁཱྃ་ཀྃ་ཀཱྃ། ཀ་ཙ་ཁ་ཚ་ག་ཛ་གྷ་ཛྷ་ང་ཉ། 86-1-59a ཀ་ཊ་ཁ་ཐ་ག་ཌ་གྷ་ཌྷ་ང་ཎ། ཀ་ཏ་ཁ་ཐ་ག་ད་གྷ་དྷ་ང་ན། ཀ་པ་ཁ་ཕ་ག་བ་གྷ་བྷ་ང་མ། ཡ་ཝ་ར་ལ་ས་ཧ་ཥ་ཤ་ཀྵ་ཨཿ ཨྃ་ཀ་ཧ་ཀ་ཧ། ཀ་ས་ཀ་ས། ཀ་ཥ་ཀ་ཥ། ཀ་ཤ་ཀ་ཤ ། ཀ་བེ་ཀ་བ། ཀ་ལ་ཀ་ལ། ཀ་ར་ཀ་ར། ཀ་ཡ་ཀ་ཡ། ཀ་མ་ཀ་མ། ཀ་བྷ་ཀ་བྷ། ཀ་བ་ཀ་བ། ཀ་ཕ་ཀ་ཕ། ཀ་པ་ཀ་པ། ཀ་ན་ཀ་ན། ཀ་དྷ་ཀ་དྷ། ཀ་ད་ཀ་ད། ཀ་ཐ་ཀ་ཐ། ཀ་ཏ་ཀ་ཏ། ཀ་ཎ་ཀ་ཎ། ཀ་ཌྷ་ཀ་ཌྷ། ཀ་ཌ་ཀ་ཌ། ཀ་ཐ་ཀ་ཐ། ཀ་ཊ་ཀ་ཊ། ཀ་ཉ་ཀ་ཉ། ཀ་ཛྷ་ཀ་ཛྷ། ཀ་ཛ་ཀ་ཛ། ཀ་ཚ་ཀ་ཚ། ཀ་ཙ་ཀ་ཙ། ཀ་ང་ཀ་ང་། ཀ་གྷ་ཀ་གྷ། ཀ་ག་ཀ་ག །ཀ་ཁ་ཀ་ཁ། ཀུ་ཧུ་ཀུ་ཧུ། ཀུ་སུ་ཀུ་སུ། ཀུ་ཥུ་ཀུ་ཥུ། ཀུ་ཤུ་ཀུ་ཤུ། ཀུ་ཝུ་ཀུ་ཝུ། ཀུ་ལུ་ཀུ་ལུ། ཀུ་རུ་ཀུ་རུ། ཀུ་ཡུ་ཀུ་ཡུ། ཀུ་མུ་ཀུ་མུ། ཀུ་བྷུ་ཀུ་བྷུ། ཀུ་བུ་ཀུ་བུ། ཀུ་ཕུ་ཀུ་ཕུ། ཀུ་པུ་ཀུ་པུ། ཀུ་ནུ་ཀུ་ ནུ། ཀུ་དྷུ་ཀུ་དྷུ། ཀུ་དུ་ཀུ་དུ། ཀུ་ཐུ་ཀུ་ཐུ། ཀུ་ཏུ་ཀུ་ཏུ། ཀུ་ཎུ་ཀུ་ཎུ། ཀུ་ཌྷུ་ཀུ་ཌྷུ། ཀུ་ཊུ་ཀུ་ཊུ། ཀུ་ཐུ་ཀུ་ཋུ། ཀུ་ཊུ་ཀུ་ཊུ། ཀུ་ཉུ་ཀུ་ཉུ། ཀུ་ཛྷུ་ཀུ་ཛྷུ། ཀུ་ཛུ་ཀུ་ཛུ། ཀུ་ཚུ་ཀུ་ཚུ། ཀུ་ཙུ་ཀུ་ཙུ། ཀུ་ངུ་ཀུ་ངུ་། ཀུ་གྷུ་ཀུ་གྷུ། ཀུ་གུ་ཀུ་གུ། ཀུ་ཁུ་ཀུ་ཁུ། བན་དྷ་ཡ་བན་དྷ་ཡ། བན་དྷཱ་པ་ཡ་བན་དྷཱ་པ་ཡ། གརྫྫ་གརྫྫ་གརྫྫ་ཡ་གརྫྫ་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། ཏརྫྫ་ཡ་ཏརྫྫ་ཡ། སྥོ་ཊ་ཡ་སྥོ་ཊ་ཡ། བིད་དྷེ་ཥ་ཡ་ བིད་དྷེ་ཥ་ཡ། མོ་ཧ་ཡ་མོ་ཧ་ཡ། ཏྲཱ་ས་ཡ་ཏྲཱ་ས་ཡ། མཱ་ར་ཡ་མཱ་ར་ཡ། ཀྃ་བཱ་ཝ་ཡ་ཀྃ་བཱ་ཝ་ཡ། དུ་ར་དུ་ར། ཁུ་ར་ཁུ་ར། བྷ་ར་བྷ་ར། ཛ་ར་ཛ་ར། བི་ཥ་བི་ཥ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ད་ཧ་ད་ཧ། པ་ཙ་པ་ཙ། བྷ྅ཛ་བ྅ཛ། མརྡྡ་ཡ་མརྡྡ་ཡ། ཧྲིཾ་ཧྲིཾ ། ཙ་ལ་ཙ་ལ། མཱ་ཙ་ལ་མཱ་ཙ་ལ། ཀྲུ་ར་ཙེ་ཏཱ་ཡ་ཕཊ། ཤ་ཏྷུ་ནི་བཱ་ར་ཡ་ཧཱུྃ། མེ་གྷ་ནི་བཱ་རཱ་ཡ་ཧྲི་མོ་ཙ་ཡ་མོ་ཙ་ཡ། སྟམ་བྷ་ཡ་སྟམ་བྷ་ཡ། བྷཀྵ་བྷཀྵ། དརྦྤཱ་ཡ་དརྦྤཱ་ཡ། 86-1-59b གཱུ་ཌྷཱ་ན་ཏྲ་མཱ་ལཱ་བ་ལམ་བི་ནི་ཁེ་ཙ་རཱ་ཡ་ཧཱུྃ་བྷུན་ཙ་ཡ་ཨཿ པཱ་ཏཱ་ལ་ཙ་རཱ་ཡ། ཨྃ་ཛ་ལ་ཙ་རཱ་ཡ། ། བྃ་སྠ་ལ་ཙ་རཱ་ཡ། ལྃ་པརྦཏ་ནི་བཱ་སི་ནེ་ཧུཿ ནཱ་གཱ་ནཱྃ་སཔྟ་པཱ་ཏཱ་ལ་ག་ཏ་གྲྀཧྞ་གྲཱྀཧྞ་ཛྙཽྃ་ཛྙཽྃ་ཛྙཱཾྃ་ཛྙཱཾྃ་། ཀ་ར་ཀ་ར། ཀུ་རུ་ཀུ་རུ། ཁ་ར་ཁ་ར། ཁུ་རུ་ཁུ་རུ། ག་ར་ག་ར། གུ་རུ་གུ་རུ། གྷ་ར་གྷ་ར། གྷུ་རུ་གྷུ་རུ། ང་ར་ང་ར། ངུ་རུ་ངུ་རུ། ཙ་ར་ཙ་ར། ཙུ་རུ་ཙུ་རུ། ཚ་ར་ཚ་ར། ཚུ་རུ་ཚུ་རུ། ཛ་ར་ཛ་ར། ཛུ་རུ་ཛུ་རུ། ཛྷ་ར་ཛྷ་ར། ཛྷུ་རུ་ཛྷུ་རུ། ཉ་ར་ཉ་ར། ཉུ་རུ་ཉུ་རུ། ཊ་ར་ཊ་ར། ཊུ་རུ་ཊུ་རུ། ཐ་ར་ཐ་ར། ཐུ་རུ་ཐུ་རུ། ཌ་ར་ཌ་ར། ཌུ་རུ་ཌུ་རུ། དྷ་ར་དྷ་ར། ཌྷུ་རུ་ཌྷུ་རུ། ཎ་ར་ཎ་ར། ཎུ་རུ་ཎུ་རུ། ཏ་ར་ཏ་ར། ཏུ་རུ་ཏུ་རུ། ཐ་ར་ཐ་ར། ཐུ་རུ་ཐུ་རུ། ད་ར་ད་ར། དུ་རུ་དུ་རུ། དྷ་ར་དྷ་ར། དྷུ་རུ་དྷུ་རུ། ན་ར་ན་ར། ནུ་རུ་ནུ་རུ། པ་ར་པ་ར། པུ་རུ་པུ་རུ། ཕ་ར་ཕ་ར། ཕུ་རུ་ཕུ་རུ། བ་ར་བ་ར། བུ་རུ་བུ་རུ། བྷ་ར་བྷ་ར། བྷུ་རུ་བྷུ་རུ། མ་ར་མ་ར། མུ་རུ་མུ་རུ། ཡ་ར་ཡ་ར། ཡུ་རུ་ཡུ་རུ། ར་ར་ར་ར། རུ་རུ་རུ་རུ། ལ་ར་ལ་ར། ལུ་རུ་ལུ་རུ། ཝ་ར་ཝ་ར། ཝུ་རུ་ཝུ་རུ། ཤ་ར་ཤ་ར། ཤུ་རུ་ཤུ་རུ། ཥ་ར་ཥ་ར། ཥུ་རུ་ཥུ་རུ། ས་ར་ས་ར། སུ་རུ་སུ་རུ། ཧ་ར་ཧ་ར། ཧུ་རུ་ཧུ་རུ། ཀྵ་ར་ཀྵ་ར། ཀྵུ་རུ་ཀྵུ་རུ། ཧྃ་ཧཱྃ་ཧྃ་ཧཱྃ་ཧུཾ་ཧཱུཾ། ཧེ་ཧཻ་ཧོ་ཧཽ་ཧྃ་ཧཱྃ། གརྦྷ་གརྦྷ། ཛཱ་ཏི་ཛཱ་ཏི། དེ་བཱ་ནྃ་དཱ་མ་ཡ་དཱ་མ་ཡ། སརྦ་ཤ་རཱི་ར་ཡ་ཧཱུྃ་ཛ་ཡ་ ཛ་ཡ་ཧཱུྃ། བི་ཛ་ཡ་བི་ཛ་ཡ་ཧཱུྃ། ས་ར་ས་ར་ཧཱུྃ། བི་ས་ར་བི་ས་ར་ཧཱུྃ། ཨག་ནེ་ཡེ་ཧཱུྃ། བ་རུ་ནེ་ཧཱུྃ། ཨ་ན་ལ་ཡེ་ཧཱུྃ། བཱ་རཱ་ཡེ་ཧཱུྃ། ཨཱ་ཀཱ་ཤཱ་ཡེ་ཧཱུྃ། སརྦ་རོ་གོ་པ་ཧ་རཱ་ཡ་ཧཱུྃ། བི་ཥ་བྷ་ཀྵ་ཎཱ་ཡ་ ཧཱུྃ། ཡན་ཏྲ་པཱ་ཧ་ནཱ་ཡ་ཧཱུྃ། ཀཱ་ལཱ་གྣ་མེ་ཧཱུྃ། དེ་བཱ་ཡ་ཧཱུྃ། ཡ་མཱ་ཡ་ཧཱུྃ། ཀུ་བེ་རཱ་ཡ་ཧཱུྃ། ཏེ་ཏྱཱ་ཡ་ཧཱུྃ། ཨིན་དྲཱ་ཡ་ཧཱུྃ། བྷུ་ཏཱ་ཡ་ཧཱུྃ། སརྦ་ས་ཏྭ་ཡེ་ཧཱུྃ། བརྟྟ་ཙ་ཀྲཱ་ཡ་ཧཱུྃ། དྷརྨ་དྷ་ཏ་རྦེ་ཧཱུྃ། མུ་ཁཱ་ཡེ་ཧཱུྃཿ 86-1-60a ནེ་ཏྲཱ་ཡ་ཧཱུྃ། ཀ་པཱ་ལ་མཱ་ལི་ནེ་ཧཱུྃ། བྷུ་ཛ་ཡ་ཧཱུྃ། ཨ་སྟྲཱ་ཡ་ཧཱུྃ། ཙ་ར་ཎཱ་ཡ་ཧཱུྃ། ཛ་ཊཱ་མུ་ཀུ་ཊཱ་ཡ་མ་ས་མ་ས། ག་ས་ག་ས། ར་ས་ར་ས། བྷ་ར་བྷ་ར། མ་ཊ་མ་ཊ། ཏྲ་ཊ་ཏྲ་ཊ། གྷ་ཊ་གྷ་ཊ། མུཉ་ཙ་མུཉ་ཙ། གྷཱོ་རཱན་དྷ་ཀཱ་ར་པྲི་ཡཱ་ཡ་ཕི་ཕི། ཕུ་ད་ཕུ་ད། ར་མ་ར་མ། པ་ར་མཱཪྠ་རཱུ་པི་ཎེ་ཤཱན་ཏི་ཀ་རཱ་ཡེ་པུཥྚི་བརྡྷ་ནཱ་ཡ་ལོ་ཀ་པཱ་ལ་རཱུ་པེ་ཎེ། སརྦ་ཤ་རཱི་ར་རཱུ་པཱ་ཡེ་བྲི་ཀྵ་གུ་ལྨོ་ལ་ཏཱ་ཡ་ ས་སྨ་རུ་པི་ཎེ་སརྦ་བསྟུ་ཎེ་མཱ་ར་ཎཱ་ཡ་མཱ་རཱ་པ་ཎ་རཱུ་པཱ་ཡ་བྷ་ཀྵ་ཡ་བྷ་ཀྵ་ཡ་བྷ་ཀྵ་ན་རཱུ་པ་ཡ་ནི་རོ་པ་མཱ་ཡ་ནི་རོ་པ་མ་སུ་ཁ་བེ་ཧ་ས་ཧ་ས། བི་ལ་ས་བི་ལ་ས་ནྲི་ཏྱ་ནྲི་ཏྱ་ནྲི་ཏྱཱ་པ་ཡ་ནྲི་ཏྱཱ་པ་ཡ་དྭེན་དྲི་ཡ་ཡོ་གཱ་ ཡ་ནི་སྭ་བྷཱ་ཐ་མ་ཧཱཏྨ་ནེ་ཤསྟྲ་དྷཱ་རཱ་ནི་ཝ་ར་ཎཱ་ཡ་ནཱ་ནཱ་བྷི་ཙ་ར་ཙྪེ་ད་ནི་ཙུམ་བ་ཙུམ་བ། ཧུ་ལུ་ཧུ་ལུ། ཙུ་ལུ་ཙུ་ལུ། ཧཱུྃ་ཧ་ཧཱུྃ་ཧཱ། ཧཱུྃ་ཧི་ཧཱུྃ་ཧཱི། ཧཱུྃ་ཧུ་ཧཱུྃ་ཧུ། ཧཱུྃ་ཧེ་ཧཱུྃ་ཧཻ། ཧཱུྃ་ཧོ་ཧཱུྃ་ཧཽ། ཧཱུྃ་ཧྃ་ཧཱུྃ་ ཧྃ། ཧཱུྃ་ཧཱུྃ་ཧྲི་ཧྲཱི། ཛུྃ་ཛཱུྃ་ཀྲོཾ་ཀྲོྃ་ཕིཾ་ཕཱིཾ་ཕུྃ་ཕཱུྃ་ཕེཾ་ཕཻཾ་ཕོཾ་ཕཽཾ་ཕྃ་ཕཿ ། ཕ་ཕཱ་ཀུ་ཙ་ཀུ་ཙ། ཏྲ་ཊ་ཏྲ་ཊ། མ་ཊ་མ་ཊ། ར་ཋ་ར་ཋ། ད་ཋ་ད་ཋ། ཛ་ཋ་ཛ་ཋ། མ་ད་ན་མ་ད་ན། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། རྩ་བའི་སྔགས་སོ། །དཔའ་བོ་ཐམས་ཅད་མཉམ་སྦྱོར་བས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་ གསུངས་སོ། །ཞེས་བྱ་བ་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་རྩ་བའི་སྔགས་བཏུ་བའི་ཆོ་གའི་མཚན་ཉིད་ཀྱི་ལེའུ་སྟེ་བཅུ་དྲུག་པའོ།། །། དེ་ནས་ གཞན་ལྷུར་བཤད་བྱ་བ། །ལུས་ཅན་རྣམས་ཀྱི་གོ་ཆ་སྟེ། །རྡོ་རྗེ་སེམས་དཔའ་སྙིང་ག་རུ། །ཨཱ་ལི་དང་སྦྱར་རྒྱས་གདབ་བྱ། །རྡོ་རྗེ་སྙིང་པོའི་ཡེ་ཤེས་དང་། །སེམས་དཔའ་ནམ་མཁའ་དང་གཅིག་པ། ། 86-1-60b སྙིང་ཀ་རྣམ་པར་ཤེས་ཕྲ་མོ། །ཨཱ་ལི་གཏུམ་མོ་ཡུམ་ཡིན་ཏེ། །སྦྱོར་བའང་མི་འགྱུར་ཞེས་བྱ་བ། །འདི་ལྟར་དབང་པོ་ཀུན་རྒྱས་གདབ། །དེ་ཕྱིར་བསྲུང་བའང་ཨོཾ་ཧ་ཡི། །ཡིག་གང་རྟག་ཏུ་འཇོམས་ མེད་པའོ། །ལྷག་མ་རྣམ་སྣང་བརྗོད་པའི་མཐར། །རྡོ་རྗེ་བསྐྱོད་པ་ལས་སྒྲའོ། །དེའི་ཕྱིར་ཇི་ལྟར་མངོན་པར་ནི། །བརྗོད་པ་ལས་ནི་བཞེངས་པའི་གཟུགས། །མི་རྣམས་ཀྱི་ནི་སྙིང་དབུས་སུ། ། སུམ་བཅུ་བདུན་བདག་ཉིད་དཀྱིལ་འཁོར། །རྡོ་རྗེ་ཕག་མོས་འཁྱུད་པ་ཡང་། །ལྟེ་བའི་འཁོར་ལོར་བསྲུང་བ་དེ། །ཨོཾ་བྃ་གི་ནི་སྔགས་ཀྱི་གཟུགས། །དབུ་མ་མཛེས་དང་རྡོ་རྗེ་འཛིན། །ཁ་སྦྱར་འདི་ནི་བསྲུང་ བ་ཆེ། །མ་བྱུང་དང་པོར་ཡང་དག་བྱུང་། །འཁོར་ལོ་ཀུན་གྱི་གསང་སྔགས་ཀྱང་། །དངོས་གྲུབ་ཀུན་གསོལ་བཤད་པར་བྱ། །ཨོཾ་ཧ་བྃ་ཧཱ་བྃ་ཧི་བཱི་ཧཱི་བཱི་ཧུ་བུ་ཧཱུ་བཱུ་ཧེ་བེ་ཧཻ་བཻ་ཧོ་བོ་ཧཽ་བོ་ཧྃ་བྃ་ཧཿ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ ཕཊ་ཕཊ་ཕཊ་ཕཊ་སྭཱ་ཧཱ་སྭཱ་ཧཱ། ཐུང་དང་རིང་པོའི་རང་བཞིན་གྱིས། །ཐམས་ཅད་ཤེས་རབ་ཐབས་བདག་ཉིད། །གང་ཚེ་རྡོ་རྗེ་ཕག་མོ་ནི། །གཙོ་མོའི་རྣམ་པར་གནས་པ་ནི། །ཨོཾ་བྃ་ཞེས་བྱ་ལ་སོགས་ པའི། །སྔགས་ཀྱིའང་ཡི་གེ་སྦྱིན་པར་བྱ། །ཡེ་ཤེས་འཁོར་ལོ་སྐྱེ་གནས་ཏེ། །གདན་ཀྱང་གསང་བ་བར་འདོད་དོ། །ཐམས་ཅད་བདེ་བའི་རྣམ་པར་འགྱུར། །བདེ་བ་བརྟན་དང་འགྲོ་བ་དང་། །བདེ་བ་དཀར་པོ་ བདེ་བ་གནག །བདེ་བ་ཀུན་དུ་སྐྱེས་དེ་བཞིན། །བདེ་བ་ཤེས་རབ་བདེ་བ་ཐབས། །རྡོ་རྗེ་སེམས་དཔའ་བདེ་བར་དྲན། །རང་བྱུང་བདེ་བ་མི་རྣམས་ལ། །རང་ཉིད་དཀྱིལ་འཁོར་རྫོགས་ལྡན་དུའོ། །རྫོགས་ ལྡན་རྒྱུད་དུ་བསྲུང་འདི་སྟེ། །རྫོགས་ལྡན་ཉིད་ནི་འབྱུང་བའོ། །འཇིག་རྟེན་སྣ་ཚོགས་རྫོགས་ལྡན་ཤེས། །སྣ་ཚོགས་ཁམས་རྫོགས་ལྡན་དེ་བཞིན། །སྣ་ཚོགས་འཇིག་རྟེན་ཁམས་རྣམས་སུ། ། 86-1-61a དེ་ལྟར་དུས་ཀུན་ཤེས་པར་བྱ། །དུས་གཅིག་ལ་ནི་རྫོགས་ལྡན་སོགས། །འཇིག་རྟེན་ཁམས་རྣམས་སུ་འབྱུང་མིན། །བཅོམ་ལྡན་འདས་ནི་བསྙེན་བྱས་པས། །ཀུན་དུ་བདེ་བས་ཁྱབ་པར་ སྤྱོད། །གང་དུ་རྩོད་དུས་དེར་རྫོགས་ལྡན། །གང་དུ་རྫོགས་ལྡན་དེར་རྩོད་དུས། །དེར་ནི་གསུམ་ལྡན་དང་གཉིས་ལྡན། །རེ་རེ་ཡི་ནི་གཉིས་ལྡན་ཏེ། །རྣལ་འབྱོར་རྒྱུད་ནི་སུམ་བཅུ་དྲུག །མ་ལུས་འདུས་ལས་ ཡང་བྱུང་བའོ། །དཔའ་བོ་ཐམས་ཅད་མཉམ་སྦྱོར་བས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །དཔལ་མཁའ་ འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་རྡོ་རྗེ་སེམས་དཔའ་དང་། །ཕག་མོའི་གོ་ཆ་བསྐྱེད་པའི་མཚན་ཉིད་ཀྱི་ཆོ་ག་སྟེ་ལེའུ་བཅུ་བདུན་པའོ།། །། དེ་ནས་སླར་ཡང་གོ་ཆ་ཡི། ། བསྲུང་བ་རྣམ་སྣང་མཛད་ཀྱི་སྟེ། །མགོ་བོར་རྒྱས་གདབ་དེ་ཡི་ནི། །གསང་སྔགས་ན་མ་ཧི་ཉིད་དོ། །གྱེན་དུ་འགྲོ་དུས་རྣལ་འབྱོར་ནི། །གང་གང་བདེ་ལས་བྱུང་བའི་ལས། །དེ་དེའི་དུས་སུ་ཤེས་བྱ་ སྟེ། །གུས་པས་མངོན་པར་བསྲུང་བའི་སྔགས། །དྲི་མེད་མགོ་བོར་སྦྱར་བྱ་སྟེ། །འདི་ནི་བདེ་ཆེན་འཁོར་ལོའོ། །རྣལ་འབྱོར་གདན་དུ་ཤེས་བྱ་སྟེ། །གཤིན་རྗེ་མ་ཡིས་འཁྱུད་དེ་བཞིན། །ཨོཾ་ཧྃ་ཨོཾ། སྔགས་ལས་སྐྱེས་བདག་ཉིད། །ཤེས་རབ་ཐབས་བདག་རྒྱུ་ཡིས་ནི། །ཡཱ་རོ། མི་ཙ། ནཱི་ན། དེ་ལྟར་ཁམས་གསུམ་རྣམས་སུ་སྦྱར་བར་བྱ། །ལུས་ལ་སོགས་པ་ཀུན་ཐིམ་པ། །ཟུང་དང་ཟུང་དུ་འབྱུང་ བར་འགྱུར། །དེ་ཕྱིར་གསུམ་པའི་ཡེ་ཤེས་ནི། །གཤིན་རྗེ་མ་ནི་འབྱུང་བར་འགྱུར། །འཕོ་བ་ལྟ་བུ་བདེ་བའི་ཐབས། །གསུམ་ལྡན་རྐང་པ་གཅིག་ལས་སོ། །སྣང་བ་གང་དུ་འདོད་པར་ནི། །རྣམ་པར་ 86-1-61b སྣང་མཛད་རང་ཉིད་འགྲོ། །གཙོ་བོའི་རྣམ་པ་ཡི་ནི་གཟུགས། །སླར་ཡང་སུམ་བཅུ་བདུན་དག་ཏུའོ། །སྔགས་རྣམས་ཀྱི་ཡིག་ལས་བྱུང་བ། །དཔྲལ་བའི་དབུས་སུ་ཤེས་པར་བྱ། །སྔོན་དུ་བཤད་པའི་ སྔགས་ལ་འདིར། །གང་ཞིག་གང་གི་དང་པོའི་ཡིག །འདི་ཡི་སྔགས་ཀུན་རིམ་པ་ཡིས། །དེ་ནི་དེ་དང་དེའི་ཤེས་བྱ། །ལྷག་མ་ཐམས་ཅད་མཉམ་པ་སྟེ། །བསྒོམ་པ་དང་ནི་བཟླས་པ་མཆོག །ཐམས་ཅད་ ཡོད་མིན་མེད་པའང་མིན། །ཀུན་འགྲོ་ཐམས་ཅད་པ་མིན་པའོ། །སྒྱུ་མ་ཡིས་ནི་ཐམས་ཅད་རྨོངས། །མཁས་པ་སྒྱུ་མ་ཉིད་ཀྱིས་གྲོལ། །ཕན་པ་སྒྱུ་མ་ཕན་ཡེ་ཤེས། །སེམས་བསྐྱེད་པ་ཡང་ཕན་པའོ། ། དེ་ལྟར་ན་མ་ཧིའི་དོན་ཏོ། །མཁས་པ་ལྷག་མ་བདེ་བ་སྟེ། །རྣམ་པར་སྣང་མཛད་འབར་འགྱུར་བས། །བདེ་དེ་རྣམ་པར་སྣང་མཛད་ཀྱིའོ། །གཤིན་རྗེ་གནོན་པའི་རིག་མ་སྟེ། །གཤིན་རྗེ་མ་དེ་བརྗོད་པར་ འགྱུར། །གང་ཕྱིར་བསྲུང་བ་འདི་དྲན་པས། །དུས་ཀུན་དུ་ནི་བྱ་བ་བྱ། །སྙིང་གར་དབྲལ་བའི་ཡེ་ཤེས་ནི། །གཉིས་མེད་ཡེ་ཤེས་མཚན་ཉིད་དོ། །རྣལ་འབྱོར་མ་རྣམས་དོན་ཆེན་ཕྱིར། །རྒྱུད་རྣམས་ཀུན་ནེ་བསྐྱེད་ པའོ། །རྒྱུད་ཐམས་ཅད་དུ་གཞན་པ་ཡི། །རྣལ་འབྱོར་དག་བྱེད་ཡོད་མ་ཡིན། །རྒྱུད་འདི་ཡི་ནི་རྣལ་འབྱོར་ཆེ། །རྒྱུད་ཐམས་ཅད་དུ་དག་བྱེད་ཡིན། །དཀྱིལ་འཁོར་གཙོ་མོ་གཤིན་རྗེ་མས། །དེ་ནས་སླར་ཡང་ བྱ་བ་ཡང་། །མངལ་དུ་ཞུགས་ལས་གྲོལ་བ་དང་། །བསྐྱེད་པ་དང་ནི་འཕོ་བ་གཉིས། །གཤིན་རྗེ་མ་དང་རྣམ་སྣང་མཛད། །དེར་ནི་གཟུགས་དང་གཟུགས་མེད་འགྱུར། །བདེ་དང་སྡུག་བསྔལ་ཅན་ཡེ་ཤེས། ། ལྷ་རྫས་ཕྱག་རྒྱས་རོ་མཉམ་མོ། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། ། 86-1-62a དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། རྣམ་པར་སྣང་མཛད་ལ་སོགས་པའི་གོ་ཆ་བསྲུང་བའི་ཆོ་ག་སྟེ། ལེའུ་བཅྭ་བརྒྱད་པའོ།། །། དེ་ནས་པད་མ་གར་དབང་གི། །གོ་ཆའི་བསྲུང་བ་བཀའ་སྩལ་པ། །འདོད་ཆགས་མེ་ནི་གསལ་བཞིན་པ། །སྤྱི་བོར་འགྲོ་བ་སྟོབས་ཆེན་ཏེ། །སྭཱ་ཧཱ་ཧཱུྃ་གི་སྔགས་ཡིག་དང་། །ཧྲིཾ་མྃ་རྨོངས་མའི་སྒྱུ་མ་ ཡིས། །ཤེས་རབ་ཐབས་ཀྱི་རང་བཞིན་ནི། །ནམ་མཁའི་འཁོར་ལོའི་གཙོ་བོའོ། །ཁ་ཡི་པད་མར་རྨོངས་བྱེད་མའང་། །རོ་དང་རོ་མིན་ཅན་བསྲུང་བ། །ལྕེ་དང་ལྕེ་ནི་འདུས་པ་ལ། །ཐིག་ལེ་དེ་མྱང་ རྣལ་འབྱོར་པས། །མཆོག་ཏུ་དགའ་བ་སྐྱེས་པ་ན། །ཡེ་ཤེས་ཅན་ལྡན་པ་ཡང་མེད། །མི་དང་མི་མོ་ལ་བསྟེན་པས། །འདུལ་བ་ཞེས་བྱ་རང་སེམས་སོ། །དགའ་བའི་ངག་གི་ཚོགས་རྣམས་ནི། ། ཆོས་སྒྲོགས་པ་ཡི་རྒྱུ་ཡིས་སོ། །བྱང་ཆུབ་སེམས་ཀྱི་བུ་ག་ནི། །དེ་རུ་དབུགས་ནི་རྒྱུ་བའོ། །བུ་ག་རྣམ་པ་སྣ་ཚོགས་བཤད། །དེ་རྣམས་སུ་དབུགས་མངོན་རྒྱུས་སོ། །བུ་ག་ཀུན་ཏུ་ཧྲིཾ་སྦྱིན་བྱ། ། མི་འགྱུར་མཆོག་ཏུ་ཞི་བའོ། །མྃ་ཡང་ཞིང་སྟེ་མགོ་བོ་ལ། །མི་འགྱུར་མཆོག་ལས་འདུ་བའོ། །རྨོངས་པ་ཡིས་ནི་སྲིད་སྦྱོར་བ། །ཡང་དག་ལམ་དུ་རབ་འཛུད་བྱེད། །དེས་ན་རྨོངས་བྱེད་མར་གྲགས་ཏེ། ། སྲིད་པའི་འཁོར་ལོ་འཇོམས་མའོ། །སྲིད་མེད་སྲིད་པ་མཆོག་ཀྱང་མེད། །དེ་ནི་ཁ་སྦྱར་དུ་བརྗོད་དོ། །སྔགས་དེ་ཉིད་ཀྱི་སྦྱོར་བ་ཡིས། །དཀྱིལ་འཁོར་སུམ་བཅུ་བདུན་བདག་ཉིད། །གཙོ་བོ་དཔའ་བོ་ འམ་ལྷ་མོ་སྟེ། །སྤྱི་གཙུག་དང་ནི་ཁའི་དབུས་སུ། །ཐམས་ཅད་དུ་ནི་བསྲུང་བྱེད་དང་། །རྟོག་པ་ཙམ་ནི་འཇོམས་བྱེད་པའོ། །པད་མ་དོན་དམ་པའི་ཡེ་ཤེས། །སངས་རྒྱས་རྣམས་ཀྱི་བྱང་ཆུབ་གཟུགས། ། 86-1-62b ཀུན་རྫོབ་ཤེས་བྱེད་ཤེས་བྱ་ནི། །གར་དབང་ཕྱུག་ཏུ་བརྗོད་པ་ཉིད། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུགས། །བྱང་ཆུབ་རང་གིས་ཐམས་ཅད་རྟོགས། །སྤྲུལ་པ་ཀུན་ཏུ་རྨོངས་གྱུར་པས། ། ལྷ་མོ་རྨོངས་བྱེད་མར་འགྱུར་རོ། །པད་མ་ཆོས་ཀྱི་འབྱུང་གནས་འགྱུར། །གར་གྱི་དབང་པོ་རྡོ་རྗེ་ཡིན། །དབང་ཕྱུག་ལྷན་སྐྱེས་ཤེས་བྱ་སྟེ། །བྱང་ཆུབ་སེམས་ནི་གཡོ་བའོ། །རང་བཞིན་མེད་ དང་བདེ་བདག་ཉིད། །དེ་ནི་ཁ་སྦྱར་དུ་བརྗོད་དོ། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་ པོས་འདི་གསུངས་སོ། །ཞེས་བྱ་བ་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་པད་མ་གར་གྱི་དབང་ཕྱུག་ལ་སོགས་པའི་བསྲུང་པ་གོ་ཆའི་སྔགས་གཏན་ལ་ དབབ་པ་སྟེ་ལེའུ་བཅུ་དགུ་པའོ།། །། དེ་ནས་ཧེ་རུ་ཀའི་བསྲུང་བ། །གོ་ཆ་སླར་ཡང་བཤད་པར་བྱ། །མགྲིན་དང་དཔུང་པར་འོང་བ་སྟེ། །རྣལ་འབྱོར་མ་ནི་མགོ་བོར་རོ། ། བཽ་ཥ་ཊ་ཧེ་སྔགས་མཉམ་མེད་པ། །འབྱུང་དང་འབྱུང་ལས་བྱུང་ལ་སྲུན། །ཧྲེྃ་ཧྲིཾ་ཀུན་ཏུ་བསྐྱོད་མའི་སྔགས། །དེ་ཕྱིར་ཤེས་རབ་ཐབས་བདག་ཉིད། །ཧེ་ནི་སེམས་བདག་ཉིད་རྣལ་འབྱོར། ། སླར་ཡང་རུ་ནི་ངག་བདག་ཉིད། །ཀ་ལུས་ཀྱི་རང་བཞིན་ཉིད་རྣལ་འབྱོར། །ས་འོག་ས་སྟེང་མཐོ་འཇིག་རྟེན། །བདེ་བའི་ཐོག་མཐའ་དབུས་སུ་ནི། །བཽ་ཥ་ཊ་ཧེ་རྣམས་ས་བོན་ཅན། །ཧྲེྃ་ཧྲིཾ་འོག་ དང་སྟེང་ཤེས་བྱ། །སྲོག་གི་རླུང་ནི་བསྐྱོད་པ་ཡིན། །གཏོང་དང་དགའ་བ་ལ་གོམས་དང་། །བུམ་པ་ཅན་གྱི་སྦྱོར་བའི་དུས། །དེ་ཡི་དུས་སུ་འཁོར་ལོ་ནི། །སུམ་བཅུ་བདུན་བདག་ཉིད་ཤེས་བྱ། ། 86-1-63a དེ་ལྟར་དུས་ནི་བཞི་རྣམས་ཀྱི། །ཇི་ལྟའི་རིམ་པར་དེ་འདོད་དོ། །སྔགས་དེ་ཉིད་ཀྱི་རྣལ་འབྱོར་གྱིས། །མཆོད་པ་མཆོག་ཏུ་རྨད་དུ་བྱུང་། །དེ་ལྟར་རྣམ་ཤེས་བརྒྱད་རྣམས་ ཀྱི། །གཅིག་དང་གཉིས་དང་གསུམ་དང་ལྔ། །ལེའུ་བཞི་ཡི་རྣལ་འབྱོར་གྱིས། །ཇི་ལྟའི་རིམ་པས་རྟོགས་པའོ། །སྤྱོད་པའི་རྒྱུད་ནི་གསུམ་པ་ཡི། །ལེའུ་རུ་ནི་བྱུང་བ་དང་། །བྱ་བ་ལེའུ་བཞི་པ་རུ། ། རྒྱུད་ནི་རང་ཉིད་བསྐྱོད་པ་དང་། །དེ་ཁོ་ན་ཉིད་གདན་སྐྱེས་པ། །སླར་ཡང་གསུམ་པར་བརྗོད་པ་ཡིན། །བཞི་པ་རུ་ནི་གཞན་གྱི་གདན། །སྐྱེས་པ་ཡེ་ཤེས་ཕ་རོལ་འགྲོ། །བསྲུང་བ་འགྲོ་བ་བཞི་རྣམས་ ཀྱི། །ལྷ་དང་མི་དང་འདྲེ་དང་ནི། །ཀླུ་ཡི་འགྲོ་བར་མཁས་པ་ཡིས། །ཤེས་བྱ་ཀུན་དུ་རྒྱུ་རྣམས་ཀྱིའོ། །དེ་དེའི་རང་བཞིན་དུས་རྣམས་ནི། །བསྐལ་པ་བཟང་པོར་ཆུད་པ་ཡི། །དེ་བཞིན་གཤེགས་པ་ འགྲོངས་མི་འགྱུར། །སླར་ཡང་འགྲོངས་མེད་སྐྱེ་མི་འགྱུར། །རང་བཞིན་ཤེས་པར་གྱུར་ནས་ནི། །སེམས་ཅན་རང་གི་རང་བཞིན་འགྱུར། །ལྟ་བ་བདུན་བཅུ་གཉིས་རྣམས་ནི། །ཀུན་ཏུ་བསྐྱོད་ མའི་ལས་ཀྱིས་སོ། །ཉན་ཐོས་རྣམས་ཀྱི་ལྟ་བ་ལྔ། །རང་སངས་རྒྱས་ཀྱི་ལྟ་བ་གཉིས། །རྣལ་འབྱོར་སྤྱོད་པ་པ་ཡི་བདུན། །དབུ་མ་པ་མཆོག་རྣམས་ཀྱི་བརྒྱད། །བཅུ་དྲུག་ཕ་རོལ་ཕྱིན་རྣམས་ ཀྱི། །གསང་སྔགས་ཐེག་པའི་སུམ་བཅུ་དྲུག །བདུན་དང་བརྒྱད་པའི་གཉིས་ཀྱིས་དམན། །ཀུན་ཀྱང་སྔགས་ཀྱི་ཐེག་པའོ། །རྩ་ཡི་ཀུན་སྤྱོད་རྩ་བ་ཅན། །བླ་མའི་དྲིན་ལས་ཤེས་པར་བྱ། ། ཧེ་རུ་ཀ་མ་རྩ་བ་མཛད། །སྲིད་དང་མྱ་ངན་འདས་དབུས་བཞུགས། །དཔའ་བོ་ཐམས་ཅད་མཉམ་སྦྱོར་བས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། ། 86-1-63b བཅོམ་ལྡན་བདག་པོས་འདི་གསུངས་སོ། །ཞེས་བྱ་བ་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ཧེ་རུ་ཀ་ལ་སོགས་པའི་སྲུང་བའི་གོ་ཆའི་ཆོ་གའི་ལེའུ་སྟེ་ ཉི་ཤུ་པའོ།། །། དེ་ནས་རྡོ་རྗེ་ཉི་མ་ཡི། །བསྲུང་བ་བཤད་པར་བྱ་བ་ནི། །ཧཱུྃ་ཧཱུྃ་ཧོ་ཡི་སྔགས་འདི་ཡིས། །མིག་གི་དབང་པོའི་དབུས་སུ་སྟེ། །ཧཱུྃ་ཡིག་གཉིས་ཀྱི་སྦྱོར་བ་ཡིས། ། ལྟ་བ་ཐམས་ཅད་མཐོང་གྱུར་པའོ། །ཡེ་ཤེས་རྣམ་ཤེས་མཆི་མ་ཡིས། །འོག་དང་སྟེང་དུ་ཐིམ་པ་ལས། །ལྟ་བ་བདུན་བཅུ་རྩ་གཉིས་ནི། །དུས་གཅིག་ཏུ་ནི་མཐོང་བར་འགྱུར། །མགྲིན་པའི་ བུ་ག་རུ་ནི་ལྔ། །གསང་བའི་རྡོ་རྗེ་ཅན་དུ་གཉིས། །བདུན་ནི་སྙིང་ག་ཡང་དག་བཤད། །བརྒྱད་ནི་གླད་པའི་རྒྱས་སུའོ། །བཅུ་དྲུག་གཙུག་ཏོར་དུ་ནི་འགྱུར། །ལྟེ་དཀྱིལ་འཁོར་དུ་སུམ་བཅུ་དྲུག ། མ་ལུས་རང་གི་ལས་ཀྱིས་བསྐྱེད། །རང་གི་ལྟ་བ་འདིར་མཐོང་འགྱུར། །འདི་དེ་བདག་གི་གདན་ཡིན་ཏེ། །ས་གསུམ་ལྟ་བུར་མཐོང་བ་ཡིན། །ཧོ་ཡིག་སེམས་དཔའ་མ་ཀུན་གྱི། །མཐའ་ཡས་པ་ཡི་སངས་ རྒྱས་ཞིང་། །རྡོ་རྗེ་ཉི་མས་ཁྱབ་པར་གྱུར། །དེ་ཕྱིར་མིག་ནི་བསྲུང་བྱེད་པའོ། །ཀུན་ཏུ་སྐྲག་བྱེད་མས་འཁྱུད་པ། །ཧཱུྃ་ཧཱུྃ་གསང་སྔགས་སྒྲ་སྒྲོགས་མ། །སྐྲག་པ་ཡི་གེ་གཉིས་ཀྱིས་ནི། །སྡིག་པ་ཐམས་ཅད་ མཐར་བྱེད་པའོ། །སུམ་བཅུ་བདུན་བདག་དཀྱིལ་འཁོར་གྱི། །དབུས་སུ་གཉིས་ནི་བསྒོམ་པར་བྱ། །སྔོན་གསང་སྔགས་ཀྱི་གཟུགས་ཀྱིས་ནི། །ལྟ་རྣམས་ཀུན་ཏུ་འབྱུང་བར་འགྱུར། །རེ་རེ་ཡི་ནི་ལྟ་བ་ཡིས། ། དེ་ལ་བསྲུང་བ་བྱེད་པར་འགྱུར། །རྣལ་འབྱོར་མའི་ནམ་མཁའ་གང་། །སླར་ཡང་ལྷན་སྐྱེས་རྫོགས་བྱང་ཆུབ། །རྣལ་འབྱོར་མ་ནི་ལྷན་སྐྱེས་གཟུགས། །ལྷན་སྐྱེས་ཡི་གེ་རྣལ་འབྱོར་མ། །རྣལ་འབྱོར་མ་ཡི་ལྷན་ 86-1-64a སྐྱེས་ཟོས། །སླར་ཡང་རྣལ་འབྱོར་མ་ཟ་འགྱུར། །སངས་རྒྱས་གཟུགས་ནི་རྣལ་འབྱོར་མ། །རྡོ་རྗེ་འཛིན་པའི་གཟུགས་ཅན་མ། །གནས་ཀྱི་གཟུགས་ནི་རྣལ་འབྱོར་མ། །བྱས་དང་ བྱེད་པོའང་དེ་ཉིད་དོ། །བསྒྲུབ་བྱ་མཐོང་བར་སྟེར་བར་འགྱུར། །གོ་ཆའི་ཡི་གེ་སྒོམ་པ་ལའོ། །སྒྲུབ་པོ་ཅི་དང་ཅི་འདོད་པ། །དེ་རྣམས་ཀྱིས་ནི་སྟེར་བར་འགྱུར། །ཚུལ་འདི་སྒོམ་པ་མེད་པ་ཡི། །སེམས་ཅན་ དེ་རྣམས་རྨོངས་པར་འགྱུར། །ཡི་གེ་བཀོད་པ་ཙམ་གྱིས་ནི། །ལས་རྒྱལ་ཐམས་ཅད་བྱེད་པར་འགྱུར། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་ དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །ཞེས་བྱ་བ་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་རྡོ་རྗེ་ཉི་མ་ལ་སོགས་པའི་གོ་ཆའི་བསྲུང་བའི་ཆོ་གའི་ ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །། དེ་ནས་རྟ་མཆོག་གི་བསྲུང་བ། །ཐམས་ཅད་བྱ་བ་བྱེད་དགེ་བའོ། །ཕཊ་ཧྃ་སྔགས་ཀྱི་རྣལ་འབྱོར་གྱིས། །ཀུན་ནས་མགོ་དང་རྐང་པའི་མཐར། །མཛོད་སྤུའི་ དབུས་སུ་དགོད་བྱ་སྟེ། །སྤྱི་གཙུག་དབུས་སུ་རྣལ་འབྱོར་མ། །མགོ་བོར་ཀུན་སྐྲག་མ་ཤེས་ནས། །ཚིག་ཀུན་དང་ནི་མཁའ་ཞེས་བྱར། །གཏུམ་མོའི་གསང་སྔགས་ཕཊ་ཕཊ་སྟེ། །ཡེ་ཤེས་གདན་དབང་ ཕྱུག་མར་འདོད། །རྟ་མཆོག་ཏིང་འཛིན་དག་ཏུ་ཡང་། །རྣལ་འབྱོར་དངོས་གྲུབ་སྨོས་ཅི་དགོས། །རྣལ་འབྱོར་པ་ཡིས་འཁོར་བ་དྲལ། །སླར་ཡང་མྱ་ངན་འདས་བཀས་པའོ། །ཡེ་ཤེས་ཞེས་བྱའི་རྣམ་རྟོག་ ཀྱང་། །སྔགས་པས་གཉིས་སུ་མེད་པས་བཀས། །ཧྃ་ཡིག་ཀུན་མཁྱེན་ཡོད་མིན་ན། །སྐྱེ་བོ་ཐམས་ཅད་སྨོས་ཅི་དགོས། །བཀུར་སྟི་བྱེད་པ་ཡོད་པ་དང་། །དབང་པོ་ཚར་གཅོད་ཡོད་པ་སྟེ། །རྣལ་འབྱོར་གཏུམ་ 86-1-64b མོའི་ཡོན་ཏན་ལྡན། །ད་ནི་བདུད་རྩིར་མངོན་པར་བརྗོད། །བདེ་བཅས་ཐེ་ཚོམ་མེད་པར་ནི། །དབང་པོ་ཐམས་ཅད་ཟོས་པས་སོ། །དཀྱིལ་འཁོར་སྔོན་དུ་གསུང་པ་ཡི། །དབུས་སུ་དཔའ་བོ་རྣལ་འབྱོར་མ། ། སྔགས་ལ་སོགས་པ་ཐམས་ཅད་ཀྱང་། །ཀུན་གྱིས་ཀུན་དུ་བྱ་བའོ། །ལས་ཀྱི་བག་ཆགས་རང་གིས་བཟའ། །ཕྲ་མོའང་ཀུན་དུ་བཅོམ་བར་དུའོ། །ངན་པ་ཐམས་ཅད་སྤར་བྱས་ན། །རས་བལ་ལྟར་ཡང་ཕ་རོལ་ འགྲོ། །དེ་ནི་གཏུམ་བྱེད་མར་ཤེས་བྱ། །ཕག་མོའི་རིགས་ལས་བྱུང་བའོ། །ཟླ་བར་བརྩི་བའི་སྐར་མ་ཡིས། །སྐར་མའི་བདག་པོ་སྙིང་རྗེས་ཞུ། །སླར་ཡང་མདོར་བསྡུས་བཤད་པ་ནི། །རྣལ་འབྱོར་མ་ནི་དྲུག་ རྣམས་དང་། །དཔའ་བོ་གཉིས་སུ་བྱར་མེད་ཉིད། །དགོས་པའི་མཚན་ཉིད་བཤད་པར་བྱ། །རྣལ་འབྱོར་རྣལ་འབྱོར་མ་བཅུ་གཉིས། །རེ་རེའི་གནས་སུ་ཤེས་པར་བྱ། །དེར་ནི་གར་ཡང་བྱེད་དུ་གཞུག །ལྷན་སྐྱེས་ རྫོགས་བྱང་ཆུབ་མཚན་ཉིད། །ལུས་ཅན་ཀུན་གྱི་བདེ་བ་ནི། །དབང་གཉིས་དུས་ལས་ཤེས་པར་བྱ། །བུག་དྲུག་བུམ་པ་ཅན་བྱས་པས། །དེ་དང་འདྲ་བའི་བདེ་ཐོབ་འགྱུར། །ལྟེ་བའི་འོག་གི་བུ་ག་གསུམ། །དེ་ཡི་སྟེང་དུ་ གསུམ་དེ་བཞིན། །འགྲོ་དང་འོང་བ་གཉིས་གཉིས་ཏེ། །གོ་ཆ་བཅུ་གཉིས་དེར་དེ་བཞིན། །དབང་པོ་ཡུལ་གྱི་མཚན་ཉིད་ཀྱིས། །དངོས་པོའི་བདག་ཉིད་དེར་གར་བྱེད། །རྣལ་འབྱོར་བདུད་རྩི་ཉིད་འཐུང་འགྱུར། །ཟང་ཟིང་ཁམས་ རྣམས་ཟ་བ་སྟེ། །སྟེང་དང་འོག་ཏུ་མཚོན་བལྟས་པས། །ལྷན་སྐྱེས་བདག་ཉིད་རྩེན་པར་བྱེད། །རྗེས་དྲན་དྲུག་གི་སྦྱོར་བ་ཡིས། །སྒྲུབ་པ་པོ་ཡིས་བྱ་བ་ཡིན། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་ སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །ཞེས་བྱ་བ་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་རྟ་མཆོག་ 86-1-65a ལ་སོགས་པའི་གོ་ཆའི་བསྲུང་བའི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །། དེ་ནས་གཏོར་མའི་དེ་ཉིད་བཤད། །མཐར་གྱིས་ཇི་ལྟ་བ་བཞིན་ནོ། །ཆོས་འབྱུང་དབུས་སུ་སོན་པར་ནི། ། ཇི་ལྟའི་ཆོ་གས་གཏོར་མ་སྦྱིན། །རྣལ་འབྱོར་དབང་ཕྱུག་མཁའ་འགྲོའི་གཟུགས། །སླར་ཡང་གོ་ཆ་སོགས་པས་བསྲུང་། །དེའི་ཡང་ཏིང་ངེ་འཛིན་དམིགས་བྱ། །པད་མའི་སྣོད་ནི་གཞག་བྱ་སྟེ། །ཕྱི་དང་ནང་ བདག་ཉིད་དུ་བྱ། །ཨ་བ་དྷཱུ་ཏཱིར་སྐྱེ་ནས་བྲི། །ལྟེ་བའི་འོག་དང་སྟེང་བུ་ག །པད་མའི་སྣོད་དུ་བརྟག་པར་བྱ། །ནམ་མཁའ་ལྔ་ཡི་བདུད་རྩི་ནི། །ཐམས་ཅད་རོ་མཉམ་པར་བྱའོ། །ཕུང་པོ་གོ་ཀུ་ད་ཧ་ན། །སྐྱེ་མཆེད་རྣམས་ ནི་ཤ་ཀུན་ཏེ། །སྦར་བ་བདེ་བའི་སེམས་ཀྱིས་ཏེ། །འདོད་ཆགས་མེ་ཡིས་བསྲོ་བའོ། །སྦྱོང་བ་མཆོག་ནི་བདག་ཉིད་ལའོ། །སླར་ཡང་བདུད་རྩིར་བྱེད་པ་སྟེ། །བསམ་གཏན་ཕྱག་རྒྱ་རྒྱུན་དུ་དེར། །སྐུ་གསུམ་དུ་ནི་བྱིན་ གྱིས་བརླབ། །སྔགས་དང་ཕྱག་རྒྱའི་སྦྱོར་བ་ཡིས། །མཁའ་འགྲོ་མ་རྣམས་སྤྱན་དྲང་བྱ། །རྩེ་མོ་མདུད་བྱས་ངེས་པར་ནི། །གུང་མོ་རྩེ་བྱ་མཐེབ་རྡོ་རྗེ། །བརྟན་པར་ཡང་དག་བཙིར་བྱས་ནས། །དཔྲལ་བའི་ཕྱོགས་སུ་ ཡོངས་བཞག་པས། །བཟླས་ཤིང་བསྐྱར་བས་འཁོར་བར་བྱ། །རྐང་པ་མནན་ཅིང་སྟེང་དུ་བལྟ། །སྔགས་པས་དེ་བྱས་པ་མཆོག་སྟེ། །སྤྱི་བོར་ཡིག་སྒྲ་ཡིས་ནི། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། ། དཔའ་བོ་རྣལ་འབྱོར་མ་རྣམས་དགུག །གཡོན་དང་གཡས་པའི་སྦྱོར་བ་ཡིས། །སྙིང་གར་ཕྱག་རྒྱ་སྦྱིན་པར་བྱ། །གཡོན་དང་གཡས་པའི་ལག་གཉིས་ཀྱིས། །སྐོར་བ་མཁའ་འགྲོ་མའི་དེ་བདེ། །ཨོཾ་ཨཱ་ར་ལཱི་ཧོ། ཛཿཧཱུྃ་བྃ་ཧོཿ བཛྲ་ཌཱ་ཀ་ཌཱ་ཀི་ནྱཱ་ས་མ་ཡ་སྟཱྃ་དྲི་ཤྱ་ཧོཿ རྡོ་རྗེ་ཐལ་མོ་གྱེན་ལ་ཕྱེ། །མཚན་མོ་ཕྱེད་ན་གཏོར་མ་སྦྱིན། །ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཱཀྵ་ས་བྷཱུ་ཏེ་པྲེ་ཏ་པི་ཤཱ་ཙི་ཨུན་མཱ་ན་དཱ་པ་སྨ་ར་ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡ་ 86-1-65b ཨི་མྃ་བ་ལིཾ་གྲྀ་ཧྞནྟུ་སརྦ་སིད་དྷི་མེ་པྲ་ཡ་ཙྪན་ཏུ་ཡ་ཐེེཥྚྃ་བྷུཉ་ཛ་ཐ་པཱི་པ་ཐ་མ་ཏི་ཀྲ་མ་ཐ་མ་མ་སརྦ་ཀཱ་ར་ཏ་ཡ་བི་ཤུད་དྷ་ཡེ་མ་མ་སྭཱ་ཧཱ་ཡི་ཀ་བྷ་ཝན་ཏུ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། སྔགས་ཀྱི་འཇུག་པ་ཇི་སྲིད་དུ། །བུམ་པ་ཅན་ གྱིས་གནས་མི་འགྱུར། །རྒྱུན་མི་འཆད་པར་འཐོབ་འགྱུར་ཏེ། །དགའ་སྐྱེས་བདེ་བའང་སྨོན་ཅི་དགོས། །དཔའ་བོ་རྣམས་ཀྱི་གཏོར་སྟོན་མོ། །རྣལ་འབྱོར་མ་རྣམས་ལ་དེ་བཞིན། །དཀྱིལ་འཁོར་ཆེན་པོའི་སྦྱོར་ བ་ཡིས། །བླ་མ་གཙོ་བོ་རུ་ནི་བྱ། །རྣལ་འབྱོར་མ་རྣམས་མིང་གང་གང་། །དཔའ་བོ་རྣམས་ཀྱིའང་དེ་བཞིན་དུ། །དེ་དང་དེ་ལ་ཤ་འབུལ་བྱ། །མྱོས་བྱེད་བདེ་ཆེན་སྟེར་བའོ། །འཁོར་ལོ་མངོན་པར་གཟུང་དུ་བྱ། ། ཡང་ན་སྔགས་པར་ཟུང་དུའོ། །གདན་ནི་སྟག་གི་ལྤགས་པ་སྟེ། །སྟོན་མོ་མི་ཡི་ལྤགས་པར་རོ། །སྣོད་ཆེན་རྣམས་སུ་བཏུང་བ་དང་། །སྔགས་པ་སྐྲ་གྲོལ་བ་ཡིས་སོ། །སྣོད་ནི་རྣལ་འབྱོར་མས་ཤེས་ བྱ། །ཡང་ན་གཞོན་ནུ་མ་ཡིས་སོ། །དེ་བཞིན་རྣལ་འབྱོར་མ་རྣམས་ཀྱི། །འཁོར་ལོ་དཔའ་བོ་རྣམས་ཀྱིས་ཏེ། །དཔའ་བོ་རྣམས་ཀྱི་གཞི་དག་ལ། །སྣོད་ནི་གཞོན་ནུ་མ་ཡིས་སོ། །དར་ཕྲེང་དབུ་ རྒྱན་དག་དང་ནི། །རྣམ་པ་སྣ་ཚོགས་དྲི་དེ་བཞིན། །གླུ་ལེན་གར་བྱེད་སིལ་སྙན་དང་། །དྲུག་ལྡན་སོགས་དང་དམན་རྣམས་དང་། །གཏོར་མའི་སྣོད་རྣམས་ཐམས་ཅད་ནི། །སྔགས་པས་ཤར་གྱི་ཕྱོགས་ནས་ སུ། །ཆང་ཐམས་ཅད་དང་མཆོད་པ་ཡི། །སྣོད་རྣམས་དེར་ནི་གཞག་པར་བྱ། །མཆོད་བྱ་མཆོད་པ་མཆོད་པའི་རྒྱུ། །མཆོད་པ་བྱེད་པོ་ཕན་ཚུན་དུའོ། །འཁོར་ལོ་རང་གི་སློབ་མ་བྱས། །ཡང་ན་མཉམ་བཞག་ གཞན་རྣམས་སོ། །སྔགས་པས་སྐལ་མེད་ཐམས་ཅད་དང་། །མུ་སྟེགས་ལ་སོགས་སྤང་བར་བྱ། །འགྲོ་བ་ཀུན་ནི་མཆོག་ཏུ་དགའ་བའི་རང་བཞིན་ཏེ། །རྣལ་འབྱོར་མའི་འཁོར་ལོའི་རང་བཞིན་དུ་གནས་ཀྱིས། ། 86-1-66a ཨ་རེ་རེ་རེ་གཏི་མུག་ཕྱུགས་ཀྱིས་མི་ཤེས་སོ། །ལྷན་སྐྱེས་མཛེས་མ་བླངས་ནས་བདེ་བ་ཆེ་ལ་མནོས། །ཤམ་བུ། ས་གསུམ་མ་ལུས་འགྲོ་བ་སངས་རྒྱས་ཀྱི་རང་བཞིན། །སྙིང་རྗེའི་གཞོན་ ནུ་མ་དང་ལྷན་ཅིག་རོལ་བར་བྱོས། །ཨ་རེ། གང་གིས་དོན་དམ་ལ་ནི་མ་བསྒོམས་པས། །དེ་ཡིས་སངས་རྒྱས་ཉིད་ནི་ཐོབ་པ་མ་ཡིན་ནོ། །ཨ་རེ། ནང་དང་ཕྱི་ནི་དབྱེ་བ་མེད་པར་ཤེས་པར་གྱིས། ། འཇིག་རྟེན་ཐམས་ཅད་བསྒྲལ་བར་ནུས་པའོ། །ཨ་རེ། དེ་ལ་སོགས་པ་ཐམས་ཅད་ནི། །གང་དང་དེར་ནི་བླངས་པའོ། །ང་ཡི་རྒྱུད་དང་རྟོགས་པ་ཡིས། །སྔགས་པའི་གནང་པས་གླུ་བླང་བྱ། །དེ་ལ་ཕྱག་ནི་ བྱས་ནས་སུ། །གར་དང་གླུ་ཡང་བྱ་བ་ཡིན། །སྣོད་ནི་པད་མའི་ཕྱག་ཏུ་ནི། །རང་ཉིད་བརྟུལ་ཞུགས་ཅན་གྱིས་དབུལ། །པད་མའི་ལག་པར་གཟུང་བྱ་སྟེ། །དེ་ཉིད་ཀྱིས་ནི་སྦྱིན་པར་བྱ། །རྣལ་འབྱོར་མ་ རྣམས་ཕུད་ཆང་བུ། །སོ་སོར་བསྡུ་བར་བྱ་བ་ཡིན། །ཟོས་པ་ཡི་ནི་ལྷག་མ་ཡང་། །འབྱུང་པོ་ཐམས་ཅད་ལ་སྦྱིན་བྱ། །ཇི་ལྟར་ཡང་དག་འབྱོར་པ་ཡི། །དེ་རྣམས་ལ་ནི་ཡོན་དབུལ་བྱ། །དེ་ལྟར་ཉི་མ་རེ་རེ་བྱ། ། ཡང་ན་ཟླ་བ་ཟླ་བར་རོ། །དམ་ཚིག་བསྲུང་ཕྱིར་ལོ་གཅིག་ལ། །ཉི་མ་གཅིག་ནི་བྱ་བའོ། །དེར་ནི་སྦྱིན་པའི་ཚིགས་བཅད་བཀླག །བཀྲ་ཤིས་པ་ཡི་ངག་ཀྱང་བྱ། །མཁའ་འགྲོ་མ་རྣམས་འདུས་ལ་མཆོད་པ་དང་། ། དཔའ་བོ་རྣམས་ལ་བཟའ་དང་བཏུང་བ་ཁྱོད་ཀྱིས་དྲངས། །ཁྱོད་ལ་རྟག་ཏུ་བསྲུང་དང་མཆོག་གི་འབྱོར་བ་དང་། །ཡང་ན་ཡིད་ལ་འདོད་པ་ཕུན་སུམ་ཚོགས་པར་ཤོག །སྐྱེ་བ་ཀུན་དུ་མཆོག་ཏུ་བདེ་བར་གཤེགས་ པ་ཡི། །གྲུབ་པའི་འཇིག་རྟེན་དབུས་སུ་འགྲོ་བར་གྱུར་པར་ཤོག །དཔའ་བོ་གཉིས་མེད་མཆོད་པས་སྐྱེ་བ་འདི་ལ་ནི། །སྡིག་པ་ཟད་དང་ཕྱག་རྒྱའི་དངོས་གྲུབ་འགྱུར་བར་ཤོག །དཔའ་བོ་ཐམས་ཅད་མཉམ་ 86-1-66b སྦྱོར་བས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །ཞེས་བྱ་བ་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་ རྒྱལ་པོ་ཆེན་པོ་ལས་གཏོར་མ་དང་འཁོར་ལོ་མཆོད་པའི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །། དེ་ནས་གཞན་པ་རབ་བཤད་དེ། །དཀྱིལ་འཁོར་གྱི་ནི་ཐིག་གདབ་དང་། །སྦྱིན་སྲེག་ཐབ་དང་ དེ་བཞིན་དུ། །སློབ་དཔོན་རང་ཉིད་མཆོད་བཤད་བྱ། །སླར་ཡང་ས་གཞི་ཆ་མཉམ་ལ། །དཀྱིལ་འཁོར་ཁྲུ་ནི་བརྒྱད་པ་སྟེ། །རི་ཡི་སྟེང་ལ་སོགས་པ་དང་། །དག་པའི་ས་ཡི་མཐིལ་དུ་བྱ། །དེར་ནི་པུས་མོ་ ཙམ་དུ་བརྐོ། །སླར་ཡང་མཐོ་གང་ཙམ་བརྐོས་ནས། །ཆུ་ཡིས་དགང་བར་བྱ་བ་སྟེ། །ཇི་སྲིད་དུ་ནི་མ་ཟད་པར། །དེ་སྲིད་དུ་ནི་རྩ་བའི་སྔགས། །མཁས་པས་འདིར་ནི་བཟླས་པར་བྱ། །རྣལ་འབྱོར་པ་ཡི་ཁྱིམ་ བྱ་སྟེ། །སྐྱེ་བོ་ཐམས་ཅད་སྲེག་པར་འགྱུར། །དེར་ནི་དཀྱིལ་འཁོར་བྲི་བྱ་སྟེ། །ཐིག་གཉིས་ཀྱང་ནི་གདབ་པར་བྱ། །ཚངས་པའི་ཐིག་གི་ལོགས་གཉིས་སུ། །སུམ་བཅུ་རྩ་གཉིས་གཉིས་གདབ་བྱ། །སླར་ཡང་ དེ་ཡི་དབུས་བཏབ་པས། །ཐིག་རྣམས་དྲུག་བཅུ་རྩ་བཞིའོ། །དེ་རྣམས་དབུས་སུ་དེ་མཉམ་པ། །སླར་ཡང་དེ་རྣམས་སུ་གདབ་བྱ། །མདོར་ན་འཁོར་ལོ་བཞི་པོ་ལ། །ཉིས་བརྒྱ་ལྔ་བཅུ་རྩ་དྲུག་གོ། །ཀུན་ནས་ དུམ་བུ་བཅུ་དྲུག་ལས། །ཚོན་རྩི་ཡིས་ནི་རི་མོ་བྱ། །ལྷག་མ་སྒོ་ཡི་ཚད་དུ་ནི། །དབུས་མའི་པད་མ་ལ་སོགས་བྱ། །འོན་ཀྱང་དབུས་ཀྱི་པད་མ་དེར། །སོར་ནི་བཅུ་གཉིས་བྱ་བའོ། །འཁོར་ལོ་གསུམ་ནི་བཞི་པོ་ལ། ། དུམ་བུ་གསུམ་གསུམ་བྱ་བ་ཡིན། །དུམ་བུ་རེ་རེ་ལ་ནི་ཁྲུ། །གཉིས་གཉིས་མཁས་རྣམས་ཀྱིས་ཤེས་བྱ། །ཚོན་སྣ་ལྔ་ཡི་སྐུད་པ་ནི། །དེ་ཕྱིར་དཀྱིལ་འཁོར་གཉིས་འགྱུར་རོ། །སྦོམས་སུ་སྒོ་ལས་ཉི་ཤུར་ནི། ། 86-1-67a གཅིག་གིས་མ་ཚང་ཚད་ཅན་ནོ། །དྲི་ཞིམ་པོ་དང་དྲི་སྤོས་ཀྱིས། །ཡེ་ཤེས་ཐིག་སྐུད་ལ་བདུག་བྱ། །གཏོར་མ་ཆེན་པོ་བྱིན་ནས་ནི། །ཕྱི་ནས་ཐིག་ལས་འདིར་བརྗོད་ཀྱིས། །རྡོ་རྗེའི་ཕུར་ བུ་ས་གཞི་ལ། །མཁས་པས་སྤྲོ་བ་ཡིས་ནི་བྱ། །རང་གི་སློབ་མ་ཐིག་འཛིན་གཞུག །གཡོན་པའི་ཁུ་ཚུར་གྱིས་ལྟེ་བར། །སྔགས་པ་ཡིས་ནི་གཟུང་བྱས་ནས། །སྟེང་དུ་ཡང་ནི་གདབ་པར་བྱ། ། དེ་བཞིན་དུ་ནི་གདབ་པ་ནི། །གཡོན་སྐོར་དུ་ནི་བྱ་བའོ། །འཇུག་པ་དང་ནི་འབྱུང་བ་ན། །གཏོར་མ་བྱིན་ལ་བཅག་པར་བྱ། །རྩ་བའི་སྔགས་ནི་བརྗོད་པ་ཡིས། །རི་མོ་བར་སྣང་ལ་གདེག་བྱ། །ཕྱི་དང་ནང་དུ་ ཤེས་པ་ཡི། །སྔགས་པས་བདུད་རྩི་བཏུང་བར་བྱ། །ས་ནི་ནམ་མཁར་གཤེགས་བྱ་ཞིང་། །སླར་ཡང་དེ་ཉིད་དུ་དགུག་བྱ། །མེ་ཏོག་རྣམ་པ་སྣ་ཚོགས་དང་། །རྡོ་རྗེའི་གོམ་པས་གར་བྱའོ། །ལག་ པས་རྡོ་རྗེ་གསོར་བྱ་ཞིང་། །མ་སོགས་རྣལ་འབྱོར་མ་དང་རོལ། །འདི་ཀུན་གྲི་གུག་མཚན་མ་རྣམས། །དཀྱིལ་འཁོར་བ་རྣམས་ཀྱི་བྱའོ། །མཆོད་པ་རྣམ་པ་སྣ་ཚོགས་བྱས། །སློབ་དཔོན་དྲི་ཡིས་ ཁྲུས་བྱས་པ། །དྲི་མ་མེད་བཀྲུས་ལེགས་བདུགས་པའི། །གོས་ནི་ཡོངས་སུ་གྱོན་ནས་ནི། །དྲིལ་བུའི་སྒྲ་ནི་རབ་བྱ་ཞིང་། །རྣལ་འབྱོར་མ་རྣམས་གླུ་ལེན་དང་། །སྣ་ཚོགས་སིལ་སྙན་སྣོད་རྣམས་དང་། ། ཅ་ཅོ་ཡི་ནི་སྒྲ་སྒྲོགས་པའོ། །དབང་བསྐུར་བ་ནི་སྦྱིན་བྱ་ཞིང་། །རང་སློབ་མ་ལ་ཕྱི་དང་གསང་། །རྒྱལ་པོ་རྐུན་མོ་སོགས་སྤངས་པའི། །སྐྱེ་བོ་དང་བྲལ་ཕྱོགས་སུ་བྱ། །འདིར་ནི་ཆོ་གའི་སྐྱོན་མང་པོས། ། མནར་མེད་སོགས་སུ་རྟུང་བར་འགྱུར། །ཞི་དང་རྒྱས་པ་ལ་སོགས་པའི། །སྦྱིན་སྲེགས་རྣམས་ཀྱི་ཐབ་བྱའོ། །ཟླུམ་པོ་ཞི་བ་ཡི་ནི་ཐབ། །གྲུ་བཞི་པ་ནི་རྒྱས་པ་ལ། །གྲུ་གསུམ་པ་ནི་དབང་ལས་ལ། ། 86-1-67b མངོན་སྤྱོད་ལ་ནི་ཟུར་དྲུག་པ། །ཟུར་བདུན་པ་ནི་བསྐྲད་པ་ལ། །སྡང་བར་བྱ་ལ་གྲུ་བརྒྱད་པ། །ཟུར་དགུ་པ་ནི་རེངས་པ་ལ། །གསད་པ་ལ་ནི་ཟུར་ལྔ་སྟེ། །ལས་ཐམས་ཅད་ལ་ཟུར་བཅུ་པ། །ཁ་དོག་རང་བདག་ སྦྱོར་བས་སོ། །རང་གི་བདག་གྱུར་མཚན་མ་ནི། །ཐབ་རྣམས་ཀྱི་ནི་དབུས་སུ་བྱ། །འཁོར་པད་རྡོ་རྗེ་དང་གྲི་གུག །རལ་གྲ་རིན་ཆེན་སྣ་ཚོགས་རྡོར། །མདའ་གཞུ་དེ་བཞིན་ཐབ་ལ་ནི། །ཕྲེང་བ་དེ་ རྣམས་སུ་བྱའོ། །ཁྲུ་གཅིག་པ་དང་ཁྲུ་གཉིས་པ། །ཁྲུ་ཕྱེད་དེ་ཡི་ཕྱེད་དང་ནི། །སླར་ཡང་ཁྲུ་གཉིས་གསུམ་དང་བཞི། །ལྔ་དྲུག་བདུན་དང་བརྒྱད་དང་དགུ། །ཁྲུ་བཅུ་རུ་ནི་ཡང་དག་བཤད། །ཐབ་ཀུན་ཇི་ལྟའི་ རིམ་པས་སོ། །ཡམ་ཤིང་དང་ནི་རྫས་རྣམས་དང་། །བསྲེག་བླུགས་ལོ་ཏོག་ཐམས་ཅད་དང་། །ཕྱི་ནང་བདག་ཉིད་སྦྱོར་རྣམས་ཀྱིས། །རང་རང་གི་ནི་ལས་བྱའོ། །མངོན་པར་བརྗོད་པར་བཤད་པའི་ལས། ། རྩ་བའི་སྔགས་སོགས་ཐམས་ཅད་ཅན། །དེ་ཡི་སྦྱོར་བའི་ཆོ་གའི་ལས། །རྒྱུད་རྣམས་ཀུན་ཏུ་ཤེས་བྱེད་དོ། །ཅུང་ཟད་འཆད་པར་འགྱུར་ཉིད་དུ། །རྒྱུད་ཐམས་ཅད་ཀྱི་བཤད་པར་བྱ། །ཟླུམ་པོ་ལྟེ་བར་སྐྱེས་ པའི་ཐབ། །སྙིང་ག་རུ་ནི་གྲུ་བཞི་པ། །ནོར་བུའི་བུ་གར་གྲྭ་དྲུག་པ། །མགྲིན་པར་གྲྭ་ནི་བདུན་པ་སྟེ། །ཟུར་བརྒྱད་པ་ནི་མགོ་བོ་ལ། །ཟུར་དགུ་རུ་ནི་སྨིན་དབུས་སུ། །གཙུག་ཏོར་དུ་ནི་ཟུར་ལྔ་པ། །ཟུར་ བཅུ་པ་ནི་དབྲལ་བར་ཏེ། །རླུང་ལས་བྱུང་བའི་རྩ་བ་ཅན། །བསྲེག་རྫས་ཁམས་རྣམས་ཐམས་ཅད་ནི། །རླུང་འབབ་པ་ལ་བསྲེག་པར་བྱ། །དེ་ཉིད་དུས་སུ་ཕྱི་རོལ་གྱི། །བློ་ལྡན་གྱིས་ལས་ཆུང་ངུའོ། ། ལ་ལ་ནཱ་དང་ར་ས་ནཱ། །དགང་གཟར་བླུགས་གཟར་གཉིས་དེ་བཞིན། །མར་སྣོད་ཨ་བ་དྷཱུ་ཏཱི་སྟེ། །ཐབ་ནི་དེའི་བར་བར་དག་ཏུའོ། །ལས་ཐམས་ཅད་པའི་སྦྱིན་བསྲེག་ནི། །འཇིག་རྟེན་འདི་ལ་བྱ་བ་ཡིན། །དེར་ནི་རྫས་རྣམས་ཐམས་ 86-1-68a ཅད་ཀྱི། །ཐེ་ཙོམ་མེད་པར་བསྲེག་པར་བྱ། །དགང་གཟར་ཁྲུ་གང་དུ་འགྱུར་ཏེ། །རྒྱར་ནི་སོར་མོ་བཞི་པ་ལས། །དེར་ནི་སོར་མོ་གཉིས་བརྐོ་བྱ། །མཆུ་ཡི་སྦུག་མོ་སོར་མོ་ཕྱེད། །དབུས་སུ་རྡོ་རྗེ་པད་ མ་དང་། །མཆུ་སྦུག་རྡོ་རྗེ་ལྡན་པ་ཅན། །རྩ་བར་རྡོ་རྗེ་སོར་དྲུག་པ། །ཡུ་བའི་སྟེང་དུ་དགང་གཟར་སོགས། །བླུགས་གཟར་ཀྱང་ནི་དེའི་ཚད་ལ། །སྟེང་དུ་པད་མདབ་ལྟ་བུ་ཡིན། །གང་གི་ཐ་མ་རྣམས་ཀྱི་ཚད། ། ཁྲུ་གང་པའམ་ཁྲུ་དོ་པ། །དེའི་ཕྱེད་ཐུར་དུ་བརྐོ་བྱ་བ། །བཅུ་པོ་རྣམས་ལ་རབ་ཏུ་བཤད། །ཐོག་མ་དང་ནི་དབུས་དང་མཐར། །སྔགས་པས་གདུག་བའི་བསྲེག་ལུགས་དབུལ། །མེ་ནི་དགུག་བྱ་དེ་ཡང་ནི། ། ཀུ་ཤའི་བམ་པོ་ལ་གཞག་བྱ། །མཆོད་ཡོན་ཞབས་བསིལ་ཞལ་བསིལ་ནི། །སྣ་ཚོགས་མངོན་པར་བསྔགས་ནས་དབུལ། །དེར་ནི་ཉ་ཕྱིས་ཕོར་པ་གསུམ། །ལོ་མའི་སྟེང་དུ་གཞག་པར་བྱ། །འོ་མའི་སྣོད་ ནི་ཡང་གཞག་ནས། །དེ་ནས་གོས་ནི་དིའི་སྟེང་དུའོ། །ས་གཞིར་དུ་རབ་སྦྱིན་བྱ་བ། །སྔོན་དུ་ཁ་མངོན་ཕྱོགས་པར་རོ། །ཐམས་ཅད་དུ་ནི་གཡས་ཕྱོགས་སུ། །དེར་ནི་རྫས་རྣམས་གཞག་པར་བྱ། །ས་གཞི་རི་ མོ་གསུམ་བྲི་སྟེ། །སྒོ་གཅིག་པ་ནི་ནུབ་ཏུའོ། །འགྲུབ་བྱའི་དངོས་ཀུན་ཐམས་ཅད་དང་། །རྒྱལ་པོ་ནས་བརྩམས་གཞུག་པར་བྱ། །ཐམས་ཅད་ཉེ་བར་བྱ་བའི་ཕྱིར། །རྡོ་རྗེ་བླ་མ་ལ་དབུལ་བྱ། །དྲང་སྲོང་ཕྱག་བཞི་ བསམ་བྱ་བ། །དབྱུག་པ་ཐབ་དང་སྤྱི་བླུགས་དང་། །བགྲང་ཕྲེང་ལུག་ལ་ཞོན་པ་ཡི། །ཁ་དོག་དམར་པོ་རྣམ་བསམ་བྱ། །ཨོཾ་ཨེ་ཧྱ་ཧེ་ཨགྣ་ཡེ་རྃ་སརྦ་སིད་དྷི་མེ་པྲ་ཡཙྪ་ཛྭ་ལ་ཛྭ་ལ་ཧོ། མ་ཧཱ་རི་ཥི་སརྦ་དེ་བ་མུ་ཁཱ་པཱུ་རི་ ཨ་སྨིན་སན་ནི་ཧི་ཏོ་བྷ་ཝ་ཧཱུྃ། མེ་ལྷ་སྤྱན་དྲང་བའི་སྔགས་སོ། །ཨོཾ་ཨཱཿཔཱ་དྱྃ་ཧུ་ཏཱ་ས་ནཻ་ཡེ་གྲི་ཧ་ཧཱུྃ། ཞབས་བསིལ་གྱི་སྔགས་སོ། ཨོཾ་བྃ་ཨཱ་ཙ་མ་ནྃ་རི་ཥ་ཡེ་པྲ་ཡཙྪ་ཧཱུྃ། ཞལ་བསིལ་གྱི་སྔགས་སོ། ། 86-1-68b ཨོཾ་ཧཱུྃ་ཌཱ་ཀ་ཌཱ་ཀི་ནི་ས་མ་ཡཱ་རྒྷྃ་ད་དཱ་མི་ཧཱུྃ་ཧཱུྃ་རྃ་རྃ་སྭཱ་ཧཱ། མཆོད་ཡོན་གྱི་སྔགས་སོ། །ཨོཾ་དེ་བ་རུ་ཥི་བཱ་ར་སོ་ག་ཏ་ཀ་རུ་ཎི་ཀཱ་ཛ་ཧཱུྃ་བྃ་ཧོ། ཧ་ཧ་ད་ཧ་ད་ཧ་པ་ཙ་པ་ཙ་ཛྭ་ལ་ཛྭ་ལ་ཧ་ན་ཧ་ན་ཧཱུྃ་ཧཱུྃ། མེ་དགྱེས་པར་བྱེད་ པའི་སྔགས་སོ། །རྫས་ཐམས་ཅད་ལ་ཨོཾ་གྱི་ཡི་གེ་དང་ཨཱཿདང་དབུས་སུ་མིང་དང་ཡང་དག་པར་ལྡན་པ་དང་མཐར་ཧཱུྃ་ཧཱུྃ་ཕཊ་ཀྱི་ཡི་གེ་དང་སྭཱ་ཧཱ། སྦྱིན་པར་བྱའོ། །རྫས་ཐམས་ཅད་ཀྱི་སྔགས་སོ། །དཀྱིལ་འཁོར་ གཙོ་བོ་དང་བཅས་པ། །དྲང་སྲོང་སྙིང་གར་བསྒོམ་པར་བྱ། །དམ་ཚིག་མེ་ནི་རྃ་ལས་རྫོགས། །ཡེ་ཤེས་མེ་ལྷ་དེ་དང་མཉམ། །ཡང་ན་འབར་བར་བསྒོམ་པ་སྟེ། །ཞི་བ་ལ་སོགས་མདོག་ཏུའོ། །མེ་ནི་དེ་རུ་ཐིམ་བསམ་བྱ། ། སྔགས་པས་འོད་ཀྱི་ཁྱད་པར་ནི། །སོ་སོའི་སྣང་བའི་མེར་ཤེས་བྱ། །རྣལ་འབྱོར་མེ་ལྷའི་བདག་ཉིད་ཀྱི། །གཉིས་མེད་རྣམ་པའི་རྣལ་འབྱོར་གྱིས། །མཁས་པ་ཡིས་ནི་བྱ་བ་ཡིན། །ནང་བདག་ཉིད་ཡེ་ཤེས་གང་ འདྲ། །ཕྱི་རོལ་ཡང་ནི་དེ་འདྲར་བྱ། །བསོད་ནམས་ཚོགས་ཀྱི་རྒྱུད་དོན་དང་། །ཡེ་ཤེས་ཚོགས་རྫོགས་བྱ་ཕྱིར་རོ། །དེར་ནི་རྩྭ་རུ་བསྒྲུབ་བྱ་སྟེ། །མེ་ལ་བཤོས་སུ་དབུལ་བྱ་ཞིང་། །ཅུང་ཟད་བདག་ཉིད་ཀྱིས་ སྤྱད་དང་། །སྦྱིན་བདག་རྣམས་ལའང་སྦྱིན་བར་བྱ། །གཞོན་ནུ་མ་མཛེས་གར་བྱེད་དང་། །སྣ་ཚོགས་སྀལ་སྙན་རྣམས་བཀྲར་བྱས། །སྣ་ཚོགས་རྒྱན་དང་ལྡན་རྣམས་ཀྱི། །སྐྱེ་བོ་ཆེན་པོ་རྩེན་བཞིན་ དང་། །མེ་ཏོག་སྤོས་སོགས་ཀྱིས་སྤྲོ་བར། །འདུས་པའི་དབུས་སུ་བྱ་བའོ། །ཏམ་བུ་ལ་ཀུན་ཐམས་ཅད་ཀྱི། །དགྱེས་བྱད་སྦྱིན་པར་བྱ་བ་ཡིན། །ལྷག་མ་གོས་དང་སོ་རྩི་དང་། །གང་བའི་བསྲེག་ བླུགས་སྦྱིན་པར་བྱ། །རྡོ་ཞོ་དང་གྲལ་སོ་རྩི་དང་། །ཞལ་བསིལ་བ་ནི་མཇུག་ཏུའོ། །ཡེ་ཤེས་མེ་ནི་གཤེགས་གསོལ་ཏེ། །སྔགས་བརྗོད་པ་ཡི་བཤོས་གསོལ་བྱ། །ཨོ་ཨག་ནི་ཡེ་སརྦ་སན་ཏེ་ཥ་ 86-1-69a ནྃ་ཀུ་རུ་མེ་ཡ་ཐཱ་ཀཱ་ལེ་སིད་དྷེ་དཱ་གཙྪ་ཏུ་ཧཱུྃ་ཧཱུྃ་སྭཱ་ཧཱ། མེ་གཤེགས་སུ་གསོལ་བའི་སྔགས་སོ། །དམན་དང་ཆང་སོགས་གང་ཅུང་ཟད། །དེ་ཐམས་ཅད་ནི་བཟོད་པ་མཛོད། །ཀུན་གྱི་ ལྷག་མ་ཡི་ནི་འབྲུ། །ཐམས་ཅད་ཐབ་ཏུ་བསྲེག་པར་བྱ། །ཞེས་བྱ་དཀྱིལ་འཁོར་ཐིག་མདོར་བསྟན། །སྦྱིན་བསྲེག་ཐབ་དང་ཆོ་ག་མཆོག །སློབ་དཔོན་མཆོད་བྱ་ཡང་དག་པར། །རྡོ་རྗེ་འཆང་དུ་བྱས་ནས་ནི། ། མུ་ཏིག་གསེར་དང་རིན་ཆེན་རྣམས། །གླང་རྟ་ས་གཞི་ཡུལ་ལྗོངས་དང་། །བྲན་ཕོ་བྲན་མོ་འཁོར་རྣམས་དང་། །ཆུང་མ་ཕུན་སུམ་ཚོགས་ཀུན་དང་། །གོས་ཟུང་དུ་མ་རྣམས་དང་ནི། །དགྱེས་པའམ་ས་ལ་ཀང་ ཅུང་ཟད། །བདག་ཏུ་ལྟ་བ་དང་བྲལ་བས། །དབུལ་བྱ་གཙོ་བོ་ཞི་བར་གྱིས། །བདག་ཉིད་དངོས་པོ་ཐམས་ཅད་ཀྱིས། །ཕྱག་བྱས་ནས་ནི་དབུལ་བར་བྱ། །མེ་ཏོག་སྤོས་སོགས་ཐམས་ཅད་རྣམས། །སྟོན་པའི་མདུན་ དུ་དབུལ་བར་བྱ། །མཎ་ཌལ་མདུན་དུ་བྱ་བ་ནི། །དེ་ནས་དགུ་ཡི་བདག་ཉིད་འདི། །དབུས་སུ་བླ་མ་རྡོ་རྗེ་སྟེ། །མདུན་དུ་ཐམས་ཅད་མཛེས་མ་སྟེ། །བྱང་དུ་དགའ་བའི་མཆོག་མ་དང་། །ནུབ་ཏུ་ཤིན་ཏུ་རྩེ་མ་དང་། ། ལྷོ་རུ་རོལ་པའི་རྡོ་རྗེ་མ། །སྙིང་རྗེ་ལ་སོགས་གྲྭ་བཞིར་རོ། །ཨོཾ་བཛྲ་ས་ཏྭ་གུ་རུ་པཱ་དེ་བྷྱཿ། སརྦ་ཏྭོ་པ་ཀཱ་ར་ཎཱ་ཡ་སྭཱ་ཧཱ། དཀྱིལ་འཁོར་པ་རྣམས་རང་མིང་ནི། །བརྗོད་བྱ་ཨོཾ་ཐོག་སྭཱ་ཧཱ་མཐའོ། །དཔའ་བོ་ ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་རྒྱུད་ཀྱི་ རྒྱལ་པོ་ཆེན་པོ་ལས་དཀྱིལ་འཁོར་དང་སྦྱིན་སྲེག་དང་སློབ་དཔོན་མཆོད་པའི་ཆོ་ག་ཞེས་བྱ་བ་སྟེ་ལེའུ་ཉི་ཤུ་རྩ་བཞི་པའོ།། །། དེ་ནས་འཁོར་བའི་འཇིགས་པ་ནི། །སྒྲོལ་བྱེད་རབ་གནས་བཤད་པར་བྱ། ། 86-1-69b རྣལ་འབྱོར་མའི་ཡི་རྒྱུད་རྒྱལ་དུ། །ཉེ་བར་མཁོ་བ་ཐམས་ཅད་རྣམས། །སློབ་དཔོན་གྱིས་ནི་རྟག་གཟུང་བྱ། །བྱ་བར་འོས་པ་གཞན་དེ་བཞིན། །འཇིག་རྟེན་སྨོད་པ་བསྲུང་ཕྱིར་ཡིན། །སླར་ཡང་རང་བཞིན་ ལས་སྐྱེས་པ། །རབ་གནས་སྒྱུ་མ་ཡིས་གཟུང་བྱ། །ལུགས་མ་འམ་ནི་ཐང་ག་འམ། །རང་གིས་གཟུགས་ནི་ཕྱི་རོལ་སྤྲོ། །གང་གི་དུས་ཉིད་ལ་འབྱུང་བ། །གང་གང་ལྷ་ནི་ག་ལྷག་གནས་པའི། །དེ་ཡི་ གཟུགས་ནི་དེའི་དུས་ཀྱིའོ། །བདེ་བའི་བདག་ཉིད་སྤྲོས་པ་སྟེ། །ས་བོན་གང་གི་དང་པོའི་ཡིག །འཆར་བ་དབུགས་རྒྱུ་བའི་བདག་ཉིད། །རླུང་དང་རྣམ་ཤེས་འདུས་ལས་སོ། །དེ་ཚེ་དུས་སུ་གང་གི་ གཟུགས། །ཕུན་སུམ་ཚོགས་ཀུན་བྱེད་པ་ཡིན། །གཉིས་མེད་ཡེ་ཤེས་བྲལ་མིན་ལ། །ལུགས་མ་རབ་ཏུ་གནས་པ་མེད། །གཉིས་སུ་མེད་པའི་ཡེ་ཤེས་ལས། །འཁོར་བ་པ་ཡི་རབ་གནས་བྱ། ། ཐར་བདེ་མངོན་པར་འདོད་རྣམས་ཀྱི། །འདི་ལ་བདེ་བའི་བདེ་བ་ཆེ། །རྣལ་འབྱོར་མ་ཡི་དགར་གནས་ལ། །དེ་ལས་བྱུང་བར་བྱ་བ་ཡིན། །ལུགས་མ་ལ་ནི་ཐང་སྐུ་ལ་འང་། །ཡང་དག་རིག་པས་རོ་རྣམས་བྱུག ། བདུད་རྩི་ལྔ་ཡིས་རྫས་རྣམས་ལ། །བསྲེས་པར་གྱུར་པས་ཁྲུས་བྱའོ། །བློ་དང་ལྡན་པས་བུམ་པ་གཞག །ལྷ་ནི་དཀྱིལ་འཁོར་བ་དང་བཅས། །དམ་ཆོས་ལ་སོགས་ཐམས་ཅད་རྣམས། །ཆོས་ཀྱི་འབྱུང་གནས་ ནང་དུ་སྟེ། །བཞུགས་པ་གང་གི་གནས་རྣམས་སུ། །དུས་ཐམས་ཅད་དུ་རབ་གནས་པའོ། །ཨེ་ཡི་ཡི་གེའི་གནས་བསྒྲུབས་ནས། །བྃ་ཡིག་རྡོ་རྗེ་སེམས་དཔའ་ཅན། །མ་ཡིག་རབ་ཏུ་གནས་པ་དེར། །བཞིན་ པ་ཐོག་མ་མེད་ཡཱར་གྲགས། །ཐོས་པ་གཅིག་པ་སྔགས་ཀྱི་དོན། །བརྡ་ཡི་ཡི་གེའི་སྔགས་ཅན་ནོ། །དུས་སུ་བཅོམ་ལྡན་འདས་རང་གིས། །རབ་བཞུགས་རབ་ཏུ་མི་གནས་པའོ། །དེ་བཞིན་གཤེགས་པ་ཐམས་ 86-1-70a ཅད་ཚིག །ཆོས་ཀྱི་དབྱིངས་དང་མཉམ་པའོ། །སྐུ་གསུང་ཐུགས་ཀྱི་ཚིག་རྣམས་ཀྱིས། །རྣལ་འབྱོར་མའི་གཙོ་གཞན་གྱི་མིན། །བྷ་ག་རྣམས་སུ་རྒྱུད་ལྔ་རྣམས། །བྱ་བ་ལ་སོགས་བླ་ མེད་མཐར། །བཞུགས་པ་དེ་ལྟར་དུ་ནི་ཅི། །རབ་ཏུ་གནས་པའམ་མི་གནས་པའོ། །སེམས་ཅན་བསྒྲལ་བ་བྱས་ནས་ནི། །རབ་ཏུ་གནས་པ་རྒྱུད་ཀུན་ཏུའོ། །གང་ཚེ་ལྷག་མོས་རྣལ་འབྱོར་མའི། །རྒྱུད་དུ་ གཉིས་མེད་རབ་ཏུ་གནས། །ལས་དང་ལས་བྱ་གཉིས་བྱས་ནས། །འོན་ཀྱང་རང་གིས་རིག་པ་ཅན། །རང་གིས་རིག་པའི་ཡེ་ཤེས་ཆེ། །རང་གིས་རིག་པའི་བདག་ཉིད་ལྷ། །རང་གིས་རིག་པའི་རང་ བཞིན་ལས། །རབ་གནས་དེ་ནི་རབ་ཏུ་བསྔགས། །སྐྱེ་བོ་རྣམས་ལ་སྙིང་བརྩེ་བས། །གཞན་ཡང་དེ་བཞིན་རབ་སྨྲ་བྱ། །ཡང་དག་ཡེ་ཤེས་དཀྱིལ་འཁོར་གྱི། །ལྷ་ཡི་རྣམ་པར་དག་པའོ། །བདུན་ བཅུ་རྩ་གཉིས་ཕྱག་རྣམས་ནི། །རྒྱུད་དག་པར་ནི་རྣམ་པར་བརྗོད། །ཕྱག་བཞི་དགོད་པ་ལ་སོགས་པ། །བཞི་པོ་རྣམས་ནི་དག་པར་འདོད། །ཞལ་རྣམས་དག་པའི་དངོས་པོ་ནི། །ལྷན་སྐྱེས་རྫོགས་ བྱང་ཆུབ་བཅུ་དྲུག །བཅུ་བདུན་པའི་ཞལ་ཡིད་དུ་བཤད། །སྲིད་དང་མྱ་ངན་འདས་ཞབས་གཉིས། །ཐམས་ཅད་རྒྱན་གྱི་དག་པ་ནི། །ཆོས་དང་ཆོས་པའི་སྐྱེ་རྣམས་སོ། །ལྷག་མ་འཇིག་རྟེན་ཁམས་ཀྱི་ནི། ། རྣམ་དག་གསལ་དང་མི་གསལ་བའོ། །རྩ་བའི་སྔགས་སོགས་དག་པ་ཡང་། །ཐེག་པ་ཐམས་ཅད་དོན་སྟོན་པའོ། །རྡོ་རྗེ་པད་མ་སོགས་ཐམས་ཅད། །འདིར་ནི་མངལ་སྐྱེས་བརྗོད་པ་པོའོ། །དཀྱིལ་འཁོར་ དག་པ་ཐམས་ཅད་ཀྱང་། །ཆོས་བསྡུས་སྟོན་པ་པོ་ཡིན་ནོ། །ཡན་ལག་བཅུ་གཉིས་རྣམ་དག་པ། །འཁོར་ལོས་སྒྱུར་བ་བཅུ་གཉིས་སོ། །ཆ་ཤས་བཅུ་དྲུག་རྣམས་ཀྱི་བར། །དུར་ཁྲོད་དག་པར་ཤེས་པར་བྱ། ། 86-1-70b རྒྱུད་གང་བདག་ལས་བྱུང་བ་དེ། །ཐམས་ཅད་དག་པར་ཤེས་པར་བྱ། །ཀུན་མཁྱེན་ཡེ་ཤེས་ཅན་ཐམས་ཅད། །དེ་ཡི་དག་པ་མངོན་བརྗོད་པའོ། །རྫས་འདུ་ཤེས་ཉིད་དང་ཡེ་ཤེས། །སོ་སོའི་ཡེ་ཤེས་ སྨྲ་རྣམས་ཀྱི། །མི་བརྗོད་པ་ཡི་དག་པ་ནི། །རྣལ་འབྱོར་རྣལ་འབྱོར་མའི་རྒྱུད་དོ། །སྒྱུ་མ་ལྟ་བུའི་སྐྱེ་འགྲོ་ཀུན། །དཀྱིལ་འཁོར་འཁོར་ལོ་སྒྱུ་མའི་ངོ་། །གསུངས་པ་རང་གིས་རིག་ཡེ་ཤེས། །གང་དང་ དེར་ནི་མངོན་བརྗོད་པའོ། །སྒྱུ་མ་གྲུབ་མཐའི་མཚན་ཉིད་ནི། །བླ་མའི་ཞལ་ལས་ཀུན་ཤེས་བྱ། །མན་ངག་གིས་ནི་བགྲོད་བཞིན་པ། །སོ་སོའི་མཚམས་ལ་བདེ་བ་ཆེ། །དེ་ཚེའི་དུས་སུ་དག་པ་གང་། ། སངས་རྒྱས་སྤྱོད་ཡུལ་ལས་དེ་དག །དེ་ཕྱིར་རྩ་བའི་གསང་སྔགས་ཀྱང་། །བདེ་བ་འདོད་ལ་འབྱུང་བར་འགྱུར། །ཡི་གེ་རེ་རེར་བཏགས་པ་ལས། །དངོས་པོའི་གཟུགས་ཀྱི་དེ་དག་འགྱུར། ། ཕག་མོའི་གསང་སྔགས་ཉིད་བཤད་པ། །དངོས་པོ་ཐམས་ཅད་དེའི་དག་པའོ། །དབང་པོ་དང་ཡུལ་མི་བདེན་པར། །རོ་མཉམ་དེ་ཉིད་སྦྱོར་རྣམས་ཀྱི། །ཆོས་ཀྱི་སྐུ་ཅན་དག་པར་འགྱུར། །ངག་ནི་ལོངས་ སྤྱོད་རྫོགས་སྐུ་ཅན། །སེམས་ནི་སྤྲུལ་པའི་སྐུ་ཡི་སྟེ། །ལུས་ནི་ལྷན་སྐྱེས་སྐུ་ཅན་ནོ། །དྲི་མེད་ལ་སོགས་སླར་ཡང་དེར། །བཞི་རྣམས་ཀྱི་ཡང་དག་པར་འདོད། །གོ་ཆའི་སྔགས་ཀྱི་དག་ཆེན་ནི། ། རྣལ་འབྱོར་ཀུན་གྱི་སྤྱོད་པའོ། །སྙིང་པོ་དང་ནི་ཉེ་སྙིང་དུ། །ཁ་སྦྱོར་རྣལ་འབྱོར་རྣལ་འབྱོར་མའོ། །འབྱུང་དང་འབྱུང་ལས་བྱུང་འདུས་པ། །གཏོར་མའི་སྔགས་ཀྱི་དག་པར་འགྱུར། །གནོད་མཛེས་སྔགས་ ཀྱི་དག་པར་གང་། །རྣམ་རྟོག་ཀུན་ལ་ཕུར་འདེབས་པའོ། །སྣ་ཚོགས་ལས་ཀྱི་དག་པ་གང་། །དེ་ཡི་དག་པ་དོན་དམ་ཅན། །ཁམས་ཐམས་ཅད་ཀྱི་ལྷ་རྣམས་ནི། །ལྤགས་དང་ཤ་སོགས་དག་པར་འགྱུར། ། 86-1-71a འདིར་མང་སྨྲས་པས་ཅི་བྱ་སྟེ། །བདེ་བ་ཐམས་ཅད་རྣམ་དག་པའོ། །གང་གང་དབང་པོའི་ལམ་རྣམས་སུ། །གང་གང་དེ་དེའི་རང་བཞིན་གྱིས། །མཆོག་ཏུ་ཕན་པའི་རྣལ་འབྱོར་གྱིས། །ཐམས་ ཅད་སངས་རྒྱས་རང་བཞིན་མནོས། །དག་པ་མཆོག་ཏུ་ཤེས་བྱ་སྟེ། །གཞན་གྱི་དག་པ་མི་སྨྲའོ། །དབང་ཕྱུག་ལ་སོགས་ལྟ་བར་ནི། །མདོར་བསྡུས་དག་པར་ཤེས་པར་བྱ། །སངས་རྒྱས་རྣལ་འབྱོར་མའི་ རྒྱུད་དུ། །དེ་ནི་འགྲུབ་འགྱུར་གཞན་དུ་མིན། །བྱང་ཆུབ་ལམ་དུ་གནས་པ་གང་། །གཟུང་དང་འཛིན་པའི་དངོས་པོ་ཅན། །དེའི་མ་རིག་མངོན་སྐྱོན་གྱིས། །དབང་ཕྱུག་ལ་སོགས་སུ་བལྟའོ། །དེ་ཕྱིར་ རང་གིས་རིག་རང་བཞིན། །རྣམ་དག་འདི་ནི་བཤད་པ་ཡིན། །དཔའ་བོ་ཐམས་ཅད་མཉམ་སྦྱར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་ པོས་འདི་གསུངས་སོ། །ཞེས་བྱ་བ་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པའི་རྣམ་པར་དག་པ་དང་དེ་བཞིན་དུ་རབ་ཏུ་གནས་ པའི་ཆོ་གའི་མཚན་ཉིད་ཅེས་བྱ་བའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །། དེ་ནས་ཕྱག་རྒྱ་ལྷན་ཅིག་སྐྱེས། །བྱེད་རྣམས་མཚན་ཉིད་བཤད་པར་བྱ། །མི་ཕྱེད་མ་སོགས་རྩ་རྣམས་ལའང་། །བཞི་ཡིས་ ལྷག་པ་བཤད་པ་ཡིན། །མི་ཕྱེད་མ་དང་ཕྲ་གཟུགས་མ། །བཟང་མོ་གཡོན་མ་གཡོན་ཕྱོགས་མ། །རུས་སྦལ་སྐྱེས་མ་སྒོམ་པ་མོ། །དབང་མ་སྐྱོན་མ་ནོན་མ་མ། །སྤྱི་མ་དང་ནི་རྒྱུ་བྱིན་མ། །དངོས་མ་སུ་ མ་ན་དེ་བཞིན། །ལ་ལ་ནཱ་དང་ར་ས་དང་། །ཨ་བ་དྷཱུ་ཏཱི་སྤྲོ་བའི་ངག །པྲ་བ་ན་དྲོ་གྲུབ་མ་དང་། །རྒན་མོ་སྐྱེ་བོ་ཀུན་འཐུན་མ། །འདར་བ་མོ་དང་སྙིང་པོ་མ། །ངང་པ་སུམ་སྐོར་འདོད་མ་ཀླུ། །གཏུམ་མོ་བདུད་ཀྱི་བུ་མོ་དང་། ། 86-1-71b ཟླ་བ་ཉི་མ་མེ་རཱ་ཧུ། །སུམ་བཅུ་རྩ་དྲུག་རྩ་རྣམས་ལ། །རེ་རེ་ལ་ནི་བཅུ་གཉིས་ཏེ། །ཐམས་ཅད་དབྱེ་བས་ཕྱེ་བ་ནི། །སླར་ཡང་ཕྱག་རྒྱ་མདོར་བསྟན་པའོ། །སོར་མོ་གཅིག་ནི་བསྟན་བྱ་སྟེ། །དེ་ཡི་སོར་མོ་གཉིས་ བསྟན་བྱ། །འོག་དང་སྟེང་དུ་མཉམ་པར་གནས། །སླར་ཡང་མཐེ་བོང་བསྟན་པར་བྱ། །འདི་རྣམས་རྩ་ནི་ཐམས་ཅད་རྣམས། །འོག་དང་སྟེང་དུ་མཉམ་རེངས་པའོ། །ཐམས་ཅད་མཁྱེན་པས་འགྲོ་བྱ་མཆོག ། སྣ་ཚོགས་རིམ་པས་ཤེས་པར་བྱ། །དེའི་མཐེའུ་ཆུང་རབ་བསྟན་བྱ། །དེ་དང་ཡང་དག་གནས་བྱེད་པའོ། །གང་གི་མིང་མེད་སྟོན་པ་ན། །དེ་ཡི་རབ་ཏུ་སྟོན་པ་སྟེར། །རྡོ་རྗེ་ཉི་མ་ཧེ་རུ་ཀ །རྐྱང་མ་སྙིང་གའི་པད་མར་རོ། ། གང་གི་སྡིགས་མཛུབ་སྟོན་པ་ན། །གུང་མོ་རབ་ཏུ་བསྟན་པར་བྱ། །རྡོ་རྗེ་པད་མའི་རབ་སྦྱོར་བས། །བདེ་བ་སྟེང་དུ་འཕང་བར་བྱ། །གང་གི་དཔྲལ་བར་སྟོན་པ་ན། །དེ་ཡི་དར་དཔྱངས་རབ་བསྟན་བྱ། །རང་གིས་རིག་པའི་ བདེ་བ་དེར། །ཕྱག་རྒྱ་དང་བཅས་འཆིང་བར་འགྱུར། །གང་གི་འཁོར་ལོ་སྟོན་པ་ན། །དེ་ཡི་ས་གཞི་རབ་བསྟན་བྱ། །གཙུག་ཏོར་དང་ནི་ལྟེར་འགྲོ་བ། །ལག་པ་གཉིས་ཀྱིས་རེངས་པར་བྱ། །གང་གི་མིང་ནི་སྟོན་པ་དང་། ། དེ་ཡི་མི་ལོང་རབ་བསྟན་བྱ། །ལྷ་རྫས་དབང་པོ་རྣམས་ཀྱིས་རྒྱུས། །འོད་གསལ་བ་ནི་མཐོང་བར་འགྱུར། །གང་གི་ལྟོ་བར་རྡེག་བྱེད་པ། །དེ་ཡི་ལྟེ་བར་རབ་བསྟན་བྱ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ། །རྣམ་ཤེས་ བརྒྱད་པོ་སྣང་བར་འགྱུར། །གང་གི་ནམ་མཁའ་སྟོན་པ་ན། །དེ་ཡི་ཉི་མ་རབ་བསྟན་བྱ། །སྟོང་ཉིད་སྙིང་རྗེ་ཡང་དག་པར། །རྩ་ཡི་རྣལ་འབྱོར་ཉིད་ཀྱིས་མཐོང་། །གང་གི་ཁྲོ་གཉེར་སྟོན་པ་ན། །དེ་ཡི་མཚམས་ ཀྱི་མཐའ་བསྟན་བྱ། །བདག་ཉིད་ཡང་དག་སྦྱོར་རོལ་ཅིང་། །རང་གིས་རྗེས་སུ་མྱོང་བ་ཤེས། །གང་གི་ཆུ་བོ་སྟོན་པ་ན། །དེ་ཡི་རྒྱ་མཚོ་རབ་བསྟན་བྱ། །ས་གཅིག་གི་ནི་རབ་སྦྱོར་བས། །ཐམས་ཅད་སར་ནི་རབ་ཏུ་ 86-1-72a བསྔགས། །གང་གི་པུས་མོ་སྟོན་པ་ན། །དེ་ཡི་རྐང་པ་རབ་བསྟན་བྱ། །བདེ་འགྲོར་འགྲོ་བའི་དུས་སུ་ནི། །དབང་པོའི་དངོས་པོ་དེ་འགྲོའོ། །གང་གི་ནུ་མ་སྟོན་པ་ན། །དེ་ཡི་གདན་ནི་རབ་བསྟན་ བྱ། །བདེ་བ་ལོངས་སྤྱོད་བདག་ཉིད་སྐྱེས། །ཀུན་ནས་སྲིད་པ་འཛག་པར་དུའོ། །གང་གི་དཔུང་པ་སྟོན་པ་ན། །དེ་ཡི་ལག་པ་རབ་བསྟན་བྱ། །འབར་བ་དབྱུག་པ་བཞིན་སྣང་ལ། །བདུད་རྩི་ལྔ་རྣམས་བསྲེག་པར་ བྱ། །གང་གི་བརླ་ནི་སྟོན་པ་ན། །དེ་ཡི་གསང་བ་རབ་བསྟན་བྱ། །གཞུ་ཡི་དབྱུག་པའི་རྣམ་པའི་སྲོག །དབུ་མ་རྣམས་སུའང་ཐིམ་པའོ། །གང་གི་ལྕེ་ནི་སྟོན་པ་ན། །དེ་ཡི་རྐན་ནི་རབ་བསྟན་བྱ། །གཏུམ་མོ་ ཐམས་ཅད་རྩ་རུ་ནི། །བསྡུས་ནས་རྣམ་པར་གནས་པ་ཡིན། །གང་གི་མཆུ་ནི་སྟོན་པ་ན། །དེ་ཡི་ཀོས་ཀོ་རབ་བསྟན་བྱ། །ཐམས་ཅད་ཆོས་ཉིད་བརྗོད་མེད་པ། །དབང་པོ་ཀུན་གྱི་དྲན་པ་བྲལ། །གང་གི་སོར་མོའི་ རྩེ་སྟོན་པ། །དེ་ཡི་སེན་མོ་རབ་བསྟན་བྱ། །སྲིད་པའི་རྩེ་མོ་བདེ་བའི་གཟུགས། །གཅོད་པར་ངེས་པར་མཐོང་བར་འགྱུར། །གང་གི་སྐྲ་ནི་སྟོན་པ་ན། །དེ་ཡི་ཕྲེང་བ་རབ་བསྟན་བྱ། །གཡོ་ཅན་སེམས་ཅན་གྱི་ནི་ སྟེ། །ཡེ་ཤེས་གཟུགས་ཅན་དུ་བལྟའོ། །གང་གི་སྤྱི་གཙུག་སྟོན་པ་ན། །དེ་ཡི་རྐང་མཐིལ་རབ་བསྟན་བྱ། །ནོར་བུའི་སྐུད་པ་བཞིན་དུ་སྲོག །དབུ་མར་འོང་བ་མཐོང་བར་འགྱུར། །གང་གི་མགྲིན་པ་སྟོན་པ་ན། ། དེ་ཡི་སྐྱེ་བ་རབ་བསྟན་བྱ། །སྤྱི་བླུགས་བདུད་རྩི་ཇི་ལྟ་བར། །པད་མར་སྐྱེ་འགྲོ་ཐམས་ཅད་མཐོང་། །གང་གིས་ཉི་མ་སྟོན་པ་ན། །དེ་ཡི་ནམ་མཁའ་བསྟན་པར་བྱ། །སྙིང་ག་ལས་བྱུང་འཇིག་རྟེན་ཀུན། ། མཆོག་ཏུ་ཟག་མེད་ལས་ཤེས་འགྱུར། །གང་གིས་ས་ནི་སྟོན་པ་ན། །རྐང་པའི་མཐིལ་ནི་རབ་བསྟན་བྱ། །པད་མའི་འདབ་འདྲའི་ཆུ་ཡིས་ནི། །བདུད་རྩིའི་མྱུ་གུ་འཛག་པར་འགྱུར། །གང་གི་མུར་གོང་སྟོན་པ་ན། ། 86-1-72b དེ་ཡི་མཁུར་བ་རབ་བསྟན་བྱ། །སེམས་ཅན་ཀུན་གྱི་རྩ་རྣམས་ཀྱི། །ནུས་པས་ནམ་མཁའི་གནས་རྣམས་སུའོ། །གང་གི་ལིང་ག་སྟོན་པ་ན། །དེ་ཡི་རླིག་པ་རབ་བསྟན་བྱ། །འགྱུར་མེད་འགྱུར་བར་འགྲོ་འགྱུར་བ། ། དེ་ནི་རླིག་མཚམས་ཕྱག་བརྒྱ་སྐྱེས། །གང་གི་སྤྱི་བླུགས་སྟོན་པ་ན། །རི་བོ་དེ་ཡི་རབ་བསྟན་བྱ། །རི་ལས་ཐུར་དུ་ཆུ་བོ་བཞིན། །བདུད་རྩིའི་རྒྱུན་ནི་འཛག་པར་འགྱུར། །བུད་མེད་གང་ཞིག་རྣ་བར་རེག །རྒྱབ་ཀྱི་ རྒྱུད་ནི་རབ་བསྟན་བྱ། །གང་གིས་ལྷན་སྐྱེས་རྫོགས་བྱང་ཆུབ། །ཐོས་པའི་སྤྱོད་ཡུལ་དུ་ཐོབ་འགྱུར། །གང་གི་གོས་ནི་སྟོན་པ་ན། །དེ་ཡི་ཚོན་རྩི་རབ་བསྟན་བྱ། །ཆོས་ཐམས་ཅད་ཀྱི་རང་བཞིན་དུ། །སྐད་ཅིག་ གིས་ནི་བདག་མེད་མཐོང་། །གང་ཞིག་སོ་ཡིས་མཆུ་འཛིན་མ། །སོ་ནི་ཀྲིག་ཀྲིག་བསྟན་པར་བྱ། །བཟའ་བ་ཐམས་ཅད་མེད་པ་ཉིད། །བག་ཆགས་སྟོབས་ཀྱིས་རྣམ་པར་འཕེལ། །གང་གི་ལྕེ་ནི་བསྐྱོད་པ་ན། ། ཟ་བའི་ལག་པ་རབ་བསྟན་བྱ། །བདེ་བ་ཀུན་གྱི་ཚིམ་པ་ནི། །དོན་ཡོད་པ་ལས་འཐོབ་པར་འགྱུར། །གང་གི་ལག་པའི་འཁྲིག་མ་སྟོན། །དེ་ཡི་ཐལ་གོང་རབ་བསྟན་བྱ། །སྲོག་གི་རླུང་རྣམས་ལ་བརྡུང་བ། །བུམ་ཅན་ འཁྲུལ་འཁོར་སོགས་ཀྱིས་སོ། །གང་གི་རྩིབ་ལོགས་སྟོན་པ་ན། །དེ་ཡི་མཆན་ཁུང་རབ་བསྟན་བྱ། །ནང་དུ་ལྷན་ཅིག་སྐྱེས་པ་དང་། །སྙིང་རྗེ་ལ་ཡང་རིག་པའོ། །གང་གི་ལག་པའི་དབུས་རེག་པ། །ལག་པའི་ རྒྱབ་ནི་བསྟན་པར་བྱ། །བདག་གིས་གཞན་དང་རང་གི་དུས། །མཆོག་མ་ཀྱེ་ཧེ་མི་ཤེས་པའོ། །གང་གི་རྒོད་པ་སྟོན་པ་ན། །དེ་ཡི་ངུ་བ་རབ་བསྟན་བྱ། །མཆོག་ཏུ་གཉིས་མེད་ཞུགས་པ་ལས། །འདོད་ཆགས་འདོད་ཆགས་ བྲལ་བའང་ཉམས། །གང་གི་གར་ནི་སྟོན་པ་ན། །དེ་ཡི་གླུ་ནི་རབ་བསྟན་བྱ། །ཁམས་གསུམ་ཐམས་ཅད་སྒྱུ་མ་རུ། །གཉིས་ཀྱི་དངོས་པོ་ལས་མཐོང་འགྱུར། །གང་གི་ཀེང་རུས་སྟོན་པ་ན། །དེ་ཡི་རྩེ་མོ་ 86-1-73a རབ་བསྟན་བྱ། །རྩ་གསུམ་པོ་ནི་འབར་བ་ཡིས། །འཆི་བ་བླུ་བར་འོང་བ་ཡིན། །དེ་ལྟར་ཕྱག་རྒྱ་སུམ་བཅུ་དྲུག །ཕྱག་རྒྱའི་ལན་ནི་དེ་བཞིན་མཆོག །སྤུན་དང་སྲིང་མོར་སྤྱོད་པར་ནི། །རྡོ་རྗེའི་ འཁོར་ལོར་ཤེས་པར་བྱ། །རབ་གཏུམ་རིགས་ཀྱི་བདག་མོར་ནི། །གནས་ཀྱི་གཙོ་མོར་ཤེས་པར་བྱ། །རབ་ཏུ་གསལ་བའི་མཐར་གྱུར་གཟུགས། །སྲིད་པའི་རྒྱ་མཚོར་འབྱུང་བར་འགྱུར། །དེ་སྲིད་གཉིས་སུ་ མེད་སྤྱོད་ཡུལ། །གཡོ་བའི་ཆོས་ཀྱང་ཤེས་པར་བྱ། །མཁའ་འགྲོ་མ་ཚོགས་མ་ལུས་པ། །ལྷན་ཅིག་སྐྱེས་པའི་རྒྱ་མཚོར་འདུས། །རབ་གཏུམ་ཡི་གེ་ཤེས་པར་བྱ། །ཐམས་ཅད་བུད་མེད་སྒྱུ་མའི་གཟུགས། ། ཕྱག་རྒྱ་ཀུན་གྱི་འདུན་པ་ཡི། །རྫུ་འཕྲུལ་རྐང་པའི་རང་བཞིན་དུ། །གསུངས་པའི་དེ་བཞིན་མ་ལུས་པ། །དེ་ནི་རྫུ་འཕྲུལ་རྐང་པར་འདོད། །ཕྱག་རྒྱའི་བརྡ་ནི་མ་ལུས་པ། །རྣལ་འབྱོར་མ་བསྐྱེད་ མཚན་ཉིད་དོ། །སྔོན་བཤད་ཆུང་ངུ་བདེ་མཆོག་གི། །དཀྱིལ་འཁོར་འཁོར་ལོའི་དབུས་སུ་ཏེ། །སུམ་བཅུ་བདུན་བདག་ཉིད་དབུས་སུ། །སྔགས་འདི་ཐམས་ཅད་རྣལ་འབྱོར་མའོ། །མཁའ་འགྲོ་མ་སོགས་ བཅུ་གཉིས་ཀྱི། །དུས་སྦྱོར་ཆུ་སྲིན་ལ་སོགས་ཏེ། །རབ་གཏུམ་ལོ་སོགས་ཉི་ཤུ་བཞི། །དུས་དེ་རྣམས་སུ་འབྱུང་བ་ཡིན། །སྐད་ཅིག་ཡུད་ཙམ་ལ་སོགས་པས། །ཐམས་ཅད་ཀྱི་ནི་འཕོ་བ་ གཅིག །ཤིན་དུ་ཕྲ་དང་རགས་རྣམས་ཀྱི། །སྐྱེ་བོ་རྣམས་ཀྱི་དུས་ཀྱིས་ནི། །ལོར་གྱུར་པ་ཡི་ཚད་ཀྱིས་ནི། །རྟག་ཏུ་རྣལ་འབྱོར་མ་རྣམས་རྩིས། །ཁ་ར་སོགས་སུ་དུས་བྱས་ནས། །ལྡོག་པ་གཉིས་ དག་གིས་ནི་མཚོན། །གཉིས་དག་བཅུ་ཡིས་བསྲེ་བྱས་པ། །ལོ་ཡི་ཆུ་ཚོད་དེ་བཞིན་ནོ། །བརྒྱད་བཅུ་རྩ་ལྔས་ལྷག་པའི་བརྒྱ། །ཆུ་ཚོད་ལྔ་ལ་ཤེས་པར་བྱ། །ཉི་མ་གཅིག་གི་ཚད་ཀྱང་ནི། ། 86-1-73b ནམ་མཁའ་མིག་དང་ལག་པ་མིག །ཟླ་བ་གཅིག་གི་ཚད་ཀྱང་ནི། །མཁའ་མཁའ་རོ་དང་དུས་ཚོད་རོ། །ལོ་གཅིག་གི་ནི་ཚད་ཀྱང་ནི། །མཁའ་སྟོང་མིག་དང་དབུག་དེ་བཞིན། །བུག་པ་དང་ནི་རི་བོའོ། །མཁའ་འགྲོ་ མ་ཀུན་ཤེས་པར་བྱ། །གསང་སྔགས་ཁ་སྦྱོར་བདག་ཉིད་དེ། །རྩ་བའི་སྔགས་རྣམས་ཀྱི་ནི་ཡང་། །རྐང་པ་གཉིས་གཉིས་མཉམ་པར་ནི། །རྣལ་འབྱོར་མའི་དེ་རྐང་པ་གཅིག །དེ་རྣམས་ལས་ནི་ལྷག་གྱུར་ གང་། །ཧཱུྃ་ཕཊ་ལ་སོགས་སྤང་བར་བྱ། །ཨོཾ་ཏྲི་ཎ་བྷུ་མཿ བ་ཤྲི་ན་བྃ་ཀྃ་ཛ་ཡ་ཌཱ་ཀྃ་ཀ་བཱ་མ་བ་ཧཱ་ཎ་བི་ཡ་ར་ཧཱུྃ་བཱི་ཧཱུྃ་རཱི་ཕཊ་ཤྭ་ཕཊ་སྭཱ་ཡ་ཧཱ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ་ཨོཾ་པྲ་ཙཎ་ཌེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་ བྱ་བ་ནི་སྔགས་སོ། །ཁ་དོག་ནག་མོ་ཕྱག་བཞི་མ། །སྐྲ་གྲོལ་འཇིགས་པར་མཛད་པ་མོ། །ལྷ་མོ་ཤེས་རབ་ཐབས་བདག་ཉིད། །ལྷག་མ་སྔོན་བཤད་མཚན་ཉིད་དོ། །ལྷ་མོ་འདི་རྣམས་ཐམས་ ཅད་ནི། །སླར་ཡང་རྟག་ཏུ་རྒྱ་མཚོ་མཉམ། །རབ་མཆོག་བདེ་བ་ཐོབ་པ་ན། །དགོས་པ་མང་པོ་ཡང་དག་རིག །ཡེ་ཤེས་ཟླ་བའི་རང་བཞིན་དུ། །འདི་ནི་འཆར་དང་ནུབ་པ་ཡིན། །ཚངས་ པའི་སྒོང་ངའི་འོད་གཟུགས་གང་། །འོད་ཟེར་མཁའ་འགྲོ་མཁའ་འགྲོ་མ། །འོད་ཟེར་ཞེས་བྱ་རབ་བཅིངས་པའང་། །ཡེ་ཤེས་འབབ་པར་རབ་ཏུ་ནུས། །རི་མོའི་ནམ་མཁའི་དབུས་རྣམས་སུ། །བགྲོད་བྱ་ རང་གི་མ་ལས་སྐྱེས། །དེ་ལྟར་རབ་གཏུམ་མའི་ཡོན་ཏན། །རབ་མཆོག་ལ་སོགས་སུ་མཚོན་བྱ། །དུས་ཐམས་ཅད་དུ་ཀུན་སྤྱོད་པ། །སྔགས་ལས་བྱུང་བ་ཤེས་པར་བྱ། །མཆོག་གི་དངོས་གྲུབ་རྒྱུ་ ཡིས་ནི། །འདུ་བ་རྣལ་འབྱོར་མར་རབ་གསུངས། །དངོས་གྲུབ་རྨི་ལམ་དུ་སྟེར་མ། །སྟེས་ན་དུས་ཀྱིས་ཤེས་པར་བྱ། །ལས་ནི་གང་དང་གང་འདྲ་བ། །དེ་དང་དེ་འདྲའི་འབྲས་བུ་སྟེ། །རྒྱུ་དང་ 86-1-74a འབྲས་བུའི་འབྲེལ་ཉིད་པས། །རང་ཉིད་རྣལ་འབྱོར་པས་སྐྱེ་འགྱུར། །རྒྱུ་མེད་ཅིང་ནི་འབྲས་བུ་མེད། །མངོན་སུམ་མངོན་སུམ་མིན་དེ་བཞིན། །འདི་འདྲའི་བདེན་པ་སྨྲ་རྣམས་ཀྱི། ། ཚད་མའི་བསྟན་བཅོས་ལས་ཤེས་བྱ། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་ གསུངས་སོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། རབ་ཏུ་གཏུམ་མོ་བདག་པོའི་དཀྱིལ་འཁོར་དུ་རྣལ་འབྱོར་མ་དང་དཔའ་བོ་རྣམས་ཀྱི་ཕྱག་རྒྱའི་བརྡ་ཡིས་གནས་ པའི་མཚན་ཉིད་ཀྱི་ཆོ་ག་ཞེས་བྱ་བའི་སྤྱོད་ཡུལ་གྱི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། ༈ །། དེ་ནས་གཏུམ་མིག་མའི་ཕྱག་རྒྱ། །རྒྱུད་གཞན་ན་མེད་བཤད་པར་བྱ། །མིག་གི་བརྡར་ནི་ཤེས་བྱ་སྟེ། །འདི་ ཐམས་ཅད་ཀྱང་ཁ་སྦྱར་ཡིན། །བཙུམས་པ་དང་ནི་མ་བཙུམས་པ། །གཡས་དང་གཡོན་དང་གཡས་འགྲོ་དང་། །གྱེན་དུ་བསྐྱོད་དང་སྣ་རྩེར་དང་། །སར་ལྟ་དངོས་པོའི་མིག་ཅན་དང་། །ཁྲོ་དང་ཞུམ་དང་ མཐུན་བུད་མེད། །བུ་དང་གཉེན་དང་སྤུན་རྣམས་དང་། །གཏི་མུག་ཞེ་སྡང་ཆགས་ཕྲག་དོག །སྐྱོན་དང་ང་རྒྱལ་ཆེར་རློམ་དང་། །འདོད་དང་སྙིང་རྗེ་གླེན་པ་དང་། །སྒྱུ་མར་ལྟ་དང་རིང་དུ་ལྟ། །འགྲོ་དང་ བསམ་གཏན་ཕྱེད་ཕྱེད་དང་། །ཐམས་ཅད་ཕྱེ་དང་དགའ་བ་དང་། །ཚད་དང་ནད་དང་གཡུལ་ངོ་དང་། །ཆོས་དང་བཅས་པར་ལྟ་བ་མཆོག །གལ་ཏེ་སུམ་བཅུ་དྲུག་ལྟ་བ། །འདི་ཉིད་རྣལ་འབྱོར་མས་སྟེར་ན། ། འདི་ཉིད་ཀྱི་ནི་ཕྱག་རྒྱའི་ལན། །རྣལ་འབྱོར་རྣམས་ཀྱིས་རྟག་སྦྱིན་པ། །མེ་ལོང་ཆུ་དང་མཆོད་པ་དང་། །རལ་གྲི་མར་མེ་མཐེ་བོ་དང་། །ནམ་མཁའ་པད་མ་ཀུ་མུ་དང་། །མདའ་དང་ཟླ་བ་ཉི་མ་དང་། ། 86-1-74b ནོར་བུ་མུ་ཏིག་བྱི་རུ་དང་། །བཞུ་བའི་གསེར་དང་དྲ་བ་དང་། །འབར་བ་གྲིབ་མ་རས་བལ་དང་། །བླ་མ་རྟ་གླང་ས་ར་བྷ། །གར་དང་སྐྲག་དང་འདར་བ་དང་། །འཁྲིག་པ་རྩོད་སྨྲ་ཉེ་བར་དང་། །གཏོར་མའི་རི་མོ་དཀྱིལ་འཁོར་ དང་། །ཞི་དང་རྒྱས་དང་དབང་དང་ནི། །གསད་པ་དང་ནི་བསྐྲད་རྣམས་ཀྱིས། །ལྟ་བ་རུ་ནི་བཤད་གྱུར་པ། །བརྡ་ནི་སུམ་བཅུ་རྩ་དྲུག་པོ། །ཇི་ལྟའི་རིམ་པས་སྦྱིན་པར་བྱ། །འདི་ཉིད་རྣལ་འབྱོར་པའི་འབྲེལ་ པ། །དེ་རྣམས་དགོས་པ་བཤད་པར་བྱ། །ཟླ་བའི་རྒྱུ་བར་སོན་པའི་སྲོག །གཡོན་པར་རྒྱུ་བ་ཡི་ནི་མཆོག །སུམ་བཅུ་རྩ་དྲུག་སེམས་འབབ་པ། །དེ་རྣམས་ངོ་བོར་ཤེས་པར་བྱ། །མིག་གི་ཕྱག་རྒྱ་གང་ འདྲ་བར། །དེ་འདྲའི་སྲོག་ནི་རྒྱུ་བར་བྱ། །མགོ་ལ་སོགས་པའི་ཚིགས་ཀུན་ཏུ། །རྩ་རྣམས་གནས་ནི་བསྒྲུབ་བྱས་ནས། །མི་ཕྱེད་མ་སོགས་སྟེང་འོག་དུ། །དེར་ནི་བལྟ་བ་ཆེན་པོ་བྱ། །དེ་ལྟར་བདུན་ བཅུ་གཉིས་ཤེས་བྱ། །ཕུན་སུམ་ཚོགས་ཀུན་འཐོབ་པར་འགྱུར། །གཏུམ་མིག་རྣལ་འབྱོར་མའི་བདག་མོ། །སྡང་བ་ཚར་གཅོད་མཛད་མ་ཡིན། །བྱང་ཆུབ་ཕྱོགས་ཀྱི་ཆོས་སུ་ཡང་། །རྣལ་འབྱོར་མ་ཀུན་ ཤེས་འགྱུར་བ། །གཏུམ་མིག་རྣལ་འབྱོར་མ་རྟག་ཏུ། །བརྩོན་འགྲུས་རྫུ་འཕྲུལ་རྐང་པ་གཉིས། །གཏུམ་མོའི་རྣམ་པར་རྟོག་ཀུན་ལ། །མིག་གི་ལྟ་བ་ཟ་བ་ཡིན། །གཡོ་བའི་སེམས་ཀྱི་རང་བཞིན་ནི། ། སེམས་གཅིག་ཏུ་ནི་འཆིང་བ་ཡིན། །ཐོ་ཅོའི་སྒྱུ་སྤྱོད་འཇིག་རྟེན་དུ། །འཇོམས་པ་ཕྱག་རྒྱ་མཁའ་འགྲོ་སྐྱེས། །ཀུན་རྫོབ་དང་ནི་དོན་དམ་པར། །ལོང་མེད་པར་ནི་གཉིས་མེད་བྱེད། །གཉིས་མེད་མིག་ནི་འདིར་དེ་ ཉིད། །སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །རྫུ་འཕྲུལ་གྱིས་ནི་སྣང་བ་བྱེད། །རྩ་རྣམས་ཐམས་ཅད་རབ་ཏུ་སྟོན། །དཀྱིལ་འཁོར་འཁོར་ལོའི་དབུས་སུ་ནི། །ཚུལ་འདི་བསྒོམ་པར་བྱ་བ་ཡིན། །གཏུམ་ 86-1-75a མིག་མ་ནི་ཐབས་ལྡན་པ། །སུམ་བཅུ་རྩ་བདུན་བདག་ཉིད་ཅན། །དེ་ཡི་ཚུལ་ནི་མངོན་བརྗོད་པས། །ཐམས་ཅད་བྱང་ཆུབ་རང་བཞིན་ཅན། །སྔགས་ཀྱི་ཡི་གེ་ལས་སྐྱེས་པ། །ཀུན་ སྤྱོད་རྩ་ཡི་བདག་ཉིད་ཅན། །དེ་ཡི་ཇི་ལྟར་ཁ་དོག་གཟུགས། །རབ་གཏུམ་རྣལ་འབྱོར་མ་ཡིའོ། །ཨོཾ་ས་དཱྃ་ཏཥྚོ་ས་ཏ་ཀ་ཧ་པྲ་བྷཱི་ན་ཥ་ཏྲཱ་ཎ་ཡེ་བྷཻ་ཧཱུྃ་ར་ཧཱུྃ་བཱ་ཕ་ཡ་ཊ་ཧཱུྃ་ཕ་ཧཱུྃ་ཊ་ཕ་སྭཱ་ཊ་ཧཱ་ཕཊ་སྭཱ་ཧཱ། ཨོཾ་ཙན་ཌཱ་ཀྵི་ཡེ་ ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། གང་བའི་རི་ཡི་གནས་སུ་ཡང་། །རབ་ཏུ་གཏུམ་མོ་དུས་ཀུན་སྐྱེས། །ཟླ་བ་ཉ་ལ་དཔྲལ་བ་རུ། །རི་བོ་ཆེན་པོར་ཟླ་བ་འཆར། །འབར་བ་འཛིན་པར་གཏུམ་མིག་མ། །རཱ་ཧུ་ཡིས་ནི་ ཟས་སུ་བྱས། །ཚེས་གཅིག་ཏུ་ནི་ཡང་དག་བཤད། །ཉི་མའི་རྗེས་འགྲོར་ངེས་བཤད་པའོ། །དེ་ལྟར་རྣལ་འབྱོར་མ་རེ་རེའི། །རང་གི་ཞིང་དུ་མི་རྒྱ་ཆེ། །རེ་རེ་ཡི་ཡང་ཉི་ཤུ་བཞི། །སླར་ཡང་ གནས་དང་ཉེ་གནས་སོ། །བསམ་གཏན་སྔགས་ཀྱི་བཟླས་པའང་མེད། །ཡི་གེ་ལས་བྱུང་སྤངས་པ་ཡིན། །དུས་དང་དུས་མིན་ངོ་བོའི་བདག །ཧཱུྃ་ཕཊ་ཡི་གེས་འདོད་པར་གྱིས། །ཡི་གེ་ལས་བྱུང་བའི་གཟུགས་ ཀྱི། །ཧེ་ཡི་རྡོ་རྗེའི་བདུད་རྩི་འབྱུང་། །སྤུན་གྱི་སྤྱོད་པར་ཙྪུམ་པ་གང་། །འཇུག་དང་ལྡོག་པར་བྱེད་པ་མོ། །སྙིང་གའི་འཁོར་ལོར་ཤེས་བྱ་སྟེ། །མིག་གི་རང་བཞིན་ཅན་སྙིང་ག །སྙིང་གར་གནས་རང་རྣལ་ འབྱོར་མ། །གཏུམ་མོ་ལྟེ་བའི་སྟེང་ནས་འབར། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་ འདི་གསུངས་སོ། །ཞེས་བྱ་བ་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་གཏུམ་མིག་མའི་མཚན་ཉིད་ཀྱི་ཕྱག་རྒྱ་དང་བདག་པོའི་རང་བཞིན་གྱི། ཆོ་ག་ཞེས་བྱ་བ་སྟེ་ 86-1-75b ལེའུ་ཉི་ཤུ་རྩ་བདུན་པའོ།། །། དེ་ནས་ཡང་དག་བཤད་བྱ་བ། །ཇི་ལྟའི་ཆོ་གས་བརྡའི་ཡིག་གེའོ། །རྣལ་འབྱོར་འཁོར་བའི་འཆིང་བ་ལས། །ཤེས་ནས་མྱུར་དུ་ངེས་པར་གྲོལ། །ཌཱ་དཱ་ལི་ཀ ། ནཱ་མ་ད་ནྃ་པི་ཥི་ཏྃ། རཱ་ཛ་ཀཱ། བ་ཊཿ ཀི་པི་ཊ་ཀ་ཌཱ་ཀུན་ཏུ་རུ། ཀ་ར་པཱུ་ར། སིལླ་ཀྃ ། སྭཱ་ཡམ་བྷུ། ཀ་སྟུ་རི་ཀཱ། ཧ་ཧཽ་ས་མ། བོལླ། ཀཀྐོ་ལྃ། ཀ་ལི་ཉ་ཛ་རེ། ཤཱ་ལི་ཤཱི་རྃ་ཨ་ཕྱ་ཀཾ། པི་ཏྲི་བ་ནྃ་ བྱ྅ཛ་ནྃ་མཱ་ལ་ཏིན་དྷ་ནྃ། རཏྣ་སམྦྷ་བྃ། གོ། ཀུ་ད་ཧ་ན། བི་མུ། ཤུ་ར་མ། དེ་ལྟར་རྣལ་འབྱོར་མ་རྣམས་ཀྱི། །དེ་བཞིན་དཔའ་བོ་སྤུན་རྣམས་བརྡ། །རྣལ་འབྱོར་མ་དེའི་དགོངས་པ་ན། །ཁ་ཡིས་ བརྗོད་པ་བྱེད་པར་འགྱུར། །སྐྱེས་བུ། རྣལ་འབྱོར་མ། བུད་མེད། ཆུང་། ཤ །ལྕེ། པ་ཌུ་བ། ཅང་ཏེའུ། བུད་མེད་ཀྱི། འཁྲིག་པ། ཁུ་བ། ཁྲག །ཤ་ལས་སྐྱེས། ཁྲག །བུད་མེད་ཀྱི་གཅིན། བཤང་བ། ལིང་ག །པད་མ། འདུས་པ་འམ་སྐལ་ལྡན། སྐྱེས་གཉིས་ཀྱི་ཤ །ཤི་བའི་རོ། །རྒྱལ་པོའི་སྐྱེས་བུ། །དུར་ཁྲོད། ཉའི་ཤ །བྱའི་ཤ །གཡུལ་ངོའི་ཁྲག །བ་ལང་། ཁྱི། གླང་པོ་ཆེ། རྟ། མི། བཤང་བ། གཅི་བ། ཁུ་བ། ཁྲག །རྐང་མར། དེ་ལྟར་ཡང་ནི་བརྡ་ཡི་ལན། །སྔགས་པས་རྟག་ཏུ་ཤེས་པར་བྱ། །རྣལ་འབྱོར་དངོས་པོ་ཤེས་རྣམས་ཀྱི། །དུས་རྣམས་ཀུན་ཏུ་བསྐྱེད་པ་ནི། །སྤྲུལ་པ་སེམས་ཅན་ སྒྲོལ་བ་པོ། །ཞིང་དང་ཞིང་དུ་སྐྱེ་བར་འགྱུར། །བྱང་ཆུབ་སེམས་ནི་ཞུ་བའི་ཁམས། །སུམ་བཅུ་རྩ་དྲུག་གྲངས་ཀྱང་ནི། །ས་དང་ཆུ་དང་མེ་དང་རླུང་། །ནམ་མཁའ་དང་ནི་ཡེ་ཤེས་ཁམས། །དེའི་ཡང་ ཁམས་ནི་དྲུག་དྲུག་འགྱུར། །མངོན་པའི་གཟུགས་སོགས་ཤེས་མཐར་རོ། །ངེས་པར་བཤད་དོན་སྨྲ་བ་པོའི། །རང་བཞིན་གྱི་ནི་བརྡར་ཤེས་བྱ། །རེ་རེའི་བར་དུ་ལྷ་མོ་ནི། །འོད་ལྡན་ཡེ་ཤེས་གཟུགས་ཅན་ནོ། ། 86-1-76a སུམ་བཅུ་རྩ་དྲུག་ཁམས་རྣམས་ཀྱི། །འཆར་བའི་དུས་མཐའ་མཁའ་སྤྱོད་མ། །ཡེ་ཤེས་འོད་ཟེར་དེ་བསྒྲུབས་ནས། །བདེ་བ་ཀུན་གྱི་གནས་ལ་བཞུགས། །གོས་ཀྱི་མཐའ་ནས་བཟུང་ ནས་ནི། །གནད་དང་གནད་དུ་རྩེ་བར་བྱ། །ཡེ་ཤེས་ཀུན་རྫོབ་སྤངས་པ་ལས། །བསྒོམ་པའང་རྣམ་རྟོག་བདག་ཉིད་དོ། །རྡོ་རྗེ་ས་འོག་སྦྱོར་བདག་ཉིད། །རྩ་ཐམས་ཅད་ནི་གཞིག་པར་བྱ། །རྣོན་བོར་སྲེག་ པའི་སྦྱོར་བདག་ཉིད། །མཁས་པས་འོད་ལྡན་ཡི་གེའོ། །དཔྱོད་པའི་རྫུ་འཕྲུལ་རྐང་པ་སྟེ། །ཨོ་ཌྱན་གནས་སུ་དེ་བཞིན་དུའོ། །དཀྱིལ་འཁོར་འཁོར་ལོའི་དབུས་སུ་ནི། །ལྷ་ཡི་བདག་མོ་མཆོག་བསྒོམ་ བྱ། །གསང་སྔགས་བདེན་པའི་སྦྱོར་བདག་ཉིད། །སྣ་ཚོགས་ཡི་གེ་རྣམས་དབུས་སོན། །སུམ་བཅུ་རྩ་བདུན་ལྷ་རྣམས་ནི། །ཤེས་རབ་ཐབས་ཀྱི་བདག་ཉིད་ཉིད། །ཨོཾ་ཀྃ་བི་ཀཱ་ད་ ལ་ཡུ་མཱ་ཏ་ལཱ་ཛི་བྷ་ཧ་ར་བཱ་ཎ་ཡ་ཨོཾ་ཧཱུྃ་གྲཱ་ཧཱུྃ་ཡ་ཕཊ་ཨོཾ་ཧཱུྃ། ཧཱུྃ་ཊ་ཕ་སྭཱ་ཊ་ཧཱ་ཕཊ་སྭཱ་ཧཱ་ཨོཾ་པྲ་བྷ་ཝ་ཏཱི་ཡེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཁ་དོག་གཟུགས་ནི་སྔོན་བཞིན་ནོ། །རང་གི་འོད་ཀྱིས་རྣལ་འབྱོར་འགྲུབ། ། ཨོ་ཡིག་ཕྱི་མོ་འབྱུང་བའི་བདག །སྲོག་གི་རླུང་ནི་བསྐྱོད་ཅིང་བསྐྱོད། །སྐར་མའི་བདག་པོ་ཀུན་མཁྱེན་རྣམས། །དབང་པོ་སོགས་ཀྱིའང་སྤངས་པ་ཡིན། །ཡ་ཡིག་དང་ནི་ཨ་ཡིག་གཟུགས། ། རྐང་པའི་མཐའ་དང་མགོ་བོ་ཅན། །ནཱ་ད་ཙམ་ལ་ཐམས་ཅད་བརྟེན། །རང་འབྱུང་ཆོས་བརྗོད་པ་ཡིན་ནོ། །དེ་ལྟར་ཡི་གེ་བཞི་རྣམས་ནི། །ཆོས་ཀྱི་སྐུ་ལ་སོགས་པའང་ཡིན། །མི་ནི་ཡིད་དེའི་ཆའི་ཡེ་ ཤེས། །དེ་ཡོད་པས་ནི་དཔྱོད་པ་སྟེ། །འཇིག་རྟེན་དབུས་དང་ས་ལ་ནི། །རྫུ་འཕྲུལ་རྐང་པས་སྤྱོད་ལམ་བྱད། །ཡོན་ཏན་ཀུན་གྱི་འཁོར་ལོར་ཡང་། །ཐར་པའི་རྒྱུ་ཡིས་སྟེར་བར་འགྱུར། །ཡོན་ཏན་ཀུན་ 86-1-76b བདག་སྟོང་པ་ཉིད། །འཁོར་བར་འདི་ལས་ཐབས་གཞན་མེད། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་ བདག་པོས་འདི་གསུངས་སོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་འོད་ལྡན་མའི་མཚན་ཉིད་ཀྱི་ཕྱག་རྒྱའི་ཆོ་ག་ཞེས་བྱ་བ་སྟེ་ལེའུ་ཉི་ཤུ་རྩ་བརྒྱད་པའོ།། །། དེ་ནས་རྣལ་འབྱོར་མ་མཆོག་གཙོ། །མཚོན་ཆའི་བརྡ་ནི་བཤད་བྱ་སྟེ། །སྣ་ཆེན་མའི་རབ་སྦྱོར་བས། །སྲོག་དང་རྩོལ་བའི་རང་བཞིན་ཅན། །འདི་ལ་དྲིལ་བུ་ཕུབ་མཆེ་བ། །གཏུན་ཤིང་ཞགས་པ་ཐོད་པ་དང་། ། གཞུ་དང་ཁ་ཊྭཱྃ་ག་པོ་ཏི། །ཕུབ་ཆུང་དང་ནི་སྡིགས་མཛུབ་དང་། །གཡེར་ཁའི་ཕྲེང་དང་ལྕགས་ཐག་དང་། །བྲག་དང་དུར་ཁྲོད་རྡུལ་དང་ནི། །མདུང་དང་རྔ་དང་ལྤགས་རློན་དང་། །སྐྲའི་ཐག་པ་དཔྱངས་པ་དང་། ། རོ་སྲེག་སྐུལ་བའི་ཤིང་དང་ནི། །ག་ཏའི་དབྱུག་པ་ཕུབ་དང་མགོ། །ཀེང་རུས་དང་ནི་ཟོར་བ་ཉིད། །མིག་དང་མཁལ་མ་གཉེ་མ་དང་། །སྤེན་པ་ཡི་ནི་ཕུར་བུ་དང་། །ས་བོན་གར་དང་སོག་ལེ་དང་། །ཁབ་དང་རླུང་ བཤུས་ལྤགས་པ་དང་། །སྤྲིན་ཆར་འབབ་དང་ཤིང་ལྕགས་ཀྱུ། །དེ་ལྟར་རྣལ་འབྱོར་མས་སྟེར་ན། །ཕྱག་རྒྱའི་ལན་དུ་བརྗོད་བྱ་བ། །རྡོ་རྗེ་རལ་གྲི་མདུང་རེངས་དང་། །རྩེ་གསུམ་དགྲ་སྟ་གྲི་གུག་མདའ། ། གསལ་ཤིང་ཕུབ་དང་ཐོ་བ་དང་། །འཁོར་ལོ་ཅང་ཏེའུ་ཆུ་གྲི་དང་། །དབྱུག་པ་དང་ནི་མཚོན་རྩེ་གཅིག །དུང་དང་ཟངས་དུང་དབྱུག་གུ་གསུམ། །དེར་ནི་རྨ་བྱའི་མཇུག་མ་དང་། །བྱ་རོག་སྒྲོ་དང་པིར་དང་ནི། །མེ་ཡི་ཐབ་ དང་རི་བོ་དང་། །དབྱུག་ཐུང་མེ་ལོང་པི་ཝང་དང་། །རྐང་མགོ་ལག་མགོ་གློ་བ་དང་། །རྒྱུ་མ་སྒྲ་གཅན་ལྕགས་སྒྲོགས་དང་། །གདོས་དང་སྐོགས་དང་ཉ་རྒྱ་དང་། །མགོ་མེད་མར་ནག་འབར་བ་དང་། །འཇིགས་བྱེད་ 86-1-77a གཟུགས་ཅན་ཞེས་བྱ་བ། །ཕྱག་རྒྱའི་ལན་དུ་མངོན་བརྗོད་ཡིན། །རླུང་གི་རང་བཞིན་མ་ལུས་པ། །དེའི་རིགས་རྣལ་འབྱོར་མའི་ཁྱིམ་དུའོ། །གང་དག་གང་གི་ཕྱག་རྒྱའི་དབྱིབས། །དེ་དེ་ རྣལ་འབྱོར་མ་ཡི་ལུས། །དེ་ཡི་རང་བཞིན་རྗེས་བཟུང་ངམ། །ཚར་གཅོད་པ་ཡང་བྱེད་པར་འགྱུར། །སྟོང་པ་ཉིད་ནི་བཅྭ་བརྒྱད་དང་། །ཁྱད་པར་དུ་ཡང་སྙིང་རྗེ་དང་། །སངས་རྒྱས་ཆོས་ནི་མ་འདྲེས་དང་། ། དེ་བཞིན་དུ་ནི་ཁམས་བཅྭ་བརྒྱད། །རྣལ་འབྱོར་མའི་རྒྱ་མཚན་ཉིད། །སྐྱེ་བོ་ཐམས་ཅད་ཤེས་པར་བྱ། །སྣ་ཆེན་མ་ཡི་རབ་སྦྱོར་བར། །རང་གི་མཚན་ཉིད་གསུངས་པ་ཡིན། །འབྱུང་པོ་ཐམས་ཅད་ ཀྱི་ནི་མ། །མངོན་པར་སྣ་ཚོགས་ནོར་བུ་བཞིན། །ཧཱ་ཡིག་བསྐྱོད་པའི་ནཱ་དའི་བདག །དེ་བཞིན་ཁ་འོག་བལྟས་པར་འཕྱང་། །ནཱ་དར་གནས་པའི་སྐུད་པ་ཡང་། །བདེ་གཟུགས་གཉིས་མེད་ཕྲེང་བ་ ཅན། །སྒྲུབ་ཐབས་མན་ངག་སྦྱོར་བདག་ཉིད། །དབྱངས་དང་གསལ་བྱེད་ལས་སྔོན་བྱུང་། །ཆོས་དང་ལས་དང་དམ་ཚིག་དང་། །ཕྱག་རྒྱ་ཆེན་པོའི་རང་བཞིན་ཅན། །ཡི་གེ་བཞི་ཡི་རྟོག་པ་ལས། ། ཕྱག་རྒྱ་བཞི་མངོན་བརྗོད་ཉིད་དོ། །གནས་ནི་ཨར་བུ་ཏར་ཞེས་བྱ། །སེམས་ཀྱི་རྫུ་འཕྲུལ་རྐང་དེ་བཞིན། །ལྷ་རྫས་རྣལ་འབྱོར་མ་འདུས་པ། །ནམ་མཁའི་འཁོར་ལོར་གྲགས་པ་ཡིན། ། སུམ་བཅུ་བདུན་བདག་ཉིད་དེ་ཡི། །བདག་མོ་སྣ་ཆེན་མ་ཡིན་ནོ། །སྣ་ཡི་ཐོག་མ་ཐ་མར་དབུགས། །འཇུག་དང་གནས་དང་ལྡང་བ་ཅན། །དབུས་སུ་མཚོན་བྱ་མཚན་ཉིད་བྲལ། །རྣལ་འབྱོར་མ་ ཀུན་རྩེ་བར་འགྱུར། །ནུ་བོ་ལ་ནི་དབྱངས་ཅན་འགྲོ། །དབུས་སུ་གང་གང་འབབ་པ་མོ། །གཞུ་འགེངས་པ་ཡི་སྦྱོར་བ་ཡིས། །སྲོག་དང་ཐུར་སེལ་ཅན་འཛིན་པའོ། །རྣམ་ཤེས་བརྡ་རུ་ཤེས་བྱས་ནས། ། 86-1-77b མཚོན་བྱ་དེ་ཡང་གཞོམ་པར་བྱ། །གང་དུ་སེམས་ནི་གཏོང་བ་ན། །དེར་ནི་རྫུ་འཕྲུལ་གྱིས་དཔག་བྱ། །ཡེ་ཤེས་མ་ཡི་མངལ་ཉིད་དོ། །ཐམས་ཅད་དུ་ནི་རྣམ་པར་དཔྱད། །དཀྱིལ་འཁོར་འཁོར་ལོའི་དབུས་སུ་ ནི། །འདིར་ནི་སླར་ཡང་བསྒོམ་པར་བྱ། །ཤེས་རབ་ཐབས་ཀྱི་རང་བཞིན་ནི། །གསང་སྔགས་ཡི་གེ་རྣམས་ལས་བྱུང་། །མདོག་དང་དབྱིབས་ནི་སྔོན་གྱི་སྟེ། །འཇིགས་བྱེད་མཚན་མོ་ནག་མོ་ཅན། ། ཨོཾ་ཛ་ཀོ་བཱ་ཏི་ལཱ་ལབ་བཀྵ་ལཱི་བྷུ་ཌྷ་ཛཱ་ལ་ཡ་ག་ཧཱུྃ་ནཱ་ཧཱུྃ་ཡ་ཕཊ་ཧཱུྃ་ཕཊ་ཧཱུྃ་སྭཱ་ཕཊ་ཧཱ་ཕཊ་སྭཱ་ཧཱ། ཨོཾ་ཧེཿ ཨོཾ་མ་ཧཱ་ནཱ་སེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱའི་གསང་སྔགས་ལས་རྫོགས་པ། །འདོད་པ་ཀུན་གྱི་རང་ བཞིན་ཅན། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །དཔལ་མཁའ་ འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་སྣ་ཆེན་མའི་མཚན་ཉིད་ཀྱི་བརྡའི་ཆོ་གའི་ངེས་པ་ཞེས་བྱ་བ་སྟེ་ལེའུ་ཉི་ཤུ་རྩ་དགུ་པའོ།། །། དེ་ནས་ལུས་ཀྱི་ཙྪོ་མ་ནི་ མཛེས་པའི་སྤྱོད་པ་བཤད་པར་བྱ། །དཔའ་བོའི་བློ་གྲོས་མའི་སྦྱོར་བས། །ལྷ་རྫས་ལུས་སྐྱེས་འཐོབ་པར་འགྱུར། །མགོ་དང་སྤྱི་གཙུག་དཔྲལ་བ་དང་། །གཡོན་དང་གཡས་པའི་རྣ་བ་དང་། །རྒྱབ་ཀྱི་རྒྱུད་དང་དཔུང་ བ་གཉིས། །སྣ་དང་སྨིན་མ་མིག་དང་ཁ། །རྐན་དང་སྙིང་ག་ལག་པ་དང་། །མཆན་ཁུང་ནུ་མ་རྩིབ་ལོགས་དང་། །ལྟེ་བ་འདོམས་དང་འཕོངས་ལིང་ག །བརླ་དང་པུས་མོ་བྱིན་རྐང་པ། །སོར་མོ་མཐེབ་ཆེན་ ལོང་བུ་དང་། །རྐང་པའི་མཐིལ་དུ་ཐམས་ཅད་དུ། །རླིག་པ་ལག་པ་གླང་པོའི་ལྤགས། །འཁྲིག་མ་དཔྲལ་བའི་ངོས་དང་ནི། །མཚམས་དང་ལྟོ་བར་ཤེས་བྱ་སྟེ། །རྟག་ཏུ་རྣལ་འབྱོར་མས་སྟེར་ན། །ཕྱག་རྒྱའི་ལན་གྱུར་ 86-1-78a རྣལ་འབྱོར་པས། །ཇི་ལྟའི་རིམ་པས་སྦྱིན་བྱ་བ། །གླིང་བུ་པི་ཝང་མཁར་རྔ་དང་། །གླུ་དང་རྫ་རྔ་རོལ་མོ་དང་། །ཕྲེང་བ་སྒེག་པ་གར་ཟངས་དུང་། །སྤོས་དང་དྲི་དང་ལྷ་བཤོས་དང་། ། འབྲས་བུ་མ་ཆགས་འབྲས་དང་སྣོད། །ཞབས་བཞི་མཆོད་ཡོན་མར་མེ་བུམ། །གོས་དང་མེ་ལོང་གདུགས་དང་ནི། །བླ་རེ་རྔ་ཡབ་དེ་བཞིན་དུ། །བ་དན་མེ་ཏོག་ཕྲེང་བ་དང་། །རྒྱལ་མཚན་དང་ནི་དྲི་གཙང་ཁང་། ། མདུང་ཐུང་ཕྲེང་བ་ཕྲེང་ཕྱེད་དང་། །སླར་ཡང་དྲིལ་ཆུང་དྲ་བ་དང་། །སེང་གེ་གདན་དང་ཅོད་པན་དང་། །རིན་ཆེན་སྣ་ཚོགས་དེ་བཞིན་ནོ། །གོ་དཱ་བ་རིའི་ཉེ་གནས་གཞུག །དད་པའི་དབང་པོའི་རང་བཞིན་ཅན། ། པ་བློ་མ་ཡི་རབ་སྦྱོར་བས། །ཕྱག་རྒྱ་ཐམས་ཅད་རབ་ཏུ་བཤད། །ལྷན་སྐྱེས་སྐད་ཀྱིས་བཱི་ཞེས་བྱ། །སུམ་བཅུ་དྲུག་དངོས་བདག་ཉིད་ཅན། །ཕུང་པོ་ཁམས་དང་ཡུལ་དང་ནི། །དབང་པོ་ལས་དང་ལས་ཅན་ཏེ། ། ཡུལ་གྱི་སྒྲ་ནི་དེ་བཞིན་འདིར། །ཀུན་ལ་དྲུག་དྲུག་རིམ་ཇི་བཞིན། །དེ་རྣམས་ནང་དུ་སོང་ཡེ་ཤེས། །ལྷན་སྐྱེས་གཞན་གྱི་དངོས་པོ་མིན། །མཚན་མོ་ཉིན་མོའི་རབ་སྦྱོར་བས། །ཤེས་རབ་ཐབས་ཀྱི་བདག་ཉིད་དོ། ། ལྷན་སྐྱེས་རྣལ་འབྱོར་མ་དེ་རྣམས། །སུམ་བཅུ་རྩ་དྲུག་དབྱེ་བས་ཕྱེ། །དམ་ཚིག་ཆེན་པོ་འདུས་པ་ནི། །པད་མའི་ལྟེ་བར་རིག་པར་བྱ། །དེ་ལས་སྐྱེས་པའི་རང་ཕྱག་རྒྱ། །ཡུལ་དང་ཡུལ་དུ་རྣམ་པར་གཞག ། རང་རིག་རྣལ་འབྱོར་མའི་བདེ་བ། །འདི་ནི་སངས་རྒྱས་སྤྱོད་ཡུལ་མིན། །འཇིག་བཞིན་པ་ནི་ཆེན་པོ་ཉིད། །བཅུ་གཉིས་མི་རྣམས་ནང་དུ་སོན། །རྡོ་རྗེའི་རླུང་ནི་རབ་ཞུགས་པའི། །དེར་ནི་ཀུན་དུར་རྣལ་འབྱོར་ སྐྱེས། །འོད་ཟེར་སློང་བའི་བདེ་བའི། །འཕོ་མེད་རྣམས་ཀྱིས་བགྲོད་པར་བྱོས། །དེ་ལྟར་གོ་དཱ་བ་རི་ཤེས་བྱས་ནས། །དད་པའི་དབང་པོའི་རྡོ་རྗེ་ཅན། །དཔའ་བློ་མའི་རང་བཞིན་ཤེས། །དཀྱིལ་འཁོར་དབུས་ 86-1-78b ཀྱི་གཙོ་མོ་ཡིན། །སུམ་བཅུ་བདུན་བདག་ཉིད་རྡོ་རྗེ། །རང་མིང་གསང་སྔགས་ལྡན་པར་རོ། །སྣ་ཚོགས་རྣམ་རྟོག་ཟས་ཅན་ནི། །ལྷན་སྐྱེས་བརྩོན་འགྲུས་མིང་གིས་སོ། །ཨོཾ་ཀ་པཱ་ལ་རུ་པཱ་ཥུྃ་ཏ་པཱ་ དྷུ་ཤོ་མ་དྱ་རུ་ཏ་གྲ་ཤཱུ་པ་ལཱ་བུ་ཡ་ཥཱ་ཧཱུྃ་ཡ་ཧཱུྃ་ཧཱུྃ་ཕཊ་ཧཱུྃ་ཕཊ་ཧཱུྃ་ཕཊ་སྭཱ་ཕཊ་ཧཱ་སྭཱ་ཧཱ། ཨོཾ་བཱི་ར་མ་ཏཱི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཁ་དོག་དང་དབྱིབས་མངོན་གྱི་རུ། །རྣལ་འབྱོར་མ་ཀུན་གྱི་ནི་བྱ། །གང་ཕྱིར་བརྩོན་འགྲུས་ ཡང་དག་འཕོ། །མངོན་པར་བརྗོད་པ་ཡང་དག་འབྱུང་། །ནམ་མཁའ་ལྡིང་གི་སྦྱོར་ལྡན་པས། །འདིར་ནི་ཐེ་ཙོམ་མེད་པར་བྱེད། །སྔོན་དུ་བསྟན་པའི་ཙྪོ་མ་ཀ །མཆོག་གི་ལྕེ་རུ་ཤེས་པར་བྱ། ། ཕྱག་རྒྱའི་ལན་ནི་གཞན་མེད་དེ། །ལན་གྱི་ལྕེ་ནི་དབང་གཉིས་ཀྱིའོ། །སྣ་ཚོགས་རྒྱུད་དང་ལུང་རྣམས་སུ། །ང་ཡིས་ཁྱོད་ལ་མ་བཤད་དོ། །རྒྱུད་འདི་ཡི་ནི་རབ་སྦྱོར་བ། །མ་བྱུང་འབྱུང་བར་མི་འགྱུར་རོ། ། མ་རིག་པ་དང་སྡང་སེམས་དང་། །སྐྱེ་བོ་རྨོངས་གང་ཡུལ་སྤྱོད་ན། །སངས་རྒྱས་ཉིད་ནི་མི་འཐོབ་ཅིང་། །ངེས་པར་དམྱལ་བར་འཚེད་པར་འགྱུར། །དེ་ཕྱིར་གུས་པའི་སེམས་བདག་གིས། །བྱ་བ་ གུས་པས་ལེགས་རིག་བྱ། །སྔོན་གྱི་རྨོངས་པ་མེད་འགྱུར་ཞིང་། །སངས་རྒྱས་ཉིད་འཐོབ་ཡུན་མི་རིང་། །མོས་པས་རྒྱུན་ཏུ་གཞལ་གྱུར་པས། །ཚེ་དང་ནད་མེད་འཕེལ་བ་ཡིན། །རླུང་གི་འཁོར་ ལོའི་རྣལ་འབྱོར་མ། །སྟོབས་ལྡན་དཔའ་བོའི་བློ་གྲོས་མ། །རྡོ་རྗེའི་རླུང་དབྱེ་རབ་ལྡན་པས། །སེམས་ཆེན་པོར་ནི་ཐིམ་པར་འགྱུར། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་ བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ཕྱག་རྒྱ་དང་ཕྱག་རྒྱའི་ 86-1-79a ལན་དཔའ་བོའི་བློ་གྲོས་མའི་ཆོ་གའི་མཚན་ཉིད་ཀྱི་མིང་ཞེས་བྱ་བ་སྟེ་ལེའུ་སུམ་བཅུ་པའོ།། །། ཁམས་ཐམས་ཅད་ཀྱི་ཙྪོ་མ་ཀ །བཅོམ་ལྡན་འདས་ཀྱིས་སྟན་དུ་གསོལ། །གང་ཞིག་དྲི་མེད་ དངོས་པོའི་བརྡ། །བཤད་ཀྱིས་སྒྲུབ་མོ་མཉན་པར་གྱིས། །སོ་ཡིས་མཆུ་ནི་ཡོངས་གཟུང་ནས། །བདེ་བས་བོལླ་འཇིབ་པར་བྱེད། །ཕྱིན་ནས་ཡེ་ཤེས་རབ་སྟོན་པའི་འདི་སྐད་ཀྱི་ནི་ཚིག་སྨྲས་སོ། །ཕྱི་མོའི་ཡི་ གེའི་སྦྱོར་བ་ཡིས། །བཅུ་པོ་གསུམ་ལ་དྲུག་ལྡན་པའི། །ཕྱག་རྒྱ་ཕྱག་རྒྱའི་ལན་གྱིས་ནི། །འདི་ལས་དམ་ཚིག་དབྱེ་བར་བྱ། །ཀ་ཁ་ག་གྷ་ང་ཀཾ་ཙ་ཚ་ཛ་ཛྷ་ཉ་ཙྃ་ཏ་ཐ་ད་དྷ་ན་ཏྃ་ཊ་ཋ་ཌ་ཌྷ་ཎ་ཊྃ་པ་ཕ་བ་བྷ་མ་ པྃ། ཡ་ར་ལ་ཝ་ཧ་ཡྃ། །ཞེས་བྱ་བ་རྣལ་འབྱོར་མེས་སྟེར་ན། །ཕྱག་རྒྱའི་ལན་ནི་སླར་ཡང་འདི། །ཀཱ་ཁཱ་གཱ་གྷཱ་ངཱ་ཀཿ །ཙཱ་ཚཱ་ཛཱ་ཛྷཱ་ཉཱ་ཙཿ །ཏཱ་ཐཱ་དཱ་དྷཱ་ནཱ་ཏཿ། ཊཱ་ཋཱ་ཌཱ་ཌྷཱ་ཎཱ་ཊཿ། པཱ་ཕཱ་བཱ་བྷཱ་མཱ་པ། །ཡཱ་རཱ་ལཱ་ ཝཱ་ཧཱ་ཡཿ། དེ་ལྟར་ཕྱག་རྒྱའི་ཁྱད་ཤེས་ནས། །ལུས་ཅན་ཀུན་གྱི་སྒོ་གླེགས་ཡིན། །བུ་ག་གཉིས་ཀྱི་རབ་སྦྱོར་བར། །ཐམས་ཅད་ཀྱང་ནི་ཡི་གེ་འདྲ། །འོག་དང་སྟེང་དུ་འདུས་བྱས་ནས། ། རྣལ་འབྱོར་རྣལ་འབྱོར་མ་གཉིས་མེད། །སྐད་ཅིག་བཞི་ཡི་བདེན་རྣམས་ཀྱིས། །དེ་ཉིད་དགའ་བ་བཞི་དེ་བཞིན། །སྡེ་པ་བཞི་དང་འཁོར་ལོ་བཞི། །ཨེ་བཾ་མ་ཡ་སྐུ་རྣམས་ནི། །རྒྱུད་འདིར་མདོ་རུ་ བསྟན་པ་སྟེ། །རྒྱས་བཤད་གཞན་དུ་རྟོགས་པར་བྱ། །མིའུ་ཐུང་མའི་རབ་སྦྱོར་བས། །ཆོ་ག་སྔགས་པས་ཤེས་པར་བྱ། །ནམ་མཁའ་དང་མཉམ་སྒོ་གླེགས་ཕྲེང་། །མཁའ་སྤྱོད་མ་རུ་སྤྱོད་པར་དང་། །ངག་ཀྱང་སྐད་ ཀྱི་རང་བཞིན་བདག །འགོག་པར་ཉེ་བར་འགྲོ་བར་གྱིས། །གསང་ཆེན་སེམས་དང་སེམས་བྱུང་རྣམས། །མཐའ་མ་གསལ་བར་འཐོབ་པ་ཡིས། །རིན་ཆེན་རྡོ་རྗེ་ 86-1-79b ལས་དགའི་གཟུགས། །བལྟས་པའི་མཚམས་སུ་མཐོང་བར་འགྱུར། །ཐམས་ཅད་བདེན་པའི་སྦྱོར་བདག་ཉིད། །བཞི་པོ་བཞི་ཡི་བདག་ཉིད་ཅན། །རཱ་མེ་ཤྭ་ར་དང་དབང་པོར། །མཆོག་ཏུ་རྨད་ བྱུང་ཤེས་པར་བྱ། །འདོད་ཆགས་ཆགས་བྲལ་རྣམ་བསྲེས་པ། །དེའི་སྐད་ཅིག་ལས་བྱུང་བ་མིན། །འབྱུང་བ་ལྔའི་བདག་ཅན་ཡིན་ལས། །མེ་ནི་དབུས་སུ་བདུད་རྩིའི་གནས། །དབུགས་ཀྱི་ འཁོར་ལོ་རྟག་ཏུ་བདེའི། །དེ་བཞིན་གཤེགས་པ་བཟའ་བར་བྱ། །ལྷ་དང་ཀླུ་རྣམས་བུད་མེད་ལ། །མཁས་པ་ཡིས་ནི་རོལ་པ་ཡིན། །དེ་རྣམས་ཀྱིས་ནི་དུས་ཀུན་ཏུ། །ལུས་ཅན་ཀུན་གྱི་འཕོ་བ་ཡང་། ། སྒོ་དགུའི་བདག་ཉིད་ནམ་མཁའ་ལ། །དེ་རྣམས་བཞི་འགྱུར་དུ་ཤེས་བྱ། །དེ་ལྟར་བསྒོ་གླེགས་གནས་རྣམས་ནི། །རྟག་ཏུ་སུམ་བཅུ་རྩ་དྲུག་འགྱུར། །སྒོ་ཡི་དབྱེ་བ་མི་ཤེས་ལ། །སྐྱོན་དང་ ཡོན་ཏན་ཇི་ལྟར་ལགས། །འཕོ་བའི་དུས་ཚོད་ཀྱི་ནི་ཚད། །ཡང་དག་རབ་ཏུ་སྦྱོར་བ་ཉོན། །མཛེས་པའི་གནས་ནི་ལམ་བཟང་པོས། །ལམ་ངན་གྱིས་ནི་སྲིད་པའི་སྐྱོན། །ཐིག་ལེ་ལྟེ་བ་སྟེང་རྣམས་དང་། ། མིག་དང་སྣ་དང་རྣ་བ་དག །བཤང་བ་དང་ནི་གཅི་བའི་སྒོ། །སྒོ་དགུ་ཡི་ནི་མཚན་ཉིད་དོ། །ལྟེ་བའི་འདོད་པའི་མཐོ་རིས་དང་། །ཐིག་ལེས་གཟུགས་ཀྱི་ལུས་ཅན་རྣམས། །སྟེང་གིས་སྟེང་གི་གནས་ཀྱི་ནི། ། འགྲོ་དང་འོང་བར་རབ་ཏུ་གྲགས། །གནོད་སྦྱིན་དངོས་པོ་སྣ་ལས་སོ། །རྣ་བ་དག་གིས་གྲུབ་པའི་ལྷ། །གལ་ཏེ་མི་གནས་ཡེ་ཤེས་བགྲོད། །མི་རྣམས་མི་བདག་སྒྱུར་རྣམས་འགྱུར། །སྲིད་པའི་སྒོ་ཡིས་ཡི་དག་ རྣམས། །གཅི་བའི་དུད་འགྲོ་དེ་བཞིན་ནོ། །དམྱལ་བ་བརྒྱད་ཀྱི་དངོས་རྣམས་ཀྱི། །ལུས་ཅན་རྣམས་ནི་བཤང་བ་ལས། །གཞན་གྱི་སྒོ་ནི་གསུམ་གསུམ་སྟེ། །མཁས་པས་རྩ་ཡི་ཀུན་སྤྱོད་ཅན། །ཉི་ཤུ་རྩ་ 86-1-80a བདུན་རྣམས་ཀྱང་ནི། །སྨིན་དྲུག་ལ་སོགས་རྒྱུ་སྐར་རོ། །རྣམ་དག་ཡེ་ཤེས་གསུམ་པོ་ནི། །རེ་རེའི་སྒོ་མ་རྣམས་ཀྱིའོ། །བརྩོན་འགྲུས་དབང་པོའི་དངོས་རྣམས་ཀྱིས། །ཐམས་ཅད་ཉེར་ སྤྱོད་མཚན་ཉིད་དོ། །སུམ་བཅུ་བདུན་བདག་ཉིད་དབུས་སུ། །སྔོན་གྱི་མདོག་ཅན་བསྒོམ་པར་བྱ། །རྡོ་རྗེ་དཀར་མོ་སོགས་ས་བོན། །སྒོ་གླེགས་གནས་སུ་གཞག་པར་བྱ། །ཤེས་རབ་ཐབས་བདག་ཉིད་ལྷ་ མོ། །ས་ཡི་འཁོར་ལོའི་སྦྱོར་བས་སོ། །སྔགས་ཀྱི་ཡི་གེ་རྣམས་སུ་གྱུར་པ་ནི། །ཨོཾ་མཱ་བི་ཏྲི་ཀ་ག་ཊ་ཎ་མུ་པ་ཁཱ་རི་ཧཱ་པུ་ཧཱ་རི་ར་ཏ་བཱ་མ་ཡནྟྲཱ་ཧཱུྃ་ཡ་ཧཱུྃ་ཧཱུྃ་ཕ་ཧཱུྃ་ཊ་ཕ་ཕཊ་ཊ་ཕ་སྭཱ་ཊ་ཧཱ་སྭཱ་ཧཱ་ཨོཾ་ཁརྦ་རཱི་ཡེ་ཧཱུྃ་ཧཱུྃ་ ཕཊ་ཕཊ་སྭཱ་ཧཱ། དེ་ལྟར་སྔགས་ལས་ཡང་དག་བྱུང་། །དོན་དམ་སྦྱོར་བ་ལས་སྐྱེས་པའོ། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་ གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །ཞེས་བྱ་བ་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་མེའུ་ཐུང་མའི་ཡི་གེའི་བརྡའི་མཚན་ཉིད་ཀྱི་རང་བཞིན་གྱི་ ཡེ་ཤེས་ཞེས་བྱ་བ་སྟེ་ལེའུ་སུམ་བཅུ་རྩ་གཅིག་པའོ།། །། སླར་ཡང་མཆོད་པ་བྱས་ནས་ནི། །ཡང་དང་ཡང་དུ་ཞུས་པ་ཉིད། །དངོས་པོ་ཡེ་ཤེས་ཀྱིས་ཕྱག་རྒྱ། །བཅོམ་ལྡན་ གཙོ་བོ་ཇི་ལྟར་ལགས། །བདག་གིས་མཚན་ཉིད་བཤད་བྱ་ཡིས། །ཡིད་ནི་གཅིག་ཏུ་གྱུར་པས་ཉོན། །ལྷན་སྐྱེས་བདེ་དང་སྟོང་བ་དང་། །རང་གིས་རིག་དང་བདེ་བ་ཆེ། །ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས། ། སྤྲུལ་པ་དང་ནི་རྨད་བྱུང་ཆེ། །འོད་གསལ་སེམས་དང་བསམ་པ་དང་། །ཞི་དང་མྱང་འདས་སྦྱོར་སྐྱེས་དང་། །ཕ་རོལ་ཕྱིན་དང་གཉིས་མེད་དང་། །ཐར་པ་དང་ནི་དོན་དམ་དང་། །ཡེ་ཤེས་རྣམ་ཤེས་བྱང་ཆུབ་དང་། ། 86-1-80b ཆོས་དབྱིངས་གྲོང་ཁྱེར་དེ་བཞིན་དུ། །པད་མ་དང་ནི་ཆོས་འབྱུང་དང་། །སླར་ཡང་བདག་མེད་མཐོ་རིས་དང་། །ཞི་དང་སྒྲ་དང་བླ་མ་དང་། །རིག་དང་འཁྲུལ་མེད་རྟོག་སྤངས་དང་། །བཅུད་ལེན་དང་ནི་སྨྲ་བཤད་དེ། ། མཁས་པས་ཙྪོ་མ་མའི་རྣམ་གྲངས་སོ། །ཇི་ལྟར་དེ་ལྟར་ཡིག་དང་པོ། །ཐམས་ཅད་ལན་གྱི་ཙྪོ་མ་མ་ཡིན། །ཇི་ལྟར་ཡི་གེ་དེ་བཞིན་དོན། །དམྱལ་བ་ལ་སྡང་ཤེས་པར་བྱ། །ལང་ཀའི་དབང་ཕྱུག་མའི་སྦྱོར་བར། ། རྣལ་འབྱོར་པ་ཁྱོད་ཀྱིས་བྱའོ། །འཕྱང་བར་གྱུར་པའི་ས་བོན་གྱི། །དེར་ནི་ཙྪོམ་མ་ཐམས་ཅད་དེ། །ཀེ་སར་ཡེ་ཤེས་ཁམས་ཀྱི་ནི། །རང་གི་རང་བཞིན་དུ་མཚན་ཉིད། །རང་ཡོད་དེ་མཉམ་རྣལ་འབྱོར་པ། ། པད་མའི་སྙིང་པོ་རི་ནི་གནས། །རི་ནི་རྣམ་ཤེས་འགྲོ་བ་སྟེ། །ཡིད་ཀྱི་ཁམས་རྣམས་ཐམས་ཅད་དུའོ། །ལང་ཀར་བདག་ཉིད་སྐྱེ་བ་སྟེ། །དངོས་པོའི་ཡེ་ཤེས་རྣམས་ཀྱིས་བྱུང་། །དབང་ཕྱུག་འབྱུང་པོ་ ཐམས་ཅད་ཀྱི། །ཡེ་ཤེས་མིན་པ་དངོས་ཀུན་སྐྱེས། །དེ་བི་ཀོ་ཊའི་གནས་སུ་སྟེ། །སླར་ཡང་བྱང་ཆུབ་དྲན་དབང་པོ། །གང་དུ་ཡེ་ཤེས་བསམ་མེད་པ། །དེར་ནི་བསྟན་པས་ཐོས་པར་འགྱུར། །འདོད་ ཆགས་བྲལ་བས་གང་དག་གི། །བི་ནི་ཀུན་འགྲོའི་ཡེ་ཤེས་སོ། །རླུང་རྣམས་ཀྱི་ནི་མཁའ་རྣམས་སུ། །དབང་པོ་རྣམས་ཀྱི་བདེ་དེ་བཞིན། །ཊི་ནི་རྡོ་རྗེའི་ནུས་པར་གྲགས། །ཡུལ་རྣམས་ཀྱི་ནི་གྲོང་དུ་བགྲོད། ། དྲན་པ་ལྷན་ཅིག་སྐྱེས་ཡེ་ཤེས། །གང་དུ་ཡིད་ནི་རབ་བརྗོད་པ། །དེར་ནི་དབང་པོའི་བྱང་ཆུབ་ཀྱང་། །ཤེས་ནི་རྡོ་རྗེའི་ཚུལ་བདག་ཉིད། །དེ་ལྟར་དེ་ཉིད་ངེས་ཤེས་ནས། །རང་གི་རང་བཞིན་དུ་གནས་བྱ། །ཆོས་དང་ འཇིག་རྟེན་བཅས་པ་སྤང་། །ཅུང་ཟད་མིག་མེད་གཟུང་པར་བྱ། །ཡང་ན་དངོས་པོ་ཀུན་བདག་ཉིད། །ཡང་ན་ཐམས་ཅད་རྣམ་པར་སྤང་། །དངོས་དང་དངོས་པོ་ཅན་ཡོད་མིན། །དངོས་པོ་མེད་པ་གསལ་མཐོང་འགྱུར། ། 86-1-81a དངོས་དང་དངོས་མེད་རྣམ་པར་གྲོལ། །ཐམས་ཅད་མི་བདེན་ལས་སྐྱེས་བལྟ། །བླ་མ་རྡོ་རྗེ་འཛིན་ཞལ་ལས། །བརྒྱུད་པའི་རིམ་ལས་ཕྲེང་པར་གྱིས། །མེ་ཡི་དཀྱིལ་འཁོར་དུ་ལྷ་མོ། ། དེ་ཕྱིར་དེ་ཡི་རང་བཞིན་ལུས། །སུམ་བཅུ་བདུན་བདག་ཉིད་དབུས་སུ། །སྔོན་གྱི་གཟུགས་ཅན་བསྒོམ་པར་བྱ། །ཐམས་ཅད་ཐབས་དང་ལྡན་པར་འགྱུར། །སྔགས་ཀྱི་ཡི་གེ་ལས་བྱུང་བའོ། །ཨོཾ་ཧཱུྃ་ས་ཧཱུྃ་ཧ་ཀཱ་ ཛ་རོ་སུ། ཙྪན་ཌ་ར་རཱི་ནཱ་བ་མུ་ལླ་ཁཱ་བྷ་ཡ་ཀ་ཧཱུྃ་རུྰ་ཧཱུྃ་ཡ་ཕཊ་ཧཱུྃ་ཕཊ་སྭཱ་ཕཊ་ཧཱ་ཕཊ་སྭཱ་ཧཱ། ཨོཾ་ལང་ཀེ་ཤྭ་རཱི་ཡེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དེ་ལྟར་ཤེས་བྱས་གསང་སྔགས་ཆེ། །དངོས་གྲུབ་ཡང་བས་བྱེད་པ་ཡིན། ། ལས་ཐམས་ཅད་ཀྱི་རང་བཞིན་ཏེ། །བརྒྱ་ལ་ན་ཡང་གཞན་དུ་མིན། །དངོས་གྲུབ་རི་ཡི་མིང་ཅན་ནི། །ཉི་ཤུ་རྩ་བརྒྱད་སྨན་དུའོ། །སྨིན་དྲུག་དང་ནི་སྣྲར་མར་འགྱུར། །མགོ་བོ་དང་ནི་ལག་དེ་བཞིན། །ནམ་སོ་དང་ནི་ རྒྱལ་ཉིད་དང་། །སྐག་དང་མཆུ་དང་གཞན་པ་ནི། །ཤར་གྱི་གྲེ་དང་བྱང་གི་དབོ། །མེ་བཞི་ནག་པ་ས་རི་དང་། །ས་ག་དང་ནི་ལྷ་མཚམས་དང་། །སྣོན་དང་སྣུམས་དང་ཆུ་སྟོདང་ཆུ་སྨད་དང་ནི་བྱི་བཞིན་དང་། ། གྲོ་བཞིན་མོན་གྲུ་དེ་བཞིན་དུ། །མོན་གྲེ་དང་ནི་ཁྲུམས་སྟོད་དང་། །ཁྲུམས་སྨད་དང་ནི་ནམ་གྲུ་དང་། །ཐ་སྐར་དེ་བཞིན་བྲ་ཉེ་དང་། །ཟླ་བ་ཉི་མ་རཱ་ཧུ་དང་། །སའི་ཉི་མ་ཉིད་དང་སྤེན་པ་རྣམས། །རང་རང་དུས་ཉིད་ཤེས་ པར་བྱ། །ཐེ་ཙོམ་མེད་པས་བཟུང་བས་སོ། །ཐམས་ཅད་ཟླ་བའི་སྦྱོར་བདག་ཉིད། །ནམ་མཁའ་ལ་ནི་མཉམ་པར་གནས། །འཆད་བཞིན་པ་ཡི་རབ་སྦྱོར་བས། །སྔགས་པས་ཆོ་ག་ཤེས་པར་བྱ། །དཔའ་བོ་ཐམས་ ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །ཞེས་བྱ་བ་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་ 86-1-81b རྒྱལ་པོ་ཆེན་པོ་ལས་ལང་ཀའི་དབང་ཕྱུག་མའི་ཕྱག་རྒྱའི་བརྡའི་མཚན་ཉིད་དང་དཀྱིལ་འཁོར་གྱི་འཁོར་ལོའི་རང་བཞིན་དང་མིང་གི། ཆོ་གའི་ཡེ་ཤེས་ཀྱི་ལེའུ་སྟེ་སུམ་བཅུ་རྩ་གཉིས་པའོ།། །། སླར་ཡང་གཞན་པ་བཤད་བྱ་སྟེ། །དགོས་དང་བྱེད་པའི་ཕྱག་རྒྱའོ། །གང་གིས་རྣམ་པར་ཤེས་ཙམ་གྱིས། །སྒྲུབ་པོས་དངོས་གྲུབ་འཐོབ་པར་འགྱུར། །ཟླ་བ་ཉི་མ་གཟས་གཟུང་བར། །རྣལ་འབྱོར་མའི་སྔགས་ མཚན་ཉིད། །བོ་ཏྃ་གི་ནི་གསང་པོར་སྨྲ་བ་སྟེ། །པྲ་ཏི་པོ་ཏྃ་གི་ནི་ལན་ཡིན་ནོ། །ག་མུ་འགྲོ་བའོ་ལུམ་པ་ནི། །འོང་ངོ་ཞེས་ནི་བྱ་བ་ཉིད། །དེ་ཧི་གྲོང་ཁྱེར་རོ་ཙ་ཊུ་ཀྃ་ཞེས་བྱ། །ཟུང་ཤིག་པའོ་ཧྲི་དེ་ཡ་ནི་དཔའ་ བོ་ཡིན། །ཀཽ་ར་བ་ནི་སོང་ཅིག་པ་ཉིད་ཏེ། །ཀ་ཀ་ནི་དྲིལ་བུའོ་ཨ་ལི་བྱེད་པའོ། །ཤི་ར་འཁྱིལ་པའི་སྐྲ་ཡིན་ཏེ། །སྲ་བ་རྣ་བའོ་གཞན་པ་ནི། །མན་ཐ་ར་ནི་བདུད་རྩི་སྟེ། །ན་ར་ཕྲད་པའོ་ཏཱ་ལི་ཀ་ཡང་ནི། ། མཁའ་འགྲོ་མའོ་ན་ར་ཀྃ་དཀྱིལ་འཁོར། །ཨ་མུ་ཀྃ་ནི་དུར་ཁྲོད་ཏེ། །ཀཱ་ཁི་ལ་སྒོ་འོ་སྭ་ས་ནྃ། །བྲམ་ཟེའོ་བ་རི་རྒྱལ་པོའི་རིགས། །བིར་ཏི་རྗེའུ་རིགས་ར་ནི་ཀྲུ་ར་ནི། །དམངས་སོ་ཨན་ཏ་གདོལ་བ་ཅན། ། ཨཱ་ལི་ཀ་ཕྱུགས་ཌཱ་ཀི་ནཱི། །སྲིང་མོའོ་མུ་ད་ཀ་ཚི་ལ། །ལྕེ་ཡིས་སོ་རེག་དེ་བཞིན་དུ། །ཟས་ཀྱིས་ལྟོགས་པར་རིག་པར་བྱ། །ཏྲེ་སྣ་དྲི་ཡིས་བསྒོས་པ་སྟེ། །ཨ་ག་མ་ན་ཞེས་བྱ་གནས་གང་ནས། །ཆེ་གེ་མོ་ འོ་ཀ་རི་ཎ་མེ་ཏོག་གོ། །ལམ་བ་ལྟོ་བ་དན་ཏ་རྒོད་པ་སྟེ། །ནི་རོ་དྷེ་ཆར་རོ་བེ་ཛྙ་པ་ཏི་ཚིམ་པའོ། །དྷུ་མྲ་ཞེས་བྱ་སྤྲིན་དེ་བཞིན། །དྷུ་མྲ་པྲི་ཡ་རི་བོ་སྟེ། །སཱ་ནུ་སཱ་རི་ཏ་ཆུ་ཀླུང་། །ཨང་གུ་ལྱ་ནི་ཆ་ཤས་ཏེ། །བ་ད་ན་རཱ་ཛི་ཀ་ ལྕེ། །ཨ་དྷ་ར་སོ་ཡིན་པྃ་ཀ་ཏི། །རྒྱལ་མཚན་ཚན་དོ་ཕྲེང་དེ་བཞིན། །ཙ་ལ་རླུང་ངོ་མྲིག་པ་ཏི་ཕྱུག །མཎ་ཌ་ལ་ནི་མཉམ་པ་སྟེ། །སྭཱ་ས་ལམ་གྱི་བཞི་མདོར་ཤེས་པར་བྱ། །སྐྱེ་བ་ཕལ་གུ་ཤམ་མོ་མ་ཧཱ་ཀྵ་ར་ནི། ། 86-1-82a ཕྱུགས་ཆེན་ནོ་ཙྪ་ནི་ར་སྐྱེས་སོ། །ན་ནི་མིའོ་བ་ནི་གླང་ཡིན་ནོ། །མ་ནི་མ་ཧེ་བྷ་ནི་ཟ་བ་སྟེ། །སི་ནི་སེང་གེ་བྱཱ་ནི་སྟག་དེ་བཞིན། །སྠ་ནི་གནས་པའོ་ཁ་ལ་རེག་པ་ཟོས་པ་ ཡིན། །སོ་ལ་རེག་པ་ཚིམ་པ་ཡིན། །ཧྲི་ཀ་ངོ་ཚ་སྟོང་པ་ལ་རེག་པ། །འཁྲིག་པའོ་བརླ་ལ་རེག་པ་ནི། །དེ་ལྟར་ད་ལྟར་གྱིས་ཞེས་པར། །མཆོག་ཏུ་མཐུན་མ་ཤེས་པར་བྱ། །འདིར་ནི་དགོས་པ་ སླར་བཤད་པ། །མཁས་པ་ཡིས་ནི་བསྲུབ་པར་བྱ། །བྱེད་པ་རྣལ་འབྱོར་མར་ཤེས་བྱ། །དཔའ་བོ་ཀུན་དུ་དགོས་པའོ། །སྣ་ཚོགས་དངོས་པོའི་རང་བཞིན་གྱིས། །ཡེ་ཤེས་ཤེས་བྱའི་ རང་བཞིན་བདག །བསྐྱེད་པ་སྲིད་པའི་སྦྱོར་བ་དང་། །སྦྱོར་བྲལ་ཀུན་རྫོབ་དེ་བཞིན་དུ། །སྒྱུ་མ་མཐུན་པ་འཁོར་བ་དང་། །བརྩེ་བ་རང་བཞིན་བརྟགས་པ་དང་། །གཞན་གྱི་དབང་དང་ཡོངས་གྲུབ་དང་། ། ཏུ་རི་ཡྃ་འཁོར་ལོ་བསྒོམ་པ་དང་། །སེམས་དགའ་བྱས་དང་ཚུལ་ཁྲིམས་དང་། །གཏོང་བ་བརྟུལ་བ་དཔའ་དེ་བཞིན། །སྐར་རྩིས་མཁན་དང་སྨན་པ་ཉིད། །བཟོ་དང་ཁམས་དང་སྨྲ་བ་པོ། ། ལྷག་མ་རྟེན་འབྲེལ་ཡན་ལག་ནི། །བཅུ་གཉིས་མ་རིག་སོགས་ཤེས་བྱ། །མཱ་ལ་བ་ཡི་ཉེ་གནས་སུ། །ཤིང་གྲིབ་མ་ཡི་རབ་སྦྱོར་བས། །ཏིང་འཛིན་དབང་པོའི་ཕྱོགས་རྣམས་སུ། ། འཇུག་པ་མེད་དང་འཇུག་པ་མཚུངས། །དབང་པོ་འདོད་ཆགས་ཆགས་བྲལ་དག །ཡང་དག་ཕུན་སུམ་ཚོགས་བདག་པོ། །མཱ་མ་ཀཱི་རྡོ་རྗེའི་བུ་གར་ནི། །སྤྱི་གཙུག་ གནས་སུ་ཡོངས་གནས་བྱ། །འཕྱང་བཞིན་པ་ཁ་འོག་ཏུ་སྟེ། །ཀམ་པོ་ཛི་ཡི་ཕྱག་རྒྱའི་ཚུལ། །བ་ནི་ཡང་དག་རིག་པའི་རྒྱུད། །རང་བཞིན་སྒྱུ་མའི་རང་མཚན་ཉིད། ། 86-1-82b དེ་ལྟར་བྱས་དང་མ་བྱས་ཀུན། །མཁས་པས་དབུ་མར་མི་སྣང་ངོ་། །ཞི་བའི་དངོས་པོའི་ཡེ་ཤེས་འདིར། །རྣལ་འབྱོར་བདུད་རྩི་སྐུ་ཅན་ཏེ། །སྨིག་རྒྱུ་དང་ནི་འདྲ་བའི་གཟུགས། ། བདག་ཉིད་གཟུགས་ཅན་མཐོང་བར་འགྱུར། །ཡེ་ཤེས་ཤིན་ཏུ་བས་གཡོགས་པས། །ཀུན་འགྲོ་བ་ཡི་ལྷར་དྲན་བྱ། །གང་འདྲའི་སྙིང་རྗེ་གཉིས་བྱར་མེད། །དེ་འདྲའི་དངོས་པོར་སྐྱེ་ དྲན་བྱ། །སུམ་བཅུ་བདུན་བདག་ཉིད་དབུས་སུ། །སྔོན་ཅན་གྲགས་པ་བསྒོམ་པར་བྱ། །གསང་སྔགས་བདེན་པའི་གཟུངས་བདག་ཉིད། །ཆུ་ཡི་དཀྱིལ་འཁོར་དབུས་སོན་པའོ། ། ཨོཾ་ས་མ་རྦ་ཧཱ་བྷཱུ་ཤྨ་ཏ་ཤཱ་སྃ་ན་ཏྲཱ་པྲི་ས་ཡཱ་ན་ཡ་ཀ་ཧཱུྃ་རཱ་ཧཱུྃ་ཡ་ཕ་ཧཱུྃ་ཊ ཧཱུྃ་ཕ་ཕཊ་ཊ་སྭཱ་ཕ་ཧཱ་ཊ་སྭཱ་ཧཱ་ཨོཾ་དྲུ་མ་ཙྪ་ཡེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དེ་ལྟར་སྔགས་གཟུགས་བདག་ཉིད་དུ། །ཀུན་དུ་འགྲོ་མ་ ཅན་ཤེས་བྱ། །མཆོད་པ་རྡོ་རྗེའི་རང་བཞིན་དུ། །ལྷན་སྐྱེས་མཛེས་མ་འདུས་པའོ། །ཡེ་ཤེས་མཁའ་འགྲོ་མ་དངོས་བདག །རྣལ་འབྱོར་ནམ་མཁའ་གཙོ་བོ་ཡིན། །དབུགས་ནི་སྦ་བ་ བྱས་ནས་ནི། །སླར་ཡང་ཨོ་ཌྱིན་ཀུན་དུ་འགྲོ། །ས་གསུམ་པོ་ཡི་རིས་སུ་ནི། །གཟུགས་ཀྱི་གཙོ་མོ་བསྒོམ་པར་བྱ། །ཡིད་ནི་ནང་དུ་ཆུད་པ་ཡིས། །འདོད་པའི་དངོས་གྲུབ་བསྒོམ་པར་བྱ། ། སླར་ཡང་རྡོ་རྗེ་ཕག་མོ་ཡི། །རྣལ་འབྱོར་པ་ཡིས་རིགས་ལྡན་མཆོད། །ལྷ་རྫས་མི་ཡི་བདེ་བ་ནི། །བསྡུས་བྱས་པ་བས་དེ་མཆོག་གོ། །མ་མོའི་གྲོང་ཁྱེར་ཉམས་དགའ་བ། ། འགྲོ་བའི་གཙོ་བོ་བསྒོམ་པར་བྱ། །འདི་འདྲའི་དུས་ཀྱིས་ཡེ་ཤེས་ནི། །མཁས་པས་ཨ་བ་དྷཱུ་ཏཱིའི་ནང་དུའོ། །རྣལ་འབྱོར་པས་བསྒོམས་སེམས་བདག་ཉིད། །སྟོང་པ་ཉིད་ 86-1-83a གཟུགས་དམིགས་པ་ཅན། །དེ་ཡིས་ཐམས་ཅད་རིག་བྱས་ནས། །སྒྱུ་འཕྲུལ་དྲ་བའི་རང་མཚན་ཉིད། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་ སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་ པོ་ལས་ཤིང་གྲིབ་མའི་རང་གི་མཚན་ཉིད་ཀྱི་ཕྱག་རྒྱའི་བརྡའི་ཆོ་གའི་ངེས་པ་ཞེས་བྱ་བ་སྟེ་ལེའུ་སུམ་བཅུ་རྩ་གསུམ་པའོ།། །། དེ་ནས་ བཅོམ་ལྡན་འདས་བདག་པོས། །རྡོ་རྗེ་མཁའ་འགྲོ་ཁྱབ་བདག་ཆེ། །ཕྱག་རྒྱ་ཡང་དག་རིག་པའི་གཟུགས། །ཇི་ལྟའི་རིགས་པས་བསྟན་དུ་གསོལ། །ཕྱག་རྒྱ་བཞི་ཡི་རབ་ སྦྱོར་བས། །རེ་རེ་ལ་ནི་དགུ་དགུ་སྟེ། །ལས་དང་ཆོས་དང་དམ་ཚིག་དང་། །ཕྱག་རྒྱ་ཆེན་པོ་བཞི་པ་ཡིན། །པད་རྩ་ལྟར་དཀར་བུད་མེད་གང་། །པད་མའི་དྲི་ནི་གཏོང་ བ་ཡིན། །པད་མ་དང་ནི་ཨུཏྤལ་དྲི། །ཁ་དོག་ཙམ་པ་ཀ་ཡི་ཡིན། །ཛ་ཏི་དང་ནི་ཙམ་པའི་དྲི། །དེ་ཡི་གཟུགས་དང་མདོག་འཛིན་མའོ། །ག་པུར་ དང་ནི་ཙན་དན་དྲི། །པད་མ་དཀར་པོའི་ལྤགས་ཅན་མའོ། །རི་དགས་ལྟེ་བ་དང་མཉམ་དྲི། །ཨུཏ་པལ་སྔོན་པོའི་མདོག་ཅན་མའོ། །ཨུད་པལ་སྔོ་འདབ་ལྗང་གུ་ལ། ། དྲི་ནི་དེ་ཉིད་ཀྱིས་མཚོན་བྱ། །མལླི་ཀ་དང་ཨུཏྤལ་དྲི། །མུ་མེན་དང་ནི་མཚུངས་མའོ། །ཀེ་ཏ་ཀི་ཡི་དྲི་ཤེས་བྱ། །དམར་པོ་བན་དྷུ་ཀ་ལྟ་བུའོ། ། 86-1-83b པ་ཊ་ལི་མལླི་ཀའི་དྲི། །སླར་ཡང་ནམ་མཁའི་ཁ་དོག་གོ། །དེ་ལྟར་ལས་ཀྱི་ཕྱག་རྒྱར་འགྱུར། །ཆོས་ཀྱི་ཕྱག་རྒྱ་བཤད་པར་བྱ། །བདེ་གཤེགས་ ཚོགས་པ་ལ་དགའ་བ། །མཐར་སྐྱེས་རྣལ་འབྱོར་མ་མཆོག་ཡིན། །བསམ་གཏན་བཟླས་ལ་རྒྱུན་དུ་དགའ། །བྲམ་ཟེ་མོ་རུ་རབ་ཏུ་བཤད། ། རྟག་ཏུ་ཁྲུས་དང་གཙང་སྦྲ་དགའ། །རྗེའུ་རིགས་ཀྱི་ནི་བུད་མེད་དོ། །རྣམ་རྟོག་མེད་བདག་ཉིད་མི་མོ། །རྟུལ་ཅིང་དཔའ་བོ་ལ་རྩེ་ཞིང་། །རྒྱལ་རིགས་ ཀྱི་ནི་རང་བཞིན་ཏེ། །འདི་ནི་མཆོག་ཏུ་གཏམ་དགའ་མའོ། །ལས་ལ་ཡོངས་སུ་རྩེ་བ་སྟེ། །དམངས་རིགས་ཀྱི་ནི་རྣལ་འབྱོར་མའོ། །བདེ་གཤེགས་ འདུས་ལ་རྗེས་སུ་ཆགས། །མཆོག་ཏུ་མཐུན་མའི་རྣལ་འབྱོར་མའོ། །མཁས་པ་ཡི་ནི་ཕྱོགས་སུ་གཞོལ། །ཆོས་ཀྱི་གནས་སུ་ཁྲོ་མེད་མའོ། ། དཔའ་བོ་ཡིས་ནི་རིགས་སུ་སྐྱེས། །རྟག་པར་ཤ་ནི་ཟ་མ་ཡིན། །བདེ་བར་གཤེགས་པའི་ལམ་སྲུང་མ། །བྱང་ཆུབ་སེམས་དཔའི་བསམ་པར་བྱེད། ། ཁྲོ་བ་གནས་ལ་མི་ཁྲོ་ཞིང་། །མཉེས་པར་བྱེད་པའི་ཁུར་ཁྱེར་མའོ། །དེ་ལྟར་ཆོས་ཀྱི་ཕྱག་རྒྱ་སྟེ། །དམ་ཚིག་ཕྱག་རྒྱ་མངོན་བརྗོད་བྱ། ། གཏོར་མ་མཆོད་པ་ལ་དགའ་མ། །དམ་ཚིག་ཅན་དུ་དེ་མངོན་བརྗོད། །རབ་གནས་དཀྱིལ་འཁོར་ 86-1-84a འཁོར་ལོ་དང་། །དོན་དམ་པ་ལ་དགའ་མའོ། །འགྲོ་བ་རྣམས་ལ་དབང་བསྐུར་མ། །རྣལ་འབྱོར་དམ་ཚིག་ཅན་མར་གྲགས། །ཆོས་ཀྱི་འཁོར་ ལོ་རབ་བསྐོར་ཞིང་། །རྟག་ཏུ་དམ་ཚིག་སྐྱོང་མའོ། །རྣལ་འབྱོར་མ་ཡི་ཚོགས་དབུས་སུ། །མཆོག་ཏུ་རྨད་བྱུང་རྩེན་མའོ། །དུས་ཐམས་ཅད་དུ་དགའ་དང་བཅས། ། རབ་ཏུ་རྒྱས་པའི་བཞིན་བྱེད་མའོ། །རྣལ་འབྱོར་པ་རྣམས་བུ་བཞིན་སྣང་། །རྡོ་རྗེ་རྣལ་འབྱོར་མར་དེ་ཤེས། །དུས་ཀུན་དུ་ནི་དུབ་མེད་མ། །མཚོན་ཆ་འབེབས་པའི་ མིང་ཅན་མའོ། །མི་མོ་རྟག་ཏུ་འགྲོ་བཞིན་དུ། །དམ་ཚིག་བརྡ་ནི་སྐྱོང་མ་སྟེ། །དེ་ལྟར་དམ་ཚིག་ཕྱག་རྒྱ་ཡིན། །ཕྱག་རྒྱ་ཆེན་མོར་རབ་བཤད་བྱ། །ལྷན་སྐྱེས་ ཞིང་སྐྱེས་ལྷ་མོ་དང་། །སྔགས་སྐྱེས་འཇིག་རྟེན་མགོན་པོ་དང་། །སྦྱོར་སྐྱེས་གནས་སྐྱེས་དེ་བཞིན་དུ། །དམ་ཚིག་ལྷ་རྫས་རྣལ་འབྱོར་མ། །པད་ཅན་མ་ནི་དུས་ ཀུན་དུ། །ཕྱག་རྒྱ་ཆེན་པོ་རབ་བསྔགས་པའོ། །དེ་ལྟར་ཕྱག་རྒྱའི་རང་བཞིན་ཏེ། །དེ་མངོན་ཚུལ་བདག་ཕྱག་རྒྱའི་ལན། །གང་ཞིག་གང་གི་མདོག་དང་དྲི། །དེ་ཡི་དེ་ལྟར་ ཚུལ་དྲན་བྱ། །ས་སྲུངས་མའི་རབ་སྦྱོར་བས། །ཀཱ་མ་རཱུ་པ་ཤེས་རབ་དབང་། །སེམས་ཅན་ཀུན་གྱི་དགོས་པའི་ཕྱིར། །ཕྱག་རྒྱ་འདི་ནི་བསྒྲུབ་པར་བྱ། །ཨེ་ཡིག་ཡེ་ཤེས་ རླུང་རྣམས་ནི། །ཟླ་བའི་དཀྱིལ་འཁོར་ལ་རབ་བཞུགས། །འདོད་ཆགས་མེ་ཡི་རང་བཞིན་བདག །ཐུགས་ཀྱི་འཁོར་ལོ་རྣལ་འབྱོར་མ། །རྡོ་རྗེ་གསང་བ་ལས་བཞེངས་ 86-1-84b རྩྭ། །ཁམས་ཐམས་ཅད་མ་འཕོ་མེད་མའོ། །འདས་དང་མ་བྱོན་སངས་རྒྱས་རྣམས། །དེ་དག་སེམས་ཅན་ཆ་ཅན་ནོ། །སེམས་ནི་རེ་རེ་ ལ་ཡང་ནི། །སུམ་བཅུ་རྩ་དྲུག་ལས་ཅན་མའོ། །ལུས་ཅན་གཟུགས་ནི་དེས་དེ་བཞིན། །ཞིང་དུ་ཀ་ལ་སོགས་པའི་གཟུགས། །ཆེན་པོའི་སྔགས་ཀྱི་ཚུལ་བདག་ཏུ། ། ས་ལ་ད་ལྟར་ཉིད་རོལ་འགྱུར། །སངས་རྒྱས་ཀུན་གྱི་རིགས་ལ་ཡང་། །གཟུགས་དང་གཟུགས་མེད་ཤེས་མི་འགྱུར། །གཞན་གྱི་གཟུགས་སུ་བྱས་ལྷ་མོ། །སངས་ རྒྱས་ལམ་ནི་ཤེས་བྱེད་མའོ། །དབང་པོ་ཀུན་དུ་འགྲོ་སངས་རྒྱས། །གང་ཕྱིར་ཤེས་རབ་ཕ་རོལ་ཕྱིན། །དེ་ལྟར་དེ་ཉིད་ངེས་ཤེས་པས། །རྣལ་འབྱོར་མ་ཡི་གཟུགས་ དང་མཚུངས། །ཡེ་ཤེས་འཁོར་ལོར་ལྷ་མོ་རྣམས། །བདག་མོ་འདོད་པ་ཀུན་སྦྱིན་མ། །དཀྱིལ་འཁོར་འཁོར་ལོའི་དབུས་སུ་ནི། །སྔགས་ཀྱི་གཟུགས་ཅན་ དུ་བྱུང་བའོ། །ཨོཾ་ཛ་མ་ཊཱ་ཧཱ་ཀ་ཀ་ལཱ་ལ་ཡ་བཱ་མུནྟཱ་ཀུ་ག་ཏཱ་ནི། ཡ་ཏེ་ཧཱུྃ་ཛ་ཧཱུྃ་ཡ་ཕཊ་ཧཱུྃ་ཕཊ་ཧཱུྃ་སྭཱ་ཕཊ། །ཧཱ་ཕཊ་སྭཱ་ཧཱ་ཨོཾ་ཨཻ་རཱ་བ་ཏི་ཡེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱཿ ཞེས་བྱའི་སྔགས་ཀྱི་ས་བོན་དུ། །མཆོག་སྦྱིན་མ་ནི་བྱུང་བ་སྟེ། །ཁ་དོག་དབྱིབས་ནི་སྔོན་གྱི་ཅན། །ཇི་ལྟར་ཀུན་ནས་ཐམས་ཅད་དུའོ། །དཔའ་བོ་ཐམས་ ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་ 86-1-85a སོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ས་སྲུངས་མའི་སྐུའི་ཕྱག་རྒྱའི་མཚན་ཉིད་ཀྱི་ཆོ་ག་དང་ལྡན་པ་ཞེས་བྱ་བ་སྟེ་ལེའུ་སུམ་བཅུ་རྩ་བཞི་པའོ།། །། དེ་ནས་ ལྷ་མོས་མཆོད་བྱས་ནས། །འདི་སྐད་ཀྱི་ནི་ཚིག་སྨྲས་སོ། །གང་གིས་འབྱུང་པོ་ཐམས་ཅད་སོགས། །མཐོང་བས་ཀུན་དུ་སྐྲག་པ་ཡི། །ཐམས་ཅད་བདེན་པ་ཡི་ནི་བརྡ། །བཅོམ་ལྡན་མཁའ་འགྲོ་ཉིད་ཀྱིས་གསུངས། །ཕྱག་རྒྱ་ཀུན་གྱི་ནང་སོན་པ། ། སྙིང་པོའི་ཕྱག་རྒྱ་དེ་ཉོན་ཅིག །རྒྱུད་གང་དུ་ཡང་མ་བཤད་པ། །དེ་ནི་ཁྱོད་ཀྱིས་བསྐུལ་བ་སྟེ། །རྡོ་རྗེ་མེ་ཡི་རབ་སྦྱོར་བས། །ཕྱག་རྒྱ་ཐམས་ཅད་རབ་ཏུ་བརྗོད། །ལྟེ་བའི་འཁོར་ལོར་ལྷ་མོ་གང་། །ཤིང་རེག་མཐའ་ཡི་སྤྱོད་ཡུལ་ཅན། །འགྲོ་དང་འོང་ བའི་རིམ་པ་ནི། །སྣ་ཚོགས་རྩ་ཡི་རིམ་པས་སོ། །ཐིག་ལེ་ཉི་མར་སོན་ཕྱག་རྒྱ། །བསམ་དང་སེམས་ནི་དབྱངས་གསལ་ཏེ། །སུམ་བཅུ་རྩ་དྲུག་རིང་དང་ཐུང་། །ཕྱག་རྒྱ་དེ་ནི་མངོན་སྟེར་མ། །ཕྱག་རྒྱ་དང་ནི་ཕྱག་རྒྱའི་ལན། །ཤེས་རབ་ཐབས་ ཀྱི་རང་བཞིན་ཅན། །བྱང་ཆུབ་སེམས་སོན་པ་ཡི་དབུགས། །འདི་ཀུན་སེམས་ཅན་ལ་ཐིམ་པའོ། །འཇིགས་བྱེད་ཆེན་མོའི་སྦྱོར་བ་ཡིས། །མཁས་པ་ཡིས་ནི་བསྒྲུབ་པར་བྱ། །ཕྱི་མོ་དེ་ཉམས་མྱོང་བྱས་ནས། །གང་དང་གང་གི་ངག་ལས་བྱུང་། ། ཧཱ་ཧཱ་རྣམས་ཀྱིས་རྒོད་ཀུན་རྣམས། །ལྗོན་ཤིང་རྩ་བ་ཅན་དུ་བྱ། །དགའ་བས་དེར་ནི་འདུ་བ་ནི། །ཁམས་དང་སྐྱེ་མཆེད་རྣམས་ཀྱང་ངོ་། །བག་ཆགས་ཐམས་ཅད་དང་བྲལ་བ། །འཇིགས་བྱེད་འཆང་བཞིན་པ་ཡིན་ནོ། །ཨོ་ཌིའི་གནས་ སུ་དད་པའི་སྟོབས། །ཇི་ལྟའི་གྲངས་ཀྱི་སྤྱོད་ཡུལ་ཅན། །ཉེ་བར་འཇལ་བའི་ཁྱིམ་དབུས་སུ། །དེའི་ཕྱིར་བརྟན་དང་འགྲོ་བ་ནི། །ཐིམ་པའང་དངོས་པོ་ཀུན་གྱི་བདག །མཁས་པས་ཕྱག་རྒྱ་རྣམས་ཀྱིས་བརླན། །ནམ་མཁའ་རུ་ནི་འཕུར་ བཞིན་པ། །འགྲོ་བ་ཀུན་ལས་ཡེ་ཤེས་མཆོག །དད་པའི་ཤུགས་ལས་ཤེས་བྱས་ནས། །ལུས་ཅན་ཀུན་གྱི་སྟོབས་ལྡན་ཡིན། །ཤ་ཆེན་པོ་ལ་ཟ་བཞིན་དང་། །ཡིད་ཀྱིས་ཁྲག་ནི་འཐུང་བར་བྱེད། །ཧེ་རུ་ཀ་མར་བྱེད་རིག་མ། །ལྗོན་ 86-1-85b ཤིང་དྲུང་དུ་ཡང་དག་ཞུགས། །དེ་ནི་དཀྱིལ་འཁོར་འཁོར་དབུས་སུ། །འཇིགས་བྱེད་ཆེན་མོ་རྣམ་པར་བསྒོམ། །ཐུགས་ཀྱི་འཁོར་ལོའི་དབུས་སུ་ནི། །སྔགས་རྣམས་ཡི་གེ་ལས་བྱུང་བའོ། །ཨོཾ་མ་ཁ་ཧཱ་ཊ་ས་བཱྃ་མུ་ག་དྲ་ཀ་མེ་པཱ་ཁ་ལ་ ལཱ་སཱུ་ཡ་ལ་ཧཱུྃ་བྷི་ཧཱུྃ་ནྣ་ཕ་དྷ་ཊ་རི་ཕཊ་ཎེ་སྭཱ་ཧཱུྃ་ཧཱ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ་ཨོཾ་མ་ཧཱ་བྷཻ་ར་བཱི་ཡེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱའི་གསང་སྔགས་སྦྱོར་ཆེན་ལས། །རྣལ་འབྱོར་མ་ཡི་སྐུ་ཐུགས་ཅན། །ཡིད་ནི་ནང་དུ་ཆུད་པ་ཡིས། །འདོད་པའི་དངོས་གྲུབ་སྟེར་བར་བྱེད། ། དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་འཇིགས་བྱེད་ ཆེན་མོའི་ནང་གི་ཕྱག་རྒྱའི་ཆོ་ག་འཆད་པའི་མཚན་ཉིད་ཀྱི་ཆོ་ག་ཞེས་བྱ་བ་སྟེ་ལེའུ་སུམ་བཅུ་རྩ་ལྔ་པའོ།། །། དེ་ནས་འདོད་མའི་རྣལ་འབྱོར་མ། །ཕྱག་རྒྱ་ཡི་ནི་བརྡ་ཡི་རྒྱུད། །སྙིང་རྗེས་བཤད་བྱ་རྣལ་འབྱོར་པའི། །མཐོང་ བ་ཡིས་ནི་དངོས་གྲུབ་འགྱུར། །སྣང་བ་རྣམས་སུ་གང་ཚེ་དངོས། །དབང་པོའི་སྤྱོད་ཡུལ་དུ་མཐོང་འགྱུར། །གནག་དང་དཀར་དང་དམར་བ་དང་། །སྔོ་དང་དམར་སེར་ལྗང་གུ་དང་། །སེར་དང་སྔོ་སྐྱ་ཁྲ་བོར་སྣང་། །སྣ་ཚོགས་པ་དང་དུ་བའི་མདོག ། སྔོ་དང་དམར་སེར་འདྲེས་པ་དང་། །སླར་ལ་ཡང་ནི་དཀར་ནག་མདོག །དམར་སེར་དང་ནི་ལྗང་སྔོ་སྐྱ། །སྔོ་བ་དང་ནི་དམར་བའི་མདོག །དཀར་སྔོ་དང་ནི་དམར་ལྗང་དང་། །སྤྲིན་དང་སྣ་ཚོགས་མདོག་ཅན་དང་། །སྣ་ཚོགས་དང་ནི་སེར་པོའི་མདོག ། དུ་བ་དང་ནི་གསེར་མདོག་ཅན། །སེར་ལྗང་དང་ནི་ལྗང་སེར་དང་། །དམར་པོ་དང་ནི་དུང་མདོག་ཅན། །དུད་ཁ་དཀར་པོ་སྣ་ཚོགས་སྔོ། །སེར་དང་དམར་བ་བསྲེས་པ་ཅན། །དུད་ཁ་དང་ནི་སྔོ་སྐྱའི་མདོག །དཀར་དང་སྣ་ཚོགས་ པའི་མདོག་ཅན། །སྐྱ་བོ་དང་ནི་དུ་བའི་མདོག །སྐྱ་དཀར་དང་ནི་དམར་སྐྱ་དང་། །སྤྲིན་དང་སྐྱ་བོ་ལྗང་སྐྱ་དང་། །སྣ་ཚོགས་པ་དང་སྐྱ་བོའི་མདོག །ཐམས་ཅད་མདོག་གི་ཁ་དོག་དུ། །ཁམས་བཅུ་གཉིས་ཀྱི་ཁ་དོག་ཅན། །གསེར་དང་ 86-1-86a དངུལ་དང་ཟངས་དང་ལྕགས། །འཁར་བ་དང་ནི་ར་གན་ཏེ། །ཕན་ཚུན་འདྲེས་པའི་ཁ་དོག་གིས། །བརྩེ་བ་ཆེན་པོ་དེ་བཅུ་གཉིས། །རྣལ་འབྱོར་རྣམས་ཀྱི་ཁམས་ཐམས་ཅད། །དེར་ནི་སྣང་བ་སྐྱེ་བར་འགྱུར། །དེ་ཡིས་སྣང་བའི་དུས་སུ་ནི། ། འཕྲུལ་ཆེན་མོ་ནི་འབྱུང་བར་འགྱུར། །ཕྱག་རྒྱ་གཉིས་དག་རྣམ་ཤེས་པས། །ཁ་དོག་མཐོང་བས་འགྲུབ་པར་འགྱུར། །སྔོན་དང་ཕྱིས་ནི་བསྡུས་པ་ལས། །གལ་ཏེ་ལྷན་སྐྱེས་སྦྱོར་བདག་ཉིད། །རླུང་ཤུགས་མ་ཡི་རབ་སྦྱོར་བས། །ཏྲི་ཤ་ཀུ་ ནེའི་གནས་སུ་ནི། །ལྷ་མོ་བརྩོན་འགྲུས་སྟོབས་སུ་སྟེ། །དེ་ལྟར་ཡི་གེའི་དོན་རྣམས་ཀྱང་། །བ་ནི་དབུ་མར་འབབ་པ་སྟེ། །བག་ཆགས་སྟོབས་ཀྱིས་འཆི་བར་འགྱུར། །དུས་འཛོམ་ཐམས་ཅད་ཆོས་རྣམས་སུ། །སླར་ཡང་མཐོང་ ལམ་བདག་ཉིད་ཡིན། །བེ་ནི་ཡུལ་དང་ལྡན་པ་ཉིད། །བདག་ཉིད་རྣམས་ཀྱི་བསྒོམ་པའི་ལམ། །དེ་ཁོ་ཉིད་མས་དམ་འཁྱུད་པ། །སྐྱོབ་པ་རྣམས་ཀྱི་གྲོལ་བའི་ལམ། །མཐོ་རིས་མི་ཡུལ་ས་འོག་གི། །འགྲོ་བ་རྣམ་པ་གསུམ་ཞེས་བྱ། ། མཉམ་པའི་བདེ་བ་མཐོང་འགྱུར་བའང་། །རྡོ་རྗེ་འབར་བའི་མཚམས་ན་གནས། །བུམ་པ་ཅན་སོགས་བྱས་གང་ཕྱིར། །གཏུམ་མོ་ཕྲ་བའི་རྩ་ཅན་ནོ། །པད་མར་རྩ་ནི་ཐམས་ཅད་ཅན། །དེ་དང་འདྲ་བའི་ཡེ་ཤེས་མེད། །དེ་ཕྱིར་བརྩོན་འགྲུས་ འབྱུང་བར་འགྱུར། །སྟོབས་སུ་ཡེ་ཤེས་ཡེ་ཤེས་ཅན། །དེ་ལྟར་ཤེས་བྱས་རྟག་རྣལ་འབྱོར། །འདོད་ཅན་མ་ལ་འདོད་སྤྱད་ཀྱིས། །དཀྱིལ་འཁོར་གྱི་ནི་བདག་མོ་དང་། །གསང་སྔགས་ཡི་གེར་ཡང་དག་བྱུང་། །ལྷན་སྐྱེས་རྫོགས་བྱང་ ཆུབ་མཆོག་ཏུ། །ལྷ་མོ་ཆེན་མོ་སྐྱེ་བར་འགྱུར། །ཨོཾ་བེ་བྷྱ་ཏ་གྷྲ་ལ་ཙ་སྃ་རྨ་གྷམྦྷ་མ་ར་དྷ་དྷཱ་ཎ་རི་ཀ་ཎེ་རཱ་ཧཱུྃ་ཡ་ཧཱུྃ་ཧཱུྃ་ཕ་ཧཱུྃ་ཊ་ཕཊ་སྭཱ་ཕཊ་ཧཱ་ཕཊ་སྭཱ་ཧཱ། ཨོཾ་བཱ་ཡུ་བེ་གེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཁ་དོག་གཟུགས་ནི་སྔོན་ཇི་བཞིན། །སུམ་བཅུ་ རྩ་བདུན་གྱི་དབུས་སུ། །ཁམས་གསུམ་སྙིང་པོའི་ཕྱག་རྒྱ་ཡིས། །གང་དེ་ནུས་པ་རྫོགས་པར་གྲགས། །གསུང་གི་འཁོར་ལོ་གསང་བ་ཆེར། །བདག་གིས་གང་ཞིག་རིམ་པ་ཡིས། །ཐམས་ཅད་བདེན་པར་ཤེས་པར་བྱ། །དེ་ཕྱིར་ 86-1-86b རྡོ་རྗེ་འཆང་དབུགས་དབྱུང་། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །འདི་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་ འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་རླུང་ཤུགས་མའི་ཁ་དོག་གི་ཕྱག་རྒྱའི་ཆོ་གའི་མཚན་ཉིད་ཅེས་བྱ་བ་སྟེ་ལེའུ་སུམ་བཅུ་རྩ་དྲུག་པའོ།། །། དེ་ནས་རྡོ་རྗེ་ཕག་མོ་ཡིས། །ཇི་ལྟའི་ཆོ་གས་མཆོད་བྱས་པས། ། ཉོན་ཅིག་ལྷ་མོ་བཤད་བྱ་བ། །བླ་མ་རང་གིས་ལྷའི་ཕྱག་རྒྱ། །འོ་བྱེད་དེ་བཞིན་ལཱ་མ་དང་། །མཁའ་འགྲོ་མ་དང་གཟུགས་ཅན་མ། །ཡོངས་འགྱུར་མ་དང་རྗེས་འཇུག་མ། །རྣལ་འབྱོར་ཕར་ཕྱིན་དྲུག་དེ་བཞིན། །ལག་པ་གཡོན་པ་ ཡི་ནི་བརྡ། །རྣལ་འབྱོར་དབྱེ་བས་སྟོན་བྱེད་པ། །རེ་རེ་ལ་ཡང་རྣམ་གསུམ་འགྱུར། །དཔའ་བོའི་རྣམ་པ་གསུམ་ཉིད་དེ། །དེ་བཞིན་གཤེགས་དང་རྡོ་རྗེ་ཉིད། །ཨཱ་རོ་ལིག་དང་རྟ་མཆོག་དང་། །ཧེ་རུ་ཀ་རྣམས་ལག་གཡོན་ལའོ། ། མཁས་པས་གཉིས་སྦྱར་རྣལ་འབྱོར་ཏེ། །སྤྱན་མ་དང་ནི་མཱ་མ་ཀཱི། །སྒྲོལ་མ་གོས་དཀར་བདག་མེད་མ། །དེ་བཞིན་རྡོ་རྗེ་དབྱིངས་དབང་ཕྱུག །ཕ་རོལ་ཕྱིན་དྲུག་ཏུ་ཤེས་བྱ། །དེ་ལྟར་རྣམ་གསུམ་ཤེས་བྱ་བ། །དཔའ་བོ་འགྲོ་བ་ཀུན་གྱི་ བདག །ས་ཡི་སྙིང་པོ་ལ་སོགས་དེར། །དེ་བཞིན་མཁའ་འགྲོ་སོགས་གཙོ་བོ། །ལྷ་མོ་ལག་པའི་རྒྱབ་སོན་ཏེ། །སོར་མོ་རྣམས་ལ་དེ་བཞིན་གཤེགས། །དེ་བཞིན་ལྷ་མོ་དབུས་ཚིགས་སུ། །ལག་པའི་མཐིལ་དུ་དེ་བཞིན་གཤེགས། ། དཔའ་བོ་དེ་བཞིན་སེན་སྐོགས་ལ། །ལག་གདུབ་གནས་སུ་རྣལ་འབྱོར་མ། །ལག་པའི་རྩེ་མོས་བརྡ་བྱ་སྟེ། །མཁས་པས་རྒྱབ་ཏུ་གཤེགས་གསོལ་བྱ། །གང་ཞིག་གང་གི་བདག་པོ་ཉིད། །དེ་ཡི་དེ་ཉིད་ཀྱིས་མཚོན་བྱ། །ཆང་འཐུང་ མ་ཡི་རབ་སྦྱོར་བས། །ཀོ་ས་ལ་དང་སྣའི་རྩེ་མོ། །དྲན་པའི་སྟོབས་ཀྱི་བདག་ཉིད་ཀྱིས། །བཟའ་བ་དང་ནི་སྟེན་མོ་བྱ། །གཉིད་ལོག་དུས་ཀུན་ལས་སྐྱེས་པར། །ཕྱག་རྒྱ་ཆེན་པོ་ལེགས་པར་ཟུང་། །རཱ་ཧུ་དུས་མེ་ཉི་མ་རུ། །ཟོས་པ་སྣ་ 86-1-87a ཡི་རྩེར་དེ་བཞིན། །ཕྲ་མོ་གཉིས་སུ་མེད་གཟུགས་ལས། །ཡུལ་ཀྱང་བཟའ་བར་བྱས་ནས་ནི། །མེ་ཏོག་སེམས་ཀྱི་ས་བོན་ལས། །ཀྵི་ནི་བདུད་རྩིའི་སྐུད་པ་འཛག །དེ་ལྟར་ངེས་བྱེད་རྣལ་འབྱོར་པ། །ལྟེ་བའི་ཆང་སྔོན་སོང་ལས་སོ། ། གཞུ་ཡི་དབྱུག་པར་སོན་པའི་སེམས། །རང་གཟུགས་ཡང་དག་རིག་པ་ཙམ། །རོ་མཉམ་པ་ནི་མྱང་བ་ཡང་། །ཐེ་ཙོམ་མེད་པར་འདིར་བྱེད་འགྱུར། །རྐྱང་མའི་བདེ་བའི་ནུས་པ་ཡིས། །ས་བོན་ཟག་པ་མེད་པར་སོན། །དུས་དེ་ཉིད་ དུ་རྟག་ཕྱག་རྒྱ། །དཔའ་བོའི་བརྡ་ཡིས་འཐོབ་པར་འགྱུར། །བྱང་ཆུབ་འཁོར་ལོ་དགའ་བཅས་སུ། །འཇུག་འགྱུར་མཆོག་གི་ཞལ་ཅན་མ། །བརྡ་དང་བྲལ་ན་འཁོར་བ་རུ། །གྲོལ་བའི་ཐབས་གཞན་ཡོད་མ་ཡིན། །རྣལ་འབྱོར་ མ་ཡི་ཚོགས་བདག་མོ། །ཆང་འཐུང་གྲགས་པ་ཆེན་མོ་ཡིན། །སུམ་བཅུ་རྩ་བདུན་འཁོར་ལོ་ཆེར། །གསང་སྔགས་ལས་བྱུང་མཆོག་ཞལ་མོ། །ཨོཾ་ཤ་མ་ཏྲུ་ཧཱ་ནི་བི་སུ་གྷམྦྷ་ན་ཎ་ནི་ཀ་དྷཱ་རཱ་རི་ཡེ་ཎེ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་ཕཊ་ སྭཱ་སྭཱ་ཧཱ་ཧཱ་ཨོཾ་སུ་རཱ་བྷ་ཀྵཱི་ཡེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དེ་ལྟར་སྔགས་རྒྱལ་མངོན་པར་ནི། །མ་བྱུང་འབྱུང་བར་མི་འགྱུར་རོ། །འབྱིན་དང་སྡུད་པ་དག་གིས་ནི། །གཉིས་གཉིས་ཀྱི་ནི་རྐང་པར་གསུངས། །ཤེས་རབ་ཐབས་བདག་ཉིད་ལྷ་མོ། ། ཁ་དོག་དབྱིབས་ནི་སྔོན་ཅན་ནོ། །ཀུན་མཁྱེན་བགྲོད་བྱ་ཕྱག་རྒྱའི་ལན། །མངོན་པར་ཤེས་པས་སྦྱིན་མི་བྱ། །མ་ཤེས་པ་ཡིས་རྣལ་འབྱོར་མའི། །ཕྱག་རྒྱ་ཆེན་པོ་འདི་འགྲུབ་འགྱུར། །སྦྲུལ་དང་རྐུན་སོགས་པས་བསད་ནས། །དམྱལ་ བ་སོགས་སུ་འགྲོ་བ་ཡིན། །སྣ་ཚོགས་ལུང་འཛིན་དཔའ་རྣམས་ལ། །ཡང་དག་ཡིད་ཆེས་བྱ་ཕྱིར་སྟེར། །བླ་མའི་དྲིན་གྱིས་ཡོད་པ་སྟེ། །མཁས་པ་དེ་ཡི་རྐྱེན་གྱིས་བརྡ། །དངོས་གྲུབ་དངོས་པོ་བདག་ཉིད་ཀྱིས། །བྱེད་འགྱུར་གཞན་ དུ་མ་ཡིན་ནོ། །དེ་ཡི་དྲིན་གྱིས་གྲོལ་བ་སྟེ། །མཁས་པས་ཞིང་དུ་གནས་པར་བྱ། །བླ་མའི་མན་ངག་ཞིང་ཡིན་ཏེ། །དེ་ནི་གནས་དང་བྱང་ཆུབ་ཕྱོགས། །གནས་པ་ཙྪོ་མ་ཀ་རྣམས་ཏེ། །རང་བཞིན་མེད་པ་ཙྪོ་མའི་ལན། །ཡང་ན་འདི་ཀུན་ 86-1-87b བླ་མ་འམ། །བླ་མ་ཐམས་ཅད་ཐམས་ཅད་པའོ། །མན་ངག་དང་བཅས་ཡེ་ཤེས་ཚེ། །ངག་གི་ལམ་འདས་སྤྱོད་ཡུལ་ཅན། །སྐུ་ཡི་འཁོར་ལོར་དངོས་གྲུབ་ཆེ། །ཐེག་པ་ཀུན་གྱི་བདེ་བར་བཞུགས། །བདེ་མེད་བདེ་བ་མེད་པའང་མེད། །ཐམས་ ཅད་དེར་ནི་གཉིས་མེད་ཆེ། །དཔའ་བོ་ཐམས་ཅད་མཉམ་སྦྱར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་ འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ཆང་འཐུང་མའི་རབ་ཏུ་སྦྱོར་བའི་བརྡའི་རང་བཞིན་གྱི་མཚན་ཉིད་ཀྱི་ཆོ་ག་ཞེས་བྱ་བ་སྟེ་ལེའུ་སུམ་བཅུ་རྩ་བདུན་པའོ།། །། དེ་ནས་ཕག་མོ་པད་བཟང་ མོའི། །ལྷ་མོས་མཆོད་པ་བྱས་ནས་ནི། །ལས་དང་རྣལ་འབྱོར་མའི་བདག་པོ། །རྡོ་རྗེ་ཆེན་པོས་བདག་ལ་གསུངས། །སེམས་ཅན་ཀུན་གྱི་དགོས་བྱེད་པ། །ལྷ་རྫས་ལས་ནི་བཤད་པར་བྱ། །གང་གིས་ཐམས་ཅད་དབང་སོགས་སུ། ། ལྷ་སོགས་ཐམས་ཅད་དེ་བཞིན་འོང་། །ཐོག་མར་རྡོ་རྗེ་ཕག་མོ་ཡི། །རྩ་བའི་གསང་སྔགས་ཀྱི་ནི་ལས། །ཀ་ལིང་ཀ་རུ་ལྗང་ལྷ་མོའི། །མངོན་པར་བཀའ་བསྒོ་བྱེད་པར་འགྱུར། །དེ་ཡི་རིགས་རྣམས་སུ་སྐྱེས་པ། །བདག་དང་བདག་ གི་གནང་བས་སོ། །སུམ་བཅུ་བདུན་བདག་ཉིད་དབུས་སུ། །མཆོག་གི་དབང་ཕྱུག་མ་བསྒོམ་བྱ། །རྐང་པ་གཉིས་ཀྱི་རྩ་སྔགས་སུ། །ས་བོན་ཡི་གེ་ལས་སྐྱེས་པའོ། །འཇིག་རྟེན་འདི་དང་ཕ་རོལ་དུ། །དེ་དང་བྲལ་བས་དངོས་གྲུབ་ མེད། །ཨོཾ་ས་ཏྲི་ཏ་སཱ་ས་ཧ་ཧ་སྲ་སྲ་མ་མུ་ཧཱ་ཁཱ་ས་ཡ་ཧ་ཧཱུྃ་སྲེ་ཧཱུྃ་ཀ་ཕཊ་རོ་སྭཱ་མཱ་ཧཱ་བ་རྞནྟ་བརྟི་ནེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ་ཨོཾ་ཤྱཱ་མ་དེ་བཱི་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དཀྱིལ་འཁོར་གྱི་ནི་མཆོག་འདི་ནི། །བསྒོམ་བྱ་བཟླས་དང་བསམ་གཏན་ནོ། ། རྡོ་རྗེ་ཕག་མོ་གཉིས་བྱར་མེད། །འབད་པས་རྩ་བའི་སྔགས་རྣམས་སུའོ། །ཟླ་མཚན་གྱི་ནི་མེ་ཏོག་གིས། །རླན་པའི་གོས་ནི་ལེགས་བསྐམས་ལ། །གརྒ་ཊ་ཡི་བྲུན་གྱི་ནི། །དངོས་གྲུབ་འདོད་པས་བདུག་སྤོས་སྦྱིན། །སྔགས་པས་ 86-1-88a བདུག་སྤོས་འདི་ཡིས་ནི། །བཅོམ་ལྡན་འདས་མ་ཉེ་བར་བྱ། །ཕག་མོ་ཡི་ནི་སྦྱོར་ལྡན་པས། །འདི་སྐད་ཀྱི་ནི་ཚིགས་སྨྲས་སོ། །མཐུན་པའི་རྩ་དང་འདུས་པ་ལས། །འགྲོ་བ་ཐམས་ཅད་གཡོན་ལས་བྱུང་། ། རང་གི་རྒྱུད་ནི་མཛེས་བཞིན་པ། །ཟླ་མཚན་གྱི་ནི་རྡུལ་གོས་སོ། །བྲུན་ཀྱང་འཇིག་རྟེན་གསུམ་པོ་དང་། །ཡེ་ཤེས་བསྲེས་པས་སྤོས་སུ་འགྱུར། །བྱི་ལ་བཞིན་དུ་བཞག་པའི་སེམས། །ཧྱཱ་ཡི་ཡི་གེར་ཚིག་འདིའོ། །ལྗང་གུའང་ སྙིང་རྗེའི་སྦྱོར་བ་སྟེ། །ལྷ་མོ་དེ་བཞིན་དབུ་མའོ། །ཅི་ཞིག་བདེ་བ་རིག་པ་ཅི། །ཅི་ཞིག་དོན་དམ་པའི་སྤྱོད་ཡུལ། །གོས་བཞིན་པ་ནི་རྣལ་འབྱོར་ཆེར། །རྣམ་པར་ཤེས་པ་ལྷ་མོར་འདོད། །སྐྱེ་བོ་ཀུན་གྱི་བདག་ཉིད་ཆེས། །བགྲོད་པ་ མཚམས་རྣམས་ཀུན་དུའོ། །ཐོད་པ་ཁ་སྦྱར་བཅིང་བྱས་ནས། །སྐྲ་རྣམས་ཀྱིས་ནི་སྦྱིན་བསྲེག་བརྗོད། །འདི་ནི་མེ་ཏོག་ཏུ་གྲགས་ཏེ། །དམ་ཚིག་སོ་སོར་སྐྱོང་བར་བྱེད། །རྟག་ཏུ་རྣལ་འབྱོར་མ་མཆོད་བྱ། །ཞི་བའི་བཏུང་བ་ཉིན་རེར་རོ། ། དེ་ལྟར་བྱེད་པའི་སྔགས་ཤེས་པ། །དངོས་གྲུབ་ཐམས་ཅད་རབ་སྟེར་པོ། །བ་ལང་ཤ་ནི་ཆང་བཏགས་པ། །ལག་པ་གཡོན་པས་སྦྱིན་སྲེག་བྱ། །ལྷ་ཐམས་ཅད་དང་རྒྱུ་སྐར་བཅས། །ཀླུ་སོགས་སུམ་བཅུའི་གནས་པ་དང་། ། སངས་རྒྱས་ཀྱང་ནི་དབང་འགྱུར་ན། །ཕྲ་མོའི་མི་ནི་སླར་ཡང་ཅི། །ལུད་པ་དང་ནི་སོ་ཤིང་དང་། །རང་ལུས་དྲིལ་ཕྱིས་དེ་བཞིན་དུ། །མིང་གིས་ཆར་བཏགས་སྦྱིན་སྲེག་གིས། །འཇིག་རྟེན་དང་བཅས་དབང་དུ་བྱེད། །ཟླ་མཚན་གྱི་ནི་ ཁྲག་དང་ནི། །བཟའ་བ་ཟོས་པའི་སྐྱུགས་པ་ནི། །མི་ཡི་སྐྲ་དང་ཡོངས་ལྡན་པས། །ད་ལྟ་ཉིད་དུ་འགུགས་བྱེད་མཆོག །རང་ལུས་མར་གྱི་སྐྱུགས་པ་དང་། །རང་གི་སྐྲ་ནི་མཁས་པས་བསྲེག །ནིམ་པའི་མེ་ནི་འབར་བ་ཡིས། ། མོད་ལ་སྡང་བར་བྱེད་པའི་མཆོག །བྱ་རོག་གཤོག་པས་སྦྱིན་སྲེག་བྱེད། །མཉམ་གཞག་དྷ་དུ་ར་ཡི་མེས། །མར་ནག་ཚན་དེ་ཡོངས་ལྡན་པས། །མོད་ལ་གསོད་དང་སྐྲོད་པ་ཡིན། །སྟོང་ཕྲག་དགུ་ཡི་བསྲེག་བླུགས་ཀྱིས། །ཡུན་ 86-1-88b མི་རིང་པས་རྒྱལ་པོ་འཐོབ། །གང་ཞིག་བསྲེག་པའི་བསྲེག་བླུགས་ནི། །མཁས་པས་བརྒྱ་ནི་ཤ་ཡིས་ཏེ། །དེ་ལ་ཟླ་བ་གསུམ་རྗེས་ལ། །སྐད་ཅིག་ལ་ནི་ཕོངས་པ་འཇོམས། །གང་གིས་རྒྱུན་དུ་དྲན་བྱེད་ན། །དེ་ནི་སྐྱེ་བོའི་མཐུན་ པར་འགྱུར། །མཚན་མོ་ཉི་ཤུ་རྩ་གཅིག་གིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ལུས་མེད་ཚོགས་མཆོག་བུད་མེད་རྣམས། །མྱོས་པའི་བསམ་ཅན་འགྲུབ་འགྱུར་རོ། །འདོད་པས་མྱོས་པའི་འཇིག་རྟེན་རྣམས། ། མི་འཇིགས་པ་ནི་སྦྱིན་པར་བྱེད། །བུད་མེད་བྱེ་བས་ཡོངས་བསྐོར་ནས། །གྲུབ་པ་ས་ཡི་སྟེང་དུ་རོལ། །རྡོ་རྗེ་ཕག་མོ་སྦྱོར་ལྡན་པ། །དཔལ་ཧེ་རུ་ཀའི་རྣལ་འབྱོར་མཉམ། །རྡོ་རྗེ་སློབ་དཔོན་གཞན་དང་འདིར། །དཔའ་བོ་ཀུན་ གྱིས་ཕྱག་བྱེད་དེ། །དམ་ཚིག་སྤྱོད་པ་སྲུན་པ་ཡི། །འཇིག་རྟེན་གསུམ་ལ་དངོས་གྲུབ་སྟེར། །སྔོན་བཤད་རྣལ་འབྱོར་སྦྱོར་བ་ཡིས། །དེ་ལྟར་སྦྱིན་སྲེག་བྱས་པས་འགྲུབ། །རྣལ་འབྱོར་ལས་གཞན་ལས་མེད་དེ། །ལས་དང་བྲལ་བས་ སྦྱོར་བ་མེད། །འཕོ་བ་བཅུ་གཉིས་རྣམ་ཀྱི་ལས། །རླུང་འབབ་པ་ནི་དེ་རྣམས་སོན། །གཉིས་ཀྱི་མཚམས་ནི་འདུས་པ་ལས། །སྦྱིན་བསྲེག་ཐབ་ཀྱི་ནང་དུ་བལྟ། །ལྟེ་བ་གཉིས་ནི་འདུས་པར་ཏེ། །སླར་ཡང་མཚམས་རྣམས་ཐམས་ ཅད་དུའོ། །དེ་ཡི་དུས་སུ་ཤེས་བྱ་བ། །སྔགས་ཀྱང་ཡི་གེ་ལ་འབུམ་ཕྲག །བཟླས་བྱས་བསྐུལ་བ་གསང་བ་ཡིས། །བྱས་པས་ཀུན་ནས་དངོས་གྲུབ་འགྱུར། །རྡོ་རྗེའི་འཁྲུལ་འཁོར་རབ་བྱ་སྟེ། །དེ་ནས་གཅིག་གིས་དམན་ ལྔ་བཅུ། །རེའུ་མིག་ས་ལ་གཞག་པར་བྱ། །སྔགས་པས་གནོད་མཛེས་རྒྱལ་པོའི་སྔགས། །དེ་ལ་ཐོག་མར་རྣམ་སྣང་མཛད། །བདུན་པ་ལ་ཡང་སླར་དེའོ། །དགུ་པར་སུ་ཡི་ཡི་གེ་སྦྱིན། །བཅུ་གསུམ་པ་ལ་དྲི་ཡིག་གོ། །བཅུ་ བདུན་པ་ནི་བྷ་ཡིག་སྟེ། །སླར་ཡང་བཅུ་དགུ་པ་ལ་ཧྞ། །སུམ་བཅུ་གཅིག་པར་གྲི་ཡིག་སྦྱིན། །སུམ་བཅུ་གསུམ་པར་ནི་ཡིག་གོ། །སུམ་བཅུ་བདུན་པར་སྦྱིན་བྱ་བ། །མཁས་པས་ཧྣའི་ཡི་གེར་སྦྱར། །བཞི་བཅུ་རྩ་གཅིག་ 86-1-89a པ་འདིར་ནི། །དེ་བཞིན་སུ་ཡི་ཡི་གེ་སྦྱིན། །བཞི་བཅུ་རྩ་གསུམ་པར་དེ་བཞིན། །ཡེ་ཤེས་ས་བོན་སྦྱར་བར་བྱ། །བཞི་བཅུ་རྩ་དགུ་པར་སྦྱིན་པ། །ཐམས་ཅད་ཤེས་པས་མྦྷའི་ཡིག །དུམ་བུ་གཉིས་པར་སྦྱིན་བྱ་བ། ། རིག་བྱེད་རྣམས་ཀྱི་ཐོག་དབྱངས་སོ། །དུམ་བུ་དྲུག་པར་དེ་བཞིན་འདིར། །རླུང་ནི་དུས་ཐམས་ཅད་དུའོ། །བཅུ་པར་གྲི་ཡི་ཡི་གེ་སྦྱིན། །བཅུ་གཉིས་པ་ལ་བ་ཡིག་གོ། །བཅྭ་བརྒྱད་པ་ལ་ཧྣཱ་ཡིག་སྟེ། །སུམ་བཅུ་གཉིས་པར་ཡ་ ཡིག་གོ། །སུམ་བཅུ་བརྒྱད་པར་ཧྣཱ་ཡིག་སྟེ། །བཞི་བཅུ་པ་ལ་ཡའི་ས་བོན། །བཞི་བཅུ་རྩ་བཞི་དེ་བཞིན་འདིར། །གྲི་ཡི་ཡི་གེ་སླར་སྦྱིན་བྱ། །བཞི་བཅུ་བརྒྱད་པར་སྔགས་པ་ཡིས། །རྟག་ཏུ་ཧཱུྃ་ཡིག་གཞོམ་མེད་པའོ། །བརྒྱད་ པར་དེ་བཞིན་དུ་ནི་འདིར། །སླར་ཡང་ཡི་གེ་ཀུན་དབང་ཕྱུག །བཞི་བཅུ་པ་རུ་ཛ་ཡིག་སྟེ། །བཅུ་དྲུག་པ་ལ་བྷ་ཡིག་གོ། །ཉི་ཤུ་པ་ལ་ཨཱའི་ཡི་གེ། །ཉི་ཤུ་བཞི་པར་ག་ཡིག་གོ། །ཉི་ཤུ་དྲུག་པར་ན་སླར་སྦྱིན། །སུམ་བཅུ་པ་ལ་ཝཱན་སྦྱར་ བྱ། །སུམ་བཅུ་བཞི་པར་ཡ་སྦྱིན་ཏེ། །ར་ཡིག་སུམ་བཅུ་དྲུག་དེ་བཞིན། །བཞི་བཅུ་གཉིས་པར་ཧཱུྃ་སྦྱིན་བྱ། །རྡོ་རྗེ་འཁྲུལ་འཁོར་བསྡུས་པའོ། །དུམ་བུ་བཅུ་གཉིས་རྣམས་ལ་ནི། །བསྒྲུབ་པར་བྱ་བའི་མིང་གཞུག་བྱ། །ཧཱུྃ་ཡིག་ དུམ་བུ་ཐམས་ཅད་ཀྱི། །བསྒྲུབ་བྱ་རྣམས་ཀྱི་དབུས་སུ་བྲི། །རྩ་བའི་སྔགས་ཀྱིས་ཡོངས་སུ་བསྐོར། །རྡོ་རྗེ་ཡི་ནི་ཕྲེང་བ་བྱ། །འཁོར་ལོ་ཟུང་ནི་བྲི་བྱ་སྟེ། །དབང་ལ་ཁམ་ཕོར་ས་མཐིལ་ལའོ། །འཁྲུལ་འཁོར་རྡོ་རྗེ་ལས་ བྱུང་བ། །དབང་གི་རྫས་ཀྱིས་ཡང་དག་བྲི། །སངས་རྒྱས་རྡོ་རྗེ་འཆང་བ་ཡང་། །དེ་ཚེ་མྱུར་དུ་བྱོན་པར་འགྱུར། །བདུད་རྩི་ལྔ་རྣམས་ཕབ་པ་ལས། །དམ་ཚིག་དེར་ནི་བྱ་བ་ཡིན། །ནང་གི་བདག་ཉིད་སྦྱིན་སྲེག་གིས། །སྔགས་ ཀྱི་གཙོ་མོ་ཤེས་པར་བྱ། །དཔའ་བོ་གཉིས་མེད་སྦྱོར་བ་ཡིས། །དེ་ལས་ལས་མཆོག་བཤད་པར་བྱ། །རྣལ་འབྱོར་རྣམས་ཀྱི་གསང་མཆོད་པ། །རྟག་ཏུ་འཁྱུད་པས་མཆོག་རབ་བྱེད། །མཚན་མོ་ཀུན་དུ་སྒྲུབ་པ་པོ། །དེ་ནས་ 86-1-89b ཕོ་ཉ་མཆོད་པར་བྱ། །ཤ་ཟའི་རྩ་བ་ཁར་བཅུག་ནས། །ཇི་སྲིད་འདོད་པའི་བར་དུ་ནི། །དེ་སྲིད་ལིང་ག་ལས་རུང་འགྱུར། །གཞན་དུ་ང་ཡིས་མ་བཤད་དོ། །ས་ཡི་ལྕུག་མ་ཏིལ་མར་དུ། །བཙོས་པས་རྐང་པ་བྱུག་པར་བྱ། ། མཁས་པ་དེ་ཡི་མཚན་མ་ནི། །དུས་ཐམས་ཅད་དུ་རེངས་པ་མཁས། །པཱ་ཐ་ཀ་ཊུ་ཀ་རོ་ཧི་ནི། །རྟ་ཡི་དྲི་དང་འདི་རྣམས་ནི། །ཆ་རྣམས་མཉམ་པར་བྱ་བ་སྟེ། །བརྩེ་ཆེན་ཆོ་གའི་ལྷག་མ་ནི། །ཨརྒའི་འོ་མ་དང་བཏགས་ནས། ། དེ་ཡིས་ལིང་ག་དྲིལ་ཕྱིས་བྱ། །གང་གི་ཚད་དུ་འདོད་པ་ཡི། །དེ་ཡི་ཚད་དུ་འགྱུར་ཞེས་བྱ། །མྱུར་བ་རུ་ནི་ཆུ་དྲོན་གྱིས། །བཀྲུ་བ་བྱས་ན་སྔོན་གྱི་ཚད། །པད་མ་དཀར་པོའི་ཀེ་ས་ར། །སྦྲང་དང་བཏགས་པའི་བྱུང་བ་ནི། །བྱིན་ན་ལིང་ ག་བརྟན་པ་རུ། །དེ་འགྱུར་འདོད་མ་ལ་སྤྱོད་དོ། །པད་མ་དཀར་པོའི་གེ་སར་ནི། །ཏིལ་དཀར་པོ་དང་དེ་བཞིན་གཞན། །མར་སར་དང་ནི་དཔའ་གཅིག་གི། །རྩ་བ་སྦྲང་དང་ལྷན་ཅིག་ཏུ། །བཏགས་ནས་ལྟེ་བར་བྱུག་བྱས་ན། ། དེ་སྲིད་ལིང་ག་མི་ལྟུང་ངོ་། །རྡུལ་ཅན་མ་དང་ཡུང་བ་གཉིས། །ཡོངསུ་བཟུང་བ་ཡི་དར་བ་དང་། །བྲེ་དོ་གདུ་བར་བྱ་བ་སྟེ། །བྲེ་གང་མ་གྱུར་པར་དུའོ། །དེ་ལྟར་འཐུངས་པས་ཉིན་བདུན་ན། །བཅུད་ལེན་རྫོགས་པར་བྱེད་པ་ཡིན། །དེ་ལྟར་ སྦྱོར་བ་མཆོག་གཙོ་བོ། །ཡང་དག་དཔའ་བོས་གསུངས་པའོ། །སྤྲེའུའི་མཆིན་པ་བཟུང་ནས་ནི། །ཕྱེ་མ་ཞིབ་མོ་རུ་ནི་བྱ། །རང་གི་དབང་པོ་ཡང་དག་ལྡན། །དབང་དུ་བྱེད་པ་བླ་མེད་པའོ། །གང་དང་གང་དུ་གནས་ནས་ནི། །རྡོ་རྗེ་ཕག་མོ་ཟློས་ གྱུར་ནས། །ལན་ཅིག་བཟླས་པའི་སྡིགས་མཛུབ་ཀྱིས། །གཡོན་དང་གཡས་སུ་བསྐོར་བར་བྱ། །གང་གང་བསམ་པ་ཐམས་ཅད་རྣམས། །དེ་ནི་ཐམས་ཅད་རབ་སྟེར་བྱེད། །སོ་བ་གོས་དང་གསེར་དང་ནི། །བཟའ་སྟོན་ཟས་དང་ བཏུང་བ་སྟེ། །དེ་ཐམས་ཅད་ནི་འཐོབ་བྱེད་དེ། །སྔགས་པས་དེ་བཟུང་ཡོངས་རྫོགས་བྱེད། །རྣམ་འགྱུར་མེད་པ་དང་ནི་ཁྲག །སྒྲུབ་པོས་གཅིག་ཏུ་བྱས་ནས་ནི། །རིག་པ་ལན་བདུན་བཟླས་པ་ཡིས། །དེ་ནས་མི་ལ་བསྐུས་པ་ཡིས། ། 86-1-90a རེག་པས་སྐྱེས་བུ་རྣམས་ཕྱེ་བར། །འགྱུར་ཏེ་ཚིག་ནི་གཞན་དུ་མིན། །འདི་ཡི་རིག་པ་ལན་ཅིག་ནི། །བཟླས་པའི་ཆུ་ཡིས་གྲོལ་བ་ཡིན། །དེ་ལྟར་གང་དང་གང་གི་ནི། །སེམས་ཅན་གྱི་ཁྲག་ཁྲག་གིས་ནི། །བསྒོས་པའི་ སྐུད་པ་བཅིངས་པ་ཡིས། །བཟླས་པས་གཟུགས་ནི་འཛིན་པ་སྟེ། །འདི་རྣམས་ཐམས་ཅད་ཆུས་གྲོལ་བར། །འགྱུར་བ་འདི་ལ་ཐེ་ཙོམ་མེད། །བུད་མེད་གཟུགས་མཛེས་རྒྱལ་པོ་དང་། །ས་ཡི་བདག་པོ་ལ་བལྟས་ན། །སྒྲུབ་པོས་ མ་མཐོང་བ་ཡང་ནི། །དེ་རྣམས་ཐམས་ཅད་འགུགས་པར་འགྱུར། །ལན་བདུན་མངོན་པར་བསྔགས་བྱས་ན། །དེ་ཡི་མཚན་མོ་འོང་བ་སྟེ། །ནུབ་བདུན་ན་ནི་མདའ་ཤུགས་ཀྱིས། །འོང་བ་ལ་ནི་ཐེ་ཙོམ་མེད། །དེ་ལྟར་བྱ་དང་ བྱ་མིན་པའི། །ལས་ཀུན་རྡོ་རྗེའི་ནོར་སོན་པར། །རང་གིས་རིག་པའི་སྦྱོར་བདག་ཉིད། །ཡེ་ཤེས་ཕ་རོལ་སོན་པ་འགྲུབ། །འཁྲུལ་འཁོར་ཁམས་ཀྱི་རེའུ་མིག་ཏུ། །རྩ་ནི་ཕྲ་མོའི་གཟུགས་ཅན་མ། །ཡི་གེ་རླུང་ཆེན་པོ་ཡིན་ཏེ། ། ལྷ་ནི་ཀུན་དུ་འགྲོ་བའོ། །ལྗང་གུ་གཉིས་མེད་བདག་ཆེན་མོ། །ལྷ་མོ་ཡེ་ཤེས་རྒྱ་མཚོ་ཡིན། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། ། བཅོམ་ལྡན་བདག་པོས་འདི་གསུངས་སོ། །འདི་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་རྡོ་རྗེ་ཕག་མོ་དང་གཉིས་སུ་མེད་པའི་ལྗང་ལྷ་མོའི་དབང་དུ་བྱ་བའི་སྦྱིན་སྲེག་དང་འཁྲུལ་འཁོར་ གྱི་འཁོར་ལོ་དང་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་གའི་མཚན་ཉིད་ཅེས་བྱ་བ་སྟེ་ལེའུ་སུམ་བཅུ་རྩ་བརྒྱད་པའོ།། །། དེ་ནས་བཅོམ་ལྡན་མཁའ་འགྲོ་ཡི། །བདག་པོ་ཡིས་ནི་སླར་གསུངས་པ། །ལམ་ པ་ཀ་ཡིས་རབ་སྦྱོར་བས། །ཤིན་བཟང་རྣལ་འབྱོར་མའི་སྦྱོར་བ། །ཤེས་རབ་སྟོབས་སུ་ཤེས་བྱ་སྟེ། །འཁྲུལ་འཁོར་རྟ་ཡི་འགྲོས་དེ་བཞིན། །རབ་ཏུ་དགའ་བའི་སྦྱོར་བས་བཞུགས། །རྩ་སྔགས་རྣལ་འབྱོར་པ་ཡིས་སོ། ། 86-1-90b ཡེ་ཤེས་ལྡན་པ་དབུགས་རྒྱུའི་བདག །ཀུན་རྫོབ་བདེན་པ་ཀུན་ནས་འཛིན། །རྩ་ཡི་ཀུན་དུ་སྤྱོད་ལུགས་ལས། །སྟོབས་ནི་ལས་རྣམས་ཐམས་ཅད་དུའོ། །གཉིད་ལོག་པ་ཡིས་རབ་ཞུགས་པའི། །སྲོག་ཐམས་ཅད་ནི་དེའི་ ནང་དུའོ། །ལས་ཆེན་པོ་ལ་ཟ་བཞིན་པ། །རྩ་བའི་སྔགས་ཀྱིས་བྱས་ནས་ནི། །བདུད་རྩི་དྲོན་མོ་བཞུ་བྱས་ནས། །དེའི་དབུས་རྩ་རྣམས་ཀྱིས་འཁོར་ལོ། །དེ་ནི་སུམ་བཅུ་བདུན་བདག་ཉིད། །འཕྱང་བཞིན་པ་ནི་བྱང་ཆུབ་སྐྱེས། ། མེ་ཡི་རྣམ་པར་རྟག་ལྷ་མོ། །གཙོ་མོ་རྣམས་ཀྱིས་སྙིང་བདག་ཉིད། །ཀེང་རུས་རླུང་དང་རྣམ་ཤེས་ལ། །ཕྱིན་ནས་དུར་ཁྲོད་བདག་ཉིད་རྣམས། །དེ་ཡི་ས་བོན་ཡིག་ཤེས་ནས། །ཕོ་ཉ་རྣམས་ཀྱིས་རྟག་ཏུ་བསྐྱེད། །རེ་རེ་ཡི་ནི་ ས་བོན་གྱི། །མཐའ་ནི་རྩ་བའི་གསང་སྔགས་སོ། །ཨོཾ་མ་ཛྙཱ་ཧཱ་ན་པི་སྭཱ་སིག་དུར་རུ་པྲ་དྷི་བྷ་ར་ཡ་བ་ཧཱུྃ་སྭཱ་ཧཱུྃ་ཧཱ་ཕ་རི་ཊ་ཎེ་ཕ་ཧཱུྃ་ཊ་ཧཱུྃ་སྭཱ་ཕཊ་ཧཱ་ཕཊ་སྭཱ་ཧཱ་ཨོཾ་སུ་བྷ་དྲེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དེ་ལྟར་སྔགས་ལས་ཡང་དག་བྱུང་། ། ལས་ཀྱིས་ཁ་དོག་དང་ནི་གཟུགས། །རྣལ་འབྱོར་བདུད་རྩིའི་རང་བཞིན་ཅན། །གསང་བའི་དབུས་སུ་བསྒོམ་པར་བྱ། །གཏོར་མ་དང་ནི་སྦྱིན་སྲེག་བྱ། །ཕྱི་ནས་ལས་ནི་འདི་དག་བརྩམ། །སྔགས་པས་ལྷ་ཡི་སྦྱོར་བ་ཡིས། ། འབུམ་ཕྲག་བཟླས་པ་བྱས་ནས་ནི། །སེམས་ཅན་ཀུན་ལ་བདེ་འབྱུང་བའི། །འཁྲུལ་འཁོར་འཁོར་ལོ་བཤད་པར་བྱ། །འཁོར་ལོ་སྔོན་མའི་གཟུགས་ཅན་ནི། །བྱས་ནས་གསང་སྔགས་འདིར་དགོད་བྱ། །རྣམ་པར་སྣང་ མཛད་ཐོག་མར་ཏེ། །གཉིས་པར་དེ་ནས་ནི་དགོད་བྱ། །གསུམ་པར་ཧཱུྃ་ཡིག་སྦྱིན་བྱ་སྟེ། །ལྔ་པར་ཨོཾ་གྱི་ཡི་གེའོ། །དྲུག་པ་གྲི་ཡི་ཡི་གེ་སྦྱིན། །ཧཱུྃ་གི་ཡི་གེ་བདུན་པ་རུའི། །བརྒྱད་པར་མྦྷའི་ཡི་གེ་སྦྱིན། །བཅུ་པར་སུ་ཡི་ ཡི་གེའོ། །བཅུ་གཉིས་པར་ནི་ཧཱུྃ་ཡིག་སྦྱིན། །བཅུ་བཞི་པར་ནི་གྲི་ཡིག་གོ། །བཅྭ་ལྔ་མྦྷའི་ཡི་གེ་སྟེ། །བཅུ་དྲུག་དེ་བཞིན་ཧཱུྃ་ཡིག་གོ། །བཅུ་བདུན་པ་རུ་སུ་ཡིག་སྟེ། །བཅུ་དགུ་པ་རུ་ཧྣ་སྦྱར་བྱ། །ཉི་ཤུར་ཕཊ་ཡིག་སྦྱིན་པར་བྱ། ། 86-1-91a ཧྣ་ཡིག་ཉི་ཤུ་རྩ་གཅིག་པར། །ཉི་ཤུ་དགུ་པར་རྣམ་སྣང་མཛད། །སུམ་བཅུ་པའི་ཡི་གེ་གཉིས། །སུམ་བཅུ་གཅིག་པར་སླར་དེའོ། །རིག་བྱེད་དང་པོ་སུམ་བཅུ་གསུམ། །སུམ་བཅུ་བཞི་པར་ཡ་ཡིག་སྟེ། ། རཱ་ཛའི་ཡིག་དག་སུམ་བཅུ་ལྔར། །སུམ་བཅུ་དྲུག་པར་ཧྣ་ཡིག་སྦྱིན། །སུམ་བཅུ་བརྒྱད་པར་གྲི་ཡིག་གོ། །བཞི་བཅུ་པར་ནི་ཝན་སྦྱིན་བྱ། །བཞི་བཅུ་གཉིས་པར་ཨཱ་དེ་བཞིན། །བཞི་བཅུ་གསུམ་པ་རུ་ནི་ཧྣཱ། །བཞི་བཅུ་ བཞི་པ་ཧཱུྃ་ཧཱུྃ་དག །བཞི་བཅུ་ལྔ་པ་རུ་ནི་གྲི། །བཞི་བཅུ་བདུན་པ་རུ་ན་ནི། །བཞི་བཅུ་བརྒྱད་པར་སྦྱིན་བྱ་བ། །ཧཱུྃ་ཧཱུྃ་གི་ནི་ཡིག་གཉིས་སོ། །བྷ་གའི་སྒྲ་ནི་སླར་སྦྱིན་ཏེ། །བཞི་བཅུ་རྩ་དགུ་པ་ལའོ། །ལྷག་མ་ལ་ནི་རྩ་ སྔགས་བྲི། །འཁོར་ལོ་བཞི་རུ་བསྒྲུབ་བྱའོ། །ཀུན་ནས་ཡོངས་སུ་འཁོར་བར་ནི། །སྔགས་པས་རྟ་མགྲིན་བྲི་བར་བྱ། །གཉིས་པས་གཡོན་དུ་བསྐོར་བ་སྟེ། །འཁྲུལ་འཁོར་ཁ་སྦྱར་འཁྲུལ་འཁོར་བྱ། །གསང་ བའི་ཡི་གེ་ལས་སྐྱེས་པར། །ཤེས་བྱ་ལྷན་སྐྱེས་རྣལ་འབྱོར་པས། །ཀླུ་དགུག་པ་དང་དབང་དང་ནི། །ལྷ་ལ་སོགས་པ་གསད་པ་ཡིན། །རྣལ་འབྱོར་བརྩེ་བདག་ཉིད་ཅན་གྱིས། །རང་སེམས་རྟག་ཏུ་གསད་པར་བྱ། ། གར་ཡང་དེའི་ཡང་སྡང་བ་ནི། །དེ་ཡིས་ཐམས་ཅད་བསད་པ་ཡིན། །སྡང་སེམས་ཅན་གྱིས་གཞན་དུ་ན། །བསད་པས་དངོས་གྲུབ་རྣམས་མི་འཐོབ། །བདེ་མཆོག་ཕྱི་མའི་ལས་གང་ནི། །དེ་ཀུན་ངེས་པར་བྱེད་པར་འགྱུར། ། རེ་རེ་ཡི་ནི་ལས་ཅུང་ཟད། །མདོར་བསྡུས་འདི་ནི་བཤད་པར་བྱ། །ཀླུ་ཡི་རྒྱལ་པོ་དེ་བཞིན་བརྒྱད། །མཐའ་ཡས་རིམ་པས་བསྒོམ་པར་བྱ། །ནོར་རྒྱས་སྲོག་ཏུ་ཤེས་པར་བྱ། །ཐུར་དུ་སེལ་བ་དུང་སྐྱོང་ངོ་། །མཉམ་ གནས་པད་མ་ཡི་ནི་ཀླུ། །བསམ་གཏན་པད་མ་ཆེན་པོའོ། །ཁྱབ་གནས་འཇོག་པོ་ཡི་ནི་ཀླུ། །ཀླུ་ནི་སླར་ཡང་ཧུ་ལུའོ། །རུས་སྦལ་མཐའ་ཡས་ཤེས་པར་བྱ། །རྩངས་པ་རྒྱལ་བ་ཡི་ནི་ཀླུ། །ལྷ་སྦྱིན་རྣམ་པར་རྒྱལ་བའོ། ། 86-1-91b མཐའ་ཡས་ནོར་ལས་རྒྱལ་བའོ། །འཇུག་པ་ཡིས་ནི་དགུག་པ་སྟེ། །བཏང་བ་ཡིས་ནི་གཤེགས་སུ་གསོལ། །བུམ་པ་ཅན་གྱིས་ཆར་དབབ་པ། །མཉམ་པའི་རླུང་གིས་བསལ་བའོ། །རྣམ་ཤེས་བརྒྱད་པོ་དེ་བཞིན་དུ། ། འདིར་ནི་ཀླུ་མོར་ཤེས་པར་བྱ། །ཡེ་ཤེས་ནམ་མཁའ་དང་གཉིས་གཞན། །རྣམ་པར་ཤེས་པ་བཅུ་ཡི་རྒྱུ། །ཕུཿཡི་ཡི་གེ་བརྒྱད་སྦྱིན་བྱ། །ཏིང་འཛིན་སྣ་ཚོགས་དེ་བཞིན་ནོ། །ཕན་ཚུན་སྐྱེས་པས་དཀྲིས་པ་སྟེ། །ཀླུ་མོ་ དེ་ཡི་མཆན་ཁུང་དུའོ། །རྡོ་རྗེ་མཁའ་འགྲོའི་གཟུགས་ཆེན་གྱིས། །ཀླུ་ཡི་དཀྱིལ་འཁོར་བསྒྲུབ་པར་བྱ། །ཇི་ལྟའི་རིམ་པས་ཁ་དོག་རྣམས། །ཐུན་མཚམས་གཉིས་ཀྱི་ཐུན་ཚོད་བརྒྱད། །རྩ་སྔགས་མངོན་པར་བརྗོད་པ་ཉིད། ། ཀླུ་དང་ཀླུ་མོར་ཤེས་པར་བྱ། །དབང་པོ་ཐིམ་པར་བྱས་ནས་ནི། །ཡི་གེ་ལ་འབུམ་བཟླས་པ་ཉིད། །གང་གང་ལས་ནི་ཕྱི་རོལ་གྱི། །དེ་དེའི་ལས་ཀྱི་དབང་ཚུལ་བྱ། །གཟུགས་ནི་གང་འདོད་པར་བྱ་སྟེ། །ཁྲོ་བོའམ་ཞི་བའི་ གཟུགས་དག་ཏུའོ། །སེམས་ནི་གཟུགས་སུ་ཡང་དག་གྲགས། །དེ་ཕྱིར་ཤིན་བཟང་མིང་ཅན་ནོ། །རྣལ་འབྱོར་དབང་ཕྱུག་ཀུན་གྱི་བདག །དེ་ཡིས་ལྷ་ནི་བྱེད་པར་འགྱུར། །སླར་ཡང་ཕྱི་ནང་བདག་ཉིད་ཀྱི། །གཞན་ པའི་ལྷ་ནི་མ་བཤད་དོ། །དེ་ཡིས་ཐམས་ཅད་མངོན་བརྗོད་པས། །རྣལ་འབྱོར་པ་ཡིས་གང་འདོད་འགྲོ། །སེམས་ཅན་རྣམས་ཀྱི་བག་ཆགས་སྐྱོན། །ཕྱི་རོལ་དུ་ཡང་སྤྲིན་མཐོང་འགྱུར། །བག་ཆགས་ཟད་པའི་ དུས་སུ་ནི། །སྤྲིན་དང་ཀླུ་རྣམས་མཐོང་མི་འགྱུར། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་ གསུངས་སོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་དང་། ཤིན་དུ་བཟང་མོ་གཉིས་སུ་མེད་པའི་སྦྱོར་བའི་བདག་ཉིད་ཅན་རྟའི་སྔགས་མདོར་ 86-1-92a བསྟན་པ་རིགས་ཀྱི་ཀླུའི་ལས་ཀྱི་ཆོ་གའི་མཚན་ཉིད་ཅེས་བྱ་བ་སྟེ་ལེའུ་སུམ་བཅུ་རྩ་དགུ་པའོ།། །། དེ་ནས་དེ་ཕྱིར་སླར་ལ་ཡང་། །ལྷ་མོས་མཆོད་པ་འདིར་བྱས་ཏེ། །ཕག་མོའི་ འདོད་ཆགས་བཅས་པས་སོ། །མཉེས་ནས་ལྷ་ཡིས་སྟོན་པ་མཛད། །རྟ་རྣ་མ་ཡི་རབ་སྦྱོར་ནས། །དུས་ཀུན་དུ་ནི་ཀཱཉ་ཙིར་རོ། །ཏིང་འཛིན་བྱང་ཆུབ་ཡན་ལག་དང་། །སྙིང་ག་རུ་ནི་ཡང་དག་བཞུགས། །ཧ་ཡིག་ནཱ་དང་ལུས་ ཀུན་དུ། །སྙིང་གའི་དབུས་ལས་ཀྱང་ནི་ལངས། །ཡི་ཡིག་བསྐྱོད་པ་ཡི་ནི་སྲོག །རྡོ་རྗེའི་རླུང་གིས་བསྐྱོད་པ་ཡིན། །དུ་ཙམ་དེ་བདེ་དང་བཅས་པ། །སླར་ཡང་འདབ་འདབ་ལ་གསུམ་གསུམ། །སྐུ་དང་གསུང་དང་ ཐུགས་ཀྱི་ཆོས། །ཉི་ཤུ་རྩ་བཞི་འདབ་མ་བརྒྱད། །བཅུ་གཉིས་ལྟེ་བའི་པད་མ་རུ། །རྣལ་འབྱོར་མ་རྟག་སུམ་བཅུ་དྲུག །དེ་ཚེ་རེ་རེའི་འདིར་རྣམས་ཀྱི། །མཚམས་ཀྱིས་རྟ་ལ་སོགས་པ་རྣམས། །ཎ་ཡིག་ལྷ་མོ་དེ་མ་ཡིན། ། གསལ་དང་མི་གསལ་རང་བཞིན་ཅན། །འདོད་པའི་ཁམས་སུའང་སྐྱེས་པ་མོ། །ཐར་པའི་གཟུགས་ཀྱི་ལས་ཅན་ནོ། །ཙྱཱ་ཡིག་འཕོ་བ་ཡི་ནི་ཆོས། །ཐམས་ཅད་རིག་པའི་མཚམས་ལས་གྲོལ། །སུམ་བཅུ་བདུན་བདག་ ཉིད་དབུས་སུ། །གསོད་པའི་ལས་ལ་བརྩོན་པར་བྱ། །གང་གང་གསོད་པའི་ལས་རྣམས་ཀྱིས། །བླ་མ་གསོད་ལ་བྱེད་པར་འགྱུར། །བསྟན་པ་ལ་ནི་གནོད་བྱེད་པའམ། །དེ་བཞིན་མཚམས་མེད་ལྔ་བྱེད་ལ། །དུག་དང་ སྐེ་ཚེ་ལན་ཚ་དང་། །དྷ་དུར་དུར་ཁྲོད་སོལ་བ་དང་། །རང་གི་སྡིགས་འཛུབ་ཁྲག་གིས་ནི། །འཁོར་ལོ་འབད་པས་བྲི་བར་བྱ། །གཤིན་རྗེའི་འཁྲུལ་འཁོར་རྟག་ཏུ་དེའི། །བྱེད་འགྱུར་གཞན་དུ་མ་ཡིན་ནོ། །སྔོན་བཤད་རེའུ་ མིག་ཤེས་བྱས་ནས། །གསང་སྔགས་ཕྲེང་བ་འདི་དགོད་བྱ། །ཐོག་མར་རྣམ་པར་སྣང་མཛད་དེ། །གཉིས་པར་སུ་ནི་རྣམ་པར་བརྗོད། །གསུམ་པར་མྦྷའི་ཡི་གེ་བརྗོད། །རིག་བྱེད་དང་པོ་ལྔར་དེ་བཞིན། །དྲུག་པར་གྲི་ཡིག་ 86-1-92b དེ་བཞིན་ཏེ། །སླར་ཡང་བདུན་པར་ཧྣ་ཡིག་གོ། །བརྒྱད་པ་ལ་ནི་ཧཱུྃ་ཡིག་གཉིས། །དགུ་པར་ཕཊ་ཡིག་དེ་བཞིན་ནོ། །བཅུ་པར་ནི་ཡིག་དེ་བཞིན་ཏེ། །སླར་ཡང་བཅུ་གཉིས་པར་ཧཱུྃ་ཡིག །བཅུ་གསུམ་པར་ནི་ཕཊ་ཡིག་ སྟེ། །གྲི་ཡིག་བཅུ་བཞི་པར་དེའོ། །ཧཱུྃ་གི་ཡི་གེ་བཅྭ་ལྔ་པར། །མྦྷའི་ཡི་གེ་བཅུ་དྲུག་པར། །བཅུ་བདུན་པ་རུ་སུ་ཡིག་སྟེ། །ཧཱུྃ་ཡིག་བཅུ་དགུ་པ་ལའོ། །ཉི་ཤུ་པ་ལ་ཧཱུྃ་ཡིག་སྦྱིན། །ཧྣ་ཡིག་ཉི་ཤུ་རྩ་གཅིག་པར། །རྣམ་པར་ སྣང་མཛད་ཉི་ཤུ་དགུར། །སུམ་བཅུ་པ་སླར་གྲི་ཡིག་གོ། །སུམ་བཅུ་གཅིག་པར་ཧྣཱ་ཡིག་སྟེ། །སུམ་བཅུ་གསུམ་པར་རྣམ་སྣང་མཛད། །སུམ་བཅུ་བཞི་པར་ཨ་ཡིག་དང་། །ན་ཡི་ཡི་གེ་དེར་སྦྱར་བྱ། །སུམ་བཅུ་ ལྔ་པར་ཡའི་ས་བོན། །ཧོ་ཡིག་དེར་ནི་སྦྱིན་པར་བྱ། །སུམ་བཅུ་དྲུག་པར་ཧཱུྃ་གཉིས་སྦྱིན། །སུམ་བཅུ་བདུན་པར་ཕཊ་ཡིག་གོ། །སུམ་བཅུ་བརྒྱད་པར་པ་ཡ་གཉིས། །བཞི་བཅུར་ཧཱུྃ་གཉིས་དེ་བཞིན་ནོ། ། བཞི་བཅུ་རྩ་གཅིག་པ་ལ་ཕཊ། །བཞི་བཅུ་གཉིས་པར་བྷ་ག་གཉིས། །བཞི་བཅུ་རྩ་གསུམ་པ་ལ་ནི། །པ་ཡ་གཉིས་དག་ཡི་གེའོ། །བཞི་བཅུ་རྩ་བཞི་པ་ལ་ཧྣ། །བཞི་བཅུ་ལྔ་པར་གྲི་ཡིག་གོ། །བཞི་བཅུ་རྩ་བདུན་ པ་ལ་ནི། །རཱ་ཛའི་སྒྲ་ནི་སྦྱར་བར་བྱ། །བིདྱཱའི་སྒྲ་ནི་སླར་སྔགས་པས། །དུམ་བུ་བཞི་བཅུ་བརྒྱད་པར་རོ། །ཝཱན་ཡིག་སླར་ཡང་སྦྱིན་བྱ་བ། །བཞི་བཅུ་རྩ་དགུ་པ་ལའོ། །ལྷག་མ་རྣམས་ལ་གོ་ཆའི་སྔགས། ། བསྒྲུབ་བྱའི་མིང་ནང་བཅུག་པའོ། །གཤིན་རྗེའི་གདོང་ནི་གྲྭ་ཀུན་དུ། །ལག་པ་རྐང་པ་ཕྱོགས་སུ་དགོད། །སྙིང་ག་གཤིན་རྗེའི་ས་གཞི་ནི། །དེ་ཡི་དབུས་སུ་བསྒོམ་པར་བྱ། །ཡེ་ཤེས་རྣམ་ཤེས་སྦྱོར་བདག་ཉིད། །མཁས་པས་ སྔགས་ཀྱི་ཀུན་སྤྱོད་བྱ། །བླ་མ་དམ་ཚིག་ལ་བརྙས་པའང་། །རྣམ་པར་ཤེས་དང་བློ་དམན་པའོ། །བསྟན་པ་ལ་ནི་གནོད་བྱེད་པ། །མིག་ལ་སོགས་པའི་སྐྱེ་མཆེད་དོ། །མཚམས་མེད་ལྔ་པོ་བྱེད་པ་ནི། །ཕུང་པོ་ཁམས་དང་དེ་བཞིན་ 86-1-93a གཞན། །སེམས་ཅན་ཐམས་ཅད་གཅིག་པ་ཡི། །རིགས་ནི་ཕུང་པོ་སོགས་དང་ཁམས། །རྣལ་འབྱོར་དབང་ཕྱུག་རྣམས་ཀྱིས་ཏེ། །བསད་པར་སེམས་ཅན་ཁམས་བསད་པའོ། །གང་དང་གང་གི་གདོང་བལྟས་ ནས། །དེ་དང་དེའི་བདག་ཉིད་གཟུགས་ཅན། །བག་ཆགས་ཡེ་ཤེས་ཀྱིས་སད་པར། །འགྱུར་རོ་སེམས་ཅན་གཞན་བསད་མན། །དེ་རྣམས་གསོད་པའི་ལས་སམ་ཡང་། །བྱས་པས་བསད་པ་དེ་དང་འདྲ། །སྦྱིན་སྲེག་དུག་ལ་སོགས་ རྫས་ཀྱིས། །ཡང་དག་རིག་གཟུགས་ཅན་གྱིས་བྱ། །དཀྱིལ་འཁོར་འཁོར་ལོ་དེར་དྲན་བྱ། །བསྲོག་པ་གཏུམ་མོ་ལ་ནིའོ། །ས་བོན་ཡི་གེ་ལས་སྐྱེས་པ། །དཀྱིལ་འཁོར་རྟ་རྣ་མ་ཡིའོ། །ཁ་དོག་དང་ནི་དབྱིབས་སྔོན་གྱི། ། ཤེས་རབ་ཐབས་ཀྱི་མཆོད་པ་ཆེ། །ཨོཾ་ཤྲཱི་སཥྚི་རྦ་སྃ་མཱ་ཧཱ་ར་ར་བ་ཀཱ་ལ་ར་ཐྃ་ཀཱ་སི་ཡ་ཎེ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་ཕཊ་སྭཱ་སྭཱ་ཧཱ་ཧཱ་ཨོཾ་ཧཱ་ཡཱ་ཀརྞྞེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། འཁོར་རྣམས་ངོ་མཚར་སྐྱེས་ནས་ནི། །སྐྲག་ནས་ས་ལ་འགྱེལ་བར་ འགྱུར། །ཀྱེ་མ་ཚུལ་འདི་མི་ཤེས་པའི། །འཇིག་རྟེན་རྣམས་ནི་རྨོངས་པ་ཉིད། །གང་གི་བདེ་ཀུན་ལ་གནས་ནས། །སྲོག་གིས་འདི་ལ་ཚར་གཅོད་པའོ། །མཚར་ནས་སེམས་ཅན་སར་འགྱེལ་བས། །ལག་ན་རྡོ་རྗེ་སོགས་བཞེངས་ནས། ། པུས་མོའི་ལྷ་ང་སར་བཅུགས་ནས། །བདག་ཉིད་ཆེན་པོ་བདག་འདྲིའོ། །ཅི་ཡིས་བདག་དང་གང་གི་ཉིད། །དེ་རྣམས་བསད་པའམ་ལས་སམ་ཡང་། །འབྲས་བུ་དང་ནི་རྒྱུའི་རང་བཞིན། །བཅོམ་ལྡན་གང་དུ་རྣམས་པར་གཞག །གལ་ཏེ་ཉིད་ཀྱི་འབྲས་རྣམས་ཀྱིས། །གསོད་པ་དེ་དང་འདྲ་ བར་གསུངས། །ཡང་ན་རྒྱུ་ནི་བཅོམ་ལྡན་ལ། །འབྲས་བུ་སྐྱེས་བུ་གསོད་པ་ཡིན། །བདག་གི་བདག་པོས་བཀའ་སྩོལ་ཅིག །ཐེ་ཙོམ་བསལ་བར་མཛད་དུ་གསོལ། །བཀའ་སྩལ་པ། རྩེ་གཅིག་པ་ཡིས་ཚིག་དེ་ལ། །རྡོ་རྗེ་ཁྱེད་ ཀྱིས་མཉན་པར་གྱིས། །འབྲས་བུ་ལས་ཀྱི་རྗེས་སུ་མཐུན། །བདག་ནི་བདེ་བ་ཀུན་གྱི་གནས། །དེའི་ལས་དབང་གིས་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་ཁྱེད་རྣམས་སོ། །རྒྱུ་དང་འབྲས་བུའི་རང་བཞིན་ནི། ། 86-1-93b གཉིས་སུ་མེད་པས་གཅིག་ཏུ་གྱུར། །དེ་ནི་དངོས་པོ་ཀུན་གྱི་རྒྱུ། །མཁས་པ་ལས་ནི་རྐྱེན་ཡིན་ནོ། །དམག་དཔུང་ལ་སོགས་ས་ཆེན་ལ། །མཁས་པ་རྣམས་ཀྱིས་མཐོང་བ་ཡིས། །ཐམས་ཅད་གཉིས་མེད་བདག་ཉིད་བྱ། ། དེའི་ཕྱིར་གསོད་པ་དང་ལྡན་པའོ། །བདག་ཉིད་བསད་པས་སངས་རྒྱས་ཉིད། །སྐྱེ་བོ་གཞན་ཀུན་གྱིས་མ་ཡིན། །དུས་ཀྱི་དབང་གིས་བརྒྱ་སྲིད་ན། །ཚེགས་ཆུང་ལས་ནི་འགྲུབ་པར་འགྱུར། །དེ་ཡི་ཕྱིར་ན་སྔོན་གྱི་ལས། ། མཁས་པ་རྣམས་ཀྱིས་བརྟག་བྱས་ནས། །ཁམས་ནི་དཔའ་བོའི་རང་བཞིན་དུ། །དེ་དང་དེར་ནི་གདགས་པར་བྱ། །དེ་ཡིས་བདག་ཉིད་བསད་པ་ཡིས། །སེམས་ཅན་ཁམས་རྣམས་དེ་ཉིད་དོ། །འབད་པས་བརྩེ་བ་ བསྐྱེད་བྱས་ནས། །ངེས་པར་གསད་པར་བྱ་བ་ཡིན། །འཇིག་རྟེན་འདི་དང་ཕ་རོལ་དུ། །བརྩེ་བ་དམན་པས་འགྲུབ་མི་འགྱུར། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་ འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་རྟ་རྣ་མ་དང་དཔའ་བོ་གཉིས་སུ་མེད་པའི་སྦྱོར་བས་གོ་ཆ་དང་རྩ་བའི་སྔགས་ཀྱི་ ཆོ་གའི་མཚན་ཉིད་ཀྱིས་བསད་པ་ཞེས་བྱ་བ་སྟེ་ལེའུ་བཞི་བཅུ་པའོ།། །། དེ་ནས་སྨྱོ་བར་བྱེད་པ་ཡི། །སྦྱོར་བ་ཀུན་དུ་རྙེད་དཀའ་བ། །བྱ་གདོང་མ་ཡི་རབ་སྦྱོར་བས། །མདོར་བསྡུས་པ་ཡིས་བཤད་པར་ བྱ། །བརྩོན་འགྲུས་བྱང་ཆུབ་ཡན་ལག་ཆོས། །ཧི་མཱ་ལ་ཡར་ཡང་དག་བཞུགས། །ལྟེ་བའི་དཀྱིལ་འཁོར་དབུས་སུ་ནི། །འཁོར་ལོའི་གཙོ་མོ་བསྒོམ་པར་བྱ། །མཁའ་གཟུགས་ཉིད་བདག་ཕོ་ཉ་མོ། །རྐན་དང་རྡོ་རྗེ་ཆུ་སྐྱེས་ དབུས། །རྣམ་ཤེས་རླུང་དང་ལྷན་ཅིག་ཏུ། །མདའ་ཡི་ཤུགས་ཀྱིས་གྱེན་དུ་འཕང་། །ལུས་ནི་འདར་འདར་བྱ་བ་སྟེ། །དྲག་ཤུལ་སྦྱར་བས་བྱ་བ་ཡིན། །རྟག་ཏུ་བྱེད་བཞིན་རྣལ་འབྱོར་པ། །མཆོག་ཏུ་ཟག་མེད་འགྲུབ་པར་ 86-1-94a འགྱུར། །རྣལ་འབྱོར་ཇི་སྲིད་མི་འདོད་པར། །རླུང་དང་རྣམ་ཤེས་གཡོ་མི་འགྱུར། །སྣ་ཡི་བུ་གར་སོན་སྲོག་ལ། །ལྟེ་བའི་དབུས་སུ་བསྐྱོད་པར་བྱ། །ལྟེ་བ་སྣ་གཉིས་སྦྱོར་བ་ཡིས། །འཛིན་བཞིན་པ་ཡིས་ གཡོ་མི་འགྱུར། །རླུང་དང་རྣམ་ཤེས་ལྷན་ཅིག་ཏུ། །དེ་ནི་སྨྱོ་བས་འཁོར་བ་ཡིན། །དེའི་དུས་སྦྱོར་བའི་བདག་ཉིད་ལའང་། །དངོས་པོ་ཐམས་ཅད་མཐོང་བ་གང་། །དེ་དང་འདྲ་བའི་དངོས་པོར་འགྱུར། །དྷ་དུ་རིལ་མའི་སྦྱིན་ སྲེག་གིས། །ཤིང་ལ་དཔྱངས་པའི་སྐྲ་དང་ནི། །ཤ་ཟའི་རྩ་བ་བསྲེག་པར་བྱ། །འདི་ཡི་ལས་ཀྱི་རབ་སྦྱོར་བས། །སངས་རྒྱས་སྐད་ཅིག་གིས་སྨྱོ་འགྱུར། །དེ་ཕྱིར་བརྩོན་འགྲུས་བྱང་ཡན་ལག །དེ་རྣམས་ལས་ནི་མངོན་པར་ བྱ། །བརྩོན་འགྲུས་རྫོགས་བྱང་ཆུབ་མཐོང་བས། །རྟག་ཏུ་མྱུར་དུ་ཐོབ་པར་འགྱུར། །ཧི་ཡིག་འཕྱང་བའི་ཡེ་ཤེས་སུ། །རང་ཉིད་དཔའ་བོས་བཤད་པ་ཡིན། །མཱ་ཡིག་ཀྱང་ནི་རང་རིག་པ། །བདག་ཉིད་རྣམ་པའི་གནས་ བཞུགས་དེ། །ཐིམ་དང་ལོངས་སྤྱོད་རྣམ་པའི་གཟུགས། །སངས་རྒྱས་སྐུ་ཅན་སྐྱེ་བར་འགྱུར། །རང་གིས་རིག་བདག་རིག་པ་རྣམས། །སེམས་ཅན་དོན་བྱས་ནས་གཤེགས་འགྱུར། །སུམ་བཅུ་བདུན་བདག་ཉིད་ དབུས་སུ། །ལས་ཀྱི་རྣལ་འབྱོར་མ་བསྒོམ་བྱ། །མདོག་དང་གཟུགས་ནི་སྔོན་གྱྀ་བཞིན། །གསང་སྔགས་སྦྱོར་ལས་ཡང་དག་བྱུང་། །ཨོཾ་ཨ་སནྟྲ་རྦ་མཱ་ནཱ་ལཱ་གཱ་དྷཱ་ནཱྃ་རི་ཋོ་ཎེ་ཋ་ཧཱུྃ་ཎ་ཧཱུྃ་སྟ་ཕཊ་མྦྷ་ཕཊ་ན་སྭཱ་བི་ཧཱ་པྲཱ་བ་ཎཱ་ ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ་ཨོཾ་ཁ་གཱ་ན་ནེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱའི་སྔགས་ཀྱི་སྦྱོར་བདག་ཉིད། །ཤེས་རབ་ཐབས་ཀྱི་རང་བཞིན་ཅན། །ཇི་ལྟ་བ་ནི་སྔོན་གྱི་བཞིན། །འཁྲུལ་འཁོར་འཁོར་ལོ་བཤད་པར་བྱ། །ཡི་དགས་ འཁོར་ལོར་རྟག་ཏུ་ནི། །སྔགས་ཀྱི་ཕྲེང་བ་འདི་དགོད་བྱ། །ཐོག་མར་རྣམ་པར་སྣང་མཛད་དེ། །གཉིས་པར་མྦྷ་སྦྱར་བར་བྱ། །གསུམ་པར་དེ་ཉིད་དེ་ལྟར་སྦྱིན། །ལྔ་པར་རིག་བྱེད་རྣམས་དང་པོ། །ཧྣ་ཡིག་དྲུག་པར་སྦྱིན་པར་བྱ། ། 86-1-94b ཧཱུྃ་གི་ཡི་གེ་བདུན་པར་དགོད། །བརྒྱད་པར་སུ་ཡི་ཡི་གེ་སྟེ། །དགུ་པར་དེ་ཉིད་སྦྱིན་པར་བྱ། །བཅུ་པར་ཧཱུྃ་གཉིས་སྦྱིན་བྱ་སྟེ། །གྲི་ཡིག་སླར་ཡང་བཅུ་གཉིས་པར། །བཅུ་གསུམ་པ་ལ་ཧྣའི་ཡི་གེ། །བཅུ་བཞི་པ་ལ་ཧཱུྃ་ཡིག་གོ། །བཅྭ་ལྔ་ པ་ལ་ནི་ཡིག་སྟེ། །ཧཱུྃ་ཡིག་བཅུ་དྲུག་པ་ལ་དགོད། །བཅུ་བདུན་པ་ལ་ཕཊ་ཡིག་སྟེ། །གྲི་ཡིག་བཅུ་དགུ་པ་ལའོ། །ཧཱུྃ་ཡིག་ཉི་ཤུ་པ་ལ་སྦྱིན། །ཕཊ་ཡིག་ཉི་ཤུ་རྩ་གཅིག་ཏུ། །རྣམ་སྣང་མཛད་པ་ཉི་ཤུ་དགུར། །སུམ་བཅུར་ཧྣ་ ཡིག་སླར་དགོད་བྱ། །སུམ་བཅུ་གཅིག་པར་དེ་ཉིད་སྦྱིན། །སུམ་བཅུ་གསུམ་པར་རྣམ་སྣང་མཛད། །སུམ་བཅུ་བཞི་པར་ཡ་ཧོ་གཉིས། །སུམ་བཅུ་ལྔ་པར་རཱ་ཛ་གཉིས། །གྲི་ཡིག་སུམ་བཅུ་དྲུག་པར་སྦྱིན། །སུམ་བཅུ་ བདུན་པར་དེ་ཉིད་དོ། །སུམ་བཅུ་བརྒྱད་པར་ཧཱུྃ་ཧཱུྃ་གཉིས། །བཞི་བཅུར་ཨཱ་ན་ཡ་ཡི་ཚིག །བཞི་བཅུ་རྩ་གཅིག་པ་ལ་ཝཱན། །ཧཱུྃ་གཉིས་བཞི་བཅུ་གཉིས་པ་ལ། །བཞི་བཅུ་གསུམ་པར་པ་ཡ་སྟེ། །བཞི་བཅུ་བཞི་པར་དེ་ཉིད་དོ། ། བཞི་བཅུ་ལྔ་པར་ཧཱུྃ་དང་ཕཊ། །བྷ་ག་བཞི་བཅུ་བདུན་པར་རོ། །བཞི་བཅུ་བརྒྱད་པ་རུ་ནི་ཧཱུྃ། །བཞི་བཅུ་རྩ་དགུ་པ་ལ་ཕཊ། །སྟོང་པར་སྙིང་པོ་ཡི་ནི་སྔགས། །བསྒྲུབ་བྱའི་མིང་ནང་བཅུག་པའོ། །ཁ་ཡིས་འཁྲུལ་ འཁོར་ལ་འཛིན་པའི། །ཐམས་ཅད་དུ་ནི་ཡི་དགས་བྲི། །དུར་ཁྲོད་ཀྱི་ནི་རས་ལ་ནི། །ཁ་སྦྱར་རྣམ་པར་བྱ་བ་ཡིན། །ལྟེ་བའི་གནས་སུ་འཁོར་ལོ་འདི། །མཁས་པ་ཡིས་ནི་བསྒོམ་པར་བྱ། །ཡི་དགས་ཆོས་ དབྱིངས་ངོ་བོ་ཉིད། །རྟོག་པ་གསོལ་ཕྱིར་གཤིན་རྗེ་ཡིན། །རྟ་ཡང་གནས་དང་གནས་མིན་དུའོ། །སྙིང་པོའི་བྱང་ཆུབ་ཀྱིས་རྡོ་རྗེ། །ཀླུའི་འགྲོས་ཐེག་པ་ཆེ་རྣམས་ཀྱི། །རང་བཞིན་སྐྱེ་བོ་ཐམས་ཅད་ཀྱིའོ། །དགེ་དང་ མི་དགེ་རོ་ལངས་ཏེ། །སེམས་ཅན་སླུ་བས་བགྲོད་པའོ། །གཞན་ནི་ཐེག་པ་གསུམ་པོ་ཡང་། །སྔོན་གྱི་ལས་ཅན་སྟོན་པ་ཡིན། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག ། 86-1-95a རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །འདི་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་བྱ་གདོང་མ་དང་དཔའ་བོ་གཉིས་ སུ་མེད་པའི་སྨྱོ་བར་བྱེད་པའི་འཁྲུལ་འཁོར་འཁོར་ལོའི་རང་བཞིན་གྱི་མཚན་ཉིད་ཀྱི་ཆོ་གའི་སྙིང་པོའི་སྔགས་དང་བཅས་པའི་ལས་ཞེས་བྱ་བ་སྟེ་ལེའུ་བཞི་བཅུ་རྩ་གཅིག་པའོ།། །། དེ་ནས་འཁོར་ཤུགས་མའི་སྦྱོར་བས། །བྲང་འགྲོའི་འཁོར་ལོ་བཤད་པར་བྱ། །པྲེ་ཏ་པུ་རེར་བྱང་ཡན་ལག །དགའ་བ་ཞེས་བྱ་མདོར་བསྡུས་པས། །སྟོབས་རྣམས་ཐམས་ཅད་རེངས་བྱེད་པ། །འཁོར་ལོས་ སྒྱུར་སོགས་ལས་ཅན་ནོ། །ཡུང་བ་རྒྱ་སྐྱེགས་བསྲེས་པ་ཡིས། །འཕྲུལ་འཁོར་ཐོད་པ་ལ་བྲི་བྱ། །སྦྱོང་ངོ་དུས་ནི་ཐམས་ཅད་དུ། །ལྟེ་བ་སོགས་སུ་ཕྱེད་བཅས་གསུམ། །རོ་ལངས་ཀྱི་ནི་གཟུགས་བདག་ཉིད། ། འགྲོ་དང་འོང་བ་རེངས་བྱེད་པའོ། །བུད་མེད་ཕྱག་རྒྱ་བཟང་བཅས་པས། །རིམ་གྱིས་དབུགས་ནི་དབྱུང་བར་བྱ། །ཀུན་བདག་གཙོ་བོ་རྣམ་པར་ཤེས། །བདེ་བ་རྣམས་སུ་ཐིམ་པར་འགྱུར། །དེ་ནི་གཡོ་བར་མི་འགྱུར་ཏེ། ། བློ་ལྡན་དུས་རྣམས་ཐམས་ཅད་དུའོ། །འདི་ཡི་བྱ་བ་ཀུན་མེད་པ། །བྱས་པའི་བདག་ཉིད་རབ་འབྱུང་བ། །ལས་ཀྱིས་སངས་རྒྱས་ཀྱི་ནི་ཞིང་། །དེ་ཡི་གནས་ནི་དཔག་པར་བྱ། །རྣལ་འབྱོར་པས་དངོས་གང་གང་དྲན། ། དེ་དེ་ད་ལྟར་རེངས་པར་བྱེད། །དེ་ཡི་ལས་ཀྱིས་བསྐྱོད་པ་ཡིས། །སླར་ཡང་ལས་གཞན་དྲན་མི་བྱ། །དེ་དང་དེར་ནི་བྱང་ཆུབ་ཆེ། །སྐྱེ་བོ་ཐམས་ཅད་བྱེད་པར་འགྱུར། །སླར་ཡང་ཡོངས་སུ་མྱ་ངན་འདས་པའང་། ། བྱས་ནས་བདེ་བ་ཆེ་ལས་འཇུག །རི་ནི་འདོད་ཆགས་རང་བཞིན་འདིར། །སྐྱེ་བོ་ཐམས་ཅད་བྱེད་པའོ། །བྱང་ཆུབ་ཡན་ལག་དགའ་ལས་སྐྱེས། །རང་བཞིན་དེར་ནི་བྱུང་བ་ཡིན། །འཁོར་ཤུགས་མ་ཡི་གནས་བཞུགས་ཏེ། ། 86-1-95b དེ་ལྟར་རེངས་པའི་ལས་བྱའོ། །ཁ་དོག་དབྱིབས་ནི་སྔོན་གྱི་སྟེ། །འཁོར་ལོའི་དབུས་སུ་བསྒོམ་པར་བྱ། །སྔགས་དང་དབྱིབས་དང་ཆོས་བདག་ཉིད། །དེ་ཡི་གནས་ལ་འབྱུང་བར་འགྱུར། །ཨོཾ་ཀྲོ་སུ་དྷ་མེ་བི་རུ་ གྲ་ཀ་ཧ་མ་ཧཱ་པི་ར་ཏ་ཎཱ་ཎཱ་ཡ་དཱ་ཧཱུྃ་ཡ་ཧཱུྃ་ཧཱུྃ་ཕ་ཧཱུྃ་ཊ་ཕ་ཕ་ཊ་ཊ་ཕ་སྭཱ་ཊ་ཧཱ་སྭཱ་ཧཱ་ཨོཾ་ཙཀྲ་བེ་གེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ལྷ་མོ་ཆེན་མོ་གསང་སྔགས་འདི། །མཆོག་ལས་ཤེས་རབ་ཐབས་བདག་ཉིད། །འཁོར་ལོའང་སྔགས་ གྱི་བཤད་པ་སྟེ། །གཅིག་གིས་དམན་པའི་ལྔ་བཅུའི་བདག །ཐོག་མར་རྣམ་པར་སྣང་མཛད་དེ། །སུ་ཡིག་སླར་ཡང་གཉིས་པར་རོ། །གསུམ་པའི་དུམ་བུར་མྦྷ་སྦྱིན་བྱ། །ནི་ཡིག་བཞི་པར་དེ་བཞིན་ནོ། །ལྔ་པར་ སུ་ཡིག་སྦྱིན་པར་བྱ། །སླར་ཡང་དྲུག་པར་མྦྷའི་ཡིག་གོ། །ཧཱུྃ་ཡིག་བདུན་པར་སྦྱིན་བྱ་སྟེ། །རླུང་གི་ཡི་གེ་བརྒྱད་པར་རོ། །གྲི་ཡིག་དགུ་པར་སྦྱིན་པར་བྱ། །བཅུ་པར་ཧྣ་ཡིག་དེ་བཞིན་ནོ། །བཅུ་གཅིག་པ་རུ་པ་ སྦྱིན་ཏེ། །དེ་ནས་བཅུ་གཉིས་པར་ཡ་ཡིག །ཧཱུྃ་གི་ཡི་གེ་བཅུ་གསུམ་པར། །བཅུ་བཞི་པ་རུ་ཧཱུྃ་ཡིག་གོ། །པ་ཡི་ཡི་གེ་བཅྭ་ལྔ་པར། །བྃ་ཡིག་བཅུ་དྲུག་པར་དགོད་བྱ། །བི་ཡི་ཡི་གེ་བཅུ་བདུན་པར། །སླར་ཡང་དྱཱ་ ཡིག་བཅྭ་བརྒྱད་པར། །གཅིག་གིས་དམན་པའི་ཉི་ཤུར་རཱ། །ཉི་ཤུ་པ་ལ་ཧཱུྃ་སླར་དགོད། །ཉི་ཤུ་གཅིག་པར་དེ་ཉིད་སྦྱིན། །ཧྣ་ཡིག་ཉི་ཤུ་གཉིས་པར་དགོད། །ག་ཡིག་ཉི་ཤུ་གསུམ་པར་ཏེ། །ཉི་ཤུ་བཞི་པར་ཕཊ་ ཡིག་གོ། །ཉི་ཤུ་དྲུག་པར་ཛ་ཡིག་སྦྱིན། །ཧཱུྃ་ཡིག་ཉི་ཤུ་བདུན་པར་རོ། །ཉི་ཤུ་བརྒྱད་པར་ཕཊ་ཡིག་སྟེ། །གྲི་ཡིག་ཉི་ཤུ་དགུ་པ་ལའོ། །སུམ་བཅུ་པ་ལ་བྷ་ཡིག་སྟེ། །སུམ་བཅུ་གཅིག་པར་ཧཱུྃ་ཡིག་གོ། །སུམ་ བཅུ་གཉིས་པར་དེ་ཉིད་སྦྱིན། །ཧཱུྃ་ཡིག་སུམ་བཅུ་གསུམ་པར་རོ། །ཕཊ་ཡིག་སུམ་བཅུ་བཞི་པར་ཏེ། །སུམ་བཅུ་ལྔ་པར་ཨོཾ་དགོད་བྱ། །སུམ་བཅུ་དྲུག་པར་དེ་ཉིད་སྦྱིན། །སུམ་བཅུ་བདུན་པར་ཧོ་དེ་བཞིན། ། 86-1-96a ཡ་ཡིག་གསུམ་བཅུ་རྩ་བརྒྱད་པར། །སུམ་བཅུ་རྩ་དགུ་པ་ལ་ནི། །བཞི་བཅུ་པ་ལ་ཨཱ་སྦྱིན་བྱ། །བཞི་བཅུ་གཅིག་པུ་ལ་ནི་ཨོཾ། །གྲི་ཡིག་བཞི་བཅུ་གཉིས་པར་ཏེ། །བཞི་བཅུ་གསུམ་པར་ཕཊ་ དགོད་བྱ། །ཧཱུྃ་ཡིག་བཞི་བཅུ་བཞི་པར་ཏེ། །བཞི་བཅུ་རྩ་ལྔ་པ་རུ་ཧཱུྃ། །བཞི་བཅུ་དྲུག་པར་ཧཱུྃ་སྦྱིན་བྱ། །བཞི་བཅུ་རྩ་བདུན་པ་ལ་ཧྣ། །གྲི་ཡིག་བཞི་བཅུ་བརྒྱད་པར་ཏེ། །གཅིག་དམན་ལྔ་བཅུ་པ་ལ་ཧྣ། ། དེ་ལྟར་འཁྲུལ་འཁོར་འཁོར་ལོ་ནི། །མགྲིན་པ་ལས་སྐྱེས་རྟག་དགོད་བྱ། །རེངས་པ་ཐམས་ཅད་ལུས་ཆེན་ལས། །སྲོག་ནི་རྡོ་རྗེའི་རང་བཞིན་ཆེ། །སྦྱོར་བར་བྱས་པ་གང་དེ་བལྟ། །སེམས་ཅན་གནོད་ བྱེད་རེངས་པའོ། །གྲོལ་བ་སེམས་ཅན་ཐམས་ཅད་ལ། །རྣལ་འབྱོར་པའི་ཡང་ཡིད་ཀྱིས་སོ། །ལོ་གཅིག་ཏུ་ནི་གོམས་པ་ལས། །འགྲུབ་འགྱུར་འདི་ལ་ཐེ་ཙོམ་མེད། །ཉེ་བ་ཡི་ནི་སྙིང་པོའི་སྔགས། ། རེའུ་མིག་དབུས་མར་ཡང་དག་བྲི། །བསྒྲུབ་བྱའི་མིང་ནི་ནང་བཅུག་ནས། །རླུང་དང་རྣམ་ཤེས་ཐིམ་པར་བྱ། །བྲང་འགྲོ་འཁྱིལ་པར་གྲགས་པ་སྟེ། །འཁྲུལ་འཁོར་ཡང་ལུས་ཅན་རྣམས་ཀྱིའོ། ། རི་བོ་ཕུང་པོར་འགྲོ་བ་སྟེ། །བྱང་ཆུབ་སེམས་ནི་ཐོད་པའོ། །དེ་ཡི་སྟེང་དུ་སྟེར་བ་ཉིད། །མཁས་པ་འཁྲུལ་འཁོར་གང་གིས་སོ། །ཡི་གེ་ཐམས་ཅད་རང་བཞིན་ཏེ། །ཉིན་ཞག་ལས་ཀྱང་ཤེས་པར་བྱ། ། སེམས་ཀྱི་བྲན་པོ་ཆེན་པོ་ཡི། །རྦ་རླབས་རེངས་པར་བྱ་བ་ཡིན། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་ བདག་པོས་འདི་གསུངས་སོ། །འདི་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་འཁོར་ལོའི་ཤུགས་ཅན་མའི་རེངས་པར་བྱ་བའི་ལས་དཔའ་བོ་དང་གཉིས་སུ་མེད་པའི་ 86-1-96b སྦྱོར་བའི་མཚན་ཉིད་རང་བཞིན་ཞེས་བྱ་བའི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་གཉིས་པའོ།། །། དེ་ནས་དུམ་སྐྱེས་མའི་སྦྱོར་བས། །ཇི་ལྟའི་ལས་ནི་གསལ་བཤད་བྱ། །ལས་ཐམས་ཅད་ པའི་ཐབ་བྱས་ནས། །ཇི་ལྟའི་ཆོ་གས་སྦྱིན་སྲེག་སྟེ། །ལས་ཀྱི་ཆོ་ག་རྣམས་མཐོང་བས། །བསྐྲད་པའི་ལས་ནི་བསྒྲུབ་པར་བྱ། །གྲི་ཧ་དེ་བ་ཏཱ་གནས་སུ། །ཤིན་སྦྱངས་བྱང་ཆུབ་ཡན་ལག་ཏུའོ། །ནམ་མཁའི་ བུ་གའི་བྱང་སེམས་ཀྱང་། །འཛིན་པ་ཆེན་པོ་སྟེང་འཕེན་འགྱུར། །བསྐམ་བྱ་ཨཿཡི་རྣམ་པས་ཏེ། །མགོ་བོར་རྣམ་པར་གཟུང་བར་བྱ། །ཎཎྜ་ཡི་གེས་འགྲོ་བྱ་སྟེ། །མདའ་ཡི་ཤུགས་ཀྱིས་ཡོངས་སུ་འཁོར། ། རླུང་གི་དཀྱིལ་འཁོར་ཅན་བསྒོམས་ནས། །མགོ་བོའི་དབུས་སུ་རྒྱལ་མཚན་ཏེ། །རྣམ་ཤེས་དེ་ནི་བསྐྱེད་པར་འགྱུར། །དཔག་ཚད་འབུམ་ཕྲག་སྟོང་ཕྲག་ཅན། །སངས་རྒྱས་ཉིད་མ་ལུས་པ་འཐོབ། །རྣལ་ འབྱོར་པ་དེ་ས་གསུམ་དུ། །ཧཱ་ཧཱ་ཧེ་ཧེ་རྣམ་བརྒྱད་དུ། །མཁའ་འགྲོའི་སྦྱོར་བས་དགོད་པའོ། །མཁའ་སྤྱོད་འགྲོ་བའི་བྱ་བ་ཡིས། །རྣལ་འབྱོར་མ་ནི་དེར་བྱེད་དོ། །རང་གིས་ཆུང་རྟག་གྱེན་བགྲོད་ལས། ། ཁྱིམ་དུ་འཆི་བར་ཤེས་པར་བྱ། །འཕྲོག་པ་སྡིག་པ་ཐམས་ཅད་དེ། །སྡང་བའི་དབང་པོའི་ཆོ་ག་ཅན། །སྦྱིན་བྱ་ཐེག་པ་ཆེན་པོ་ཀུན། །རྟག་ཏུ་སྦས་པ་མེད་རྒྱུས་སོ། །རྡོ་རྗེ་འཛིན་པའི་དབུགས་དབྱུང་བའང་། ། སེམས་ཅན་ཐམས་ཅད་ལ་སྦྱོར་བྱ། །དེ་སྲིད་རྡོ་རྗེ་རྣལ་འབྱོར་ཆེ། །ཇི་སྲིད་བསྒྲུབ་བྱར་མི་སྤྱོད་པར། །ཤིན་ཏུ་སྦྱངས་པ་ཆོས་ཀུན་དུ། །ཡེ་ཤེས་ཤེས་བྱའི་བདག་ཉིད་དུ། །བྱང་ཆུབ་ཡན་ལག་ཉིད་ཀྱིས་བལྟ། ། ཡིད་དེ་ཆོས་ཅན་ཐམས་ཅད་དོ། །དེ་ལྟར་བྱེ་བྲག་ཆོས་ཤེས་པ། །སངས་རྒྱས་བྱང་ཆུབ་རབ་ཏུ་བསྟན། །ཐེག་པ་ཆེན་པོར་བསྐྲད་པ་སྟེ། །སྦྱིན་སྲེག་འདི་ཡིས་རྫོགས་པར་བྱ། །བྱ་རོག་ཤ་གཤོག་ཆུ་རྒྱུས་དང་། །བྱ་རྒོད་ 86-1-97a ཚད་སྟན་མངོན་པར་ནི། །དེ་ཡི་སེམས་ཀྱིས་བསྲེག་པར་བྱ། །སངས་རྒྱས་རྣམས་ཀྱང་སྐྲོད་བྱེད་ན། །ས་གཞིའི་ཆུང་ངུའི་འཇིག་རྟེན་པའི། །སྐྱེ་འགྲོ་ཀུན་ལ་སྨོས་ཅི་དགོས། །སུམ་བཅུ་ བདུན་བདག་ཉིད་དབུས་སུ། །སྔོན་དུ་བཤད་པ་ཅན་བསྒོམ་བྱ། །སྔགས་ཀྱི་ཡི་གེ་ལས་བྱུང་བ། །ཤེས་རབ་ཐབས་ཀྱི་རང་བཞིན་ཅན། །ཨོཾ་བུ་མ་དྷ་ཧཱ་ཀོ་ཀཱ་ཊི་ཤ་ས་ཏི་ཧ་ལ་སྲ་ཀཱ་ཀྵ་རྨ་ཎཱ་ནེ་ནི་ཧཱུྃ་ཥྤཱ་ཧཱུྃ་ད་ཕཊ་ ནཱ་ཕཊ་ཡ་སྭཱ་ཧཱུྃ་ཧཱ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ་ཨོཾ་ཁཎྜ་རོ་ཧེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱའི་སྔགས་ལས་ཡང་དག་བྱུང་། །འཁྲུལ་འཁོར་སྔོན་བདག་ཉིད་དངོས་ཅན། །གཅིག་དམན་ལྔ་བཅུའི་བདག་ཉིད་ཀྱི། །རེའུ་མིག་གནོད་ མཛེས་སྔགས་གནས་སུ། །རྣམ་པར་སྣང་མཛད་ཐོག་མར་ཏེ། །གཉིས་པར་དེ་ཉིད་སྦྱིན་པར་བྱ། །ཨཱ་ཡིག་གསུམ་པར་སྦྱིན་བྱ་སྟེ། །ལྔ་པར་ནི་ཡི་ཡི་གེའོ། །དྲུག་པར་ཡ་ཡིག་སྦྱིན་བྱ་སྟེ། །བདུན་པར་སུ་ཡི་ཡི་གེའོ། །བརྒྱད་ པར་ཕཊ་ཀྱི་ཡི་གེ་སྟེ། །དགུ་པར་སུ་ཡིག་དེ་བཞིན་ནོ། །བཅུ་པར་རྣམ་པར་སྣང་མཛད་དེ། །གྲི་ཡིག་བཅུ་གཅིག་པར་དགོད་བྱ། །བཅུ་གཉིས་པ་ལ་ཧྣཱ་ཡི་གེ། །བཅུ་གསུམ་པ་ལ་མྦྷ་ཡི་ཡིག །བཅུ་བཞི་པ་ལ་ནའི་ས་བོན། ། བཅྭ་ལྔར་ཧཱུྃ་གཉིས་དེ་བཞིན་ནོ། །བཅུ་དྲུག་པ་ལ་ཧཱུྃ་ཕཊ་ཏེ། །བཅུ་བདུན་པ་ལ་རྣམ་སྣང་མཛད། །བཅྭ་བརྒྱད་པ་ལ་ཧྣའི་ཡི་གེ། །བཅུ་དགུ་པ་ལ་གྲི་དགོད་བྱ། །ཉི་ཤུ་པ་ལ་པ་ཡིག་སྦྱིན། །ཉི་ཤུ་གཅིག་པར་ཡ་སྦྱར་བྱ། །ཉི་ཤུ་གསུམ་ པར་ཧཱུྃ་ཡིག་སྟེ། །ཉི་ཤུ་བཞི་པར་ཧཱུྃ་ཕཊ་དགོད། །ཧཱུྃ་ཡིག་ཉི་ཤུ་དྲུག་པར་སྦྱིན། །ཉི་ཤུ་བདུན་པར་ཡ་སྦྱོར་བྱ། །ཧཱུྃ་ཡིག་ཉི་ཤུ་དགུ་པར་ཏེ། །ཛ་ཡིག་དང་པོར་སྦྱིན་པར་བྱ། །སུམ་བཅུ་པ་ལ་དེ་ཉིད་སྦྱིན། །གྲི་ཡིག་སུམ་བཅུ་རྩ་ གཅིག་པར། །སུམ་བཅུ་གཉིས་པར་ཧཱུྃ་ཡིག་སྟེ། །ཧྣ་ཡིག་སུམ་བཅུ་གསུམ་པར་རོ། །སུམ་བཅུ་བཞི་པར་གྲི་སྦྱིན་བྱ། །སུམ་བཅུ་ལྔ་པར་ཧོ་དགོད་བྱ། །སུམ་བཅུ་དྲུག་པར་རཱ་ཡིག་སྟེ། །སུམ་བཅུ་བདུན་པར་ཧཱུྃ་ཕཊ་གཉིས། ། 86-1-97b སུམ་བཅུ་བརྒྱད་པར་ཡ་ས་བོན། །གཅིག་དམན་བཞི་བཅུ་པ་ལ་ཡ། །བཞི་བཅུ་པ་ལ་ཧྣ་སྦྱིན་བྱ། །བཞི་བཅུ་རྩ་གཅིག་པ་ལ་ཧཱུྃ། །བྷ་ཡིག་བཞི་བཅུ་རྩ་གཉིས་པར། །བཞི་བཅུ་རྩ་གསུམ་པ་ལ་ནི། །བཞི་བཅུ་རྩ་བཞི་པ་ལ་ དྱཱ། །བཞི་བཅུ་རྩ་ལྔ་པ་ལ་བི། །བཞི་བཅུ་རྩ་བདུན་པ་ལ་ཝཱན། །བཞི་བཅུ་རྩ་བརྒྱད་པ་ལ་ག །མྦྷ་ཡིག་བཞི་བཅུ་དགུ་པར་ཏེ། །འཁྲུལ་འཁོར་རོ་ལངས་སུ་གཞུག་བྱ། །ལེའུ་ཚེ་ལྔ་རུ་བསྒྲུབ་བྱ་དང་། །རྣལ་འབྱོར་མ་དྲུག་གོ་ཆར་ བཅས། །གསང་སྔགས་ནང་དུ་ཆུད་བྱ་སྟེ། །རོ་ལངས་ཁ་རུ་དགོད་པར་བྱ། །གང་དང་གང་གི་མིང་གིས་ནི། །འཁྲུལ་འཁོར་བརྩེ་ཆེན་གྱིས་བྲི་བྱ། །དེ་དང་དེ་ཡིར་ཤེས་བྱ་སྟེ། །མཁས་པ་ཡིས་ནི་བསྐྲད་པའོ། །གསང་བ་ཆེན་པོ་ མི་བསྟན་ནོ། །སྐྱེ་བ་འདི་ཉིད་ལ་འགྲུབ་པའོ། །གསང་སྔགས་བརྗོད་པ་མ་བྱས་ཤིང་། །བསྒོམ་བྲལ་རྣལ་འབྱོར་པ་ཡང་ངོ་། །བླ་མ་རྣལ་འབྱོར་མའི་གནང་བས། །ཁྱབ་བདག་ཇི་ལྟར་འདོད་པར་སྤྱོད། །དེ་ཕྱིར་བླ་མ་བསྙེན་ བྱ་ཞིང་། །བདག་ཆེན་རྣམས་ཀྱིས་མཉེས་པར་བྱ། །དེ་ཡིས་དགྱེས་པས་འཐོབ་པ་སྟེ། །ལས་ཀྱིས་བྱང་ཆུབ་འབྱུང་བའོ། །འཁྲུལ་འཁོར་འཆར་བའི་དུས་སུ་ནི། །མགོ་བོར་རྣམ་པར་བསྒོམ་པར་བྱ། །དེས་མངོན་གྲུབ་པར་ ཤེས་བྱ་སྟེ། །དུས་གཞན་རྣམས་སུ་འགྲུབ་པ་མིན། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་ སོ། །འདི་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་དུམ་སྐྱེས་མའི་རབ་ཏུ་སྦྱོར་བ་བསྒོམ་པའི་འཁྲུལ་འཁོར་གྱི་འཁོར་ལོ་བསྐྲད་པའི་ལས་རྣལ་འབྱོར་མ་དྲུག་གི་གོ་ཆའི་སྔགས་ཀྱི་ཆོ་གའི་མཚན་ ཉིད་ཅེས་བྱ་བ་སྟེ་ལེའུ་བཞི་བཅུ་རྩ་གསུམ་པའོ།། །། དེ་ནས་རོ་ལངས་ཟུང་གི་ནི། །སྡང་བྱེད་འཁྲུལ་འཁོར་དེ་བཞིན་དུ། །ཆང་འཚོང་མའི་རབ་སྦྱོར་བས། །མདོར་བསྡུས་པ་ཡིས་རབ་བཤད་བྱ། ། 86-1-98a སཽའུ་རཥྚ་ཡི་གནས་བསྒྲུབས་ནས། །ཡན་ལག་རབ་ཏུ་རྣམ་འབྱེད་ཆོས། །བྱང་ཆུབ་ཐེ་ཚོམ་མེད་འཐོབ་པར། །མཆོག་གི་གདོང་མ་ཤེས་པར་བྱ། །མྱོས་བྱེད་ཆེན་པོར་སྦྱོར་བྱེད་པར། །ཤཽ་ཡི་ཡི་གེས་རབ་ཏུ་ བཤད། །བཅུད་ལེན་དངོས་པོ་དམ་པ་ཡང་། །མཆོག་གི་པད་མ་དག་ཏུ་འཛིན། །སྨིན་མའི་དབུས་སུ་སྣལ་མ་གང་། །རྡོ་རྗེ་ནོར་བུའི་ནང་ཕྱིན་ནས། །སྙོམས་པར་འཇུག་ལས་སྐྱེ་བཞིན་པར། །ཎྜི་ཡིག་རང་གིས་རེག་མི་བཏུ། ། རེག་མེད་དེར་ནི་རྣམ་ཤེས་ཀྱིས། །མཆོག་གི་ཆུ་མོ་བཏུང་བར་བྱ། །བདག་མེད་པ་ཡི་ནང་དུ་སྟེ། །དེ་ནི་ནཱི་ཡིས་ཡི་གེས་བཤད། །ཡེ་ཤེས་འདི་འདྲ་བཏུང་བྱས་པས། །དབང་པོ་ཐམས་ཅད་རབ་མྱོས་ཏེ། །དབྱེ་བ་དེ་ཚེ་དེ་རྣམས་ སུ། །ཡིད་ཀྱིས་རྩོད་པ་བྱེད་པར་འགྱུར། །བདེ་བ་ཆེན་པོ་ལ་རོལ་པ། །སཽ་ཡི་ཡི་གེ་བདག་གིས་བཤད། །རོ་མ་བསྡམས་པའི་སྦྱོར་བ་ཡིས། །མ་མཆུ་འཇིབ་པར་བྱ་བ་ཡིན། །རྟ་དང་མ་ཧེའི་འཁྲུལ་འཁོར་དུ། །དབྱོ་བ་ སྲོག་དང་ཐུར་སེལ་ལའོ། །ཥྚ་ཡིག་ཚིགས་པ་ཐམས་ཅད་དུ། །ཤེས་པར་བྱེད་པར་ཐེ་ཙོམ་མེད། །ཡན་ལག་རབ་ཏུ་རྣམ་འབྱེད་དེས། །ཆོས་བདག་མེད་པའི་བྱང་ཆུབ་རྟོགས། །འདི་དང་ལྡན་པའི་རྣལ་འབྱོར་གྱིས། ། དབྱེ་བ་དང་ནི་གསད་པ་སྟེ། །དབང་པོ་དང་ནི་ཡུལ་ཐམས་ཅད། །མི་བསྐྱོད་པ་ཡི་འཇིག་རྟེན་སྤྱོད། །བརྩེ་བས་དེ་རྣམས་བསང་པ་ཡིས། །བདག་ཉིད་ཀྱིས་ནི་གྲོལ་རྒྱུ་ཅན། །དཀྱིལ་འཁོར་འཁོར་ལོའི་དབུས་སུ་ནི། ། མཆོག་གི་གཙོ་མོ་བསྒོམ་པ་ཡིན། །སྨིན་དབུས་ཕྱོགས་སུ་གཟུགས་རྣམས་ནི། །དཀར་བའམ་དམར་དང་མཚོན་ཆ་རྣམས། །དེའི་དུས་ཉིད་དུ་ཡང་དག་བྱུང་། །སུམ་བཅུ་རྩ་བདུན་ཡིག་རྣམས་སུ། །ཤེས་ རབ་ཐབས་ཀྱི་བདག་ཉིད་གཟུགས། །མཆོག་གི་གཙོ་བོ་ཤེས་པར་བྱ། །ཨོཾ་ས་ཛྙཱ་རྦ་ནཱ་ཀ་མྲི་རྨ་ཏ་བྲ་བབ་རྐཱ་རྟ་བ་ནཱ་ཎཱི་ཡཱ་ཡ་ནེ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་ཕཊ་སྭཱ་སྭཱ་ཧཱ་ཧཱ་ཨོཾ་ཤཽཎྜི་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། བསྒོམ་བདག་ 86-1-98b ཉིད་ཅན་རྣལ་འབྱོར་ཆེས། །ཇི་ལྟར་ཡིད་འདོད་ལས་བྱ་སྟེ། །དུར་ཁྲོད་སོལ་བའི་སྣག་ཚ་ཡིས། །མི་ཡི་རུས་པས་བྲི་བར་བྱ། །སྨན་ཐམས་ཅད་ཀྱི་རྒྱུ་སྐར་ནི། །རྒྱལ་སོགས་ཁམས་རྣམས་མཉམ་པས་སོ། །འཁོར་ལོ་ མངོན་དུ་བརྗོད་པ་སྟེ། །དུམ་བུའང་གཅིག་དམན་ལྔ་བཅུའོ། །ཕན་ཚུན་ཟུང་གི་གསང་སྔགས་སུ། །ཡི་གེའང་མཁས་པས་དགོད་པར་བྱ། །གྲྭ་བཞིར་རྣམ་པར་སྣང་མཛད་དེ། །སྒོ་བཞི་རྣམས་ནི་སྟོང་པའོ། །ལྷག་མ་ཐོག་ མའི་ཕྲེང་ལ་ནི། །དུམ་བཞི་རྣམས་སུ་རིམ་པས་གང་། །ཧྣ་སུ་མྦྷ་གྲི་དགོད་བར་བྱ། །དེ་ལ་གཉིས་པའི་དུམ་བདུན་ལ། །གྲི་ཡ་ཧོཿགྲི་བྷ་ག་པ་ཡ། །བཱ་ན་བི་ཊ་རིམ་བཞིན་བྲི། །གསུམ་པ་དབུས་མའི་ལོགས་སུ་ནི། ། གསུམ་གསུམ་རྣམས་ནི་སྦྱིན་བྱ་སྟེ། །ཕཊ་ཧྣ་ཧཱུྃ་ཧཱུྃ་ཧྣཱ་སྦྱིན་བྱ། །བཞི་པར་དབུས་ལས་ཐམས་ཅད་དུ། །ཕྱོགས་སུ་རེ་རེ་དོར་བ་དང་། །གཡས་དང་གཡོན་གྱི་སྒོ་གཉིས་ཀྱི། །དབུས་སུ་ཡི་གེ་གཉིས་གཉིས་ཏེ། ། པཱ་ན་དྱཱ་རཱ་སྦྱིན་པར་བྱ། །ཕྲེང་ལྔ་པ་ལ་དགོད་བྱ་བ། །དབུས་མའི་ལོགས་སུ་གསུམ་གསུམ་སྟེ། །ཧཱུྃ་པ་ཡ་ཧཱུྃ་ཧཱུྃ་གྲི་སུ་དགོད་དེ། །འདི་རྣམས་ཇི་ལྟའི་འདིར་རིམ་པས། །དྲུག་པའི་ཕྲེང་ལ་ཤེས་བྱ་བའོ། །ཧྣ་ཨ་ན་ཧཱུྃ་ ཧཱུྃ་ཧཱུྃ་ཕཊ་དེ་བཞིན། །ཕཊ་ཛ་ཧཱུྃ་ཕ་རིམ་ཇི་ལྟར། །སྔགས་ཐམས་ཅད་ནི་སྦྱིན་བྱ་བ། །དུམ་བུ་བདུན་པ་རྣམས་ལ་བཤད། །སྒོ་སྤངས་པ་ལ་རིམ་པ་ཡིས། །སྦྱིན་བྱ་ཧཱུྃ་ཧཱུྃ་མྦྷ་ཧཱུྃ། །འཁྲུལ་འཁོར་ཆེན་པོ་ཆེན་པོའོ། ། དབུས་ཀྱི་དུམ་བུ་ལྔ་རྣམས་དང་། །དེ་བཞིན་དུ་ནི་སྒོ་བཞི་རུ། །བསྒྲུབ་བྱའི་མིང་ནང་བཅུག་པ་ཡི། །རྐང་པ་བརྒྱ་པའི་སྔགས་བཅས་པའོ། །རོ་ལངས་འཐབ་པར་འགྱུར་བ་ནི། །མཁས་པ་ཡིས་ནི་གཟུང་བྱའོ། ། དེ་དག་ལྟོ་བར་འཁྲུལ་འཁོར་ཏེ། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་ 86-1-99a བདག་པོས་འདི་གསུངས་སོ། །འདི་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ཆང་འཚོང་མའི་རབ་ཏུ་སྦྱོར་བས་དབྱེ་བའི་མཚན་ཉིད་ཀྱི་ཆོ་གའི་འཁྲུལ་འཁོར་གྱི་འཁོར་ ལོའི་རང་བཞིན་ཞེས་བྱ་བ་སྟེ་ལེའུ་བཞི་བཅུ་རྩ་བཞི་པའོ།། །། དེ་ནས་འཁོར་ལོའི་གོ་ཆ་མའི། །ཏིང་འཛིན་གསལ་བར་བཤད་བྱ་སྟེ། །འཁོར་ལོའི་གོ་ཆ་མེའི་སྦྱོར་བས། །ལྐུགས་པར་བཅིང་བའི་སྦྱོར་བའོ། ། གསེར་གླིང་གི་ནི་གནས་དང་ནི། །དེ་ནས་དྲན་བྱང་ཆུབ་ཡན་ལག །སྲིན་པོའི་རྣམ་པའི་འཁྲུལ་འཁོར་ཏེ། །ཆོ་ག་གཞན་དུ་རབ་འཇུག་འགྱུར། །སྤྱི་གཙུག་མཐིལ་གྱི་ས་གཞི་ལ། །མཁས་པ་ཡིས་ནི་བྱ་བ་ཡིན། །ལྷ་དང་ ལྷ་མིན་འཐབ་མོ་ཆེར། །མི་སྨྲར་གྱུར་ཏོ་མིའི་འཇུག་པ། །དེ་ཡི་དུས་སུ་གཟུགས་ཆེན་པོ། །འཁོར་ལོའི་ཏིང་ངེ་འཛིན་གྱིས་བལྟས། །ཡི་གེ་གཉིས་ཀྱིས་འཆད་པ་ནི། །གཡོ་བའི་སེམས་ནི་འཆིང་བ་སྟེ། །གནོན་པ་ རྣམ་པར་ཤེས་པའི་ཆོས། །གཟུགས་ཀྱི་དབུས་སུ་ཐིམ་པར་གྱིས། །རྒྱུད་དུ་དམ་པའི་ཆོས་བསྟན་པ། །འདིར་ནི་ཕྱག་རྒྱ་གཉིས་ཀྱིས་བཤད། །དེ་བཞིན་སྔོན་གྱི་སྤྱོད་པས་ཀྱང་། །སྦྱོར་བའི་ཕྱག་རྒྱ་སྤྱོད་ པར་འགྱུར། །ཐམས་ཅད་མན་ངག་ལེའུ་རུ། །དེ་ཡི་རྒྱུ་ཅན་བསྒོམས་པ་ཡིན། །རིམ་པས་འདི་ཀུན་ཟབ་མོར་ནི། །བདག་ཉིད་ཀྱིས་ནི་བསད་བྱས་ཏེ། །ནམ་མཁའ་མཁའ་མེད་ནམ་མཁའ་ཆེ། །ཤིན་དུ་ནམ་མཁའ་ ནམ་མཁའི་མིན། །གྱེན་དུ་ཕྱོགས་པའི་རྩར་འབབ་སྟེ། །ཇི་སྲིད་རི་མོ་མི་མཐོང་བར། །དེ་སྲིད་རྒྱུན་མི་འཆད་པར་འཐོབ། །དགའ་སྐྱེས་བདེ་བའང་ཅིས་མི་འབབ། །དངོས་དང་དངོས་མེད་འདྲེས་པ་ཡིས། ། སྐྱེ་བོ་ཀུན་ནས་བྱུང་བ་ཡིན། །དངོས་མེད་གཟུགས་བདག་ཉིད་མ་ཡིན། །དངོས་མེད་ཐམས་ཅད་ལས་སྐྱེས་བདེ། །ལམ་ལ་གནས་པར་འཁྱེར་འགྱུར་ཏེ། །གང་དེར་ཇི་ལྟར་དེ་བཞིན་ནོ། །ཡེ་ཤེས་ལྐུགས་ 86-1-99b པ་བཞིན་དུ་གནས། །འཆིང་བ་རང་གི་ཕྱག་རྒྱ་སྐྱེས། །འདི་ཡིས་ལྐུགས་པར་འགྲོ་བ་སྟེ། །དགྲ་བཞིན་དུ་ནི་ཀུན་ལ་འབིགས། །རྡོ་རྗེ་འཛིན་ཀྱང་ལྐུགས་ཉིད་ན། །སྐྱེ་འགྲོ་ཕྲ་མོ་སླར་ཅི་དགོས། །ཐམས་ཅད་ རིག་པས་བྱེད་པོ་བྱེད། །བྱེད་པོ་གཞན་ནི་སྲིད་མ་ཡིན། །ཡིད་བཟང་མ་དང་གང་ཟག་ཉིད། །བདག་མེད་རིག་འགྱུར་སྐད་ཅིག་ལས། །རྡོ་རྗེ་ཐེག་པར་དེ་ཚེ་གནས། །རང་བཞིན་བདག་མེད་པར་འདོད་དོ། །བརྗོད་ པ་བདག་མེད་བརྗོད་པ་ཡང་། །རྣལ་འབྱོར་མཐོང་བས་འབྱུང་མི་འགྱུར། །དེ་ལས་ལངས་པའི་རྣལ་འབྱོར་ཆེ། །ཧྣ་ཡིག་གཞན་དངོས་རྣམས་ཀྱིས་མིན། །གཉིས་དག་བསྲུབ་ཅིང་བསྲུབ་པ་ནི། །དང་པོ་སྤྱི་གཙུག་རྐང་ མཐར་རོ། །རྣམ་གཉིས་རྗེས་སུ་སྦྱོར་བ་ཡིས། །དབུས་ཀྱི་མདའ་ནི་སྔགས་སྐྱེས་སོ། །མཚོན་བྱ་མཚོན་པས་གང་མཚོན་པ། །མཚོན་པར་བྱ་དང་མཚོན་བྱེད་མེད། །པད་སྣལ་ལྟ་བུའི་སྐུད་པ་ནི། །རྣལ་འབྱོར་ པ་ཡིས་མཐའི་གནས་ཕྱིན། །མདའ་དང་གཞུ་ནི་མི་མཐོང་སྟེ། །གང་དུ་བཏང་ཞིང་འགྲོ་བར་བྱ། །དེ་ཚེ་སྲོག་ཀུན་ལྐུགས་པར་ནི། །འགྱུར་བ་འདི་ལ་ཐེ་ཚོམ་མེད། །དཀྱིལ་འཁོར་འཁོར་ལོ་བསྒོམ་པ་སྟེ། །དེ་ཡི་ དབུས་སུ་འདི་དགོད་པ། །འཁོར་ལོའི་གོ་ཆ་མ་ལྷ་མོ། །མདོག་དང་དབྱིབས་ནི་སྔོན་གྱི་ཅན། །སྔགས་ཡིག་རྣམས་ལས་བྱུང་བ་ནི། །ཤེས་རབ་ཐབས་བདག་ཉིད་ཅན་མཆོག །ཨོཾ་ས་བ་རྦ་ནྡྷ་བི་ན་ཀ་ཀ་ལ་རཱ་པ་ཡ་ བྷ་ཧཱུྃ་ཉྫ་ཧཱུྃ་ན་ཕ་ཀ་ཊ་རཱ་ཕ་ཡ་ཊ་ཧཱུྃ་སྭཱ་ཧཱུྃ་ཧཱ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་ཨོཾ་ཙ་ཀྲ་བརྨི་ཎཱི་ཡེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱ་སྔགས་རབ་སྦྱོར་བདག་ཉིད། །ལྐུགས་པའི་རྣམ་ཤེས་བསྒྲུབ་པར་བྱ། །སྔོན་གྱི་འཁྲུལ་འཁོར་བྲིས་ནས་ནི། ། གསང་སྔགས་ཕྲེང་བ་འདི་དགོད་བྱ། །ཐོག་མར་རྣམ་པར་སྣང་མཛད་དེ། །གཉིས་པར་ཝན་ནི་རྣམ་པར་སྦྱིན། །བི་ཡིག་གསུམ་པར་སྦྱིན་པར་བྱ། །བཞི་པར་ཧཱུྃ་གི་ཡི་གེའོ། །ལྔ་པར་དྱཱ་ཡི་ཡི་གེ་སྟེ། །དུམ་བུ་དྲུག་པར་ 86-1-100a རཱ་སྦྱིན་བྱ། །བདུན་པར་གྲི་ཡི་ཡི་གེ་སྟེ། །བརྒྱད་པར་ག་ཡི་ཡི་གེའོ། །དགུ་པར་མྦྷ་ཡི་ཡིག་སྦྱིན་བྱ། །བཅུ་པར་ཧྣ་ཡིག་སླར་དགོད་དོ། །གྲི་ཡིག་བཅུ་གཅིག་པ་རུ་སྟེ། །ཧཱུྃ་ཡིག་བཅུ་གཉིས་དགོད་པར་བྱ། ། བཅུ་གསུམ་པ་རུ་གྲི་ཡིག་སྟེ། །བཅུ་བཞི་པ་ལ་ཛ་ཡིག་གོ། །བཅྭ་ལྔ་པ་ལ་བྷ་ཡིག་སྟེ། །པ་ཡ་གཉིས་དགོད་བཅུ་དྲུག་པར། །བཅུ་བདུན་པ་ལ་སུ་ཡིག་སྟེ། །ཕ་ཡིག་བཅྭ་བརྒྱད་པར་དགོད་བྱ། །གཅིག་ཉུང་ཉི་ ཤུར་ཧཱུྃ་སྦྱིན་ནོ། །ཉི་ཤུ་པ་ལ་ཊའི་ཡི་གེ། །ཉི་ཤུ་གཅིག་པར་ཡི་གེ་ཧཱུྃ། །ཉི་ཤུ་གཉིས་པར་ཧཱུྃ་འགྱུར་རོ། །ཉི་ཤུ་གསུམ་པར་གྲི་ཡིག་སྟེ། །ཧཱུྃ་ཡིག་ཉི་ཤུ་བཞི་པར་རོ། །ཉི་ཤུ་དྲུག་པར་ཊ་ཡིག་སྦྱིན། །ཉི་ཤུ་ བདུན་པར་ཕའི་ཡི་གེ། །ཧཱུྃ་ཡིག་ཉི་ཤུ་བརྒྱད་པར་ཏེ། །ཧོཿཡིག་ཉི་ཤུ་རྩ་དགུ་པར། །སུམ་བཅུ་པ་ལ་ཧྣཱ་ཡིག་སྦྱིན། །སུམ་བཅུ་གཅིག་པར་ཧྣ་དགོད་བྱ། །ཧཱུྃ་ཡིག་སུམ་བཅུ་གཉིས་པར་སྦྱིན། །སུམ་བཅུ་གསུམ་ འདིར་མྦྷ་ཡིག་གོ། །སུམ་བཅུ་བཞི་པར་ཧཱུྃ་ཡིག་སྟེ། །དེ་ཉིད་སུམ་བཅུ་ལྔ་པར་རོ། །སུམ་བཅུ་དྲུག་པར་ཡི་ཡིག་སྦྱིན། །ཧྣ་ཡིག་སུམ་བཅུ་བདུན་པར་ཏེ། །སུམ་བཅུ་བརྒྱད་པར་པ་ཡ་གཉིས། །གཅིག་དམན་ བཞི་བཅུ་པ་ལ་ཧཱུྃ། །བཞི་བཅུ་པ་ལ་ཧཱུྃ་སྦྱིན་བྱ། །བཞི་བཅུ་གཅིག་པར་ནི་བྷ་ཡི་གེའོ། །ཧཱུྃ་ཡིག་བཞི་བཅུ་གཉིས་པར་སྦྱིན། །བཞི་བཅུ་རྩ་གསུམ་པ་ལ་ཨོཾ། །ཡ་ནའི་ཡིག་གཉིས་སྦྱིན་བྱ་བ། །དུམ་བུ་བཞི་བཅུ་བཞི་ པར་རོ། །བཞི་བཅུ་ལྔ་པར་ཨཱ་ན་སྟེ། །བཞི་བཅུ་དྲུག་པར་ཕཊ་དེ་བཞིན། །བཞི་བཅུ་བདུན་པ་ལ་ནི་ཨོཾ། །བཞི་བཅུ་རྩ་བརྒྱད་པ་ལ་ཕཊ། །བཞི་བཅུ་དགུ་པར་སུ་སྦྱིན་བྱ། །ཐམས་ཅད་ཇི་ལྟའི་རིམ་པས་སོ། །དུམ་བུ་ དབུས་མར་བསྒྲུབ་བྱའི་མིང་། །ཀ་ར་ཀ་ར་སོགས་ནང་བཅུག །ཐམས་ཅད་བསྡུས་ནས་ཤེས་བྱས་ནས། །ལྐུགས་པར་བཅིང་བར་བྱ་བ་ནི། །བྱི་བ་སྟེང་དུ་འགྲོ་བའི་སྒོར། །འཁྲུལ་འཁོར་གླང་རྨིག་བཅས་པར་སྦ། ། 86-1-100b ཨ་བ་དྷཱུ་ཏཱིར་ཡིད་བྱས་ནས། །དེ་ཡི་དབུས་སུ་རབ་ཏུ་གཞུག །ཕྱོགས་ཐམས་ཅད་དུ་སྲིན་པོ་ནི། །བྱས་ནས་འཁྲུལ་འཁོར་བསྒྲུབ་པའོ། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག ། རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །འདི་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་འཁོར་ལོའི་གོ་ཆ་མའི་ལྐུགས་པར་བྱ་བའི་རབ་ཏུ་ སྦྱོར་བའི་ཆོ་གའི་མཚན་ཉིད་དང་འཁོར་ལོ་བསྒོམ་པ་དང་དཔའ་བོ་དང་གཉིས་སུ་མེད་པའི་རྣལ་འབྱོར་སྲིན་པོའི་རྣམ་པའི་འཁྲུལ་འཁོར་གྱི་འཁོར་ལོ་ཞེས་བྱ་བ་སྟེ་ལེའུ་བཞི་བཅུ་རྩ་ལྔ་པའོ།། །། དེ་ནས་ཤིན་དུ་དཔའ་མོའི་ལས། །ཞི་བར་བྱེད་པ་གསལ་བཤད་བྱ། །རབ་སྦྱོར་དེ་རྣམས་ཀྱིས་བྱ་སྟེ། །ན་ག་རར་ནི་ཡང་དག་བཞུགས། །བཏང་སྙོམས་བྱང་ཆུབ་ཡན་ལག་སྟེ། །ལྷ་ཡི་འཁོར་ལོ་རྫུ་འཕྲུལ་ཆེར། །དབྲལ་ བའི་གནས་སུ་ལྷ་མོ་ནི། །སྐྱེ་འགྲོ་བདག་མོ་བསྒོམ་པར་བྱ། །དབང་གཉིས་ཡང་དག་འདུས་པ་ལས། །རྩ་ཆེན་པོ་ནི་བདེ་བས་གང་། །བཅུ་གཉིས་མཐའ་རུ་བསྐྱོད་པ་ལས། །འདིར་ནི་ས་བོན་གཡོ་བ་མེད། །དབང་པོ་ ལ་སོགས་ཐམས་ཅད་ནི། །འདོད་ཆགས་བྲལ་བ་ཉིད་ཐོབ་འགྱུར། །རྣལ་འབྱོར་ཆེན་པོ་མཉམ་པའི་བདེ། །སླར་ཡང་བདེ་བའི་རང་བཞིན་མེད། །འདོད་ཆགས་ཞེ་སྡང་མུན་དྲི་མ། །རྣམ་བྲལ་ཕ་རོལ་སོན་ པ་ཆེ། །འཐོབ་བོ་དགའ་བ་དེ་ཡིས་ནི། །སྐྱེས་བུ་དང་ནི་གཉིས་མེད་རྩེ། །ཐེག་པ་གསུམ་ལས་གཞན་མེད་དེ། །དེ་རྣམས་ཀྱིས་ནི་བལྟ་དུས་ཀུན། །འགྲོ་དང་ཉལ་དང་ཟ་བ་ནི། །རྣལ་འབྱོར་བསྒྲུབ་པས་ སྤངས་པ་ཡིན། །དགའ་རོལ་རྩེད་མོ་རྩེ་བ་དང་། །གླུ་ལེན་པ་ཡིས་གོས་པ་མེད། །དེ་ཕྱིར་བཏང་སྙོམས་བྱང་ཡན་ལག །གནས་སྐབས་ཀུན་རྗེས་སྤངས་པས་སོ། །དེ་ལྟར་ཞི་དོན་དུ་བྱས་པས། །དོན་ཡོད་ 86-1-101a མཐོང་བས་འགྲུབ་པར་འགྱུར། །གང་དང་གང་གི་སེམས་ཅན་ནི། །ནད་པ་ལ་སོགས་ལ་བལྟས་པས། །དེ་དང་དེ་ཡི་སེམས་ཅན་གྱི། །ཞི་བའི་ལས་ཅན་དུ་འགྱུར་རོ། །སངས་རྒྱས་ ཉིད་ཀྱང་མྱུར་དུ་ན། །ཕྲ་མོའི་ལས་ནི་སྨོས་ཅི་དགོས། །རྣལ་འབྱོར་མ་ཡི་ཚོགས་དབུས་སུ། །ཤིན་དུ་དཔའ་མོ་བསྒོམ་པར་བྱ། །ལྷ་མོ་རྟག་ཏུ་མདོག་དཀར་མོ། །ལྷག་མ་སྔོན་མ་ལྟ་བུ་མཆོག །གསང་སྔགས་ཕྲེང་བའི་ རབ་སྦྱོར་བས། །ཤེས་རབ་དང་ནི་ཐབས་བྱུང་བའོ། །གཏོར་མ་སྦྱིན་སྲེག་ཆོ་ག་ཡིས། །བློ་ལྡན་ཞི་རྫས་རྣམས་ཀྱིས་ཏེ། །ཞོ་མར་འོ་མ་ཟས་རྣམས་ཀྱི། །འདིར་ནི་དགང་བླུགས་དབུལ་བར་བྱ། །ག་བུར་ཙན་དན་ལ་སོགས་ པས། །འཁྲུལ་འཁོར་སྔོན་གྱི་བྲི་བར་བྱ། །ཨོཾ་པ་མུ་ར་ཎྜཱ་ཀྲི་བ་ཏ་ལཱི་ཡ་ལ་ནྟྲ་ག་མ་ན་ནྟྲ་ཤ་ནཱ་རཱི་ཤ་རཱ་ནཱ་ཡ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་ཕཊ་སྭཱ་སྭཱ་ཧཱ་ཧཱ་ཨོཾ་སུ་བཱི་རཱ་ཡེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱ་སྔགས་ཡིག་ས་བོན་ཏེ། །སྐྱེ་བ་ དང་ནི་གནས་པའི་རྒྱུ། །ཡེ་ཤེས་ས་བོན་ཐམས་ཅད་རྣམས། །སྔགས་པས་དཔྲལ་བ་སོགས་པར་རོ། །རྣལ་འབྱོར་ཕ་རྣམས་རྩེ་དུས་ལས། །བསྐྱེད་པར་འགྱུར་ཞིང་འགག་པར་འགྱུར། །དུམ་བུ་བཞི་བཅུ་རྩ་དགུ་རུ། །སྔགས་ ཀྱི་ཕྲེང་བ་འདི་དགོད་བྱ། །དུམ་དབུས་ཕྱི་རོལ་བརྒྱད་རྣམས་སུ། །ཕྱོགས་མཚམས་ཇི་ལྟའི་རིམ་པ་ཡིས། །རྣམ་པར་སྣང་མཛད་ས་བོན་བཞི། །ཧཱུྃ་གི་ཡི་གེ་བཞི་རྣམས་སོ། །དེ་ཕྱི་དུམ་བུ་བཅུ་དྲུག་ཏུ། །ཕྱོགས་མཚམས་ རིམ་པ་ཇི་བཞིན་པས། །ཧཱུྃ་ཡིག་བརྒྱད་ནི་དགོད་བྱ་ཞིང་། །དེ་ནས་གྲྀཧྞ་གྲྀཧྞའི་ཚིག །སུམྦྷ་ནི་སུའོ་དུམ་ལྷག་མ། །དེ་ཡི་ཕྱི་རོལ་ཉི་ཤུ་བཞིར། །མྦྷ་གྲྀ་ཧྣཱ་པ་ཡ་གྲྀ་ཧྣཱ་པ་ཡ། །འདིར་ནི་བྲི་བར་བྱ་བ་སྟེ། །ཨཱ་ན་ཡ་ཨཱ་ན་ལ་ ཧོཿབའི་ཚིག །བྷ་ཀ་བཱ་ན་བིདྱཱ་རཱ་ཛ་དང་། །ཕཊ་ཡིག་དེ་ནས་བྲི་བར་བྱ། །དབུས་མའི་དུམ་བུར་བསྒྲུབ་བྱ་ནི། །གནོད་མཛེས་སྔགས་ཀྱི་ནང་བཅུག་པའོ། །ལྷ་ཡི་གཟུགས་ཀྱི་ཁར་བྲི་བྱ། །དེ་ལྟར་ལྷའི་འཁྲུལ་འཁོར་ནི། ། 86-1-101b ལིང་གའི་གནས་སུ་གཞག་པར་བྱ། །ཀུན་ཏུ་སྤྱོད་ཀུན་ཤེས་པར་བྱ། །གཞན་གྱི་དུས་སུ་མི་འགྲུབ་བོ། །ཐིག་ལེ་སྒྲ་ཡི་དུས་སུ་ནི། །རླུང་གི་དབྱིབས་ནི་བརྟན་པ་ཡིས། །སངས་རྒྱས་བྱང་ཆུབ་སེམས་རྣམས་ཀྱི། །ཞི་བ་མྱ་ངན་ འདས་འགྲོ་ན། །སླར་ཡང་ས་གཞིའི་འཇིག་རྟེན་པའི། །ཞི་བའི་དགོས་བྱེད་སྨོས་ཅི་དགོས། །དེ་བྱེད་རྣལ་འབྱོར་དབང་ཕྱུག་ནི། །ལྷ་དང་ལྷ་མིན་རྣམས་ཀྱིས་མཆོད། །དེ་ཡང་སངས་རྒྱས་ཉིད་འཐོབ་ན། །དེ་ཞབས་འབྲིང་ བྱེད་སྨོས་ཅི་དགོས། །འཇིག་རྟེན་སངས་རྒྱས་སོགས་ཆེན་པོས། །དེ་ནི་ཕྱག་འོས་མཆོད་འོས་སོ། །བསམ་གཏན་སྔགས་ཀྱི་བཟླས་པ་དང་། །སྦྱིན་སྲེག་ཡ་ག་སོགས་མཆོག་ཏུ། །ཞི་དང་བྱང་ཆུབ་ཀྱི་ནི་སེམས། ། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །རྩ་བའི་སྔགས་ནི་བཟླས་པ་ཡིས། །ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར། །རྐང་པ་བཞི་བཅུ་རྩ་བརྒྱད་པས། །ཀུན་མཁྱེན་སྐྱེ་བ་ལི་ལའོ། །དཔལ་ཧེ་རུ་ཀ་གཉིས་མེད་པའི། ། རྡོ་རྗེ་ཕག་མོ་མཐོང་བར་འགྱུར། །དེ་ཡིས་མཆོག་ནི་སྟེར་བྱེད་དེ། །རང་གི་འཁོར་ལོས་སྒྱུར་ཐིམ་པའོ། །དེ་རྣམས་ཕྱག་རྒྱའི་གྲུབ་བྱེད་པར། །མཆོག་ཏུ་རྨད་དུ་བྱུང་བར་འགྲོ། །མཁའ་འགྲོ་མ་རྣམས་དང་གནས་པ། །གནས་ དང་གནས་རྣམས་སུ་འཐོབ་བོ། །ཧེ་རུ་ཀ་སྔགས་འཁྲུལ་འཁོར་དང་། །ལས་ཐམས་ཅད་ནི་མ་ཤེས་ན། །དེ་ནི་དོན་མེད་ཡོངས་ངལ་ཏེ། །འགྲོ་བ་དྲུག་ཏུ་འཁྱམ་འགྱུར་ཞིང་། །སྐྱེ་བ་བྱེ་བ་བརྒྱ་ཕྲག་ཏུ། །འཇིག་རྟེན་འགྲོ་ཀུན་ གྲོལ་བ་མིན། །དཔལ་ཧེ་རུ་ཀའི་གོ་འཕང་གནས། །སྔགས་ཀྱི་ནུས་པས་གྲོལ་བའོ། །བརྩེ་བ་ཆེན་པོས་ཕག་མོ་སོགས། །རྣལ་འབྱོར་མ་བསྙེན་ཤེས་པར་བྱ། །གཉིས་སྦྱོར་བདེ་བའི་རྣམ་པ་ནི། །བུད་མེད་སྐྱེས་པ་མ་ནིང་ མིན། །དངོས་པོ་ཙམ་དུ་སེམས་ཅན་ལ། །དེ་བཞིན་གཤེགས་པ་རྣམས་ཀྱིས་བསྟན། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། ། 86-1-102a བཅོམ་ལྡན་བདག་པོས་འདི་གསུངས་སོ། །འདི་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ཤིན་དུ་དཔའ་མོའི་ཞི་བའི་ལས་ཀྱི་རབ་ཏུ་སྦྱོར་བའི་ཆོ་གའི་མཚན་ཉིད་ཀྱི་འཁྲུལ་འཁོར་ འཁོར་ལོ་བསྒོམ་པ་དང་གནོད་མཛེས་ཀྱི་སྔགས་ཀྱི་ལས་ཀྱི་ཚོགས་ཤེས་བྱ་བ་སྟེ་ལེའུ་བཞི་བཅུ་རྩ་དྲུག་པའོ།། །། དེ་ནས་ལྷ་མོས་མཆོད་བྱས་ནས། །འདི་སྐད་ཀྱི་ནི་ཚིག་དྲིས་སོ། །ཐམས་ཅད་བསྲུང་ བའི་ལས་ཆེན་པོ། །ཁྱབ་བདག་བདག་གིས་མ་འཚལ་ལོ། །ཕག་མོ་ལྷ་རྫས་པད་ཅན་གྱི། །ལྷ་མོ་ཉོན་ཅིག་རབ་བཤད་བྱ། །སྟོབས་ཆེན་མ་ཡིས་རབ་སྦྱོར་བས། །སིན་དྷུ་ཡི་ནི་གནས་བསྒྲུབས་ཏེ། །ཡང་དག་ལྟ་བའི་ རང་བཞིན་དུ། །མཆོག་གི་མ་མོ་ཤེས་པར་བྱ། །དེ་ལྟར་དེ་ཉིད་ངེས་པར་བྱེད། །མཆོག་གི་བསྒོམ་པར་འཇུག་པར་བྱ། །མ་མོའི་འཁོར་ལོའི་གྲོང་ཉམས་དགར། །དཔའ་བོའི་གཙོ་མོ་བསྒོམ་པར་བྱ། །ལྷན་སྐྱེས་བྱང་ཆུབ་ རིགས་པ་ཡིས། །དེའི་བདག་ཉིད་དུ་གང་མཚོན་བྱ། །སྔོན་དུ་ཧཱ་སྟེང་བགྲོད་པ་བཞིན། །དྲག་ཤུལ་སྦྱོར་བའི་མཚན་ཉིད་དོ། །རྣལ་འབྱོར་ཐམས་ཅད་ཡོངས་དམིགས་ནས། །ཕུང་པོའི་རྩ་བ་ལས་གཞོན་ཅན། །སྤྱི་བོ་ ཡི་ནི་ཐོད་པར་བཟུང་། །ཨོ་ཌྱན་བུ་གར་སོན་པ་སྟེ། །ལྟེ་བ་ཡི་ནི་གནས་ཐོབ་ནས། །བྱང་ཆུབ་ས་བོན་རྣམས་ཀྱིས་འཛིན། །མཚན་བ་ཡིས་ནི་གཟུང་བར་ནི། །ཁམས་ཐམས་ཅད་ཀྱིས་གང་བར་བྱས། །ལ་ལ་ནཱ་ཡི་ལམ་སོན་ ནས། །སྔོན་གྱི་གནས་སུ་ཡང་དག་རིག །མེ་ཡིས་བཞུ་བའི་ཁམས་ཀྱིས་ནི། །རྩ་སྦུབས་ཐམས་ཅད་དགང་བར་བྱ། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སྐད་ཅིག་ལ་ནི་ལྟ་ཞིང་མཐོང་། །ཟླ་བ་འགྲོ་བའི་དབུས་སུ་ནི། །སྒོར་ འཕྱང་བ་ནི་བལྟ་བར་བྱ། །སྦྱོར་མཆོག་ཤེས་བྱས་བསྒྲུབ་བྱས་ལ། །དེ་ཡི་རང་བཞིན་ཅན་བསམ་བྱ། །མཛོད་སྤུར་སོན་པའི་བུ་ག་རུ། །རླུང་གི་ལྕེ་ནི་གཞུག་པར་བྱ། །རྣལ་འབྱོར་རྣམས་ཀྱི་བསྒོམ་རིམ་པས། །ཡང་དག་ལྟ་བར་ 86-1-102b ཤེས་པར་བྱ། །སུམ་བཅུ་རྩ་བདུན་བདག་ཉིད་མཆོག །ཤེས་རབ་རྣལ་འབྱོར་མ་བསྒོམ་བྱ། །སྔགས་ཀྱི་ཡི་གེ་ལས་བྱུང་བ། །ཤེས་རབ་ཐབས་བདག་ཉིད་མཆོག་གོ། །ཨོཾ་དུ་མ་ཥ་ཧཱ་ཊཱ་ར་ནཱྃ་ཀྵ་བི་ཀ་དཱ་རཱ་ལ་ཡ་ནེ་ཧཱུྃ་ཧཱུྃ་ཧཱུྃ་ ཧཱུྃ་ཕ་ཕ་ཊ་ཊ་ཕ་ཕ་ཊ་ཊ་སྭཱ་སྭཱ་ཧཱ་ཧཱ་ཛཿཧཱུྃ་བྃ་ཧོཿཨོཾ་མ་ཧཱ་བ་ལེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱའི་སྔགས་ལས་ལྷ་མོ་ཆེ། །ཡེ་ཤེས་སྐུ་ནི་ཡང་དག་བྱུང་། །གྲུ་བཞི་ཟླུམ་པོ་དང་བཅས་པའི། །བྱང་ཆུབ་འཁྲུལ་འཁོར་རྟག་ བྲི་སྟེ། །དུམ་བུ་བཞི་བཅུ་རྩ་དགུ་ལ། །གསང་སྔགས་བཞི་པོ་ཡང་དག་པར། །དུམ་བུ་རེ་རེར་བྲི་བར་བྱ། །དུམ་བུ་ལྔ་རུ་སྒྲུབ་པོར་བྱ། །གྷ་གྷ་ལ་སོགས་ནང་བཅུ་པ། །བྱང་ཆུབ་སེམས་དཔའི་ཕྱག་ཏུ་ནི། །འགི་ཝང་འམ་ ནི་ཡང་ན་ནི། །འགི་ཝང་ཆེན་པོས་བྲི་བྱ་བ། །གྲོ་གར་འཁྲུལ་འཁོར་ཐམས་ཅད་ནི། །ལས་ཀྱི་ཁྱད་པར་གྱིས་བྲི་སྟེ། །གཡུལ་ངོ་ཆེན་པོའི་རས་ལ་ནི། །ལས་ཐམས་ཅད་པ་བྱ་བ་ཡིན། །དཔའ་བོ་ཐམས་ཅད་མཉམ་ སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །འདི་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་ རྒྱལ་པོ་ཆེན་པོ་ལས་སྟོབས་ཆེན་མའི་སྦྱོར་བས་བསྲུང་བ་ཆེན་པོ་ཕུར་བུའི་སྔགས་ཀྱི་ལས་བྱང་ཆུབ་སེམས་དཔའི་འཁྲུལ་འཁོར་བསྒོམ་པའི་མན་ངག་གི་ཆོ་གའི་མཚན་ཉིད་ཅེས་བྱ་བ་སྟེ་ལེའུ་བཞི་བཅུ་རྩ་བདུན་པའོ།། །། དེ་ནས་ལས་མཆོག་ཐམས་ཅད་ནི། །སེམས་ཅན་ཀུན་ལ་འབྱུང་བཤད་བྱ། །འཁོར་ལོས་སྒྱུར་མའི་རབ་སྦྱོར་བར། །མ་རུའི་གནས་སུ་བསྒྲུབ་པར་བྱ། །ཡང་དག་རྟོག་པ་བྱང་ཆུབ་ཀྱི། །ཕྱོགས་སུ་གནས་བཞིན་པར་ བྱའོ། །རྒྱས་པ་བསྒྲུབ་བྱ་ཕྱི་ནས་ནི། །མཁས་པས་ལས་ནི་བྱ་བ་ཡིན། །གཏུམ་མོ་ལྟེ་བར་སྦར་བ་ཡིས། །ཚིགས་ཐམས་ཅད་ནི་སྲེག་པ་སྟེ། །མིག་ལ་སོགས་པ་བསྲེགས་ནས་ནི། །བསྲེགས་པས་རྐན་ 86-1-103a ལས་ཐིག་ལེ་འཛག །འགྲོ་བོ་དེ་ནི་མཚམས་ཀུན་དུ། །པད་སྣལ་སྐུད་པའི་དྲ་བའོ། །འབིགས་ཤིང་འགྲོ་བས་རོ་མྱང་སྟེ། །སྟོང་ཕྲག་བདུན་བཅུ་རྩ་གཉིས་ལའོ། །འཐོམ་དང་རྨུགས་པའི་ཡེ་ ཤེས་ནི། །འགྲོ་བ་མེད་ཀྱང་འོང་བར་འགྱུར། །ཕྱག་རྒྱ་འདི་ཡི་རྣལ་འབྱོར་པ། །ལོ་ཡི་སྦྱོར་བས་དེ་འགྲུབ་འགྱུར། །དེ་དང་འདི་ཡིས་ཡང་དག་ལྡན། །ལས་རྣམས་ཐམས་ཅད་བྱེད་པར་འགྱུར། ། དགའ་བ་འཇིག་རྟེན་ཐམས་ཅད་དུ། །ཞེས་བྱ་འགྲོ་འགྱུར་དེའི་བདག་ཉིད། །རྣམ་པར་རྟོག་པ་དེ་མཁྱེན་ཏེ། །གོམ་པ་གཅིག་ནི་འགྲོ་མི་འགྱུར། །ཚིགས་ཀུན་ངོ་བོར་གྱུར་ནས་ནི། །བདག་གི་གདན་ ནི་དེ་མཐོང་འགྱུར། །འཆི་བས་མི་འཇིགས་འདི་ཡི་ཕྱིར། །གཞན་གྱི་གདན་དུ་ཡང་དག་གནས། །གང་གང་ལས་ལ་བལྟས་རྣམས་ཀྱིས། །དེ་དེ་ཐམས་ཅད་དུ་བྱེད་དོ། །འཆི་བའི་དུས་ལས་ཤེས་བྱས་པ། ། དེ་ནི་རྣལ་འབྱོར་གདན་དུ་འདོད། །ཀུན་མཁྱེན་ཐམས་ཅད་ལས་ཅན་ནི། །གང་ཕྱིར་གསང་བའི་གདན་མཆོག་ཡིན། །ཡང་དག་རྟོག་པའི་སྦྱོར་བདག་ཉིད། །བྱང་ཆུབ་ཕྱོགས་སུ་འགྲོ་བར་འགྱུར། ། བ་ལང་རྟ་དང་མི་དང་ཁྱི། །གླང་པོ་མ་ཧེ་བོང་བུ་དང་། །རྔ་མོ་བྱི་ཆུང་བྱི་ལ་དང་། །ཕག་པ་དང་ནི་སྤྲེའུ་རྣམས་ཀྱི། །ཤ་ནི་སྐྱུར་པོ་ལ་བཏགས་པ། །དངོས་གྲུབ་འདོད་པས་སྦྱིན་སྲེག་བྱ། །རང་བཞིན་དངོས་ གྲུབ་ཐོབ་འགྱུར་ན། །དངོས་གྲུབ་བརྒྱད་པོ་སླར་ཅིས་མིན། །རལ་གྲི་མིག་སྨན་རྐང་བྱུག་དང་། །རི་ལུ་དངུལ་ཆུ་མཆིལ་ལྷམ་དང་། །བཅུད་ལེན་དང་ནི་ས་འོག་དང་། །དགུག་པ་ཡང་ནི་འགྲུབ་པའོ། །རོ་ལངས་ བསླང་བའི་དངོས་གྲུབ་ནི། །ཁྱི་ནག་མོ་ཡི་འོ་མ་དང་། །མ་ཥ་ནག་པོའི་ཐུག་པ་ཡིས། །ཡི་དགས་བཅུ་བཞིའི་མཚན་མོ་འམ། །སྔགས་པས་ཚེས་བརྒྱད་ལ་རོ་ཡི། །ཁ་རུ་སྦྱིན་སྲེག་བྱ་དེ་བཞིན། །དུར་ཁྲོད་ཀྱི་ནི་ 86-1-103b ཡུངས་ཀར་མར། །མར་ཁུ་འབད་པས་གཟུང་ནས་ནི། །དེ་ཀྱང་དཔའ་བོ་བྱུག་བྱ་སྟེ། །དེ་ཚེའི་ནུབ་མོར་རྣམ་པར་བརྗོད། །ཡི་དགས་ཆེན་པོ་དེ་ལངས་ནས། །དབང་ཆེན་མཐིལ་ལ་ཕྱེ་མར་བྱེད། །དེས་རྟག་འཇིགས་པར་མི་བྱ་སྟེ། ། རང་རྐྱེན་སྦྱོར་བས་བསྐྱེད་པ་ཡིན། །ཏིལ་ལམ་ཏིལ་མར་གཞན་ཡང་ནི། །གང་རུང་ཅི་རུང་གཟུང་བྱས་ནས། །རྣལ་འབྱོར་རྣམས་ཀྱིས་སེམས་ཅན་རྒྱུར། །བྱིན་པས་ཐམས་ཅད་ཏུ་འགྲོའོ། །སྒྲོལ་མ་ཙུན་དཱ་འོད་ཟེར་ཅན། །ཁྲོ་ གཉེར་རི་ཁྲོད་ལོ་མ་དང་། །གཤིན་མཐར་བཅས་སོགས་ཁྲོ་བོ་ཆེ། །བསྒོམ་དང་སྔགས་ཀྱི་བཟླས་པ་ནི། །འབུམ་ཕྲག་གཅིག་གིས་སྡིག་འཇོམས་ཏེ། །དབྱེ་བས་འཇལ་བ་འཐོབ་པར་བྱེད། །དངོས་གྲུབ་ཅི་འདྲ་བ་འདོད་པ། །སྩལ་ནས་ རྒྱུན་ཏུ་ཞུགས་པ་ཡིན། །ཡང་ན་སྙན་དངགས་རིག་པ་སྟེ། །ལུང་གི་དོན་ནི་འཆད་པའིའོ། །ཀུན་ཤེས་གང་ཐམས་ཅད་ཀྱི་སྐད། །མ་མཐོང་བ་རྣམས་ཤེས་པར་འགྱུར། །ཚར་གཅད་རྗེས་གཟུང་ཐམས་ཅད་ནི། །ཆོས་བྱ་ཆོས་ཅན་ ཐམས་ཅད་བྱེད། །སྒྲོལ་སོགས་རྣལ་འབྱོར་མ་མཆོག་རྣམས། །རང་བདག་གཟུགས་གཞན་ཤེས་བྱ་ཉིད། །འདི་རྣམས་ཀུན་བསྡུས་གཟུགས་ཉིད་པས། །འཁོར་ལོ་སྒྱུར་མ་བསྒོམ་པར་གྱིས། །སྣ་ཚོགས་པ་ཡི་གཟུགས་འཛིན་ ཏེ། །དེ་རྣམས་ཀྱིས་ནི་འཁོར་སྒྱུར་མའོ། །ཨོཾ་ཏཱ་རེ་ཏུད་ཏཱ་རེ་ཏུ་རེ་སྭཱ་ཧཱ། ཨོཾ་ཙུན་དཻ་སྭཱ་ཧཱ། ཨོཾ་མ་རི་ཙྱཻ་སྭཱ་ཧཱ། ཨོཾ་བྷྲི་ཀུ་ཊཱི་སྭཱ་ཧཱ། ཨོཾ་པརྞྞ་ཤ་བ་རཱི་སྭཱ་ཧཱ། དེ་ལྟར་ཀུན་གྱི་འཁྲུལ་འཁོར་ཀྱང་། །སྔགས་ཀྱི་ཡི་གེ་རྣམས་ཀྱིས་བྱ། ། བསྐྱེད་པ་དང་ནི་གནས་པའི་རྒྱུར། །ཇི་ལྟའི་རིགས་པས་བསྒྲུབ་པར་བྱ། །འོད་ཟེར་ཕྲེང་བས་ཀུན་འཁྲིགས་པ། །སྙིང་གའི་འཁོར་ལོར་གཟུང་བར་བྱ། །འདི་ཡིས་འཆི་བའི་འཇིགས་འཇོམས་ཏེ། །རྒས་དང་འཆི་བ་མེད་འཐོབ་བྱེད། ། འཁོར་ལོ་སྒྱུར་མའི་ལྷ་མོ་ནི། །ཤེས་རབ་ཐབས་ཀྱི་བདག་ཉིད་མཆོག །མདོག་དང་དབྱིབས་ནི་རང་གི་སྟེ། །སྔགས་ཡིག་རྣམས་ལས་ཡང་དག་བྱུང་། །ཨོཾ་ཀྲོ་དྷ་དྷརྨོ་སྥཱ་དཱ་རཱ་ཡ་སྥཱ་ཀ་ར་རཱ་ཎཱ་ཡཱ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཕ་ཕ་ཊ་ཊ་ཕ་ཕ་ཊ་ཊ་སྭཱ་སྭཱ་ཧཱ་ཧཱ། 86-1-104a ཨོཾ་ཙཀྲ་བརྟྟི་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དེ་ལྟར་སྔགས་ལས་ཡང་དག་བྱུང་། །མཁའ་འགྲོ་མ་ཡི་འཁོར་ལོ་སྒྱུར། །ལྷ་མིན་འཁྲུལ་འཁོར་བྲི་བྱ་སྟེ། །གཅིག་དམན་ལྔ་བཅུའི་དུམ་བུ་ལ། །ཇི་ལྟར་ལྷ་རྣམས་ཀྱི་ནི་སྔགས། ། བསྒྲུབ་བྱའི་མིང་ནང་བཅུག་པ་ཡི། །ཕག་མོ་ཡི་ནི་སྙིང་པོ་ཡང་། །དུམ་བུ་སོ་སོ་ལ་བྲིའོ། །ཕྱི་རོལ་དུ་ནི་སྔགས་ཀུན་གྱིས། །འདིར་ནི་རྟག་ཏུ་བསྐོར་བར་བྱ། །གཡུལ་ངོ་ཡ་ནི་རས་ལ་ནི། །རྫས་ཀུན་གྱིས་ནི་ཡོངས་བྲིས་ནས། ། འཁྲུལ་འཁོར་ལས་ནི་ཐམས་ཅད་པ། །ལྷ་མ་ཡིན་གྱི་ཁར་སྦྱིན་བྱ། །ལོ་ཡི་ཉིན་ཞག་སྦྱོར་བ་ཅན། །ཐུན་མཚམས་སོ་སོར་བསྒོམ་པར་བྱ། །གཤིན་དགྲའི་འཁྲུལ་འཁོར་བྲི་བྱ་སྟེ། །དུམ་བུ་བཅུ་བདུན་པ་ལ་ནི། །ཕྱི་རོལ་བཅུ་ དྲུག་སྦྱིན་བྱ་བ། །ཧྲཱིཿ་ཥྚྲཱི་སྔགས་འདི་དགོད་པར་བྱ། །ཡ་མ་མེ་ད་ཀྵེ་རཱ་ཛ་ས་དོ། །རུ་ཎ་ཡོ་ནི་རཱ་ཡཙྪ་ནི། །དེ་ལྟར་སྔགས་ཆེན་བྲིས་ནས་ནི། །ལས་ཐམས་ཅད་ནི་བསྒྲུབ་པར་བྱ། །ཡི་གེ་རེ་རེའི་གཙོ་བོ་ཡིས། །ལས་རྣམས་ཀྱང་ ནི་བཅུ་བདུན་ནོ། །བསྒྲུབ་བྱའི་མིང་ནི་ནང་བཅུག་ནས། །གཤིན་རྗེའི་སྙིང་པོའི་སྔགས་རྣམས་ནི། །ལུགས་བཟློག་ཡི་གེ་ཕྱི་རོལ་དུ། །མཁས་པ་རྣམས་ཀྱིས་བྲི་བར་བྱ། །འཇིགས་དང་རྒྱལ་པོའི་རིགས་དང་ནི། །དགྲ་ ཐམས་ཅད་ནི་རྣམ་པར་འཇོམས། །གཞན་ཡང་རྫ་རྔ་བཅིང་བ་ཡི། །ཁྱབ་བདག་རང་གི་སྔགས་བཏུ་པ། །ས་གཞི་ཆ་མཉམ་ཉམས་དགའ་བར། །ཙན་དན་ལ་སོགས་བྱུགས་པ་རུ། །བསྒྲུབ་པ་པོ་ཡིས་ཡང་བྱ་ སྟེ། །རི་མོ་དགུ་པ་ལེགས་ཟླུམ་པོར། །གཅིག་དམན་ལྔ་བཅུའི་དུམ་བུ་ལ། །གཅིག་གཉིས་གསུམ་དང་བཞི་ཡི་ཁར། །ལུགས་འབྱུང་ལུགས་ལས་བཟློག་པ་ཡིས། །སྔགས་ཀྱི་ཡི་གེ་རྣམས་གཞག་བྱ། །གནོད་མཛེས་ རྒྱལ་པོ་ཡི་ནི་སྔགས། །སྔགས་པས་དེ་ནས་ཡང་དག་བཏུ། །དེ་ནི་ཚིགས་ཀུན་དེ་ཤེས་བྱ། །རྒྱུད་གཞན་དུ་ནི་མ་བཤད་དོ། །དེ་ཡི་ཡི་གེ་རྩ་རྣམས་སུ། །རེ་རེ་ཡི་ནི་ཚིགས་མཚམས་ནི། །གཅིག་དམན་ལྔ་བཅུ་ 86-1-104b ཡི་ནི་མཚམས། །མཁའ་དུས་མེ་ཡི་ཚོགས་ཅན་ནོ། །གང་གང་ཆོས་སུ་ཡོངས་བཤད་པ། །མཉམ་པར་གཞག་པས་དེ་དེའི་ཚིགས། །གང་དུ་ཡི་གེ་གཅིག་བླངས་ནས། །དེར་ནི་ཡི་གེ་ཐམས་ཅད་དེ། །རྩིས་ཀྱི་རིམ་ རྣམས་ཀྱིས་བཏུ་བར། །བདེ་མཆོག་འབུམ་པར་གསུངས་པ་ཡིན། །ཕྱི་དང་ནང་བདག་ཉིད་འཁྲུལ་འཁོར། །རྣལ་འབྱོར་རྣམས་ཀྱིས་ཀུན་སྒྲུབ་པའོ། །གསང་སྔགས་བདེ་བས་བསྒྲུབ་པར་བྱ། །ཁྱད་པར་དུ་ཡང་འཁྲུལ་ འཁོར་རོ། །དེ་ཡིས་དངོས་གྲུབ་ཐོབ་འགྱུར་བར། །འདིར་ནི་སོམ་ཉིད་སྲིད་མ་ཡིན། །རྟེན་དང་བརྟེན་པའི་གཟུགས་ཅན་ཏེ། །ཇི་ལྟའི་རིམ་པར་མིང་དང་གནས། །གནས་ནི་རྟེན་གྱི་གཟུགས་སུ་སྟེ། །རྟེན་པའི་ མིང་ནི་རྣལ་འབྱོར་མ། །འདི་དག་མཉམ་པར་སྙོམས་འཇུག་པ། །ལས་ཐམས་ཅད་པར་མངོན་པར་བརྗོད། །དེ་ཡིས་རྣལ་འབྱོར་མ་རྒྱུད་ནི། །རྟེན་པ་ཐབས་ཀྱི་སྤྱོད་ཡུལ་ལོ། །གང་ཕྱིར་ས་གཞི་རྟེན་ཡིན་པས། ། དེའི་ཕྱིར་ཐབས་ནི་རྣལ་འབྱོར་མ། །ཡང་ན་ཐམས་ཅད་ཐབས་ཡིན་ལ། །ཡང་ན་ཐམས་ཅད་ཤེས་རབ་བོ། །ཤེས་རབ་ཐབས་བྲལ་དེ་རྣམས་ཀྱིས། །སངས་རྒྱས་སྐུ་ནི་མྱ་ངན་འདས། །ཐེག་པ་མཆོག་འདི་ ཤེས་རབ་དང་། །བྲལ་བས་ཐམས་ཅད་སྲིད་པར་འགྲོ། །སྲིད་དང་མྱ་ངན་འདས་གང་ཆོས། །དེ་རྣམས་སྤངས་པས་ཆོས་མེད་དོ། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་ མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །འདི་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་འཁོར་ལོས་སྒྱུར་མའི་རབ་ཏུ་སྦྱོར་ བ་ལ་སོགས་པ་ལས་སྣ་ཚོགས་བསྒྲུབ་པའི་འཁྲུལ་འཁོར་འཁོར་ལོ་བསྒོམ་པའི་ལམ་དང་། རྫ་རྔའི་སྔགས་མདོར་བསྟན་པའི་ཆོ་གའི་མཚན་ཉིད་ཅེས་བྱ་བ་སྟེ་ལེའུ་བཞི་བཅུ་རྩ་བརྒྱད་པའོ།། །། 86-1-105a དེ་ནས་གཞན་པ་མཆོག་གཙོ་བོ། །འཁོར་ལོ་སྒྱུར་སོགས་རྒྱས་པ་ནི། །ཕན་པ་ཐམས་ཅད་སྟེར་བའི་ལས། །མདོར་བསྡུས་པ་ཡིས་བཤད་པར་བྱ། །བརྩོན་ཆེན་མ་ཡི་རབ་སྦྱོར་བས། །ཀུ་ལུ་ཏར་ནི་ཡོངས་སུ་ བཞུགས། །བྱང་ཆུབ་ཕྱོགས་ནི་ཡང་དག་ངག །འཁྲུལ་འཁོར་མི་ཡི་གཟུགས་ཅན་ནོ། །འཕྱང་བ་ལ་ནི་ཡོངས་བརྟེན་ནས། །བསམ་མེད་བྱང་ཆུབ་འཐོབ་པར་བྱེད། །དེ་ནི་ལས་ཀུན་གཙོ་བོ་སྟེ། །རང་བྱུང་ཕྱག་རྒྱ་ཆེན་ པོའོ། །ཁམས་ཐམས་ཅད་ལས་ཡང་དག་བྱུང་། །དེ་ནི་འཕྱང་བར་མངོན་པར་བརྗོད། །དཔའ་བོ་ཉི་ཤུ་བཞི་རྣམས་ལ། །རེ་རེ་ལ་ནི་རྣམ་པ་བརྒྱད། །ཁམས་ཐམས་ཅད་ལའང་ཤེས་བྱ་བ། །མིག་དང་བུ་ག་ཟླ་བའོ། ། དཔའ་བོ་ཐམས་ཅད་སོ་སོ་ཡི། །རེ་རེའི་མིང་དུའང་བརྗོད་པར་འགྱུར། །དཀྱིལ་འཁོར་སུམ་བཅུ་རྩ་བདུན་དུ། །དཔའ་བོ་རེ་རེ་བསྒོམ་པར་བྱ། །ཁམས་བརྒྱད་པོ་ནི་ཐམས་ཅད་དུ། །རྣམ་པ་གསུམ་དུའང་ མཚོན་པར་བྱ། །ཐོད་པའི་དུམ་བུ་ལ་སོགས་ཀྱི། །རབ་སྦྱོར་མིང་མདོར་བསྟན་པ་སྟེ། །ཕག་མོ་སོགས་སུ་ཡོངས་གནས་པའི། །བརྩོན་ཆེན་མིང་ནང་ཤེས་པར་བྱ། །དལ་གྱིས་ཁམས་ལ་བསྣུན་པ་ཡིས། ། གཉིད་ལོག་པ་ལས་སད་པར་བྱ། །དཔའ་བོའི་རལ་གྲི་གང་འདྲ་བས། །སྟོབས་པོ་ཆེ་ལ་འབིགས་པར་འགྱུར། །དེ་འདྲའི་འཕྱང་བའི་རལ་གྲི་ནི། །ཁམས་ཐམས་ཅད་ལ་འབིགས་པར་འགྱུར། ། ཧཱ་ཡི་མདོར་བསྟན་ཤེས་བྱས་ནས། །ཚིགས་མཚམས་ཀུན་དུ་གནས་པར་གྱིས། །དེ་ལས་བསྐྱེད་པའི་དཔའ་བོ་རྣམས། །བྱེ་བ་འབུམ་ཚོ་སྟོང་ཕྲག་གོ། །བྱང་ཆུབ་ས་བོན་རང་བཞིན་ཅན། །རྣལ་ འབྱོར་མ་ནི་དེའི་རིགས་གྲགས། །ཁམས་ཐམས་ཅད་དུ་རྒྱས་འདེབས་པ། །ངེས་འབྱུང་དུས་སུ་ཡང་དག་བྱུང་། །འཕྱང་བཞིན་པར་ནི་དེ་ཤེས་བྱ། །རང་གཞན་ཡང་དག་རིག་པ་སྤངས། །རིགས་ནི་ 86-1-105b ཁམས་རྣམས་ཐམས་ཅད་དེ། །རྣལ་འབྱོར་མ་ནི་རིགས་ཅན་ཡིན། །གཉིས་པོ་ཡང་དག་སྦྱོར་བ་རུ། །འཕྱང་བ་ལྟོ་བར་རབ་ཞུགས་བྱ། །ཁམས་ཐམས་ཅད་ཀྱི་རོའི་བར་དུ། །དེ་ནི་ཆད་པ་ཉིད་དུ་འགྱུར། ། བཅུད་ཀྱིས་ལེན་ནི་བསྒྲུབས་པ་ཡིས། །སྐྱེ་བོ་ཀུན་ལ་རྒྱས་པ་ཡིན། །དེ་རྣམས་ཀུན་ཏུ་གནས་པ་མེད། །མཁའ་སྤྱོད་ཉིད་དུ་ཉེ་བར་འགྲོ། །སངས་རྒྱས་བྱང་ཆུབ་སེམས་རྣམས་ནི། །དབུས་སུ་ཟག་པ་མེད་ པར་བཞུགས། །དེ་ལྟར་ཡོན་ཏན་གཏེར་ཐམས་ཅད། །ཡང་དག་ངག་གི་གོ་འཕང་གནས། །བརྗོད་མིན་པ་ཡི་སྔགས་ཆེན་པོ། །བསྣམ་ཞིང་སྐྱེ་བོ་ཀུན་ལ་སྒྲོགས། །གཞོམ་དུ་མེད་པར་དེ་ཤེས་བྱ། ། ས་ནི་རྡོ་རྗེ་འཛིན་མ་རང་། །ཁམས་རྣམས་ཀྱི་དངོས་མ་ལུས་པ། །མིང་གིས་དཔའ་བོར་ཡང་དག་གནས། །ཐོད་པའི་དུམ་བུ་ཡི་ནི་ཁམས། །རང་ཉིད་སོ་སོར་བཤད་པར་བྱ། །སེན་མོ་དང་ནི་སོ་འབབ་པ། ། རེ་རེའི་བརྒྱད་དུ་ཕྱེ་བ་ཅན། །ས་ལ་སོགས་པའི་ཁམས་བཞི་དང་། །དེ་བཞིན་དངོས་པོ་བཞི་དག་གོ། །དེ་ལྟར་གནས་ནི་གསུམ་གསུམ་དུ། །དཔའ་བོ་ཐམས་ཅད་སྦྱར་བར་བྱ། །སྐྲ་དང་བ་སྤུ་འབབ་ པ་དང་། །ལྤགས་པ་དང་ནི་དྲི་མ་འབབ། །ཤ་དང་ཤ་རེད་འབབ་པ་དང་། །ཆུ་རྒྱུས་དང་ནི་རྩ་འབབ་དང་། །རུས་པ་དང་ནི་ལྤགས་འབབ་དང་། །མཁལ་མ་དང་ནི་སྟོབས་འབབ་དང་། །སྙིང་དང་ དྲ་བ་འབབ་པ་དང་། །མིག་དང་ཆུ་སེར་འབབ་པ་དང་། །མཁྲིས་པ་དང་ནི་རླུང་འབབ་དང་། །གློ་བ་དང་ནི་རྩ་འབབ་དང་། །དེར་འབབ་པ་ཡི་དངོས་པོ་ནི། །གཉེ་མ་དང་ནི་མཆིན་པ་འབབ། །ལྟོ་བ་ དང་ནི་དབུགས་འབབ་དང་། །བཤང་དང་གཅི་བ་འབབ་པ་དང་། །མཚམས་ཀྱི་མཐའ་དང་དྲི་མ་འབབ། །རྒྱུ་ཤུན་དང་ནི་མཆིལ་མ་འབབ། །རྣག་དང་ཆུ་སེར་འབབ་པ་དང་། །ཁྲག་དང་མེ་ཏོག་འབབ་པ་དང་། ། 86-1-106a རྡུལ་དང་རླངས་པ་འབབ་པ་དང་། །ཚིལ་དང་ལྟོ་ཚིལ་འབབ་པ་དང་། །མཆི་མ་དང་ནི་ཁུ་བ་འབབ། །ལུད་པ་དང་ནི་རིམས་མེད་འབབ། །སྣབས་དང་རྐང་མར་འབབ་པ་སྟེ། །དཔའ་རྣམས་ ཁམས་ཀྱི་མཚན་ཉིད་དོ། །དེ་ལྟར་དུམ་བུ་དུམ་བུ་ཉིད། །ཁམས་ནི་གཞན་དུ་འཇུག་པར་འགྱུར། །རེ་རེ་ཡི་ཡང་རང་བཞིན་ཀྱང་། །ཟད་པའི་རླུང་གིས་ཐོད་པ་ཅན། །བདེ་བ་བུན་གྱི་ནང་ཐིམ་པར། ། ཀེང་རུས་ཆེན་པོ་འགྲོ་བ་ཡིན། །སེམས་དང་བསམ་པ་དེ་ཡི་ཕྱིར། །ཀེང་རུས་ཀུན་ཏུ་སྟོང་པ་ཉིད། །མཆེ་བ་རྣམ་པར་གཙིགས་པ་ཡིས། །ཐམས་ཅད་གཉིས་མེད་ལྷན་སྐྱེས་གསལ། །ལྷ་ཡི་དགྲ་ནི་ ཆེན་པོའི་གཟུགས། །རྣམ་ཤེས་ལྷ་དང་ལྷ་ཅན་ནོ། །འོད་དཔག་མེད་ནི་ཚིག་མེད་པ། །རྡོ་རྗེའི་འོད་ཟེར་རང་བཞིན་ཅན། །རྡོ་རྗེའི་རང་བཞིན་གྱི་ནི་སྐུ། །རྡོ་རྗེའི་སྐུ་ནི་དེར་ཤེས་བྱ། །མྱུ་གུ་ཅན་ནི་ དངོས་པོ་ཀུན། །མཐོང་བ་ཙམ་གྱིས་དགའ་བྱེད་པའོ། །རྣམ་ཤེས་བེམས་པོར་འཆིང་བར་ནི། །རྡོ་རྗེ་རལ་པ་ཅན་འགྲོའོ། །ས་གསུམ་ཟས་ཀྱི་མཆོག་ཏུ་ནི། །དཔའ་བོ་ཆེན་པོའི་བགྲོད་པས་ བྱས། །མཁའ་འགྲོ་མ་དང་བཅས་སྡོད་པར། །རྡོ་རྗེ་ཧཱུྃ་མཛད་འགྲོ་བའོ། །ཤིན་དུ་བཟང་པོ་ཐོབ་མེད་པ། །འཇིག་རྟེན་འཇིག་རྟེན་པ་སྤངས་པའོ། །སྐྱེ་འགྲོ་ཀུན་དུ་རང་བྱུང་བ། །རྡོ་རྗེ་བཟང་པོ་དེ་ གྲགས་པའོ། །འཇིགས་བྱེད་ཆེན་པོའི་གོ་འཕང་གིས། །ལས་ཀྱི་བག་ཆགས་ཐལ་བས་བསྒོས། །མིག་མི་བཟང་གིས་མ་བལྟས་ཀྱང་། །ཐམས་ཅད་མཚན་ཉིད་མཐོང་བར་འགྱུར། ། སྟོབས་པོ་ཆེ་ནི་སྔགས་ཐམས་ཅད། །རྣམ་པ་གསུམ་གྱི་བདག་ཉིད་དོ། །རིན་ཆེན་རྡོ་རྗེ་སྨྲ་བཅད་ཆེ། །ཟག་མེད་ཁམས་ནི་ཐམས་ཅད་དུའོ། །རྟ་མགྲིན་ས་གཞི་ཆེན་པོ་ལ། །སྲོག་སོན་ཀུན་ལ་ 86-1-106b སྦྱར་བར་བྱ། །སྲོག་ཀུན་དགང་བར་བྱ་བ་སྟེ། །དེ་ཡིས་ནམ་མཁའི་སྙིང་པོར་བཤད། །དཔལ་ཧེ་རུ་ཀ་རྟག་ཏུ་སྟོང་། །སྐུ་བཞི་ཡི་ནི་རང་བཞིན་ཅན། །པད་མ་གར་དབང་ཕྱུག་དང་གཟུགས། །གཟུགས་མེད་ རྣལ་འབྱོར་དུ་འགྲོ་བོ། །བདེ་བ་ཆེན་པོས་སྣང་བྱེད་པས། །རྣམ་སྣང་མཛད་དུ་མངོན་པར་བརྗོད། །རྡོ་རྗེ་སེམས་དཔའ་བསྒྱིངས་བྱས་པ། །མཆོག་ཏུ་བདེ་བར་བརྗོད་པ་ཡིན། །དཔའ་བོ་ཐམས་ཅད་ མཉམ་སྦྱོར་བ། །ཁམས་ཐམས་ཅད་ཀྱི་ནང་དུའོ། །སྐད་ཅིག་ཡུད་ཙམ་ཐང་ཅིག་ཏུ། །རོ་མྱང་མཚན་ཉིད་ཤེས་པར་བྱ། །ཁམས་འདི་རྣམས་ནི་ཐམས་ཅད་ཀྱི། །ཟད་ཉིད་མཆོག་ཏུ་ངོ་མཚར་ཆེ། ། རང་བཞིན་ཁམས་ཀྱི་གྲངས་རྣམས་ནི། །དུས་ཚོད་དང་ནི་ཀླུ་དང་མདའ། །དེ་རྣམས་རྣལ་འབྱོར་མར་ཡོངས་གྲགས། །བརྒྱུད་པའི་རིམ་པ་ལས་འོངས་པའོ། །ཁམས་ཀྱང་རྣམ་པར་དཔྱད་བཞིན་པས། ། ཐམས་ཅད་བདག་ཉིད་ཀྱིས་འབྱུང་མིན། །རྣམ་ཤེས་མ་ཡིན་ཡེ་ཤེས་མིན། །ཐམས་ཅད་སྟོང་པའོ་ཡོད་པ་མིན། །གསེར་འགྱུར་རྩི་ནི་མ་རིག་པས། །མཆོག་ཏུ་བདེ་བ་རིག་པ་མིན། །རང་གིས་ དགོས་བ་བྱེད་པ་ནི། །སྤར་ཤའི་རིགས་ལྷའི་མཚན་ཉིད་དོ། །བརྩོན་འགྲུས་ཆེན་པོར་མངོན་བརྗོད་པའི། །དེ་ཕྱིར་རྣལ་འབྱོར་མ་བསྒོམ་བྱ། །ཁམས་ཐམས་ཅད་དུ་རྒྱས་འདེབས་པ། །རྣལ་འབྱོར་ གདན་དུ་ཡང་དག་བྱུང་། །གང་ཞིག་ཀུན་ནས་ཀུན་དུ་ནི། །དེ་ནི་དེ་བཞིན་གཤེགས་པར་མཐོང་། །མཁའ་འགྲོ་དང་ནི་སྡོམ་རྒྱུད་དང་། །ངེས་པར་བརྗོད་པ་ཕྱི་མ་དང་། །ཀུན་སྤྱོད་འབྱུང་བའི་རྒྱུད་ རྣམས་སུ། །དངོས་པོ་ལས་ནི་རབ་ཏུ་བསྟན། །དེ་ཡིས་རྒྱུད་ནི་ཆེན་པོ་འདི། །ཐུབ་པ་སྐྱེས་བུ་མཆོག་གིས་གསུངས། །དུམ་བུ་དུམ་བུར་ཡོངས་གནས་པའི། །ལས་ཆེན་པོ་ནི་དེར་དྲང་བྱ། །ཕྲ་ 86-1-107a མོའི་བྱ་བ་མངོན་བརྗོད་པ། །ཁམས་རྣམས་ཀྱི་ནི་གནས་ལའོ། །ཇི་ལྟའི་རིམ་པས་ཁམས་བླང་སྟེ། །ཡོངས་བསྡུས་སྤྱོད་ཡུལ་བར་དུའོ། །ཚིགས་བཅད་ཐོག་མ་སོགས་པས་ཀྱང་། ། ཇི་སྲིད་རྫོགས་པའི་སྤྱོད་ཡུལ་དུ། །རྒྱུད་འདི་རྣལ་འབྱོར་གཙོ་བོ་སྟེ། །ལས་རྣམས་རྒྱ་ཆེ་བ་མིན་ནོ། །ཡང་ན་རྣལ་འབྱོར་ཐམས་ཅད་ནི། །ལས་ཀྱི་ཚོགས་སུ་འདོད་པར་བྱ། །བདག་གི་དེ་ཉིད་རྟག་ཏུ་ལས། ། བྱས་པའམ་གལ་ཏེ་མ་བྱས་པའོ། །རྣལ་འབྱོར་རྣམས་ཀྱི་སྦྱོར་མཚན་ཉིད། །རང་བཞིན་ལས་སུ་ཡང་དག་བཤད། །དེ་ལྟར་རྒྱུད་རྣམས་ཐམས་ཅད་དུ། །སྔགས་པས་མཆོག་ཏུ་ཤེས་པར་བྱ། ། ཡང་ན་གང་དང་འདྲའི་རྣལ་འབྱོར། །དེ་དང་འདྲ་བར་ཁམས་གནས་ཏེ། །བཅུད་ཀྱིས་ལེན་གྱི་རྫས་རྣམས་ནི། །སྨན་ཆེན་ཉི་ཤུ་རྩ་བཞི་པོར། །སྦྱར་བྱས་དཔའ་བོ་ཉིད་རྣམས་ཀྱིས། །གྲོལ་བར་བགྲོད་ པ་གསུངས་པ་ཡིན། །གསང་བ་མཆོག་ཏུ་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །བཅུ་དྲུག་དེ་རྣམས་རྫས་ཆེན་ཏེ། །བརྒྱད་གཉིས་ཚིགས་བཅད་ཕྱེད་ཀྱིས་སོ། །སྒྲ་དང་གཟུགས་ སུ་ཡང་དག་བྱུང་། །འཇིག་རྟེན་གསུམ་དུ་རྙེད་པ་དཀའ། །བསྲུབ་དང་བསྲུབ་པའི་ཀུན་སྦྱོར་བའི། །དབུས་མ་བླ་ན་མེད་པའི་གཟུགས། །རི་ལུ་རྟག་ཏུ་མཆོད་བྱ་སྟེ། །ཕོ་ཉ་ལྷན་ཅིག་སྐྱེས་བདག་ཉིད། ། ཡིད་ནི་ནང་དུ་སོན་པ་ཡིས། །རང་ཁུའི་སངས་རྒྱས་ཐིག་ལེ་ཅན། །སྦྲང་རྩི་ཁྲག་དང་ག་བུར་བཅས། །ཚོགས་ཀྱི་དབུས་སུ་རབ་ཏུ་ཞུགས། །མིང་མེད་མཐེ་བོ་དག་གིས་ཁར། །ཟླ་བའི་བཏུང་བ་མྱང་བར་ གྱིས། །བདུད་རྩི་ལྔར་གྱུར་འདི་རྣམས་ཀྱིས། །མཆོད་པ་བཞི་ནི་དེ་བཞིན་བྱ། །ལྷ་དང་མི་རྣམས་བདེ་བ་པས། །བཅུ་དྲུག་ཆ་ཤེས་རིན་ཆེའོ། །དེ་ལྟར་ཚིགས་བཅད་འདི་ཀུན་གྱིས། །ཁམས་ལྔ་ 86-1-107b རབ་ཏུ་བཤད་པར་འགྱུར། །ར་ཡི་ཡི་གེས་ཁྲག་གི་ཁམས། །ཧཱ་ཡིག་རི་སྐྱེས་སུ་འདོད་དེ། །སྱེ་ཡིག་དྲི་ཡི་ལོ་མ་སྟེ། །པ་ཡིག་ལྤགས་པ་རུ་ནི་འདོད། །ར་ཡིག་བྷན་དྷ་ཀར་རབ་བཤད། །མེ་ཡིག་མེ་ཏོག་ ཏུ་དྲན་བྱ། །ར་ཡིག་རཱ་བི་ཎ་དེ་བཞིན། །སླར་ཡང་མེའི་ཡི་གེ་ཤ །ས་ཡིག་ཀུན་ཏུ་རུ་ལས་སྐྱེས། །ཝ་ཡི་ཡི་གེ་རྩར་འདོད་དོ། །ཏྨ་ཡི་ཡི་གེ་སྦུགས་སྐྱེས་བཤད། །ནི་ཡིག་དྲི་ཡི་མར་ཁུའོ། །ས་ཡི་ཡི་གེ་སོ་ཡི་རྡུལ། །དཱ་ཡི་ ཡི་གེ་རྒྱ་མཚོ་སྐྱེས། །སྠི་ཡིག་བ་མོ་དེ་བཞིན་དུ། །ཏ་ཡིག་སྙིང་པོའི་ག་པུར་རོ། །སྒྲ་དང་གཟུགས་སུ་ཡོངས་བྱུང་བ། །ཁྲག་ཁུ་ནོར་བུའི་བར་དག་ཏུའོ། །འཇིག་རྟེན་གསུམ་དུ་རྙེད་དཀའ་བ། །རང་རིག་པད་མར་སོན་པའོ། །བསྲུབ་དང་བསྲུབ་པའི་ སྦྱོར་རྣམས་ཀྱིས། །རང་འབྱུང་གིས་ནི་རྣམ་བསྲེས་པའོ། །དབུས་མའི་མཆོག་གི་དབུགས་ཀྱང་ནི། །སྐད་ཅིག་དབུ་མར་བཟུང་བའོ། །རི་ལུ་རྟག་ཏུ་མཆོད་པ་ནི། །བདུད་རྩི་གསང་བའི་ཆུ་ཡིན་ནོ། །ཕོ་ཉ་ལྷན་སྐྱེས་ བདག་ཉིད་ནི། །དབང་གཉིས་སྦྱོར་ལས་རྩེ་བའོ། །ཡིད་ནི་ནང་དུ་སོང་བ་ནི། །ཁམས་རྣམས་ཀྱང་ནི་ཞུ་བའོ། །རང་ཁུ་ཐིག་ལེ་སངས་རྒྱས་རྣམས། །ཞུ་གང་སྦྱོར་བ་ལས་བྱུང་བའོ། །སྦྲང་རྩི་ཁྲག་དང་ག་བུར་བཅས། ། བཅུ་དྲུག་འདོད་མ་ལས་བྱུང་བའོ། །ཚོགས་དབུས་རབ་ཏུ་བཞུགས་རྣམས་ཀྱིས། །འདི་ཀུན་ལྷན་སྐྱེས་ལ་སྦྱར་བའོ། །མིང་མེད་མཐེ་བོས་ཁར་གཞུག་པ། །སྙོམས་པར་འཇུག་ལས་ཁྲག་བྱུང་བའོ། །ཞི་བའི་བཏུང་ བ་མྱང་བ་ནི། །འཕོ་བའི་དུས་ལས་མ་ལུས་གང་། །འདི་རྣམས་བདུད་རྩི་ལྔར་འགྱུར་བ། །འཕོས་ལས་བྱུང་བའི་མིའི་མར་ཁུ། །མཆོད་བཞི་དེ་བཞིན་བྱ་བ་ནི། །བཞི་མཉམ་ཀ་བུར་བཅས་པའོ། །ལྷ་དང་མི་ རྣམས་བདེ་བ་ནི། །དགའ་བ་ཀུན་ལས་གང་བྱུང་བའོ། །བཅུ་དྲུག་ཆ་ཤས་རིན་ཆེ་བ། །ཐམས་ཅད་བདེ་བའི་རང་བཞིན་ཅན། །དེ་ལྟར་དཔའ་བོ་ཐམས་ཅད་ནི། །ཁམས་ཀྱི་རྫས་རྣམས་སུ་སྦྱར་བྱ། །བཅུད་ 86-1-108a ལེན་དེ་ལས་བྱུང་བ་སྟེ། །གཙོ་བོ་ཡེ་ཤེས་མེ་རླུང་གིས། །འཛད་པ་དང་ནི་གསད་བྱས་ནས། །འཕོ་བ་དང་ནི་གཟག་དེ་བཞིན། །འཛད་པ་བྱང་ཆུབ་འཛག་པ་སྟེ། །བསད་པ་ཡིས་ཀྱང་འཕོ་ མེད་འགྱུར། །འཕོ་བ་རྩ་རྣམས་ཀུན་དུ་སྟེ། །གཟག་པ་ལྟེ་བའི་པད་མར་རོ། །དེ་རྣམས་བཅིང་བ་བྱས་པ་ཡིས། །ཁམས་ཐམས་ཅད་དུ་གཟག་པར་བྱ། །བསད་པ་དངོས་པོ་གཞོམ་པ་སྟེ། །རྒྱས་པ་འཇིག་ རྟེན་ཁམས་རྣམས་སུ། །སྦྱིན་སྲེག་ཆོ་ག་དེར་ཤེས་ནས། །འཁོར་ལོ་སྒྱུར་ཉིད་འཐོབ་པར་གྱིས། །ཐབ་ཏུ་བདུད་རྩི་བསྲེག་བྱ་སྟེ། །འཇམ་པའི་རྡོ་རྗེ་མངོན་སུམ་དུ། །རྣལ་འབྱོར་ལྡན་པས་མཐོབ་པར་འགྱུར། །ས་ཐམས་ཅད་ལ་ འཁྱེར་བར་བྱེད། །སྲོག་ནི་གང་གི་ཆོས་ཅན་ཆེ། །ཆོས་ནི་ཀུན་ཏུ་འགྲོ་བར་འགྱུར། །དེ་ཡི་རང་བཞིན་བརྩོན་ཆེན་མ། །སུམ་བཅུ་བདུན་བདག་ཉིད་མཆོག་ཏུ། །དཀྱིལ་འཁོར་སྔགས་ལས་དེས་རྫོགས་པ། །ཤེས་ རབ་ཐབས་ཀྱི་བདག་ཉིད་མཆོག །ལྷ་མོ་ཆེན་མོ་ཁ་དོག་དཀར། །ཀུན་མཁྱེན་ཡེ་ཤེས་ལས་བྱུང་མ། །སེམས་ཅན་ཐམས་ཅད་དབང་འགྱུར་དང་། །འཁོར་ལོས་སྒྱུར་བ་འཐོབ་པར་འགྱུར། །ཨོཾ་ག་ཨི་རེནྡྲ་ས་ ཛཱ་ཏ་ལ་བཱ་ས་ད་རྦ་པྲ་ས་བཱ་ཏྭཱ་ད་ཏྨ་མ་ནེ་ཧཱ་ཧཱུྃ་མ་ཧཱུྃ་ཏེ་ཕཊ་ཧཱུྃ་ཕཊ་ཧཱུྃ་སྭཱ་ཕཊ་ཧཱ་ཕཊ་སྭཱ་ཧཱ་ཨོཾ་མ་ཧཱ་བཱིརྱཱ་ཡེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དེ་ལྟར་སྔགས་ཀྱི་དེ་ཉིད་བདག །ལྷ་ཐམས་ཅད་ཀྱི་ས་བོན་ནོ། །འཁྲུལ་འཁོར་འཁོར་ལོ་ དེ་ཚེ་ནི། །རེའུ་མིག་གཅིག་དམན་ལྔ་བཅུ་སྟེ། །ཁ་ཆེས་ཡང་དག་བྲི་བྱས་ནས། །གསང་སྔགས་ཕྲེང་བ་འདི་དགོད་བྱ། །ལུགས་ལས་བཟློག་པས་གནོད་མཛེས་སྔགས། །ཇི་ལྟའི་རིམ་པས་དགོད་པར་བྱ། །དེ་ཚེ་མི་ཡི་ གཟུགས་བྱས་ནས། །སླར་ཡང་ཟླུམ་པོ་སྦྱིན་པར་བྱ། །དེ་ལ་རྩ་བའི་སྔགས་བྲིས་ནས། །བསྒྲུབ་བྱའི་མིང་ནི་ནང་བཅུག་པའོ། །དབུས་ཀྱི་དུམ་བུ་བསྒྲུབ་བྱ་ནི། །དེ་ཡི་སྔགས་ཀྱི་ནང་བཅུག་པའོ། །གྲོ་ག་སོགས་སུ་སྔགས་ 86-1-108b པས་བྲི། །ཕྱི་དང་གསང་བར་མཚོན་པར་བྱ། །དེ་ལྟའི་འཁྲུལ་འཁོར་རབ་སྦྱར་བས། །ས་གསུམ་པོ་ལ་བསྒོམ་པར་བྱ། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་ དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །འདི་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་བརྩོན་འགྲུས་ཆེན་མོའི་རབ་ཏུ་སྦྱོར་བའི་ཆོ་གའི་མཚན་ཉིད་གསང་ བའི་བཅུད་ལེན་ལ་སོགས་པ་དང་རྒྱས་པའི་ལས་དཔལ་ཡང་དག་པའི་ཏིང་ངེ་འཛིན་ཧེ་རུ་ཀའི་རྩ་བའི་སྔགས་ཀྱི་ཆོ་ག་ཅེས་བྱ་བ་སྟེ་ལེའུ་བཞི་བཅུ་རྩ་དགུ་པའོ།། །། དེ་ནས་དཔའ་བོ་ཕྱག་རྡོར་སོགས། ། སྔགས་པ་ཐམས་ཅད་བཞེངས་རྣམས་ཀྱིས། །བསྟོད་དང་མཆོད་དང་ཕྱག་བཅས་པས། །ཕག་མོ་རབ་ཏུ་སད་པར་བྱེད། །བདག་གི་མ་ཡི་ལྷ་མོ་ཀྱེ། །ལྷ་མོ་ཀུན་གྱིས་རབ་མཆོད་མ། །ཁྱོད་ནི་འདི་རྣམས་ཀུན་ གྱི་མ། །ཡེ་ཤེས་སྙིང་མོ་ཕྱག་འཚལ་འདུད། །སེམས་ཅན་ཀུན་ལ་སྙིང་རྗེ་ཡི། །གཟུགས་སུ་རང་གིས་སྤྲུལ་པ་མོ། །བདག་ལ་ཀུན་དུ་ཐུགས་རྗེ་ཡི། །བཀའ་དྲིན་ཆེན་པོ་མཛད་པར་རིགས། །བདེ་བ་ཆེན་པོ་ཡོངས་ བཞུགས་པའི། །བཅོམ་ལྡན་བདག་པོ་ལ་འདྲིའོ། །རྒྱུད་ཐམས་ཅད་ཀྱི་ལས་ཚོགས་ཀྱི། །སྒྲུབ་པའི་ཐབས་ནི་མི་འཚལ་ཏོ། །གལ་ཏེ་ཇི་སྲིད་རྒྱུད་རྒྱུད་དུ། །ལས་ཐམས་ཅད་ནི་བསྟན་པ་ནི། །རྣམ་དག་ ཡེ་ཤེས་ཐོབས་རྣམས་ཀྱི། །དེ་ཚེ་དེར་འདི་ཅི་ཕྱིར་གསུངས། །རྒྱུད་འདི་ཉིད་དུ་འཇུག་འགྱུར་བར། །སྐྱེ་བོ་ཐམས་ཅད་མི་རིགས་སོ། །སླར་ཡང་བཤད་པ་སྐྱོན་དང་བཅས། །བདག་གིས་མ་ཤེས་ཐེ་ཚོམ་མཆིས། ། ཕག་མོ་ཅི་ཡང་མི་གསུང་བས། །བཅོམ་ལྡན་འདས་ཀྱི་ཞལ་ཞུགས་ནས། །དེ་ཡི་ཡེ་ཤེས་སུ་འགྱུར་ཏེ། །དེ་ཡིས་ལེན་ནི་གསུང་བར་མཛད། །བཅོམ་ལྡན་ཆོས་ཀུན་བདག་ཉིད་ཀྱི། །ཏིང་ངེ་འཛིན་གྱི་ཡིད་དུ་ནི། ། 86-1-109a བྱས་ནས་གསུང་ནི་རྗོད་བྱེད་པ། །ཕག་མོའི་རིས་ཐམས་ཅད་ཀྱིས་སོ། །ཀྱེ་ཀྱེ་དཔའ་བོ་ཐམས་ཅད་རྣམས། །ཡེ་ཤེས་ཤེས་བྱ་གཉིས་འདྲིས་པའི། །ཁྱེད་ཀྱིས་ཡེ་ཤེས་གང་མཐོང་བ། །དེ་ནི་དེ་དང་ དེ་རུ་ཐིམ། །འོན་ཀྱང་སོ་སོར་འཇུག་བྱེད་པ། །སེམས་ཅན་སྣ་ཚོགས་བསམ་པས་སོ། །དབྱེ་བ་མེད་ཉིད་རྒྱུད་ཆེན་པོར། །རྡོ་རྗེ་མཁའ་འགྲོ་སྡོམ་པ་དང་། །གཞན་ཡང་རྣལ་འབྱོར་རྒྱུད་རྣམས་ནི། །འདུས་པ་ ལ་སོགས་དོན་ཆེན་པོ། །དེ་རྣམས་ཀྱིས་ནི་རྒྱུད་འདི་ཡི། །སྣ་ཚོགས་དོན་ནི་མངོན་བརྗོད་པ། །དེ་ཐམས་ཅད་ཀྱིས་ལས་ཀྱི་ཚོགས། །ལྡན་པས་རབ་ཏུ་གསལ་བར་བྱེད། །རྒྱུད་དུ་བརྗོད་བྱ་རྗོད་པ་པོར། །དེ་ཡིས་ ཕྲ་མོར་འཇུག་པར་བྱེད། །རེ་རེའི་མཚན་ཉིད་བདག་ཉིད་ཅན། །ཐོད་པའི་དུམ་བུ་ལ་སོགས་ལྡན། །དེ་ལ་རྣམ་པར་ཤེས་པའི་ཆོས། །ཐོད་པ་ཡི་ནི་དུམ་བུར་བཤད། །སེམས་ཅན་ཀུན་གྱི་ལས་དང་ནི། །ཉོན་ མོངས་བདེ་བར་ཤེས་པར་བྱ། །གཞན་དུ་ཀུན་མཁྱེན་རྒྱུད་ལ་ནི། །ཡི་གེ་སྐྱེ་བར་མི་འགྱུར་རོ། །ལོ་གཅིག་གི་ནི་བར་གྱི་ནི། །ཟླ་བ་བཅུ་གཉིས་དེ་ཤེས་བྱ། །དུས་ཚོད་དྲུག་གི་འཁོར་ལོ་སྒྱུར། །སེམས་ཅན་ རྨི་ལམ་ལྟ་བུ་མཆོག །མི་ཤེས་དྲི་མས་བསྒོས་པ་ཡིས། །དེ་རྣམས་ཀྱིས་ནི་བདེ་མི་རིག །ཧཱ་ར་དོ་ལའི་རིམ་པ་ཡིས། །རྣམ་པར་ཤེས་པ་ཤེས་བཞིན་པར། །ཁྲི་ཕྲག་གཉིས་ལ་སྟོང་དང་ནི། ། དྲུག་བརྒྱ་ཡིས་ནི་ལྷག་པའོ། །དབུགས་ཀྱི་ཆུ་ཚོད་དྲུག་བཅུ་ལ། །ཞག་གཅིག་ཏུ་ནི་རབ་ཏུ་གྲགས། །ཧཱ་ར་དོ་ལའི་དབུགས་རྣམས་ཀྱིས། །བསྒྱུར་བས་དོ་ལ་ལ་མཚན་པའོ། །གཉིས་ཀྱི་དབུགས་ནི་ བློ་ལྡན་གྱིས། །ཕྱིར་འབྱུང་ནང་འཇུག་ཐིམ་པར་འགྱུར། །རྣལ་འབྱོར་པ་ཡིས་དགོངས་འགྱུར་ཏེ། །ཀུན་མཁྱེན་ཉིད་དུ་ཉེར་འོང་མིན། །ཕྲ་ཞིང་ཕྲ་བའི་རྣལ་འབྱོར་དུ། །གནས་ནས་ཐམས་ཅད་རྣམ་ 86-1-109b པར་སྤྱད། །དེ་ཡི་ཨང་ཀ་ཕྱི་རོལ་དུ། །ས་ལ་བཅུ་གཉིས་གཞག་པར་བྱ། །ཇི་ལྟར་ཉི་མའི་དབྱེ་བཤད་པ། །ཡན་ལག་བཅུ་གཉིས་ཀྱང་དེ་བཞིན། །རྒྱུ་སྐར་དང་ནི་གཟའ་རྣམས་ཀྱི། །འཆར་བ་དུས་ཐམས་ཅད་ དུའོ། །རེ་རེ་ཡི་ནི་ཁམས་ཀྱི་ནི། །རང་གི་དུས་སུའང་འཆར་བར་འགྱུར། །དུས་སུ་འཆི་དང་དེ་བཞིན་གཞན། །རིམ་པ་འདི་ཡིས་འཆད་པར་འགྱུར། །དཱ་ལ་སོགས་སྦྱོར་ཤེས་པས། །འདི་ནི་སྦྱོར་བ་ཕྱི་མོ་ ལའོ། །ཉི་མ་བྱང་དུ་བགྲོད་པ་ཡི། །རྒྱལ་གྱི་ཟླ་བ་སོགས་བརྩམས་མས། །ཟླ་བ་བཅུ་གཉིས་དེ་ལྟར་དུ། །རིམ་པ་རིམ་པས་གཞག་པར་བྱ། །ཤར་ལ་སོགས་པའི་ཕྱོགས་བརྩམས་ནས། །སྔ་དྲོ་ནས་བརྩི་ བློ་ལྡན་གྱིས། །གསུམ་པ་བཅུ་གསུམ་དེ་བཞིན་ཏེ། །བཞི་པ་ཡང་ནི་བཅུ་བཞི་པ། །ལྔ་པ་བཅྭ་ལྔ་པ་རུ་ནི། །བཤད་པར་བྱ་ཡིས་ད་ལྟ་ཉོན། །འདི་རྣམས་མཉམ་ཞིང་མཉམ་ལྡན་པར། །སྒྲུབ་པོས་མཐུན་ པར་བྱ་བ་ཡིན། །དེ་ལ་མ་རིག་འདུ་བྱེད་དང་། །རྣམ་པར་ཤེས་དང་མིང་དང་གཟུགས། །སྐྱེ་མཆེད་དྲུག་དང་རེག་པ་དང་། །ཚོར་བ་དང་ནི་སྲེད་དེ་བཞིན། །ཉེ་བར་ལེན་དང་སྲིད་པ་དང་། །སྐྱེ་བ་དང་ནི་རྒ་ཤིའོ། །དེ་བཞིན་རོ་ཧི་ཊ་སོགས་ཀྱིས། །ཆུ་སྲིན་ལ་ སོགས་རཱ་སི་རྣམས། །བཅུ་གཉིས་ཉིད་དུ་འདོད་པར་བྱ། །ཐོག་མར་མ་ཡིག་ཆུ་སྲིན་དང་། །རོ་ཧ་ཏིའོ་དེ་བཞིན་གཞན། །གཉིས་པར་མོ་ཧ་ཏི་བུམ་པ། །འདུ་བྱེད་དུ་ནི་གསལ་བར་འགྲོ། །གསུམ་པར་བཟང་པོ་དང་ནི་ཉ། །རྣམ་པར་ཤེས་པར་དེ་རིག་བྱ། །བཞི་པར་ ཁྱུ་མཆོག་དང་ནི་ལུག །མིང་དང་གཟུགས་སུ་འདོད་པར་བྱ། །ལྔ་པ་རུ་ནི་རུས་སྦལ་ཏེ། །བྲེ་ཥ་སྐྱེ་མཆེད་དྲུག་ཆོག་གོ། །དྲུག་པར་ཆུ་སྲིན་དང་འཁྲུལ་བ། །རྟག་ཏུ་རེག་པ་རུ་ནི་འགྲོ། །བདུན་པར་རཎ་ཊ་ཀྐར་ཊ། །དེ་བཞིན་དུ་ནི་ཚོར་བ་མཆོག །བརྒྱད་པར་མི་ཀི་ར་སེང་གེ། །མཆོག་ ཏུ་མཐུན་མ་སྲད་པའོ། །དགུ་པར་བིཤྟི་དྲི་དང་བུ་མོ། །ཉེ་བར་ལེན་པ་རུ་ནི་འདོད། །བཅུ་བ་སེམས་གཡེངས་པ་དང་སྲང་། །སྲིད་པ་རུ་ནི་རབ་ཏུ་བརྗོད། །བཅུ་གཅིག་པ་རུ་རྨི་ལམ་དང་། །བྲི་ཥྩི་ཀ་དང་སྐྱེ་དེ་བཞིན། །བཅུ་གཉིས་པ་རུ་སའི་དབང་ཕྱུག །གཞུ་དང་རྒས་ཤིང་ཤི་བའོ། །དེ་ལྟར་སའི་ 86-1-110a དབང་ཕྱུག་སོགས་དང་། །རྨི་ལམ་ལ་སོགས་དེ་བཞིན་གཞན། །གཡེང་སོགས་བྷི་དྲི་ཀ་ལ་སོགས། །དེ་བཞིན་མི་ཀི་ར་སོགས་དང་། །རཎ་ཌ་སོགས་དང་ཆུ་སྲིན་སོགས། །རུས་སྦལ་སོགས་དང་ཁྱུ་མཆོག་ སོགས། །བཟང་པོ་སོགས་དང་རྨོངས་པ་སོགས། །དེ་ཕྱིར་ཟླ་བ་རྣམས་བཅུ་གཉིས། །འདི་རྣམས་ཉི་མར་གང་སྐྱེས་པ། །དེ་ཡི་མཚན་ཉིད་དུ་ནི་འདོད། །སྐད་ཅིག་ཐང་ཅིག་ཡུད་ཙམ་དུ། །ཚད་པའི་ཤིང་དུ་མཚོན་པར་བྱ། །མིག་ ཕྱེ་བཙུམས་པར་སོན་པས་ཀྱང་། །ཤིན་ཏུ་ཕྲ་བའི་དུས་ལས་སོ། །གལ་ཏེ་སེམས་ནི་ཏིང་འཛིན་གནས། །རིམ་གྱིས་ས་བཅུ་གཉིས་པར་རོ། །ཡང་ན་ཏིང་འཛིན་མི་གནས་པ། །བར་མ་ཡི་ནི་འགྲོ་བར་འདོད། །དམན་པས་ དམྱལ་བ་ལ་སོགས་པའི། །སྐྱེ་བོ་ཐམས་ཅད་འགྲོ་བའོ། །འདྲེན་མ་རྣམས་ཀྱི་བདེ་སྡུག་བསྔལ། །ལས་ཀྱིས་ཀུན་དུ་ལོངས་སྤྱོད་དོ། །གཉིས་སུ་མེད་པའི་དུས་ཅན་གྱིས། །ཐམས་ཅད་རང་བཞིན་ས་ལ་སྐྱེ། །དེ་ལྟ་ ཡིན་ཀྱང་དེར་སྐྱེས་པའི། །རང་གི་ལས་ཀྱིས་འབྲས་བུ་ཟ། །དེ་ལྟར་རྣམ་པར་གཟུང་ཙམ་གྱིས། །ཐོད་པའི་དུམ་བུའི་རྣལ་འབྱོར་ལྡན། །སྔོན་དུ་བཤད་པའི་རིགས་པ་ཡིས། །ཁམས་ཀྱི་དབུས་སུ་འབབ་པའོ། ། རླུང་གི་ཀུན་སྤྱོད་དུས་སུ་ནི། །རྣལ་འབྱོར་པ་ནི་སྐྱེ་བར་འགྱུར། །ཉི་མ་དགུ་དང་ཟླ་བ་དང་། །ལོ་ན་མཁས་པས་འཆི་ཤེས་བྱ། །དེ་ལ་རྒྱལ་སྲིད་རྩོམ་པར་འགྱུར། །དེ་ལྟ་ཉིད་དུ་ཐེ་ཚོམ་མེད། །རོ་ཧ་ཏི་ཡི་ཉི་མ་སྐྱེས། །ས་ ཡི་དབང་ཕྱུག་ལ་འཆི་འགྱུར། །ས་ཡི་ཀུན་སྤྱོང་དུས་སྐྱེས་པ། །ཉི་མ་བརྒྱད་དང་ཟླ་བ་དང་། །ལོ་གཅིག་ན་ནི་མ་ཤི་ན། །བྱང་ཆུབ་སེམས་དཔར་ཐེ་ཚོམ་མེད། །རྨི་ལམ་ཀུན་སྤྱོད་དུས་སུ་ནི། །དཔའ་ཞིང་རྟུལ་ཕོད་ཕ་རོལ་ གནོན། །བསོད་ནམས་དང་ནི་སྡིག་ཉིད་འདྲེས། །ལྔ་བཅུ་རྩ་བཞི་ན་འཆིའོ། །སེམས་གཡེང་བ་ལ་དགྲ་ཡིས་གསོད། །དེ་ཡི་ཉི་མར་སྐྱེས་པ་པོ། །དྲུག་བཅུ་རྩ་བཞིའོ་ཟླ་བཅུ་ན། །གལ་ཏེ་ཤི་བར་མ་གྱུར་ན། །དེ་ནི་འབྱོར་ཆུང་ 86-1-110b ཕྱི་ནས་ནི། །ཕུན་སུམ་ཚོགས་པར་འགྱུར་བ་སྟེ། །བྷི་ཏྲིའི་ཉིན་མོ་འཆི་བ་ཡིན། །དེའི་ཚེའི་ཉི་མ་ལ་སྐྱེས་པ། །ལྔ་པ་གཉིས་དང་གསུམ་གཅིག་གི། །ལོ་ན་ཤི་བར་མ་གྱུར་ན། །དེ་ལ་འདོད་དོན་ཀུན་དམན་ཞིང་། །ཕ་དང་མ་ནི་ གསོད་པ་སྟེ། །དཀའ་ཐུབ་དང་ནི་འདྲེས་པ་ཡིས། །མི་ཀི་ར་ལ་རང་ཁྱིམ་འཆི། །གང་ཞིག་དེ་ཉིན་འདིར་སྐྱེས་པ། །གཉིས་ལྔ་གསུམ་དགུའི་ལོ་ན་ནི། །དེ་ལྟར་གལ་ཏེ་མ་ཤི་ན། །དེ་ནི་ཐམས་ཅད་མཁྱེན་པ་མཉམ། ། ཡུགས་ས་མོ་ལ་ཆུར་འཆིའོ། །གང་ཞིག་དེའི་ཚེ་ཉི་མར་སྐྱེས། །གཉིས་དང་གསུམ་གྱི་ལོ་ན་ནི། །མ་ཤི་ན་ནི་བློ་ལྡན་ཏེ། །སྡིག་པ་བྱེད་པོ་ནད་དང་ལྡན། །མི་དང་མི་མོ་རྣམས་སྐལ་བཟང་། །ཆུ་སྲིན་ལ་འཆི་དེ་ ཉིད་ལ། །སྐྱེས་པ་བཅུ་ལྔ་གསུམ་ལྔ་ཡི། །ཉི་མ་ཟླ་བ་ལོ་རྣམས་ལ། །མ་ཤི་ན་ནི་མདོར་ན་ཡང་། །ཡོན་ཏན་ཐམས་ཅད་ཡོངས་རྫོགས་ཏེ། །མཐའ་སྐྱོང་བ་ཡི་རྒྱལ་པོར་འགྲོ། །རུ སྦལ་དང་ནི་འཁྲིག་པར་འཆི། ། དེའི་ཚེ་ཉི་མ་ལ་སྐྱེས་པ། །གཉིས་བརྒྱད་དགུ་ཡི་ལོ་ན་འཆི། །དེ་ནི་ཤི་བར་མ་གྱུར་ན། །ཐ་མལ་སེམས་ཅན་དུ་ཤེས་བྱ། །དམན་དང་གཙོ་བོར་འགྲོ་བའོ། །ཁྱུ་མཆོག་ལ་ནི་རང་ཁྱིམ་འཆི། །དེ་ཡི་ཉི་མ་ལ་སྐྱེས་པ། ། གཉིས་དང་བརྒྱད་དང་དགུ་ཡི་ནི། །ལོ་ན་མཁས་པས་མ་ཤི་ན། །དབང་ཕྱུག་ཐམས་ཅད་ཕུན་ཚོགས་ཤིང་། །ཁྲོ་སོགས་དང་ནི་ལྟ་བ་ངན། །བཟང་པོ་ལ་ནི་བསད་ནས་འཆི། །དེ་ཉིད་ཉི་མ་ལ་སྐྱེས་པ། །ལྔ་དང་དགུ་དང་བཅུ་ ན་ནི། །སྐྱེ་བོ་འདིར་ནི་མ་ཤི་ན། །ཕོངས་ཤིང་ཆོས་ནི་ཕུན་སུམ་ཚོགས། །ཐམས་ཅད་ཀྱིས་ནི་བརྒྱན་པ་སྟེ། །གཏི་མུག་ལ་ནི་ཆུར་འཕོའོ། །དེ་ཡི་ཉི་མ་ལ་སྐྱེས་པ། །གཉིས་དགུའི་ཟླ་བ་དང་པོ་ལ། །གལ་ཏེ་དེ་ཚེ་ མ་ཤི་ན། །ཐམས་ཅད་དམན་ཞིང་དམྱལ་བར་ཏེ། །བསམ་ངན་སྡིག་པའི་བདག་ཉིད་ཅན། །རྐུན་མོ་ལ་སོགས་པས་བསད་ནས། །རོ་ཧི་ཏ་ཡི་ཉི་མར་འཆི། །དེ་ལྟར་མདོར་བསྡུས་ཤེས་བྱ་སྟེ། །གལ་ཏེ་ཏིང་འཛིན་མ་ཐོབ་ནའོ། །སྐྱེ་རྣམས་ 86-1-111a མངོན་སུམ་བྱེད་པ་ཡི། །ལས་རྣམས་གཞན་དུ་འཐོབ་པ་ཡིན། །དེ་ཉིད་ཉེ་བར་གང་ཞིག་ན། །དེ་ནི་ལེགས་པར་བསྲུང་བྱ་སྟེ། །བཤད་པའི་རིམ་པའི་ཉི་མ་ལ། །འགྲོལ་བར་འདི་ལ་ཐེ་ཚོམ་མེད། །ཐོད་པའི་དུམ་བུ་རང་ ཉིད་ནི། །འདི་རྣམས་ཤིས་བྱེད་བསྒོམ་པར་བྱ། །མཁའ་འགྲོར་བགྲོད་པའི་གང་ཞིག་རྩ། །དེའི་དབུས་བདག་ཉིད་སྤྱོད་པར་བྱེད། །དེ་ནི་སྒོ་ངའི་རིགས་ཤེས་བྱ། །གཏོར་བ་བསྐྱོད་པས་བསྲུང་བར་བྱ། །རྣལ་འབྱོར་པ་ལུས་འཛིན་པར་ འགྱུར། །འདིར་ནི་མཐེའུ་ཆུང་བསྐྱོད་པར་བྱ། །རྐང་མཐིལ་དང་ནི་སྤྱི་བོའི་སྒོ། །མཚམས་རྣམས་ཀུན་དུ་བསྲུང་བར་བྱ། །ཨཱ་ལི་ཀཱ་ལི་མཉམ་བྱས་ནས། །ཁམས་རྣམས་ལ་ནི་ཐིམ་པར་བྱ། །རྣམ་པར་ཤེས་པ་མི་གཡོ་སྟེ། ། ཐམས་ཅད་དེའི་རང་བཞིན་དུ་བྱ། །མགོ་བོའི་དབུས་ལས་ངེས་པར་ཡང་། །འོག་ཏུ་ཁ་བལྟས་འབབ་འགྱུར་འགྲོ། །དེའི་དབུས་ཕྱོགས་སུ་ཕུན་ཚོགས་པ། །རྣལ་འབྱོར་པ་དེ་སྲིད་མཐར་འགྲོ། །ཨ་བ་དྷཱུ་ཏཱི་དུས་གྲངས་སུ། །ཇི་ལྟར་གསལ་ བར་བཤད་པར་འགྱུར། །ཟླ་ཕྱེད་ལོ་གསུམ་ཤེས་བྱ་བ། །སྐྱེ་བོའི་དུས་སུ་འཆི་བ་ཡིན། །ལོ་བརྒྱ་རྣམས་ཀྱི་གང་ཞིག་ཚད། །དེ་རྣམས་དབུས་སུ་བརྟག་པར་བྱ། །རོ་མ་རྐྱང་མ་གཉིས་དག་གིའང་། །སྐྱེ་བའི་ཟླ་བ་ཉིད་མཚོན་བྱ། །ཟླ་བ་ཟླ་བར་ འཇོམས་འགྱུར་བ། །ཉི་ཤུ་རྩ་བཞིའི་ཆ་ཅན་ནོ། །དབུགས་ནི་གཅིག་གི་གྲངས་ཀྱང་ནི། །དེ་ཕྱིར་ལོ་གཉིས་ལས་གཉིས་འགྱུར། །སུམ་འགྱུར་སོགས་པས་ཐམས་ཅད་རྣམས། །དེ་ནས་ཉི་ཤུ་རྩ་བཞིའི་འགྱུར། །མཁའ་བུག་མིག་ཏུ་ཤེས་པར་ བྱ། །ཕྱི་ནས་ཆུ་ཚོད་རྣམས་སུ་འགྲོ། །ལོ་ནི་བཅུ་གཉིས་བར་དུ་ནི། །ལྔ་ལྔ་ཡི་ཡང་ཆུ་ཚོད་དོ། །དྲུག་བཅུའི་ལོ་ནས་ཉི་མ་འཕེལ། །སུམ་བཅུ་རྩ་བདུན་ཟླ་ཕྱེད་གསུམ། །ལྔ་ལྔ་རུ་ནི་འཕེལ་བ་རྣམས། །ཉིན་མོའི་ཆུ་ཚོད་ཨང་ཀ་བྱ། །སྐྱེ་ བོ་ཀུན་གྱི་འཆི་བ་ནི། །ཟླ་ཕྱེད་གསུམ་དང་ལོ་ན་ཤེས། །ཉི་ཤུ་རྩ་བཞིའི་ལོ་རྣམས་ཀྱིས། །གང་ཕྱིར་མི་རྣམས་དཔྱོད་ལྡན་འགྲོ། །ས་ཡི་ཁྱིམ་དུ་ཞུགས་ནས་ནི། །ཡིད་ཀྱིས་འཆི་བ་བླུ་བ་སྟེ། །དཔལ་ཧེ་རུ་ཀ་གནས་ཞུགས་པའི། །ཐོད་པའི་ 86-1-111b དུམ་བུ་བསམ་པར་བྱེད། །བགྲང་བའི་རིམ་པའི་རྣལ་འབྱོར་གྱིས། །ཉིན་ཞག་ཆུ་ཚོད་མཚོན་པར་བྱ། །ཇི་ལྟའི་དུས་སུ་མཚན་པ་ཡིས། །རིམ་གྱིས་རིམ་གྱིས་བྱ་བ་ཡིན། །བྱང་དུ་བགྲོད་པའི་དུས་ཚོད་དུ། །ལྷ་མོ་རྒྱལ་སོགས་རིམ་པའོ། ། བཅུ་ལ་གཉིས་ཀྱིས་བསྒྱུར་དང་བཞི། །མཁས་པས་ཉི་མའི་ཆུ་ཚོད་དོ། །མཉམ་པའི་དུས་སུ་ཤེས་བྱ་བ། །རང་གི་དུས་སྦྱོར་དུ་འཆད་འགྱུར། །བཅུ་པོ་གསུམ་དང་དྲུག་པོ་སྟེ། །མཚན་མོའི་ཆུ་ཚོད་རྩོམ་པར་བྱེད། །བརྒྱ་ལ་དུས་ཀྱི་ བྱེ་བྲག་གིས། །དེ་ཡི་དབུས་ལས་ཤེས་པར་བྱ། །བཅུ་ལ་གཉིས་ཀྱིས་བསྒྱུར་དང་དྲུག །ཉིན་རྣམས་ཆུ་ཚོད་ཨང་ཀ་བྱ། །བཅུ་ལ་གསུམ་གྱིས་བསྒྱུར་དང་བཞི། །མཚན་མོའི་ཆུ་ཚོད་དུ་ནི་བརྟག །བཅུ་ལ་གཉིས་ཀྱིས་བསྒྱུར་དང་ བརྒྱད། །ཉི་མ་རྣམས་ཀྱི་ཆུ་ཚོད་བཞིན། །བཅུ་ལ་གསུམ་བསྒྱུར་གཉིས་གཅིག་པུ། །མཚན་མོའི་ཆུ་ཚོད་དུ་ནི་བརྟག །མཉམ་དུས་དབུས་སུ་གཉིས་སྦྱར་ནས། །སུམ་བཅུ་གཅིག་བུར་རབ་ཏུ་བརྟགས། །སུམ་བཅུ་རྣམ་པ་ གཉིས་རྣམས་ཀྱིས། །ཉིན་རེ་དག་གི་ཆུ་ཚོད་འབྱེད། །བཅུ་པོ་རྣམ་གསུམ་གཉིས་གཅིག་པུ། །ཉིན་མོ་རྣམས་ཀྱི་ཉི་མར་བརྟགས། །བཅུ་པོ་གཉིས་རྣམས་དང་ནི་བརྒྱད། །མཚན་མོ་ཡི་ནི་ཨང་ཀ་བྱ། །བཅུ་པོ་རྣམ་གསུམ་ཨང་ཀ་ལ། ། བཞི་དང་ཡང་དག་ལྡན་པའོ། །བཅུ་ལ་གཉིས་ཀྱིས་བསྒྱུར་དང་དྲུག །མཚན་མོའི་ཆུ་ཚོད་ཨང་ཀ་བྱ། །བཅུ་ལ་གསུམ་གྱིས་བསྒྱུར་དང་དྲུག །ཉིན་དག་ཡེ་ཤེས་ཅན་རྣམས་ཀྱི་འང་ཉིན། །བཅུ་ལ་གཉིས་ཀྱིས་བསྒྱུར་ དང་བཞི། །རྡུལ་ཅན་རྣམས་ཀྱི་ཆུ་ཚོད་གྲགས། །ལྷོ་རུ་བགྲོད་པར་རབ་བཤད་དེ། །ནམ་ཟླའི་དུས་ཀྱིས་ཤེས་པར་འགྱུར། །བཅུ་ལ་གསུམ་གྱིས་བསྒྱུར་དང་བཞི། །ཉིན་ཕྱེད་ཆུ་ཚོད་ཡོངས་སུ་བཤད། །བཅུ་ལ་གཉྀས་ ཀྱིས་བསྒྱུར་དང་དྲུག །མཚན་མོའི་དེ་བཞིན་མཚོན་པར་བྱ། །བཅུ་ལ་གསུམ་བསྒྱུར་གཉིས་གཅིག་པུ། །ཉིན་རྣམས་ཆུ་ཚོད་དེ་བཞིན་ནོ། །བཅུ་ལ་གཉིས་ཀྱིས་བསྒྱུར་དང་དྲུག །མཚན་མོའི་ཆུ་ཚོད་དུ་ནི་གྲགས། ། 86-1-112a བཅུ་ལ་གསུམ་བསྒྱུར་པས་མཚོན་པ། །མཉམ་སོགས་ཆུ་ཚོད་དེ་བཞིན་ཏེ། །བཅུ་ལ་གསུམ་བསྒྱུར་མཚན་རྣམས་ཀྱི། །བི་ཤུའི་དབུས་སུ་གཉིས་དེ་བཞིན། །བཅུ་ལ་གཉིས་ཀྱིས་བསྒྱུར་དང་བརྒྱད། ། ཉིན་རྣམས་ཀྱི་ནི་ཉིན་མོར་སམ། །བཅུ་པོ་སུམ་འགྱུར་གཉིས་གཅིག་པུ། །རྡུལ་ཅན་ཆུ་ཚོད་དུ་བརྟགས་སོ། །བཅུ་པོ་གཉིས་འགྱུར་དང་ནི་དྲུག །ཉིན་རྣམས་ཆུ་ཚོད་རིམ་པས་སོ། །བཅུ་པོ་སུམ་འགྱུར་དང་ནི་བཞི། ། རྡུལ་ཅན་ཆུ་ཚོད་རྣམས་དེ་བཞིན། །སུམ་བརྒྱ་དེ་བཞིན་དྲུག་བཅུ་ནི། །ཆུ་ཚོད་རྣམས་ཀྱི་དབུགས་བཀང་ངོ་། །ཆུ་ཚོད་གྲངས་ནི་དྲུག་བཅུ་ནི། །ཞག་གཅིག་ཏུ་ནི་རྣམ་པར་བརྗོད། །ཟླ་རྣམས་རིམ་པ་ཇི་ལྟ་བས། ། དེ་བཞིན་རིམ་རྣམས་ཀྱིས་མཚན་ནོ། །ཆུ་ཚོད་དབུགས་སོགས་ཡོངས་རྫོགས་པ། །རིམ་པས་འཕེལ་དང་འཆད་པ་སྟེ། །ལས་དང་ལས་མིན་ཁྱད་པར་གྱིས། །དབུགས་ནི་རིམ་པས་ཡོངས་སུ་བཟུང་། ། དེ་ལྟར་མཁའ་མཁའ་རོ་དེ་བཞིན། །ཟླ་མིག་ཆུ་ཚོད་དེ་བཞིན་དུ། །ལོ་གཅིག་གར་ནི་ཤེས་པར་བྱ། །ཞག་རྣམས་ཆུ་ཚོད་མཚོན་པས་སོ། །དེ་ལྟར་བྱས་པས་རྣལ་འབྱོར་པ། །དུས་ཀྱི་འཆི་བ་བླུ་བར་འགྱུར། །ལྟེ་བའི་ དབུས་སུ་པད་མ་ཆེ། །ཇི་ལྟར་རྡོ་རྗེ་ཕག་མོའོ། །མཚམས་ཀུན་སོན་པའི་པད་མ་ལ། །བ་མོ་དང་འདྲ་འཛག་པར་བྱ། །ལྟེ་བའི་དབུས་མཐའ་བཅུ་གཉིས་སུ། །འགྲོ་བ་འོང་བ་བྱེད་པ་ཉིད། །སྲོག་གི་ཐིག་ ལེ་དེ་བགྲོད་པའང་། །མཚམས་ཀུན་དུ་ནི་འབབ་པ་ཅན། །བློ་ལྡན་ལོ་གཅིག་སྦྱོར་བ་ཡིས། །དེ་ཉིད་དུ་ནི་ཐིམ་པར་བྱ། །ཏིལ་མར་མེ་ནི་འབར་བ་ཡི། །གཟུགས་ཅན་ཁ་ནི་འོག་ཏུ་བལྟས། །ཆུ་ཤིང་མེ་ ཏོག་དང་འདྲ་བ། །མཁས་པ་ཡིས་ནི་འཕྱང་བཞིན་པའོ། །ལྟེ་བར་ཨ་ཡི་རྣམ་པའི་གཟུགས། །ཐུང་ངུ་རིང་པོ་འཕར་མའི་བདག །ཕྱག་རྒྱ་ལྷན་ཅིག་སྐྱེས་པའི་གཟུགས། །དབྱངས་དང་ཕྱི་མོ་གཉིས་མེད་གནས། ། 86-1-112b བསྒོམ་དང་སྒྲུབ་པ་མོ་བཤད་པ། །རྟུལ་པོ་བར་མ་རྣོན་པོ་དང་། །ལྷག་པར་རྣོ་དང་ཤིན་ལྷག་རྣོ། །ཐམས་ཅད་དེ་རྣམས་སུ་བརྟགས་སོ། །གང་ཕྱིར་རང་བདག་ཉིད་ཀྱིས་བསྒྲུབ། །དེ་ཕྱིར་གཞན་གྱིས་ཀྱང་བསྒྲུབ་བྱ། ། ནུས་མཐུ་འཇིག་རྟེན་འདི་ཉིད་ལ། །སྐྱེ་བོ་ཀུན་ལ་ཡིད་ཆེས་བྱེད། །ཕྱི་ནས་གདུལ་བྱར་འགྲོ་བ་ཡིན། །རང་གཞན་དོན་གྱིས་སེམས་བརླན་པས། །དབྱངས་བཅུ་གཉིས་ནི་ཐོབ་བྱས་ནས། །དགེ་དང་མི་དགེ་བཤད་ པར་བྱ། །འཁོར་ལོ་བཅུ་གཉིས་རྣམས་སུ་ནི། །དབྱངས་ཀྱི་བདག་པོ་མཚོན་པར་བྱ། །ཨ་ཡིག་གིས་ནི་ཡེ་ཤེས་དང་། །མཁས་པ་ཆོས་དོན་ཐམས་ཅད་འཐོབ། །ཨ་ཡི་ཡི་གེས་འཚིར་བ་དང་། །རྒས་དང་འཆི་བར་རྣམ་ ངས་བཤད། །སྲིད་པའི་འཇིགས་པ་མ་ལུས་པ། །མཐོང་འགྱུར་ལམ་ལས་ཉམས་པར་འགྱུར། །ཨི་ཡི་ཡི་གེ་ཡོངས་ཐོབ་པས། །ས་ཡི་དབང་ཕྱུག་ཏུ་ནི་འགྲོ། །ཨཱི་ཡི་ཡི་གེ་ཡང་དག་འཐོབ། །མྱུར་བ་ ཉིད་དུ་འཆི་བར་འགྱུར། །ཨཱུ་ཡི་ཡི་གེ་ཐོབ་པ་ཡིས། །སྐྱེ་བ་དྲན་པར་འགྱུར་འགྲོ་བའོ། །ཨཱུ་ཡི་ཡི་གེ་གལ་ཏེ་འཐོབ། །ཡུལ་ལ་ཞེན་པ་ཅན་དུ་འགྲོ། །ཨི་ཡི་ཡི་གེ་ཡང་དག་འཐོབ། །བྱང་ཆུབ་སེམས་དཔའ་ཉིད་དུ་འགྲོ། ། ཨཱི་ཡི་ཡི་གེ་སེམས་རྨོངས་ཞིང་། །འགྲོ་བ་དྲུག་སོགས་འཇིགས་པར་འགྱུར། །ཨོ་ཡིག་ཕ་རོལ་ཕྱིན་པ་ཡི། །དེར་ནི་ས་འཐོབ་རྣམ་ངེས་སྟོན། །ཨཽ་ཡི་ཨང་ཀ་ཐོབ་པ་ཡིས། །དམ་ཚིག་ཉམས་པར་འགྲོ་བ་ཡིན། ། ཨྃ་ཡིག་བྱང་ཆུབ་སེམས་དཔའ་རྣམས། །མཐོང་བས་སྐད་ཅིག་ལ་གྲོལ་འགྱུར། །ཨ་ཡིག་ཡང་དག་ཐོབ་པ་ཡིས། །ཕུང་པོ་ཁམས་ལ་ཐེ་ཚོམ་ཟ། །དེ་ལ་སོགས་པ་མ་ལུས་པ། །མ་གསུངས་ཀྱང་ནི་བསྒྲུབ་པར་བྱ། ། བླ་མ་བསྟན་བཅོས་རང་ཉིད་དེ། །རྣམ་གསུམ་ཆོས་ཀྱིས་ཡིད་ཆེས་བྱ། །ཞེས་བྱ་བ་ནི་ཐོད་པའི་དུམ་བུ་ཅན་གྱི་རྣལ་འབྱོར་གྱི་མཚན་ཉིད་ཀྱི་བསྒྲུབ་པའི་ཐབས་དང་དཀྱིལ་འཁོར་གྱི་འཁོར་ལོའི་སྒྲུབ་ཐབས་ཀྱི་མིང་ཅན་ཏེ་ 86-1-113a ཐོག་མའི་ཚིག་གོ། །རབ་ཏུ་བྱེད་པ་དང་པོའོ།། །། དེ་ནས་ཀེང་རུས་ཆེན་པོ་ཡི། །མཚན་ཉིད་བདག་གིས་བཤད་བྱ་སྟེ། །བོང་འདྲའི་རྣལ་འབྱོར་བདག་ཉིད་ཀྱིས། །ཡིད་ཀྱི་ཤུགས་ནི་འཇུག་མེད་བྱ། །ཁམས་མཉམ་ པ་ཡི་རི་བོ་ནི། །སྤྱི་བོའི་གནས་སུ་བསྒོམས་པ་ཉིད། །པད་སྣལ་སྐུད་པ་ཁ་འོག་བལྟས། །གློག་ནི་ཀུན་དུ་འགྲོ་བ་མོ། །དེ་ཡི་དབུས་སུ་དཔའ་མོ་ཆེ། །བོང་བུའི་དབྱིབས་ཅན་བསྒོམ་པར་བྱ། །དཀྱིལ་འཁོར་ ཐམས་ཅད་ཡང་དག་རྫོགས། །མཆོད་པ་ཆེན་པོ་བསམ་པར་བྱ། །དེ་ཡི་དབུས་སུ་དཔའ་ཆེན་པོ། །ཀེང་རུས་ཆེན་པོའི་སྦྱོར་བས་སོ། །སྐུད་པ་རྣམས་ཀྱིས་ལྟེ་དབུས་སུ། །བསྲུབ་དང་བསྲུབ་པའི་སྦྱོར་བདག་ཉིད། ། ཧ་ཡིག་རྣམ་པ་ཡི་ནི་གཟུགས། །མགོ་ལས་སྐུད་པ་གཅིག་པོ་སྟེ། །མེ་ལོང་རྣམ་པའི་སེམས་ཀྱིས་ནི། །ཐོད་པའི་དབུས་སུ་ངལ་གསོ་བྱ། །བུམ་པའི་བདུད་རྩིའི་རྒྱུན་རྣམས་ཀྱིས། །ཁུང་བུའི་དབུས་སུའང་འཛག་ པར་འགྱུར། །ཐིམ་དང་ལོངས་སྤྱོད་སོགས་དངོས་པོས། །སེམས་ཀྱི་བགྲོད་པ་བསྟན་པར་བྱ། །ཁུང་དེར་བོང་བུའི་རྣལ་འབྱོར་གྱིས། །སྐྱེ་བ་བདུན་ཡང་མཐོང་བར་འགྱུར། །མ་ལས་བྱུང་བའི་དབྱིབས་གསུམ་དང་། ། ཕ་ལས་བྱུང་བ་གསུམ་དེ་བཞིན། །ཁམས་ཐམས་ཅད་དང་བདུན་པོ་དེ། །རྣལ་འབྱོར་བསྒོམ་པས་མཐོང་བར་འགྱུར། །བདེ་བའི་རང་བཞིན་ཁམས་ཀུན་གྱིས། །ཀེང་རུས་ཆེན་པོ་ཡང་དག་བྱུང་། །ལཱ་མ་ལ་སོགས་ བསྒོམས་པ་ཡིས། །དེ་ལ་གནས་པའི་གཟུགས་མཐོང་འགྱུར། །བོང་བུའི་རྣམ་པའི་རྣལ་འབྱོར་མུ། །ཁྲག་གི་ཞལ་ཅན་རྩེ་གསུམ་ཅན། །ཚེ་སོན་པ་ཡང་རྣམ་པར་ཤེས། །ཚེ་རིང་བ་ཡང་མཐོང་བར་འགྱུར། ། སྔ་མར་གླང་པོ་ཆེ་སོགས་པ། །དཔའ་རང་བདག་ཉིད་ཀྱིས་དེ་མཐོང་། །ཆེན་པོའི་རྩ་རྣམས་ཐམས་ཅད་དུ། །ཀེང་རུས་སྲོག་ནི་ཡོངས་འགྲོ་བྱ། །དེ་བསྐྱོད་བོང་བུ་ཤེས་བྱ་སྟེ། །སྣ་ཚོགས་རང་བཞིན་དེ་མཐོང་འགྱུར། ། 86-1-113b སཱ་ལུ་ལ་སོགས་བཟའ་བའི་དངོས། །དེ་དང་འདྲ་བར་དངོས་པོ་ཀུན། །མཐོང་སྟེ་དེ་ན་ཡོད་པ་མིན། །ཁམས་ཐམས་ཅད་ཀྱང་འཁྲུལ་པའོ། །ཇི་ལྟར་སྐྱེས་བུར་དུས་རྣམས་ཀྱིས། །གླང་ཆེན་ཁམས་ཀྱིས་ཤེས་ པར་བྱ། །དེ་བཞིན་ཀེང་རུས་ཆེ་རྣམས་ཀྱིས། །སཱ་ལི་ལ་སོགས་ཁམས་རྐྱེན་གྱིས། །རང་བཞིན་འཇིག་རྟེན་པ་དམིགས་པས། །རང་བདག་ཉིད་ཀྱི་གཟུགས་དེ་མཐོང་། །རྣམ་པ་སྣ་ཚོགས་རིགས་དེ་རྣམས། ། རྣལ་འབྱོར་འཛིན་རྣམས་ཀྱིས་ཤེས་བྱ། །མ་རིག་སོགས་ཉིན་སོ་སོ་ལ། །དེ་རྣམས་ཀྱིས་ནི་ནད་དུ་གྲགས། །རིམས་ལ་སོགས་པའི་ནད་ཙམ་གྱིས། །ནད་ཆེན་རྣམ་པར་མཚོན་པར་བྱ། །དེ་ལ་མ་ རིག་ཉི་མའི་ནད། །ལེགས་པ་རྣམས་ཀྱིས་དེ་བསྲུང་བྱ། །འཕོ་བ་བཅྭ་ལྔ་པ་ལ་ནི། །འཆི་འམ་ལས་ནི་དགེ་མི་དགེ། །ཡེ་ཤེས་མ་ཡི་བདག་ཉིད་ཆེས། །ནུབ་ལྔ་རྣམས་ན་གྲོལ་བར་འགྱུར། །རྒ་ཤི་ཡི་ ནི་དུས་སུ་ནི། །འཕོ་བ་གསུམ་ན་འཆི་བ་སྟེ། །ཡང་ན་དགེ་དང་མི་དགེ་བའི། །ལས་ཀྱི་བག་ཆགས་མཐོང་བར་འགྱུར། །རང་རིག་བདེ་བ་གཟུང་བ་ཡིས། །ནུབ་བདུན་ན་ནི་གྲོལ་བར་འགྱུར། །སྐྱེ་བའི་ ཉི་མའི་འཆི་བ་ནི། །འཕོ་བ་གསུམ་པ་ན་ཡང་སྟེ། །ལས་ནི་དགེ་མི་དགེར་འགྲོ་བ། །ནུབ་བདུན་ན་ནི་གྲོལ་བར་འགྱུར། །སྲིད་པ་ཡི་ནི་འཕོ་གསུམ་ནི། །འཆི་བར་འགྱུར་རོ་མཚན་མོ་ནི། །ལྔ་ན་དེ་རྣམས་ གྲོལ་བར་འགྱུར། །ཡང་ན་དེ་ནི་མི་གྲོལ་ཏེ། །འདས་པ་བཞི་པའི་དུས་རྣམས་སུ། །བདེ་བ་དེ་ཀུན་རྟོགས་པར་གྱིས། །དེ་ལྟའི་རིགས་འགྱུར་དེ་རྣམས་སུ། །ཇི་ལྟའི་རིམ་པས་ཤེས་པར་བྱ། །ལེན་པའི་ འཆི་བའི་འཕོ་བ་ནི། །གསུམ་པ་དང་ནི་བཞི་པ་ནའོ། །གལ་ཏེ་ལས་ནི་དགེ་མི་དགེས། །མཚན་མོ་བཅུ་ན་གྲོལ་བར་འགྱུར། །བསོད་ནམས་ཕུན་སུམ་ཚོགས་ཀུན་དང་། །བློ་དང་ལྡན་པས་འཕོ་མེད་བསྒྲུབ། ། 86-1-114a སྲེད་པའི་འཕོ་བ་གསུམ་ན་འཆི། །ལས་ནི་དགེ་དང་མི་དགེ་སྟེ། །ནོར་བུའི་ནང་སོན་ལ་བལྟ་བྱ། །མཚན་མོ་བདུན་ན་ངེས་གྲོལ་ཏེ། །ང་ཡི་ངག་ལ་ཐེ་ཚོམ་མེད། །ཚོར་བའི་འཕོ་བ་ལྔ་ན་ནི། ། འཆི་འགྱུར་ལས་ཀྱང་ངོ་དེ་བཞིན། །དགུ་དང་བཅུ་དག་ན་གྲོལ་ཏེ། །རྡོ་རྗེ་པད་དབུས་སོན་པས་སོ། །རེག་པའི་ཉིན་མོའི་འཕོ་བ་ནི། །བརྒྱད་ན་འཆི་བར་ཤེས་པར་བྱ། །དེ་ལྟར་ལས་དགེ་མི་དགེ་སྲིད། །ཡན་ ལག་དྲུག་གིས་ཐིམ་པར་བྱ། །གཅིག་དམན་ཉི་ཤུའི་ཉི་མ་ན། །གྲོལ་བའམ་ཡང་ན་མི་གྲོལ་ལོ། །སྐྱེ་མཆེད་དྲུག་གི་འཆི་བ་ནི། །ལས་དགེ་མི་དགེས་བལྟ་བྱ་སྟེ། །འཕོ་བ་བརྒྱད་ན་ཤེས་པར་བྱ། །ཁམས་ ཀྱི་ནད་རྣམས་དེ་མཐོང་འགྱུར། །ནུབ་བཅུ་ན་ནི་གྲོལ་འགྱུར་ཏེ། །འཁོར་ལོ་བཞི་རུ་ཐིམ་པར་བྱ། །མིང་དང་གཟུགས་ལ་འཆི་བའི་ལས། །གསུམ་པ་འམ་ནི་ལྔ་པ་ཡི། །འཕོ་བ་དག་ནི་ཤེས་པར་བྱ། ། མཚན་མོ་བརྒྱད་ན་འགྲོལ་བའོ། །སེམས་ནི་ཐིག་ལེའི་གནས་སོན་པར། །བརྟེན་པར་འགྱུར་བའི་ཆོ་ག་བྱ། །རྣམ་པར་ཤེས་པའི་འཆི་བའི་ལས། །སླར་ཡང་བརྒྱད་དང་བཅུ་པ་ཡི། ། འཕོ་བར་ས་ལ་ཤེས་པར་བྱ། །ཡང་ན་དེ་ཉིད་ལ་འགྲོལ་ཏེ། །བཅུ་དྲུག་ཕྱེད་ཕྱེད་ཀྱི་གཟུགས་ཅན། །ཡེ་ཤེས་རླུང་གིས་གཟུང་བར་བྱ། །འདུ་བྱེད་ཀྱི་ནི་འཆི་བའི་ལས། །གསུམ་དང་བདུན་གྱི་ དེ་བཞིན་དུ། །བལྟས་པར་གྱུར་པས་འཕོ་བ་ཡིན། །དེ་ཡི་ལྟ་བས་གྲོལ་བར་འགྱུར། །ཐིག་ལེ་གཉིས་ནི་ཤེས་བྱས་ནས། །སྟེང་དུ་འགྲོ་བས་ཐིམ་པར་བྱ། །འདི་ཡིས་ནད་དང་འཆི་མེད་འགྱུར། ། དེ་ཕྱིར་སངས་རྒྱས་རྡོ་རྗེ་འཆང་། །སུམ་བཅུ་བདུན་བདག་ཉིད་དགེ་བ། །སླར་ཡང་དཀྱིལ་འཁོར་བསྒོམ་པར་བྱ། །ཀེང་རུས་ཆེན་པོའི་གཙོ་བོ་ཡི། །རྣལ་འབྱོར་པ་ཡིས་ཐམས་ཅད་མཐོང་། །ཞེས་བྱ་ 86-1-114b ནི་བོང་བུའི་རྣལ་འབྱོར་ལ་ཀེང་རུས་ཆེན་པོ་བསྒོམ་པ་པོའི་མན་ངག་དེ་ཁོ་ན་ཉིད་དང་ལྡན་པ་སྟེ་རབ་ཏུ་བྱེད་པ་གཉིས་པའོ།། །། དེ་ནས་ཀེང་རུས་ཀྱི་སྦྱོར་བས། །ཡུལ་ཡུལ་རང་གི་སྐྱེ་གནས་སྐྱེས། ། རྣལ་འབྱོར་མ་དང་དཔའ་གཙོ་མོ། །ཡེ་ཤེས་ལྡན་པས་ཤེས་པར་བྱ། །ཨ་ཊ་ཊ་ར་དགོད་པར་རྡུལ་ལྷ་མོ། །རྣལ་འབྱོར་མ་ནི་ཀུན་གྱི་གཙོ། །དེ་ཡི་གནས་སུ་གནས་ལྷ་མོ། །ཀ་དམ་ཤིང་ལ་དྲིལ་ ཆེན་མ། །ལྷ་མོ་དེ་ཡི་རྟག་པའོ། །ཞིང་སྐྱོང་ཞལ་ཆེན་པོ་ཡིན་ནོ། །ཀེང་རུས་བདེ་བའི་སྒྱུ་མ་ཡིན། །བདག་ཉིད་ཆེ་ལས་ངེས་འབྱུང་འགྱུར། །དེ་རྣམས་ཀེང་རུས་ཀྱིས་རྒྱས་བཏབ། །ཨོ་ཊྱན་བུ་ག་ལས་ སྟེང་སོན། །རང་ཁམས་ལས་བཞེངས་རྣམ་པར་ཤེས། །རིམ་གྱིས་ཡུལ་ཐམས་ཅད་དུ་འགྲོ། །ཀོ་ལླའི་རི་དང་བ་རུ་ཎྱ། །དེ་བི་ཀོ་ཊྚ་བི་ར་ཛ་ཀྃ། ཨེ་རུ་ཎྱ་དང་དེ་ནས་གྲོང་། །ཨཻ་ལའི་གྲོང་དང་ཁ་ ཆེ་དང་། །མ་རུའི་གྲོང་དང་དེ་བཞིན་དུ། །པུཎ་ཌ་བ་དྷ་ན་ཡི་ཞིང་། །ཛ་ཡན་ཏི་དང་བྲིཥྚའི་གྲོང་། །སཽ་པ་རེ་དང་སྤྱོད་དེ་བཞིན། །ཨོ་ཊྱན་དང་ནི་འབར་བ་འཛིན། །ཀྵེ་རེ་ཀེ་དང་སྒྱུ་མའི་གྲོང་། །ཨམ་བུ་ཀེ་དང་རྒྱལ་ པོའི་ཁབ། །བོད་ཀྱི་ཡུལ་དང་དེ་བཞིན་དུ། །མཱ་ལ་བེ་དང་པུ་ལིར་སོགས། །ཉི་ཤུ་རྩ་བཞིའི་གནས་ཡིན་ནོ། །རི་ཡི་རྩི་དང་ཏཱ་ལའི་ཤིང་། །པ་ཊ་ཨ་མྲ་གསེར་དེ་བཞིན། །རལ་པའི་ཤིང་དང་གཞན་གནོན་དང་། ། རི་ཡི་རྩེ་མོར་ཡང་དག་རྟེན། །ཐང་ཆེན་པོ་དང་རྩ་ཁུང་དང་། །ཨ་ཤྭད་ཐ་དང་ཁང་པ་བརྩེགས། །ཨུ་དུམ་བ་ར་ཤལ་མ་ལི། །ཀ་རན་ཛ་མྱ་ངན་མེད་ལ་རྟེན། །གསེར་ཤིང་དང་ནི་སཱ་ལ་དང་། །ཙུ་ཏ་དྷཱ་ཏུ་དིལ་ལ་ཀི། ། བྲག་བརྩེགས་པ་དང་སྦྲང་རྩིའི་ཤིང་། །སྔོན་དུ་ཡང་དག་བརྟེན་པའོ། །རྡུལ་གྱི་སྐྱེ་གནས་ཆོལ་པའི་ལུས། །སྟོབས་ཆེན་དང་ནི་རྣལ་འབྱོར་གནས། །ཐོད་པ་ལས་དང་རྡུལ་རབ་གཏུམ། །སྐྱེ་གནས་དཔའ་བོ་ཆོལ་ 86-1-115a པའི་ལུས། །སྟོབས་ཆེན་རྣམས་དང་ཁྲག་དེ་བཞིན། །དཔའ་བོའི་སྐྱེ་གནས་ནུས་ལས་བྱུང་། །སྐྱེ་གནས་ཟླ་བ་ལས་བྱུང་དང་། །སྟོབས་ཆེན་རིགས་ལས་བྱུང་བ་དང་། །འཇིགས་བྱེད་ཁྲག་ ལས་བྱུང་དེ་བཞིན། །ཚིལ་དང་གཡུལ་ངོ་ཆེ་ལས་སྐྱེས། །མེ་ཏོག་སྐྱེ་གནས་གཉིས་དེ་བཞིན། །སླར་ཡང་དེ་ཉིད་ཚིག་དྲན་བྱ། །འདི་རྣམས་རིགས་ལས་བྱུང་ལྷ་མོ། །ལྷན་ཅིག་སྐྱེས་གཟུགས་བུ་མོ་ཡིན། ། དཔལ་ཆེན་མོ་དང་མེ་ཡི་ཁ། །ཞིང་སྐྱོང་མཆོག་གི་ཞལ་ཅན་ཏེ། །མེ་ཡི་གདོང་ཅན་ཞེས་གྲགས་པ། །ཀེང་རུས་བདེ་བ་རིག་པ་བའོ། །དེ་ཡི་འཕོ་བ་འཛིན་པ་ནི། །རྣལ་འབྱོར་མ་གཉིས་སྤྲོ་བར་བྱེད། ། དེ་ཡིས་དེ་འདོད་སྦྱོར་བ་ཡིས། །དཔའ་བོ་གཉིས་མེད་ཡང་དག་རྟེན། །སེམས་ཅན་རྣམས་ལ་ཕན་དོན་དུ། །རྡོ་རྗེའི་དཀྱིལ་འཁོར་དུ་གནས་ཏེ། །ཀུན་ཏུ་སྤྱོད་པའི་བགྲོད་གཟུགས་ཀྱིས། །ཡུལ་ཐམས་ ཅད་དུ་འགྲོ་བ་ཡིན། །ལང་དབང་ཕྱུག་མ་གྱེན་རྫེས་སྐྲ། །ཞིང་སྐྱོང་གཙིགས་པ་ཆེན་པོ་སྟེ། །གྱེན་བརྫེས་སྐྲ་ཞེས་བཤད་པ་ནི། །ཀེང་རུས་བདེ་བའི་རྒྱུ་ཅན་ཏེ། །རྣལ་འབྱོར་མ་མཆོག་ཁྱད་པར་ནི། ། ལྷག་མ་སྔོན་གསུངས་བཞིན་ཤེས་བྱ། །རྣ་བ་གཅུས་དང་དྲག་མོ་སྟེ། །ཞིང་སྐྱོང་བ་ནི་ལུས་ཆེན་ནོ། །དེ་ནས་ཡང་ན་རྒྱུ་ཅན་དང་། །མཆོག་དབང་ཕྱུག་མ་དྲག་ཆེན་པོ། །ཀེང་རུས་བདེ་བའི་སྟོང་པ་ ཡིས། །གོ་འཕང་མཆོག་ཏུ་ཤེས་པར་བྱ། །ཞི་བའི་གཟུགས་དང་མེ་དང་ནི། །ཞིང་སྐྱོང་ཨ་ཊ་ཊར་དགོད་པའོ། །མེ་དང་འཕྲུལ་ཆེན་དག་དང་ནི། །སྒྲ་ཆེན་པོར་ཡང་ཤེས་པར་བྱ། །ཀེང་རུས་ཀྱི་ནི་གཏུམ་ མོ་ནི། །འབར་བའི་དབུས་སུ་བདེ་བ་ཆེ། །མེ་ཡི་སྟོང་དང་བརྩོན་ཆེན་མ། །ཞིང་སྐྱོང་བ་ནི་དྲིལ་བུའི་སྒྲ། །བརྩོན་འགྲུས་ཆེན་མོ་ཞེས་གྲགས་པ། །ཀེང་རུས་བདེ་བའི་འབྱུང་གནས་ཡིན། །དམར་སེར་ 86-1-115b གྲགས་དང་འཇིགས་མིག་མ། །ཞིང་སྐྱོང་བྱིན་པ་ཆེན་པོ་སྟེ། །འཇིགས་བྱེད་མ་དང་སྤྱན་མ་འམ། །ཀེང་རུས་བདེ་བའི་འགེངས་བྱེད་པའོ། །འཇིགས་ཆེན་མ་དང་སྟོབས་ཆེན་མ། །ཞིང་སྐྱོང་གླང་པོ་ཆེན་ པོ་སྟེ། །ཡང་ན་གླང་པོའི་རྣ་མ་དང་། །ཞིང་སྐྱོང་གླང་པོའི་རྣ་ཅན་ཏེ། །ཀེང་རུས་བདེ་བ་ལ་ཞོན་པ། །རྩ་ཐམས་ཅད་དུ་དེའི་རང་བཞིན། །བ་ལང་རྣ་མ་རིའི་རྩེ་མ། །ཞིང་སྐྱོང་འཇིགས་བྱེད་ཆེན་པོ་སྟེ། །དེ་ནས་ སླར་ཡང་སྦུག་མའི་བྱིན། །ཀེང་རུས་བདེ་བ་ལ་ཐིམ་པའོ། །བགྲོད་པ་མོ་དང་འཇིགས་ཞལ་མ། །ཞིང་སྐྱོང་བ་ནི་གཙིགས་པ་སྟེ། །རྨོངས་པར་བྱེད་མ་ཞལ་ཆེན་པོ། །ཀེང་རུས་བདེ་བ་ལ་ཆགས་པའོ། ། རོ་ལངས་མ་དང་དེ་བཞིན་བཟང་མོ། །ཞིང་སྐྱོང་བ་སྤུའི་བྱིན་པ་ཅན། །ཡང་ན་གྱེན་གཙིགས་ཆེན་པོ་སྟེ། །ཀེང་རུས་བདེ་བ་ལ་ཟའོ། །ཙཱ་མུན་ཊ་དང་ལྷ་ཆེན་མོ། །ཞིང་སྐྱོང་བུམ་པའི་རླིག་པ་ཅན། །ཡང་ན་ ལྷ་མོ་ཆེན་མོ་དང་། །ཞིང་སྐྱོང་བུམ་པའི་གྲུལ་ཅན་ཏེ། །ཡང་ན་ལྷ་ཆེན་པོ་ཡིན་ནོ། །ཀེང་རུས་བདེ་བར་གར་བྱེད་པའོ། །རབ་གུས་མ་དང་རལ་གསུམ་མ། །ཞིང་སྐྱོང་གཙིགས་པ་ཆེན་པོ་སྟེ། །ཡང་ན་རལ་ པ་གསུམ་ཤེས་བྱ། །ཀེང་རུས་བདེ་བའི་ཕ་རོལ་ཕྱིན། །གློག་གི་གདོང་མ་དྲིལ་སྒྲ་མ། །ཞིང་སྐྱོང་འུག་པའི་གདོང་ཅན་ཏེ། །དྲིལ་བུའི་སྒྲ་རུ་ངེས་གྲགས་པ། །འདིར་ནི་ཀེང་རུས་བདེ་ཟ་བའོ། །མེ་ཞལ་མ་ དང་ལྷ་ཆེན་མོ། །ཞིང་སྐྱོང་འཇིགས་པར་བྱེད་པ་སྟེ། །ཡང་ན་ལྷ་ཆེན་པོར་ཤེས་བྱ། །ཀེང་རུས་བདེ་བའི་གཟི་ཅན་ནོ། །ཀ་རན་ཛ་གནས་མ་དེ་བཞིན། །གཞན་ཡང་དྲིལ་བུ་ཆེན་མོར་གྲགས། །ཞིང་སྐྱོང་བ་ནི་ སྟོབས་ཆེན་ཏེ། །ཀེང་རུས་བདེ་བས་མཛེས་པ་ཡིན། །གསང་གྲགས་མ་དང་ལྷ་ཆེན་མོ། །དྲག་གཟུགས་མ་དང་སྟོབས་ཆེན་མ། །ཞིང་སྐྱོང་སྒྲ་ཆེན་པོ་དང་ནི། །དྲག་པོའི་གཟུགས་དང་སྟོབས་ཆེན་ཏེ། །ཀེང་རུས་བདེ་ 86-1-116a ལས་ཡོངས་བྱུང་བའི། །མཆོག་ཏུ་མི་འགྱུར་རྣལ་འབྱོར་ལྡན། །གཏུམ་མོ་དང་ནི་དྲག་མོ་དང་། །ཞིང་སྐྱོང་བ་ནི་འབར་བར་གྲགས། །དེ་ནས་ཡང་ན་དྲག་པོའི་གཟུགས། ། ཀེང་རུས་བདེ་བའི་ཆ་ལུགས་ཅན། །འཇིག་རྟེན་གྱི་མ་གྱེན་སྐྲ་མོ། །ཞིང་སྐྱོང་རི་རབ་ཆེན་པོ་སྟེ། །དེ་ནས་ཡང་ན་གྱེན་བརྫེས་སྐྲ། །ཀེང་རུས་བདེ་བ་སྒོམ་པ་པོའོ། །འཇིགས་པ་མོ་དང་སྟོབས་ཆེན་མ། ། ཞིང་སྐྱོང་འཇིགས་པ་དེ་བཞིན་ཏེ། །སྟོབས་པོ་ཆེ་དང་འཇིགས་གཟུགས་མ། །ཀེང་རུས་བདེ་བའི་སྙིང་པོ་ཅན། །སྲུལ་མོ་དང་ནི་ལྷ་ཆེན་མོ། །ཞིང་སྐྱོང་བརྟུལ་ཞུགས་ཆེན་པོ་སྟེ། །ཀེང་རུས་བདེ་ བའི་ནུས་པ་ཡིས། །དེ་ཕྱིར་དབང་པོ་ཀུན་བདེ་བའོ། །བི་པན་ས་མ་དྲིལ་ལི་སྒྲ། །ཞིང་སྐྱོང་རྣ་བ་ཆེན་པོ་ཅན། །ཡང་ན་དྲིལ་ལི་སྒྲོགས་པ་སྟེ། །ཀེང་རུས་བདེ་བ་འཛག་པའོ། །ལྷན་སྐྱེས་ གྲགས་མ་འབྱོར་གྲགས་མ། །དཔའ་བོ་ཆེན་པོ་དེ་བཞིན་མཆོག །ཞིང་སྐྱོང་ཤིན་ཏུ་ཐུབ་དཀའ་སྟེ། །ཀེང་རུས་བདེ་བ་དཔོག་བྱེད་པའོ། །དབང་སྐུར་མཉམ་མ་སྐྱེས་དབང་ཕྱུག །ཞིང་སྐྱོང་ སྣ་ཚོགས་དབང་ཕྱུག་སྟེ། །ཀེང་རུས་བདེ་བ་ལ་གནས་པས། །རང་ཉིད་འདོད་པའི་བདེ་བར་འགྱུར། །རྡོ་རྗེ་མགོ་དང་རྩེ་གསུམ་དང་། །དར་དང་རྡོ་རྗེ་མདུང་ཐུང་དང་། །གཏུན་ཤིང་ཞགས་པ་དེ་བཞིན་དུ། ། རྡོ་རྗེའི་ལྕགས་སྒྲོགས་ལྕགས་ཀྱུ་དང་། །ཞགས་པ་བཤལ་དང་ཁ་ཊྭཱྃ་ག །རྡོ་རྗེ་ལྕགས་སྒྲོགས་ཕྱག་ཅན་དང་། །དབྱུག་པ་མདུང་ཐུང་གྲི་གུག་དང་། །མདུང་ཐུང་རྡོ་རྗེ་ལྕགས་སྒྲོགས་ཅན། །གྲི་གུག་ རལ་གྲི་དེ་བཞིན་དུ། །རྡོ་རྗེ་དང་ནི་མདུང་ཐུང་གཤོལ། །ག་ད་རྡོ་རྗེ་ཀྱོ་དེ་བཞིན། །ཆུ་སྲིན་རྒྱལ་མཚན་ཐོ་བའོ། །ཞི་བའི་ཞལ་དུ་ཤེས་བྱ་དང་། །གཙིགས་མ་དང་ནི་རབ་འཇིགས་མ། །ཆོས་ཀྱི་དབང་ 86-1-116b ཕྱུག་རབ་སྟེར་མ། །རྣལ་འབྱོར་དབང་ཕྱུག་ཀུན་མཆོག་མ། །འདོད་པའི་དབང་ཕྱུག་རབ་སྟེར་མ། །ཡང་དག་རྨོངས་པའི་ཞིང་སྟེར་མ། །གཙིགས་མ་རྨོངས་པའི་ཞིང་མ་དང་། །འཇིགས་ཆེན་མ་དང་དེ་བཞིན་གཞན། ། གཏུམ་ཞལ་མ་དང་དགྲ་འཇོམས་མ། །རྨོངས་པའི་ཞིང་གི་འཇིགས་བྱེད་མ། །དཔའ་བོ་ཀུན་ལ་མཆོག་སྟེར་མ། །ལོངས་སྤྱོད་གྲོལ་བ་སྡིགས་འཇོམས་མ། །བདེ་བ་ཀུན་གྱི་མཆོག་སྟེར་མ། །བསམ་པ་ ཐམས་ཅད་རྫོགས་བྱེད་མ། །གཙིགས་མ་དྲག་ཅིང་འཇིགས་པ་མོ། །ཤ་ཡི་གདན་ཅན་མ་དང་གཞན། །བདེ་བའི་དབང་ཕྱུག་མཆོག་སྟེར་མ། །མཛེས་ཤིང་ཐམས་ཅད་དགོས་མ་དང་། །འཇིག་རྟེན་དངོས་གྲུབ་སྟེར་ བ་མོ། །ལྷ་མོ་གཙིགས་མ་འཇིགས་པར་བྱེད། །ཤིན་དུ་དྲག་མོ་གཟུགས་བཟང་མོ། །དབང་ཕྱུག་ཐམས་ཅད་རབ་སྟེར་མ། །དངོས་གྲུབ་ཐམས་ཅད་རབ་སྟེར་མ། །འཇིགས་མ་སྒྲུབ་མ་གྲགས་སྟེར་མ། །ནག་ པོའི་གཟུགས་དང་དྲག་ཆེན་པོ། །དགྲ་ཐམས་ཅད་ཀྱི་འཇིགས་པ་ཞོན། །ཐམས་ཅད་དབང་དུ་བྱེད་པ་དང་། །སེམས་ཅན་ཐམས་ཅད་འཇིགས་བྱེད་མ། །འཁོར་ལོ་ཀུན་རྒྱལ་མ་ཉིད་དང་། །འཇིགས་པར་བྱེད་དང་ དེ་བཞིན་གཞན། །ཞི་བའི་ཞལ་མ་གཟུགས་བཟང་མ། །བསྒྲུབ་པོ་རྣམས་ལ་མཐུན་བྱེད་མ། །སྙན་གྲགས་མ་དང་རབ་སྡོང་མ། །དེ་ལྟར་ཐམས་ཅད་རིམ་བཞིན་ནོ། །ཨཊ་ཊར་དགོད་པའི་འཁོར་ལོར་བཞུགས། ། ཀོ་ལའི་རིར་ནི་རོ་ལ་བཞུགས། །བ་རུ་ཎྱ་སིད་དྷ་སིམ་ཌིར། །ལྷ་མོའི་མཁར་དུ་ཡི་དགས་གནས། །བི་ར་ཛ་རུ་ཤིང་ལེབ་བཞུགས། །ཨེ་ར་ནྱེ་རུ་ཕག་ལ་བཞུགས། །དེ་ནས་གྲོང་དུ་ཡི་དགས་བཞུགས། ། ཨེ་ལེའི་གྲོང་དུ་བོང་བུར་གནས། །ཁ་ཆེར་ནོར་སྦྱིན་ལ་ནི་གནས། །མ་རུའི་ཡུལ་དུ་མ་ཧེར་གནས། །གྲོང་དུ་མགོ་ཡི་རྒྱབ་ཏུ་སྟེ། །པུཎ་ཌ་བ་དྷ་ར་རོ་ལ་གནས། །ཛ་ཡན་ཏྱ་རུ་ཀེང་རུས་གནས། །པྲཥྚིའི་གྲོང་དུ་ 86-1-117a བརྩེགས་པར་གནས། །སོ་པཱ་རེད་པར་ཏ་ལ་གནས། །ཀ་རན་ཛར་གནས་ཙ་རི་ཏཱ་རི། །ཨོ་ཌྱན་དུ་ནི་བདུད་ལ་བཞུགས། །འབར་བ་འཛིན་པར་རོ་ལ་གནས། །ཀྵི་རི་ཀར་ནི་མེ་ལ་གནས། ། སྒྱུ་ཡི་གྲོང་དུ་རེ་ཡི་སྟེང་། །ཨམ་བུ་ཀེ་རུ་སེང་གེར་གནས། །རྒྱལ་པོའི་ཁབ་ཏུ་འཁོར་ལོར་གནས། །བོད་ཀྱི་ཡུལ་དུ་ཡི་དགས་གནས། །རོར་གནས་མ་ལ་བར་དེ་བཞིན། །ཀེང་རུས་ཀྱི་ནི་རབ་སྦྱོར་བས། ། དེ་ལྟའི་ཞིང་དུ་དངོས་གྲུབ་འགྱུར། །ཀེང་རུས་ལས་བྱུང་བདེ་བ་ནི། །རྩ་ཡི་རྩ་བ་ལས་ཡོངས་ལངས། །མཚམས་རྣམས་ཀུན་དུ་ཁྱབ་པར་ནི། །ཡེ་ཤེས་ཁུ་བ་དེ་མཐོང་འགྱུར། །མགོ་མེད་ལས་བྱུང་བའི་ངག་ འདི། །ཁམས་དེ་ཉིད་ནི་ཟ་བའོ། །དབང་པོ་གཉིས་ཀྱི་མཁའ་གནས་ལས། །དེ་ཡིས་བདེ་བ་མཐོང་བར་འགྱུར། །ཐམས་ཅད་དཔའ་བོ་རྣལ་འབྱོར་མ། །མཁས་རྣམས་ཅུང་ཟད་མེད་པར་འགྱུར། །དེའི་ རང་བཞིན་འགྲོ་རྒྱུ་མར་ནི། །ལྟོ་བ་བསྡུས་པ་མཐོང་བར་འགྱུར། །འཕྱང་བ་ཡིས་ནི་ཐམས་ཅད་དུ། །བདུད་རྩི་དེ་ནི་འགྲོ་དང་འོང་། །འཛག་བཞིན་པ་ཡིས་རྣལ་འབྱོར་མ། །རང་གི་ཞིང་སྐྱེས་རྣམ་པར་སྤྲོ། །ཕྱི་ནང་ བདག་ཉིད་གསང་བ་ཡི། །དེ་རྣམས་ལ་ནི་མཆོད་ཆེན་བྱ། །མི་ཤེས་རི་བོ་གཅོད་པ་ཡི། །དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར། །སྔོན་བཤད་དཀྱིལ་འཁོར་དབུས་སུ་ནི། །དེ་ནས་ཀེང་རུས་བསྒོམ་པར་བྱ། ། སྐྱེ་འགྲོའི་གཙོ་བོའི་དཔའ་བོ་ཡང་། །ཤེས་རབ་ཐབས་ཀྱི་རང་བཞིན་ཅན། །གསུངས་པའི་ཡུལ་དུ་རྣལ་འབྱོར་མ། །དེ་ནས་རབ་གཏུམ་སོགས་མིང་སྟེ། །སྒྲུབ་པ་པོས་ནི་དངོས་གྲུབ་རྒྱུར། །དེར་ནི་འདུ་བ་ཡང་བྱའོ། ། བཟའ་དང་བཏུང་སོགས་ཡང་དག་བརྩམ། །ཉེར་སྤྱོད་ལྔ་སོགས་མཆོད་པ་དང་། །ཉེར་སྤྱད་གཏོར་མའི་སྣོད་རྣམས་ནི། །རློན་པའི་ཤ་དང་ཉ་ལ་སོགས། །བཟའ་དང་རྫས་རྣམས་ཐམས་ཅད་དང་། །བདུད་རྩི་ལྔ་དང་དེ་བཞིན་ 86-1-117b གཞན། །གཡོན་པར་སྣོད་རྣམས་གཞག་བྱས་ནས། །གཡས་སུ་ཁྲོ་བོ་བསྟན་པར་བྱ། །ཤིང་གཅིག་དང་ནི་དུར་ཁྲོད་དམ། །རི་དང་ཁྲོད་དང་ཁྱིམ་དང་ནི། །གྲོང་དང་གྲོང་ཁྱེར་ངོས་རྣམས་དང་། །ཁང་སྟོང་ལམ་གྱི་བཞི་ མདོ་དང་། །ཆུ་ལ་འགྲོ་དང་ཐང་ལ་རྒྱུ། །ས་དང་མ་མོའི་ཁྱིམ་དང་འགྲམ། །ནག་མོ་དྲག་མོ་དྲག་ཆེན་མོ། །ལྷ་སྦྱིན་ཡང་དག་བརྟེན་མ་དང་། །ནག་མོ་གཙིགས་དང་འཇིགས་བྱེད་དང་། །དགའ་ལས་འདས་དང་ ལོག་འདྲེན་དང་། །ཙཱ་མུཎ་ཌི་དང་དྲག་གཟུགས་མ། །ལྷ་མོ་དབུ་མ་དང་ནི་མ། །རྒྱལ་མ་རྣམ་པར་རྒྱལ་མ་དང་། །མེ་ཐུབ་མ་དང་གཞན་མི་ཐུབ། །བཟང་ནག་མོ་དང་ནག་ཆེན་མོ། །སྦོམ་ནག་མོ་དང་རྣལ་འབྱོར་མ། ། དབང་མོ་ཟླ་བ་མོ་དྲག་མོ། །སྡང་མ་འཕྱང་མ་སུམ་བཅུའི་དབང་། །ཀམ་པོ་ཛམ་མེ་མ་འཇིབ་མ། །གྲོང་དུ་གནས་པའི་རྣལ་འབྱོར་མ། །དྲག་གཟུགས་མ་དང་གཟུགས་ཆེན་མ། །མཆེ་མ་དྲག་མོ་གཙིགས་པ་མོ། ། ལྷ་མོ་ཐོད་པའི་ཕྲེང་ཅན་དང་། །ཁ་ཊྭཱྃ་ག་ནི་འཛིན་མ་དང་། །མིའུ་ཐུང་མ་དང་དགྲ་སྟའི་ཕྱག །རྡོ་རྗེའི་ཕྱག་ཅན་དེ་བཞིན་གཞུ། །མཁའ་འགྲོ་མ་ལྔ་དེ་ཉིད་ཆེ། །ལས་རྣམས་ཐམས་ཅད་རབ་སྒྲུབ་མ། །སྦྱོར་བའི་ དཀྱིལ་འཁོར་རྒྱལ་མོ་དང་། །རྡོར་དབང་ཕྱུག་མ་གཙོ་དེ་བཞིན། །དེ་བཞིན་གཤེགས་པའི་སྐུ་ཆེན་པོ། །རྡུལ་མེད་རྣལ་འབྱོར་སྟོང་པ་ཉིད། །རྡོ་རྗེའི་དབང་ཕྱུག་བཀའ་ཡིས་ནི། །ཀུན་ནས་འདིར་ནི་སྤྱན་འདྲེན་ནོ། ། ཨོཾ་ཀ་ཀྐ་ཀཌྡྷ་ན་བ་བྦ་བན་དྷ་ན་ཁ་ཁྑ་ཁཱ་ད་ན་སརྦ་དུཥྚ་ན་ཧ་ན་ཧ་ན་གྷཱ་ཏ་ཡ་གྷཱ་ཏ་ཡ་ཆེ་གེ་མོའི་དགོས་པ་མཛོད་ཅིག །ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཛཿསྭཱ་ཧཱ། བདུད་རྩིས་ཁ་ནི་ཡོངས་བཀང་ནས། །ལྷ་ཐམས་ཅད་ནི་མཉེས་ པར་བྱ། །རྣལ་འབྱོར་རྣལ་འབྱོར་མ་བསྒོམ་བྱ། །ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར། །ཨོཾ་བྷ་ཀྵ་སརྦ་ཡོ་གི་ཤྭ་རཱི་ཧཱུྃ་ཧཱུྃ་ཛཿསྭཱ་ཧཱ། ཇི་ལྟའི་ལས་སོགས་ཡོངས་སྤྱོར་བ། །གཏོར་མའི་ལས་སོགས་ 86-1-118a ཡོངས་སྦྱར་བྱ། །ཞི་དང་རྒྱས་དང་དབང་དང་ནི། །དགུག་དང་གསད་དང་དབྱེ་བ་དང་། །རེངས་པ་གཏོར་མའི་དེ་ཉིད་ཀྱིས། །རྣལ་འབྱོར་རྣམས་ཀྱི་ལས་རྣམས་ཀུན། །བསྒྲུབ་བྱའོ་ཡེ་ཤེས་ལྕགས་ཀྱུ་ ཡིས། །རང་གི་འདོད་པའི་ལྷ་ཚིམ་བྱ། །ཞིང་དང་གནས་དང་དེ་བཞིན་གྲོང་། །གྲོང་ཁྱེར་རམ་ནི་རི་བོ་རུ། །འབྱུང་པོ་མང་པོ་རབ་ཏུ་བསྡུ། །དེ་ཡི་ཚོགས་ནི་འདུ་བའོ། །རྩ་ཐམས་ཅད་ཀྱི་ཀུན་སྤྱོད་ཀྱིས། །དེ་ཡི་སྲོག་ཀྱང་ བསྡུ་བའོ། །རང་གི་མདུད་པའི་གནས་འདུས་པ། །དེ་ནས་ལྟེ་བ་སྙིང་ཀར་འདོད། །རྣལ་འབྱོར་མ་ལ་གུས་འདུད་པས། །སྒྲུབ་པ་པོས་ནི་མཆོག་ཐོབ་འགྱུར། །རྟག་ཏུ་གནས་དང་ཉེ་གནས་སུ། །སྡོད་ལ་ལྷ་ ཡིས་མཆོག་སྟེར་འགྱུར། །གནས་དེར་ཉམས་པ་དང་ལྡན་པ། །སྔོན་གྱི་ཆོ་གས་བསྒྲུབ་པར་བྱ། །བུག་རྡོལ་དང་ནི་རྒས་པ་དང་། །ཤུ་བ་མཛེ་སོགས་སྤང་པ་ནི། །འབྱུང་པོའི་ཉི་མ་ཐོབ་བྱས་ནས། །དེ་ལྟར་ལེགས་མཉམ་ བཞག་པས་བསྒྲུབ། །ལྷ་ཡི་ཆུ་ཡིས་ཁྲུ་བྱས་ཏེ། །ཁྱད་པར་དུ་ཡང་བདུད་རྩི་ལྔས། །ཡན་ལག་མར་ནག་ཆེན་པོས་བྱུག །དེ་ཉིད་ཀྱི་ནི་བདུག་སྤོས་སྦྱིན། །ངེས་པར་གྲུ་བཞི་གྲུ་གསུམ་པའི། །དབུས་སུ་འབད་ པས་བྱ་བ་ཡིན། །ཇི་ལྟ་བར་ནི་སྔོན་བཞིན་དུ། །སངས་རྒྱས་ཐམས་ཅད་གསན་དུ་གཞུག །གད་མོ་རྣམ་པ་བརྒྱད་བྱ་སྟེ། །ཧཱ་ཧཱ་ཧཱི་ཧཱི་ཧཱུྃ་ཧཱུྃ་ཧེ་ཧཻ། །ཞེས་བྱ་སྒྲུབ་པ་པོ་ཡིས་སོ། །མེ་ཡི་ས་བོན་ཡང་དག་ཞོན། ། རླུང་གིས་སུ་ནི་ཕྱེ་བ་ཡི། །སྤྱི་བོའི་གཙུག་ཏུ་སྦྱར་བྱས་ནས། །ས་ཡི་མཐིལ་དུ་མཆོད་བྱས་ནས། །སྐྱེ་གནས་དབུས་སུ་དགོང་བྱ་སྟེ། །འབད་པས་ཞུ་བ་བལྟ་བར་བྱ། །སྐྱེ་གནས་དབུས་སུ་རིམ་ཇི་བཞིན། ། བདག་ཉིད་བསམ་བྱ་རྣལ་འབྱོར་པས། །ཕོ་ཉའི་འོད་ཟེར་ཀུན་ནས་འཁྲིག །འབར་བའི་ཕྲེང་བ་རྒྱ་མཚོ་བལྟ། །དེ་ལྟར་རྣམ་པར་བསམ་གྱུར་པས། །རྣལ་འབྱོར་ཐམས་ཅད་བདེ་བའི་གནས། །རྡོ་རྗེ་མཁའ་འགྲོ་ 86-1-118b དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །ཞེས་བྱ་བ་ནི་ཀེང་རུས་ཀྱི་ཆོ་ག་སྟེ་རབ་ཏུ་བྱེད་པ་གསུམ་པའོ།། །། དེ་ནས་མཆེ་བ་རྣམ་གཙིགས་པའི། །ཏིང་ འཛིན་སྦྱོར་གནས་བཤད་བྱ་སྟེ། །གཞུ་འགེངས་རིམ་པ་འོང་བ་ནི། །རྡོ་རྗེ་རྣལ་འབྱོར་པས་ཡོད་དེ། །སྲོག་གི་ཐིག་ལེ་སོན་བསམ་པ། །མཚམས་ཐམས་ཅད་དུ་དེ་བརྒྱུད་དེ། །གཞུ་དབྱུག་མཚན་ མར་བསམ་པར་བྱ། །སྒྲ་ཐམས་ཅད་ནི་བསྐུལ་བ་ཡིས། །ཀུན་ནས་འགེངས་བཞིན་པའི་མདའ། །དབུས་མའི་ལྟེ་བར་འཛོམ་པ་ཡིས། །རྣམ་པར་ཤེས་པའི་འབེན་གཞོམ་བྱ། །འབྱུང་གནས་ཐམས་ ཅད་གསད་པ་ཡིན། །བགྲོད་བཞིན་པ་ཡི་བདེ་བ་ཆེར། །དེར་རིག་པ་ཡིས་གཞན་དུ་འགྲོ། །མཆེ་བ་རྣམ་པར་གཙིགས་པ་ཡི། །རབ་སྦྱོར་རྣམས་ཀྱིས་ངེས་འབྱུང་འགྱུར། །མཚོན་བྱ་ཟད་པ་མེད་འཇོམས་པ། ། སྐྱེ་བོ་རྣམས་ལ་འཇུག་པར་འགྱུར། །མྱ་ངན་འདས་པའི་སྤྱོད་ཡུལ་ལས། །གཞན་གྱི་གྲོང་རྣམས་སུ་འཇུག་པའོ། །སྔོན་གྱི་སྤྲུལ་པའི་བག་ཆགས་ནི། །དེ་ལ་རྒྱུན་དུ་འཇོམས་པར་བྱེད། །རྣམ་པར་ ཞུ་བའི་བདག་ཉིད་ཆེ། །ཞི་བའི་གཟུགས་སུ་སྟེར་བར་འགྱུར། །ཥྚྲི་ཞེས་རྐང་པའི་འཐིལ་བར་དུ། །ནོར་བུའི་སྐུད་པ་བཞིན་དུ་བགྲོད། །ན་དེ་མཚམས་ཀྱི་དོན་དམ་པར། །ས་གསུམ་པོ་ལ་ལྟ་བར་འགྱུར། ། དེ་ཕྱིར་སྐྱེ་བོ་ཐམས་ཅད་ལ། །མཚོན་བྱ་མཚན་ཉིད་ཀྱིས་འབྱེད་དོ། །དབང་པོ་དེ་རྣམས་ཐམས་ཅད་ལ། །བདག་ཉིད་ཀྱིས་འབུགས་སླར་ཅི་སྨོས། །འགྲོ་བ་གཞན་དུ་རབ་འཇུག་པར། །མཆོག་ཏུ་ རྨད་བྱུང་འགྲོ་བར་འགྱུར། །སྒྱུ་འཕྲུལ་དྲ་བར་ཡང་དག་གནས། །སྐྱེ་བ་ཀུན་ལ་རྣམ་པར་བལྟ། །མིག་སོགས་རྣམ་པར་ཤེས་པ་ནི། །ནད་རྣམས་སུ་ནི་བསྐྱོད་པར་བྱོས། །མཁའ་འགྲོའི་རྣམ་པར་ 86-1-119a དེ་ཤེས་བྱ། །མཁའ་འགྲོ་མ་ཡི་གཟུགས་ཀྱི་གཙོ། །དཀྱིལ་འཁོར་སྔོན་དུ་སྤྲུལ་པར་ནི། །མཆེ་གཙིགས་ལ་སོགས་བསྒོམ་པར་བྱ། །རང་གི་ཁམས་ནི་བདེ་བའི་གཟུགས། ། རང་རང་གཙོ་བོར་བྱ་བ་ཡིན། །དེ་ལས་སྐྱེས་པའི་མཁའ་འགྲོ་ཆེ། །མཁའ་འགྲོ་མ་དང་བཅས་པའི་གཟུགས། །ཐམས་ཅད་ཆོས་འབྱུང་སྣ་ཚོགས་པའི། །སྙིང་པོར་གཞོམ་དུ་མེད་ཞི་བ། །ཆོས་ཀུན་ གཅིག་ཏུ་ཡོངས་བསྡུས་པ། །སྔགས་པས་ཆོ་ག་བཞིན་དུ་བྲི། །ཨཱ་ལི་ཀཱ་ལི་མཉམ་བྱས་ནས། །སྡེ་ཚན་རྣམས་ཀྱིས་ཡོངས་བརྗེས་པ། །འདོད་དོན་ཐམས་ཅད་སྒྲུབ་བྱེད་པ། །དེར་གནས་ དཔའ་བོས་ཡང་དག་བཏུ། །ཡེ་ཤེས་ལྷ་སོགས་སྐུ་བཞི་པོ། །ཞེས་བྱ་འཐོབ་འགྱུར་ཐེ་ཚོམ་མེད། །སྟེང་འོག་རྟག་ཏུ་དངོས་གྲུབ་སྟེར། །བདག་ཉིད་ཕོ་ཉ་ཀུན་འགྲོས་སོ། །ཡི་གེ་ལྔ་བཅུ་སྡེ་ ཚན་བརྒྱད། །དེ་ཉིད་མཁའ་འགྲོ་མཆོག་རྨད་བྱུང་། །སྡོམ་པའི་དཀྱིལ་འཁོར་ཡང་ན་ནི། །ཆུང་ངུའི་རྒྱུད་དང་འདྲ་བ་མཆོག །ཡི་གེ་ཐམས་ཅད་ཀྱི་ནི་ཚད། །སྡོམ་པ་སོགས་སུ་མཚོན་པར་བྱ། ། ཡི་གེ་རྣམས་དང་མིང་རྣམས་དང་། །སྡོམ་པ་རྣམས་སུ་དེ་བརྗོད་དོ། །དཀྱིལ་འཁོར་རྣམས་དང་རྒྱུད་རྣམས་དང་། །ལེའུ་རྣམས་དང་དེ་བཞིན་དུ། །ལས་ཚོགས་རྣམས་ནི་ཐམས་ཅད་དེ། ། ཉིས་འགྱུར་ཐུང་ངུ་རིང་བའོ། །དེ་ཉིད་དུ་ནི་ཀུན་ངེས་རྒྱལ། །འབྱིན་ཅིང་སྡུད་པར་བྱེད་པ་པོ། །སེམས་ཅན་རིགས་ཞེས་འདིར་དེ་བཤད། །རེ་རེ་ཡི་ནི་མཚན་ཉིད་དོ། །རེ་རེ་ཡི་ནི་བསྒོམ་པ་ནི། །ཇི་ལྟའི་ རིམ་པས་ཤེས་པར་བྱ། །ཡི་གེ་ཡི་ནི་མིང་དང་གཟུགས། །དེ་ནི་སེམས་ཅན་གཟུགས་སུ་འདོད། །གསང་སྔགས་དེ་ནི་ཟློས་བཞིན་པ། །དེ་ཉིད་དུ་ནི་རབ་བཞུག་བྱ། །ཨ་ཡིག་ཐིག་ལེ་དང་བྲལ་བ། ། 86-1-119b དམར་པོ་ཕྱི་མོ་རྣམ་པར་སྤངས། །ཨ་ཡིག་ཐིག་ལེ་དང་བཅས་པ། །དེ་ཕྱིར་མཚལ་གྱི་རིགས་ཅན་ནོ། །གུ་ཉ་ཛ་ཡི་མེ་ཏོག་དེ་མཉམ་པར། །ཨི་ཡིག་ལ་ནི་བརྒྱན་པར་འདོད། །ཨཱི་ཡིག་སིན་དྷུ་ ར་ཡི་མདོག །བཟང་པོ་ལྔ་པར་ཤེས་པར་བྱ། །ཨུ་ཡིག་དབང་པོའི་གཞུ་ཡི་འོད། །ཨཱུ་ཡི་ཡི་གེ་དྲུག་པ་ཉིད། །ཀློག་གཉིས་དང་ནི་འདྲ་བའོ། །རི་ཡིག་དུ་བའི་ཁ་དོག་སྟེ། །ཕྲ་མོ་ལུས་ནི་སྤངས་པའོ། ། རཱི་ཡི་ཡི་གེ་མུན་པའི་གཟུགས། །ལི་ནི་བྱ་རོག་གཤོག་པ་མཚུངས། །ལཱི་ཡི་ཡི་གེ་མཚལ་གྱི་མདོག །ཨེ་ཡི་ཡི་གེ་དམར་སྐྱ་ཏེ། །ཨཻ་སིན་དྷུ་ར་དམར་མདོག་མ། །ཨོ་ཡི་ཡི་གེ་ཉི་མ་འདྲ། ། འོད་ཟེར་སྟོང་ཕྲག་གྱེན་དུ་འབར། །ཨཽ་ཡི་ཡི་གེ་རྟག་འབར་བ། །ཉི་མ་བྱེ་བ་དང་མཉམ་འོད། །ཟླ་ཕྱེད་དེ་བཞིན་དུ་ཐིག་ལེ། །ཨཾ་ཡིག་སྔོན་དུ་བཤད་པ་ཅན། །ཟླ་བ་གཉིས་དང་ཚེག་དྲག་སྟེ། །ཨཿ ཡིག་རྒྱལ་པོ་དེ་བཞིན་དུ། །དེ་ལྟར་སྟོང་པ་ཉིད་བཅུ་དྲུག །ལས་རྣམས་ཀྱི་ནི་དག་པའི་རྒྱུ། །མྱོས་དང་བརླབ་གདོལ་རྨོངས་པ་དང་། །སེམས་བྲལ་དང་པོའི་སྟོང་ཉིད་དོ། །རྨོངས་པ་དང་འཁྲུགས་དབང་དང་ནི། ། མྱུར་དུ་ཐམས་ཅད་སྟེར་བའོ། །བསམ་བྲལ་བ་དང་མྱོས་པ་དང་། །བརླབ་གདོན་དུ་ནི་བསལ་བའོ། །སྟོང་པ་ཉིད་ཀྱི་ལས་བསྒོམས་པས། །དེ་ནི་རྨུགས་དང་དབང་དུ་འོང་། །ཡང་དག་རྨོངས་དང་རྣམས་ རྨོངས་འགྱུར། །ལུས་བརླན་པ་དང་སེམས་པ་བྲལ། །དབང་དུ་འོད་དང་དགུག་པ་དང་། །ཡེ་ཤེས་ཤེས་བྱ་ཅན་མཆོག་གོ། །བསྐྲད་པ་དང་ནི་བཞུ་བའི་ལས། །རྣམ་པ་བདུན་དུ་འདོད་པ་ཡིན། །ས་ཡི་ཟིལ་ གནོན་འཛིན་བཞིན་དང་། །བསྔགས་མིན་པ་དང་རྨོངས་པའི་སེམས། །སྐྱེ་བ་འདི་ལ་ནམ་དུ་ཡང་། །དེ་ཡི་སླར་ཡང་འོང་མིན་པའོ། །རྣམ་པར་སྡང་དང་ཐམས་ཅད་ཀྱི། །འཇིག་རྟེན་གྱིས་ནི་སྨོད་པའོ། ། 86-1-120a འཇིག་རྟེན་ཀུན་དང་མཐུན་མེད་ལ། །སྐད་ཅིག་གནས་པ་སྤངས་པའོ། །ཡིད་ཀྱི་ལས་ནི་ཐམས་ཅད་རྣམས། །དེ་ཕྱིར་འཇིག་རྟེན་གསུམ་གང་འགྱུར། །བདེ་བ་ཁ་ཡིས་བཀུག་བྱས་ནས། ། དབུགས་མེད་རི་མོ་འཛག་པ་ནུབ། །ཕྱི་མོའི་ཡལ་ག་རྣམས་ཀྱིས་བྱ། །དམ་ཚིག་དབང་ཕྱུག་མའི་གནས་ཀྱིས། །ཕྱག་རྒྱ་ཆེན་པོའི་རང་བཞིན་ནི། །གཉིས་སྟོང་མཆོག་ཏུ་ཟག་པ་མེད། །སངས་རྒྱས་ རི་མོ་སྟེང་འོག་ཏུ། །པད་མའི་སྣལ་ཅན་རབ་ཏུ་གནས། །ཨཱ་ལི་ཀཱ་ལི་མདོར་བསྡུས་པ། །བཅུད་ལེན་ཁམས་ཀྱི་ལུས་ལས་སོ། །རྡོ་རྗེ་སེམས་དཔའ་ལ་སོགས་ལྷ། །ཞལ་དུ་ཡོངས་སུ་འགྱུར་བའོ། ། དེ་ཡི་འོག་དང་གང་གཞན་དུ། །ཡི་གེ་ཐམས་ཅད་ངེས་པར་གནས། །སོ་སོར་སྣང་བ་མ་བྱུང་བར། །བསྲུང་བ་གྱིས་ཞེས་བདག་གིས་བཤད། །སེམས་ནི་རྗེས་མཐུན་དབྱངས་སུ་འགྱུར། །སེམས་ནི་སྟོང་ པའི་རང་བཞིན་ཅན། །ཟླ་གཉིས་ཡང་དག་སྦྱོར་བ་ནི། །ཕྱག་རྒྱ་མཆོག་ཏུ་མི་འགྱུར་བའོ། །དེ་ལྟར་ཁམས་ཀྱི་རང་བཞིན་ཀྱང་། །ཇི་ལྟར་འདོད་པའི་ལས་བྱའོ། །སླར་ཡང་ཐམས་ཅད་བྱེད་པ་ཡི། །སྟོང་པ་ཉིད་ ནི་སོ་སོར་དགོད། །ཐོག་མ་གཉིས་ནི་རྐང་གཉིས་དགོད། །བརླ་དང་གསང་བ་རྐེད་པ་དང་། །ལྟེ་བ་སྙིང་ཀ་སྟེང་དང་ནི། །མགྲིན་པ་དང་ནི་རྐན་དེ་བཞིན། །ཁ་དང་སྣ་དང་རྣ་དག་དང་། །དཔྲལ་བ་མགོ་བོ་རྒྱབ་ཏུ་སྟེ། ། རང་གི་ཁམས་མིང་འདུ་ཤེས་ཀྱིས། །དབང་ལ་སོགས་པའི་ལས་བྱེད་དོ། །སླར་ཡང་རེ་རེ་ཡི་ཡང་ནི། །ལས་ནི་ཉི་ཤུ་ལྔའི་བདག་ཉིད། །སྟོང་ཉིད་དེ་ཉིད་རིག་བྱེད་པ། །རྒྱུན་དུ་ནང་དུ་བསྒོམ་པར་བྱ། །ཀ་ཡིག་ ལ་སོགས་མ་ཡིག་མཐར། །ལྷ་མོ་བདག་ཉིད་ཆེན་མོས་ཉོན། །གང་གིས་ས་གསུམ་གྱི་ནི་ལྷ། །ཐམས་ཅད་ལྷ་མ་ཡིན་དང་མི། །བསྒྲུབ་པའི་ལེགས་པར་ངེས་པར་ནི། །དེ་རྣམས་ཐམས་ཅད་དབང་དུ་འགྱུར། ། 86-1-120b དེ་ཉིད་ཉི་ཤུ་རྩ་ལྔ་ནི། །ཀ་ཡིག་སོགས་སུ་འདུ་ཤེས་སོ། །བདག་དང་དཀྱིལ་འཁོར་ལུས་དང་ནི། །ལྷ་དང་བླ་མ་དང་ནི་སྔགས། །རྣམ་ཤེས་ཡེ་ཤེས་སྙིང་པོ་དང་། །དུས་དང་རྒྱུ་དང་འབྲས་དེ་བཞིན། །འབུགས་ དང་བཅུད་ལེན་ལས་དང་ནི། །གཏོར་མ་ས་དང་ཕྱག་རྒྱ་གཞན། །དབང་པོ་དབུ་མ་སྒྱུ་མ་དང་། །མཚམས་དང་རིགས་རུས་དེ་བཞིན་ཏེ། །ལུང་ནི་རྗེས་སུ་རིག་པ་དང་། །མིག་འཕྲུལ་འདྲ་བ་རིམ་ཇི་ལྟར། །དེ་ལྟར་ དེ་ཉིད་ལས་མཛེས་པ། །ཤེས་རབ་ཆེན་པོས་ཤེས་པར་བྱ། །རང་བཞིན་གྱི་ནི་བརྗོད་པའི་ལས། །དུས་ཀྱི་མེ་ཡི་མདོག་ཅན་ནོ། །ཇི་ལྟར་དབང་ལས་སོགས་པའི་ལས། །ལྔ་ལྔ་རུ་ནི་གསལ་བ་ཡིན། །དམར་དང་ གནག་དང་དེ་བཞིན་དཀར། །སེར་དང་ལྗང་གུ་དེ་བཞིན་ནོ། །སྒྲུབ་པོའི་བསྒྲུབ་བྱའི་འདོད་པ་ནི། །དེ་རྣམས་དེ་ཉིད་འགྱུར་གྱིས་འོང་། །ཡ་ཡིག་ལ་སོགས་དགུ་རྣམས་ཀྱི། །ཇི་ལྟའི་ཆོ་གས་ཡི་གེ་རྣམས། ། ཕུང་པོ་ཁམས་ཀྱི་རིགས་རྣམས་དང་། །ཡན་ལག་དགུ་རྣམས་བརྗོད་པའོ། །ཇི་ལྟའི་རིམ་པས་བློ་ལྡན་གྱིས། །དགུ་དགུ་རུ་ནི་ཤེས་པར་བྱ། །ལས་ནི་དེ་རྣམས་ཤེས་བྱ་སྟེ། །འདུས་པ་བདེ་མཆོག་བླ་མ་དང་། ། བདེ་མཆོག་རྡོ་རྗེ་མཁའ་འགྲོ་དང་། །འབྱུང་བ་དེ་ཉིད་འདུས་པ་དང་། །རྡོ་རྗེ་འཇིགས་བྱེད་སྃ་བུ་ཊ། །ཇི་ལྟའི་ཆོ་གས་གཞན་དུ་ཡང་། །དེ་ལྟར་ངེས་བརྗོད་འབུམ་གསུམ་ལས། །ཕྱུང་བ་བདེ་མཆོག་ཆུང་ངུ་སྟེ། ། ཨ་ཡིག་ལ་སོགས་ཀྵ་ཡིག་མཐར། །ལེའུ་རྣམས་ཇི་ལྟའི་རིམ་པ་ཡིས། །དེ་ཁོ་ན་ཉིད་ལྡན་པར་སྦྱར། །སྡོམ་པ་རྒྱ་མཚོ་མཁའ་འགྲོ་སྐྱེས། །མཁའ་མཉམ་ནང་དུ་རབ་བཤད་པའི། །དེ་ཡི་སྒྲུབ་ཐབས་བཤད་ པར་བྱ། །ཇི་ལྟར་དབུས་མའི་པད་མར་ནི། །སངས་རྒྱས་གཟུགས་ནི་གསལ་བར་བསྒོམ། །སྐུ་ཡི་རྒྱ་མཚོ་སེར་སྣ་རྒྱ་མཚོ་དང་། །འདོད་ཆགས་རྒྱ་མཚོ་ཕྲག་དོག་རྒྱ་མཚོ་སྟེ། །ཕྱོགས་བཞི་པོར་ནི་བསྒོམ་པར་བྱ། ། 86-1-121a པད་འདབ་རྣམས་སུ་རྣལ་འབྱོར་མ། །རྡོ་རྗེ་རྒྱ་མཚོ་རིན་ཆེན་རྒྱ་མཚོ་མ། །པད་མ་རྒྱ་མཚོ་སྣ་ཚོགས་རྒྱ་མཚོ་མ། །གཡོན་སྐོར་དུ་ནི་བསྒོམ་བྱ་སྟེ། །འདབ་མ་བཞི་ལ་ཐོད་པ་ནི། །རྒྱ་མཚོ་བཞི་པོ་ ཡི་ནི་གཟུགས། །དངོས་ཀུན་བདུད་རྩིར་སོན་པའོ། །སླར་ཡང་གྲྭ་བཞི་པོ་རྣམས་སུ། །ཇི་ལྟའི་རིམ་པས་དགོད་བྱ་བ། །རྣལ་འབྱོར་ཡེ་ཤེས་དེ་ཁོ་ན། །ཐར་པའི་རྒྱ་མཚོ་གཡོན་སྐོར་དུའོ། །གཟུགས་དང་སྒྲ་དང་དྲི་ དང་རོ། །རེག་དང་ཆོས་དང་ཡིད་དང་སེམས། །ཀུན་ཀྱང་རྒྱ་མཚོར་ཤེས་བྱ་སྟེ། །གཡོན་དང་གཡས་ཀྱིས་དགོད་པར་བྱ། །ས་དང་ནམ་མཁའ་ལྕེ་དང་ནི། །རྣ་བ་ཐམས་ཅད་རྒྱ་མཚོ་སྟེ། །ཡེ་ཤེས་ཤེས་བྱའི་རྒྱ་མཚོ་དག ། སྔོན་གྱི་རིམ་པས་དགོད་པར་བྱ། །སྒོ་སྐྱོང་བ་ཡི་ལྷ་མོ་ཆེ། །གཡོན་སྐོར་དུ་ནི་དགོད་བྱ་བ། །གླང་པོ་རྒྱ་མཚོ་རྟ་རྒྱ་མཚོ། །སེང་གེ་རྒྱ་མཚོ་མ་ཧེ་མཚོ། །གྲྭ་ལ་གནས་པའི་ལྷ་མོ་ནི། །སྒྱུ་མ་རྒྱ་མཚོ་རྨི་ལམ་རྒྱ་མཚོ་མ། ། གསང་སྣང་རྒྱ་མཚོ་སྣང་བའི་རྒྱ་མཚོ་མ། །ཁ་དོག་འཁོར་ལོ་གཞན་གྱི་བཞིན། །བྱང་ཆུབ་ཆུང་ངུ་བདག་ཉིད་ཆེའི། །དཀྱིལ་འཁོར་དེ་ཡིར་ཤེས་པར་བྱ། །དུར་ཁྲོད་བརྒྱད་ཀྱི་རིམ་པས་ནི། །སྒྲུབ་ཐབས་རིམ་པས་ བསྒོམ་པར་བྱ། །སངས་རྒྱས་གཟུགས་ཀྱི་ཞལ་ནས་ནི། །པད་མའི་ཡུ་བ་ངེས་པར་འཐོན། །ཁ་དོག་དཀར་པོ་འབར་ཆེན་པོ། །པད་མ་འདབ་མ་སྟོང་ཕྲག་ཅན། །དེ་ཡི་དབུས་སུ་བསྒོམ་བྱ་བ། །མཁའ་འགྲོ་རྒྱ་མཚོ་ བདེ་མཆོག་སྟེ། །ཕྱག་སྟོང་པ་ནི་རྣམ་པར་བསྒོམ། །ཞལ་ནི་སུམ་བཅུ་རྩ་བདུན་ནོ། །ཞབས་བཅྭ་བརྒྱད་ཀྱིས་གར་དུ་མཛད། །སྤྱན་གསུམ་པ་ལ་སྣ་ཚོགས་མདོག །རལ་པའི་ཅོད་པན་ཅན་གྱིས་གཟུགས། །སྣ་ ཚོགས་རྡོ་རྗེ་ཟླ་ཕྱེད་ཅན། །རྒྱབ་ཏུ་དབང་ཕྱུག་ཆེན་པོ་འཛིན། །ལྷག་མར་དཔའ་བོ་དཔའ་དབང་མོ། །བཅུ་གཉིས་བདག་ཉིད་ཅན་འཁོར་ལོར། །ཇི་ལྟར་བདག་གིས་སྔོན་བཤད་པའོ། །ཤེས་རབ་ཕྱག་གཡོན་དུ་བཤད་ཏེ། །གཡས་ 86-1-121b པར་རྒྱུན་དུ་ཐབས་ཡིན་ནོ། །ཁྱབ་འཇུག་དྲག་པོ་དེ་བཞིན་ཚངས། །གཤིན་རྗེ་དང་ནི་ལོག་འདྲེན་དང་། །བདེན་བྲལ་དང་ནི་ཐགས་བཟངས་རིས། །དབང་པོ་ཚོགས་བདག་ཀར་ཏི་ཀ །དགྲ་བཅོམ་ཟླ་བ་ཉི་མ་དང་། །བླ་མ་ སྐྱོབ་པ་བླ་དེ་བཞིན། །ནོར་རྒྱས་དང་ནི་སྐྱེས་བུ་མེ། །མྱོས་བ་ཞབས་ཀྱིས་གནོན་པ་སྟེ། །རང་རང་ཁྱིམ་ཐབ་ཡང་དག་ལྡན། །མདོག་དང་མཚོན་ཆ་ཡང་བྱའོ། །ཕག་མོ་ཡིས་ནི་འཁྱུད་པ་སྟེ། །དེའི་གཟུགས་ཅན་ ནམ་ཕྱག་གཉིས་སྐྱེས། །སྣ་ཚོགས་གཟུགས་འཛིན་རབ་མྱུར་མ། །སླར་ཡང་རང་འདྲའི་གཟུགས་ཅན་མའོ། །འདབ་མ་སྟོང་དུ་བསྒོམ་བྱ་བ། །རང་བཞིན་རྣལ་འབྱོར་མ་ཀུན་ཏེ། །བཅོམ་ལྡན་ཁ་དོག་གང་འདྲ་བ། ། དེ་འདྲར་དེ་རྣམས་མཚོན་པར་བྱ། །ཐུང་ངུ་རིང་པོ་ཡོན་ཏན་འཕར། །ཨ་ཡིག་ལ་སོགས་སྡེ་བརྒྱད་དེ། །ཕྱི་མོ་བཅུ་གཉིས་ཀྱིས་ཕྱེ་བ། །སྟོང་ཕྲག་རྣལ་འབྱོར་མའི་ཡང་ངོ་། །ཀ་རྡོ་རྗེ་སོགས་ཤེས་བྱ་སྟེ། ། ཁམས་ཀྱི་རྐྱེན་གྱི་ཡིད་ཀྱིས་སོ། །འཁོར་ལོ་དྲུག་བདག་རྣལ་འབྱོར་ཅན། །དེ་ཐམས་ཅད་ནི་གར་དུ་མཛད། །ཐམས་ཅད་ཀྱིས་ནི་རོ་ལ་གནོན། །ཕྱག་གཉིས་པ་འམ་མཁའ་འགྲོའི་བདག །ཐོད་པ་ཁ་ཊྭཱྃ་ག་ འཛིན་མ། །བདེ་ཆེན་རྣམ་པའི་གཟུགས་ཅན་མའོ། །སངས་རྒྱས་ཐུགས་ཀ་ནས་སྤྲོ་བ། །འཁོར་ལོ་གསུམ་འགྲོ་འོད་ཟེར་ཕྲེང་། །སྲོག་ནི་འོག་དང་སྟེང་ལྟ་བས། །སྡོམ་པ་རྒྱ་མཚོ་དགུག་པར་བྱ། །སླར་ ཡང་དབུགས་ཀྱིས་དབྱུང་བ་ནི། །མཁའ་འགྲོ་རྒྱ་མཚོ་གཉིས་མེད་བདག །ཐམས་ཅད་སྡོམ་པའི་སྒྲུབ་ཐབས་སུ། །ཇི་ལྟའི་རྣལ་འབྱོར་གཞན་བྱའོ། །དེ་ལྟར་བྱེད་བཞིན་པ་ཉིད་ཀྱིས། །ཕྱག་རྒྱའི་དངོས་གྲུབ་སྐྱེ་བར་ འགྱུར། །གཞུང་ཐམས་ཅད་ནི་བལྟ་བར་བྱ། །གཞན་པའི་རྣལ་འབྱོར་དམིགས་མི་བྱ། །དམ་ཚིག་གི་ནི་སྤྱོད་པ་ཅན། །སྡོམ་པ་ཆུང་ངུར་རབ་ཏུ་བཤད། །ཐམས་ཅད་སོག་མ་བཞིན་དོར་ལ། །ཐམས་ཅད་སྡོམ་པ་གཟུང་བར་ 86-1-122a གྱིས། །མཆེ་བ་རྣམས་གཙིགས་རབ་སྦྱོར་བས། །གཞུ་འགེངས་རིམ་པས་འོང་བར་གྱིས། །དེ་ཡི་དཀྱིལ་འཁོར་འཁོར་ལོ་ཡང་། །སྔོན་གྱི་སྦྱོར་བས་བསྒོམ་པར་བྱ། །འོག་དང་སྟེང་གཉིས་མཆེ་ བ་གཉིས། །བདེ་མཆོག་མཁའ་འགྲོ་རྒྱ་མཚོ་དག །རང་མིང་བརྗོད་པའི་གསང་སྔགས་ལ། །ཧཱུྃ་ཕཊ་ཡི་གེ་མཐར་སྦྱར་གྱིས། །ཡང་དག་ཏིང་འཛིན་རྡོ་རྗེ་ཡི། །གསང་སྔགས་ཐམས་ཅད་ལ་བྱའོ། །ཐམས་ ཅད་རྒྱན་ནི་རབ་བཤད་པའང་། །སྔགས་རིག་པ་ཡིས་སྔོན་བཞིན་ནོ། །བདག་གི་བདག་པོས་རྒྱུད་འདི་ནི། །གསུངས་པས་ཡང་དག་དགའ་བར་འགྱུར། །ཉིད་དང་ལྷན་ཅིག་བྱ་བ་བྱས། །ཕྱག་རྒྱ་འོག་སྟེ་ཇི་ ལྟར་ལགས། །ཁྱོད་ཀྱིས་འོག་དང་སྟེང་ཕྱག་རྒྱ། །རབ་བཤད་བྱ་ཡིས་ལྷ་མོ་ཉོན། །མཁའ་འགྲོ་རྒྱ་མཚོ་ཤེས་རབ་ཆེ། །ཐབས་ནི་སྡོམ་པ་རྒྱ་མཚོའོ། །འོག་དང་སྟེང་དུ་སྙོམས་འཇུག་པས། །དེ་ནི་ ཕྱག་རྒྱ་མངོན་བརྗོད་འགྱུར། །ཞལ་ལས་ངེས་པར་འཐོན་ཡུ་བ། །ངག་གིས་བསྒོས་པའི་བདག་ཉིད་དོ། །དེ་ནི་མཁའ་འགྲོ་སྤྱོད་དེ་ཡང་། །རྣམ་པར་ཤེས་དང་ཐམས་ཅད་འོང་། །ཞུ་བའི་གཟུགས་ནི་ སྙིང་ག་རུ། །འོད་ཀྱིས་ཐམས་ཅད་སྡོམ་པར་གྱིས། །དེ་ནི་ཐེག་པ་ཆེར་སྡོམ་པ། །བདག་ཉིད་ཆེན་པོ་ཡེ་ཤེས་གཟུགས། །དེ་ལྟར་གཉིས་སུ་བྱར་མེད་གཟུགས། །དེ་ནི་ཕྱག་རྒྱར་མངོན་པར་བརྗོད། ། དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་རྒྱ་མཚོ་ཆེ། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །ཞེས་བྱ་བ་ནི་མཆེ་བ་རྣམ་པར་གཙིགས་པའི་ཆོ་ག་སྟེ་ རབ་ཏུ་བྱེད་པ་བཞི་པའོ།། །། དེ་ནས་ལྷ་མོས་མཆོད་བྱས་ནས། །ཕྱག་བྱས་ནས་ནི་འདི་སྐད་གསོལ། །སེམས་ཅན་རྣམས་ཀྱི་སྡོམ་བྱུང་བ། །བཅོམ་ལྡན་བདག་པོ་ཉིད་ཀྱིས་གསུངས། །ལྷ་དགྲ་ཡི་ནི་རབ་སྦྱོར་ 86-1-122b བས། །རབ་བཤད་བྱ་ཡིས་ལྷ་མོ་ཉོན། །བྱང་ཆུབ་སེམས་ཀྱི་ཆ་ཅན་གྱི། །བདེ་བ་འོངས་བ་གང་ཞིག་རྩ། །སྡོམ་པ་སེམས་ཅན་སྨིན་བྱེད་པའི། །རྣལ་འབྱོར་དེར་ནི་རྣམ་པར་སྤྲོ། །འདོད་ཆགས་ཆགས་བྲལ་རྣམ་འདྲེས་ པ། །སྡོམ་པ་སྐྱ་འགྲོའི་གཟུགས་ཅན་ནོ། །གང་ཕྱིར་དེ་ཉིད་ཀྱིས་སྡོམ་པ། །སྔོན་གྱི་སྤྱོད་པའི་སྡོམ་པའོ། །བཻ་ཡི་ནམ་མཁའ་ནམ་མཁར་ཏེ། །སྐུ་གསུམ་རྣམས་ཀྱི་ཡང་དག་བཞུགས། །ཆོས་དང་ལོངས་སྤྱོད་ རྫོགས་སྤྲུལ་པ། །འཐོབ་འགྱུར་འདི་ལ་ཐེ་ཚོམ་མེད། །གང་ཚེ་སེམས་ནི་འགྲོ་བཞིན་པ། །གཟུགས་ཀྱི་དབུས་སུ་ཐིམ་པར་གྱིས། །རང་རིག་བདག་ཉིད་བྱང་ཆུབ་ལྡན། །ལྷན་ཅིག་སྐྱེས་པའི་སྐུ་འཐོབ་འགྱུར། ། ཏིང་འཛིན་སྐད་ཅིག་རིག་མེད་པ། །གང་གི་སྲིད་གསུམ་ལ་ཐིམ་གྱིས། །དེ་ནི་འབྱུང་བར་ཤེས་བྱ་སྟེ། །ལུས་ཅན་གཞན་རྣམས་ཀྱི་སྡོམ་མིན། །རྣལ་འབྱོར་རྣམས་ཀྱི་གསང་སྡོམ་པ། །དེ་ལྟར་དེ་ཉིད་ངེས་ ཤེས་བྱ། །ནང་གི་བདག་ཉིད་ཉིན་ཞག་གིའང་། །དེ་ཡིས་སྡོམ་པར་བཤད་པར་འགྱུར། །མཚན་ཉིད་ཐམས་ཅད་ཡོངས་ལྡན་པའི། །ཨཱ་ལི་ཀཱ་ལི་སོགས་སྡེ་ཚན། །དང་པོའི་ཡི་གེའི་ཆ་ལ་སོགས། ། གང་དུ་མིང་ནི་ངེས་པར་མཐོང་། །རིགས་ནི་དེ་རུ་ཤེས་བྱ་སྟེ། །ཨང་ཀའང་སེམས་ཅན་ཡང་དག་ལྡན། །མཐའ་ཡས་ལ་སོགས་ཀླུ་གང་དང་། །ཉི་མ་ལ་སོགས་གཟའ་དེ་བཞིན། །མཁའ་འགྲོ་མའི་མི་དེ་ ཐོག་བྱས་ནས། །མ་མོ་དེ་རྣམས་སུ་རབ་གྲགས། །ལྷ་རྣམས་ཀུན་གྱིས་བསྐྱེད་པ་དང་། །སྔགས་རྣམས་ཀྱི་དང་རྒྱུད་ཉིད་ཀྱིའང་། །འཇིག་རྟེན་ཀུན་གྱི་མ་ཡིན་ཏེ། །དེ་ཡིས་མ་ལ་ཡང་དག་བརྟེན། །རྩ་ནི་ དགུ་པོ་འགོག་པ་ལས། །སྲོག་རྒྱུ་རྣམས་སུ་ཤེས་པར་བྱ། །ཨ་ཨཱ་ཀ་ཙ་ཊ་ཏ་པ་དང་། །ཡ་ཤའི་སྡེ་ཚན་ཡི་གེ་དགུ། །ཨི་ཨཱི་ཁ་ཚ་ཋ་ཐ་ཕ། །ར་ཥ་གཉིས་པར་བརྗོད་པའོ། །ཨུ་ཨཱུ་ག་ཛ་ཌ་ད་བ། །ལ་ས་སྡེ་ 86-1-123a ཚན་གསུམ་པའོ། །ཨེ་ཨཻ་གྷ་ཛ་ཌྷ་དྷ་བྷ། །བོ་ཧ་སྡེ་ཚན་བཞི་པའོ། །ཨོ་ཨཽ་ཨྃ་ཨཿང་ཉ་ཎ། །ན་མ་དེ་ལྟར་དགུའི་བདག་ཉིད། །བཞི་པོ་ཡོངས་སུ་གྲགས་པ་སྟེ། །ཉི་ཅན་ ལྔ་རྣམས་ཀྱིས་དེ་བཞིན། །དེ་ལྟར་འཇིག་རྟེན་ཀུན་གྱི་དེ། །སྡུད་པ་དང་ནི་འབྱིན་པར་གནས། །སྒྱུ་ཆེན་བཅུ་གཉིས་དེ་རྣམས་ཀྱིས། །ས་བོན་གཟུགས་ཀྱི་ཚོགས་དྲན་བྱ། །དེ་རྣམས་རཱ་སིར་ཡང་དག་གྲགས། ། རྒྱུ་སྐར་ཀུན་དང་ཡང་དག་ལྡན། །ཟླ་བ་དང་ནི་ཉི་མའི་ཆས། །འོག་དང་སྟེང་གི་ཁ་དེ་བཞིན། །བརྟན་པ་དང་ནི་གཡོ་བ་གཉིས། །རྒྱུ་སྐར་དང་ནི་རཱ་སིར་བཤད། །སྲོག་ཟུང་ངུ་ནི་དེ་བཞིན་གྲགས། །རིང་དང་ཆུང་ ངུ་རྒྱལ་དང་ཕམ། །སྟེང་དུ་དེ་ཡི་རྒྱལ་བར་བཤད། །འོག་ཏུ་འཆི་བ་མཉམ་མི་མཉམ། །ཉི་མའི་རྒྱུ་བར་སོན་པ་ཀུན། །རྒྱུ་སྐར་རཱ་སི་གཟའ་དེ་བཞིན། །རཱ་སི་རྣམ་གསུམ་སྤྱོད་གང་ཕྱིར། །ཉི་མར་གནས་པར་ འཆར་བར་འགྱུར། །སྲོག་འཆར་བ་དང་ཡང་དག་ལྡན། །རཱ་སི་ཀུན་གྱིས་ཤེས་པར་བྱ། །ཀར་ཀ་ཊ་སེང་བུ་མོ་དང་། །བུམ་པ་རིགས་དྲུག་ཡང་དག་ལྡན། །འཆར་བར་འགྱུར་དང་ཤར་བ་ཡང་། །ཇི་ལྟའི་ རིམ་དག་གཟའ་ཀུན་གྱིས། །བྲི་ཤྩི་ཀ་དང་རྟ་ཉིད་དང་། །རི་དགས་བུམ་པར་ཡང་དག་ལྡན། །ཆ་ཤས་ལྔ་ཡི་ཚད་གྱི་ནི། །གཟའ་ཤར་བ་ཡིས་འཆར་བར་འགྱུར། །རི་བོང་ལུག་དེ་བཞིན་ཉིད་དང་། །སྐན་ད་རུ་ནི་ སོན་དེ་བཞིན། །ཆ་ཤས་ཀྱང་ནི་བཞི་པ་ཉིད། །འཆར་བ་འོང་བར་འཆར་བར་འགྱུར། །ཞག་གི་འཆར་བ་མ་ལུས་པའང་། །འབྲས་བུའི་མིང་དང་ཡང་དག་ལྡན། །ནག་མོ་སོགས་ནས་འཇིབ་མའི་མཐར། ། ཡོངས་སུ་རིམ་པས་ཉི་ཤུ་བཞི། །གང་དང་འདྲ་བའི་མིང་དེ་འདྲའོ། །དེ་རྣམས་འབྲས་བུར་ཤེས་པར་བྱ། །ཉིས་འགྱུར་ལོངས་སྤྱོད་བྲིས་པ་དང་། །དབང་པོ་རྣམས་ཀྱི་ཆ་དང་ལྡན། །ཐོབ་པ་ཞག་ཏུ་ཤེས་བྱ་སྟེ། །བདག་གི་རྟག་ 86-1-123b ལྷ་མོ། །བདག་ཉིད་ཀྱིས་ནི་དགོས་ཀུན་དང་། །གཞན་རྣམས་ལ་ཡང་དེ་ལྟར་སྦྱར། །དེ་ཕྱིར་ཕྱི་དང་ནང་རྣམས་སུ། །དགེ་དང་མི་དགེའི་ལས་ཤེས་བྱ། །སྡོམ་པ་འབྱུང་བའི་དུས་སུ་ནི། །རྣམ་རྟོག་མེད་པས་མཚོན་པར་ བྱ། །གཟའ་གང་དེ་རྣམས་དབྱངས་ཤེས་བྱ། །དབྱངས་གང་དེ་རྣམས་རཱ་སིའོ། །དབྱངས་དང་རཱ་སི་དེ་བཞིན་སྐར། །རང་གི་གཟུགས་རྣམས་ཀྱང་བལྟའོ། །དངོས་གྲུབ་འབྲས་བུ་སྟེར་བ་པོ། །ཡང་དག་སྦྱོར་དང་ བྲལ་ན་མེད། །གཡོ་བའི་འཆར་བས་གཡོ་བའི་ལས། །ངེས་པར་བརྟན་པས་གཡོ་མེད་འགྱུར། །འདྲེན་མ་ཡིས་ནི་འདྲེན་མར་འགྱུར། །སེམས་ཅན་རྣམས་ཀྱི་བསོད་ནམས་རྒྱུས། །ལྷ་རྣམས་གྲོལ་བའི་རྒྱུ་ཉིད་པས། ། ལྷ་ཡིས་དགྲ་ནི་བསྒོམ་པར་བྱ། །སུམ་བཅུ་བདུན་བདག་ཉིད་འཁོར་ལོ། །རྣལ་འབྱོར་དངོས་གྲུབ་བྱེད་པའི་གཙོ། །ཁ་དོག་དང་ནི་མཚན་ཉིད་དབྱིབས། །ལས་རྗེས་འབྲངས་པས་བསྒོམ་པར་བྱ། །ལྷ་འམ་ལྷ་མིན་སྦྱིན་བྱེད་ ཀྱི། །དགྲ་ནི་འཁོར་ལོ་སྡོམ་པའོ། །དཔའ་བོ་ཐམས་ཅད་སྙོམས་འཇུག་པས། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་ལྷ་ཡི་དགྲ། །བཅོམ་ལྡན་འདས་ཀྱིས་འདི་གསུངས་སོ། །ཞེས་བྱ་བ་ནི་ ལྷ་དགྲ་ཡི་ཆོ་ག་སྟེ་རབ་ཏུ་བྱེད་པ་ལྔ་པའོ།། །། དེ་ནས་རྣལ་འབྱོར་མ་ཐམས་ཅད། །འདུས་པར་བྱས་ནས་འདྲི་བ་ནི། །ལྷ་དང་སྦྱིན་བྱེད་སེམས་ཅན་གྱི། །སྡུག་བསྔལ་སྟེར་པོ་ཇི་ལྟར་ལགས། །གལ་ཏེ་ཀུན་རང་ བཞིན་སྟོན་པ། །དགེ་དང་མི་དགེ་དེ་འདྲི་བ། །དེ་ནས་བཅོམ་ལྡན་ལྷ་ལ་སོགས། །སེམས་ཅན་ཀུན་སྟེར་པོ་ཅི་ལགས། །འདི་ལ་བདག་ནི་ཐེ་ཚོམ་མཆིས། །གཙོ་བོ་གསལ་བར་མཛོད་ཅིག་ཀྱི། །ཕག་མོ་ལ་སོགས་ མང་པོ་ཡི། །ལྷ་མོ་སྒྱུ་མ་ཆེན་མོ་ཉོན། །རང་རང་ལས་ཀྱི་རྗེས་འབྲངས་པས། །ལྷ་དང་སྦྱིན་བྱེད་སེམས་ཅན་གྱི། །བདག་གི་རང་བཞིན་དུ་ནི་མེད། །བྱང་ཆུབ་ཆེན་པོར་ཞུ་ལས་ཡོད། །རང་གི་རང་བཞིན་ཡོན་ཏན་ཉིད། ། 86-1-124a བདག་གི་ལས་ཀྱིས་ཡང་དག་འབྱུང་། །དེ་ཕྱིར་དགེ་དང་མི་དགེ་བལྟ། །སྣ་ཚོགས་ཀུན་རྟོག་འཐོབ་པར་བྱེད། །དེ་ཡིས་ལྷ་དང་སྦྱིན་བྱེད་རྣམས། །གཟའ་དང་རཱ་སི་རྒྱུ་སྐར་ཅན། །རང་གི་ལས་ འབྲས་ལ་ཟ་བ། །སྟེར་རོ་གཞན་དུ་ཅི་ཡང་མེད། །སྟོན་པ་ཇི་ལྟར་གྲོལ་བར་འགྱུར། །གླུ་འདི་ཡིས་ནི་དགྱེས་པར་བྱེད། །ཨ་མི་ཏཱ་བྷ་ཛ་ནི་ཏཱ་མ་ས་མཱ་དྷྱ་མཱ་ག་མཱ་ག་མཱ་དྷཉ། མ་པཱ་ཉ་རཱི་སཱ་མཱ་ཉ་རི་ག་མཱ་སཱ་ཉ་མཱ་རཱི་གི་མ་བྷཱུ་ཡ་ཏེ། ས་རཱི་རེ་སཱ་རཱི་རེ་སཱ་ཉ་ཤྲུ་ཏ་ནི་སཱ་མཱ་ཉ་སཱ་ནཱི། ཤཱི་རཱི་བྷ་ག་མཱ་དྷཱ་མྨཱ་དྷ་མྨཱ་སཱ་ཉ་པཱ་ཡཱ་མ་པཱ་པཱ་མ་དང་མི་ཏེ། འོད་དཔག་མེད་ཀྱི་རབ་སྦྱོར་བས། །འདི་འདྲའི་གྲོལ་བ་བསྒྲུབ་པར་བྱ། །ཨ་བ་དྷཱུ་ཏཱིའི་དབུས་སུ་ནི། ། རྣམ་ཤེས་གྲོལ་བ་ལ་མཚོན་བྱ། །སྲོག་ལ་སོགས་པའི་རླུང་ཐམས་ཅད། །རྣམ་འགྱུར་བྱས་པའི་བར་ཐིམ་བྱ། །རྣམ་པར་ཤེས་པ་འདྲེས་གྱུར་པའང་། །ཁམས་ཐམས་ཅད་ཀྱི་བཅུད་ལེན་ཏེ། །འཐུངས་པས་དངོས་ གྲུབ་ཐོབ་པར་འགྱུར། །དབང་པོ་རྣམ་བགྲོད་མཚན་ཉིད་ལས། །རྐན་གྱི་ཕྱོགས་སུ་གནས་པའི་ལྕེ། །ཨ་བ་དྷཱུ་ཏཱིར་དེ་རབ་བཤད། །ཆ་ཤས་ཅན་གྱི་ཐ་མ་ཡི། །བདུད་རྩིའི་རྒྱུན་ནི་འཛག་པར་འགྱུར། །རྩ་ཐམས་ ཅད་དུ་བཀང་བ་སྟེ། །ཡང་དག་རིག་པའི་གཟུགས་སུ་ཐིམ། །མདོར་བསྡུས་པས་ནི་ཁམས་ལྔ་སྟེ། །གཞན་གྱི་དངོས་པོ་འདིར་མ་བརྗོད། །དབང་ཆེན་ལ་ནི་མེ་ཡིས་བསྲེག །ཆུ་ཡི་དབུས་སུ་རབ་ཏུ་ཐིམ། །མྱུར་དུ་ ཞུ་ནས་འགྲོ་བར་འགྱུར། །རླུང་གི་ནམ་མཁའ་ལ་གནས་སོ། །ཆུ་ཡི་ཚོགས་ནི་བསྐམ་བྱས་པས། །དེ་ཉིད་དུ་ནི་ཐིམ་ནས་འགྲོ། །སེམས་ནི་སྟོང་ཉིད་ལ་སོན་བྱ། །སྟོང་ཉིད་ནམ་མཁའི་ཁམས་ལའོ། །ནམ་མཁའ་ ཡེ་ཤེས་ལ་འཇུག་བྱ། །ཡེ་ཤེས་སྒྱུ་མའི་རང་མཚན་ཉིད། །མཁས་པས་ཡེ་ཤེས་ཤེས་བྱའི་བདག །དེ་ལྟར་འོད་དཔག་མེད་པ་བསྒོམ། །བརྩིབས་བརྒྱད་ལེགས་པར་བརྒྱན་པ་ཡི། །ཤེས་བྱའི་འཁོར་ལོ་འདི་བསྒོམ་བྱ། ། 86-1-124b པུ་མེད་བྲི་བ་མི་ཨུ་ཀུ། །དྷ་སི་མེ་རོ་མ་ཀ་འདྲེར། །རླུང་དུ་ཏུ་ཀ་བི་མི་ཏེ། །དབང་ལྡན་དུ་ནི་རཱ་སིའོ། །དེ་རྣམ་འཁོར་ལོ་རིམ་ཇི་བཞིན། །དེ་བཞིན་འདི་ལ་འདི་རྣམས་དགོད། །ཨ་ཨི་ཨུ་ཨེ་ཨོའི་ས་བོན། ། བཀྲ་ཤིས་ལ་སོགས་གཟའ་ལྔ་ནི། །ཤར་ལ་སོགས་པར་དགོད་པར་བྱ། །རིང་པོ་དེ་ཉིད་དུ་དགོད་བྱ། །ཨྃ་ཨ་ཉི་མ་ཟླར་ཤེས་བྱ། །ཉི་མ་ཟླ་བ་འདིར་གྲོལ་བ། །ཀུ་ལེ་རེ་ལ་ཉི་མ་སྟེ། །གཟའ་ལྷག་གདོང་ལྔ་པ་ འདིར་གནས། །མཐར་ནི་གང་ཞིག་ལྷག་མ་ཡི། །སོ་སོའི་ཆོ་གས་ཟ་བར་འགྱུར། །རཱ་སི་རྣམས་ཀྱི་བརྒྱན་པ་ཡི། །འགྲོ་ཀུན་ལ་ཕན་འཁོར་ལོ་དེ། །དེ་ལྟར་དོ་ལའི་འཁོར་ལོར་འགྱུར། །རྒྱུ་སྐར་རཱ་སི་དུས་དང་ ཞག །ལུགས་རྣམས་རོ་ཧི་ཏི་སོགས་དང་། །ཟླ་བ་དང་ནི་ཉི་མ་རྣམས། །འཆི་བའི་མཚན་ཉིད་མཚོན་པ་ནི། །མདོར་བསྡུས་པ་ཡིས་བཤད་པར་བྱ། །རྒྱུ་སྐར་དུས་ཚོད་ཡང་དག་ལྡན། །གཟའ་དང་ནད་ནི་དེ་བཞིན་ ཏོ་ལ་རཱ་སིའི་ཚད་ཀྱིས་ནི། །སྐྱེ་བའི་ལས་སུ་བརྗོད་པ་ཡིན། །ཀཱར་ཏེ་ཀ་དང་བཟང་པོའི་ཚེ། །མིག་དམར་དེ་བཞིན་སྨིན་དྲུག་སྟེ། །དེ་ལ་འཆི་བར་ཤེས་པར་བྱ། །གལ་ཏེ་རྣལ་འབྱོར་པ་མེད་ནའོ། །མྲི་ག་ཤིར་ཤ་མགོ་དང་ནི། །གཟའ་ལྷག་ཉི་མ་ལ་སྨྱོ་བ། ། མགུལ་པའི་ནད་ཀྱི་ཉིན་བཞིན་ནོ། །ཁྱུ་མཆོག་ལ་ནི་རྟག་ཏུ་འཆི། །རྒྱལ་དང་མྲི་གའི་རྒྱུ་སྐར་དང་། །གཟའ་ལྷག་འཁྲིག་པ་ལ་འཆིའོ། །ཀུ་ལི་ར་མཆུའི་ཚེས་བརྒྱད་ཀྱི། །ཐོ་རངས་པ་སངས་ལ་འཆིའོ། །གྲེ་དང་མཆུ་ཡི་རྒྱུ་སྐར་དང་། །ཚེས་བཅུ་སྤེན་པ་སེང་ གེ་ལ། །ནུབ་མོ་འཆི་བར་ཤེས་བྱ་སྟེ། །གལ་ཏེ་བརྒྱ་བྱིན་མཉམ་གྱུར་ཀྱང་། །བུ་མོ་ཉི་མར་གུལ་མས་འཆི། །ས་ག་དང་ནི་བཅུ་བཞི་དང་། །གཞུ་དང་ཕུར་བུའི་རེ་མོ་དང་། །གལ་ཏེ་སངས་རྒྱས་མཉམ་གྱུར་པ། །སྲང་ལ་འཆི་བར་ཤེས་པར་བྱ། །སྣྲོན་དང་བཅུ་གཅིག་ནམ་པོ་དང་། །ཕུར་བུ་ སྡིག་པ་ལ་འཆིའོ། །ཆུ་སྟོད་ཆུ་སྨད་ཚེས་དགུ་དང་། །གྲོ་བཞིན་གཞུ་དང་པ་སངས་འཆི། །གྲོ་བཞིན་ཚེས་བདུན་ཟླ་བ་དང་། །རྒྱལ་དང་ཆུ་སྲིན་ལག་ནོར་མེད། །ཁྲུམས་སྟོད་ཁྲུམས་སྨོད་བཅུ་གསུམ་པ། །ཟླ་བ་མོན་གྲེ་བུམ་པས་འཛད། །ཐ་སྐར་བརྒྱད་པ་ནམ་གྲུ་དང་། །སྤེན་པ་དང་ནི་ 86-1-125a ཉ་ལ་འཆི། །སེམས་ཅན་ཀུན་གྱི་སྐྱེ་བའི་རྩིས། །དུས་སྨྲ་བས་ནི་ཤེས་པར་བྱ། །ས་བོན་གཅིག་ལས་སྐྱེས་ཡོན་ཏན། །གཉིས་པ་སྐྱེ་བའི་དུས་ཀྱིས་སོ། །རིགས་གཉིས་སུ་ནི་ཤེས་བྱས་ནས། ། དེའི་དུས་སྐྱེ་རྩིས་བརྩམ་པར་བྱ། །སྔོན་ལས་རྣམ་པ་སྣ་ཚོགས་ཀྱིས། །མཁས་པས་དེའི་རིགས་སུ་སྐྱེའོ། །དེ་ཡི་འབྲས་བུ་ཤེས་བྱ་སྟེ། །མཚན་ཉིད་ཀྱིས་ནི་རྗེས་སུ་གནས། །རཱ་སི་སོགས་འཁོར་ འབྲེལ་པ་དེ། །རྣམ་ཤེས་ཀུན་གྱི་མཚན་ཉིད་དོ། །འོད་དཔག་མེད་ཀྱི་རབ་སྦྱོར་བས། །དཀྱིལ་འཁོར་གསལ་བར་བསྒོམ་པར་བྱ། །དབུས་སུ་འོད་དཔག་མེད་མགོན་པོ། །ལྷག་མར་མཁའ་འགྲོ་ མ་སོགས་སོ། །དེ་ནི་རྣམ་ཤེས་སྐྱེ་གསལ་བར། །ལས་ཀྱི་འབྲས་བུ་དེ་དྲན་བྱ། །ཐམས་ཅད་བདེ་བ་ཀུན་སྦྱོར་ལས། །དེ་ཚེ་གཉིས་མེད་ལ་བརྟེན་པའི། །འོད་དཔག་མེད་ཀྱི་སྦྱོར་ལྡན་པ། །བཅོམ་ལྡན་ སྟོན་པས་འདི་གསུངས་སོ། །ཞེས་བྱ་བ་ནི་འོད་དཔག་མེད་ཀྱི་ཆོ་ག་སྟེ་རབ་ཏུ་བྱེད་པ་དྲུག་པའོ།། །། རྡོ་རྗེ་འོད་ཀྱི་རབ་སྦྱོར་བས། །ཡེ་ཤེས་དེ་ཁོ་ཉིད་བཤད་བྱ། །ལྷ་མོས་སླར་ཡང་མཆོད་བྱས་ནས། ། དེ་ཁོ་ན་ཉིད་ཡེ་ཤེས་ཞུས། །སེམས་ཅན་རྣམས་ཀྱི་རྣམ་ངེས་པས། །འཆི་བའི་མཚན་ཉིད་གང་འདྲ་བ། །དེ་འདྲ་བདག་གིས་བཤད་བྱ་ཡིས། །རྩེ་གཅིག་པ་ཡི་ཡིད་ཀྱིས་ཉོན། །ལུས་ལ་རྩ་རྣམས་མཚན་ མ་ནི། །དེ་རྣམས་ཇི་ལྟར་གསལ་བར་དབྱེ། །རྩ་ཆེན་སུམ་བཅུ་རྩ་གཉིས་ཏེ། །དེ་རྣམས་ཀྱི་ནི་གཙོ་བོ་མཆོག །བཅུ་གཉིས་དེ་བཞིན་དུ་ལྷ་མོ། །དབྱངས་རྣམས་བགྲོད་པའི་མཚན་ཉིད་དེ། །དཀར་པོ་ནག་ པོའི་ཕྱོགས་ཀྱིས་ནི། །ཉི་ཤུ་རྩ་བཞི་རུ་ནི་བརྗོད། །དེར་ནི་སྙིང་པོ་དགུ་པོ་མཆོག །ལུས་ཀྱི་མཚན་མའི་མཚན་ཉིད་དོ། །གང་གིས་ཤེས་པ་ཙམ་གྱིས་ནི། །འཆི་བའི་དུས་ལྟ་བུར་གནས་སོ། །དབུགས་ནི་ 86-1-125b རྣམ་པར་སྤྲོས་ཙམ་གྱིས། །ལུས་ཅན་འཕོ་བ་དྲུག་གཉིས་ན། །སྔ་དྲོ་རོ་ཧི་ཏ་ཡི་ཆར། །དེ་ཡི་རྟགས་ནི་མཚོན་པར་བྱ། །སྣ་དང་མིག་གི་ཕྱོགས་དང་ནི། །འགྲམ་པ་དང་ནི་རྣ་བའི་རྩར། །ལྕེ་དང་མཆེ་བའི་མཚམས་ དང་ནི། །མགྲིན་པ་རྩིབས་ལོགས་དེ་བཞིན་དུ། །སྙིང་གི་གུར་དང་ལྟེ་བ་དང་། །བརླ་དང་བྱིན་པ་དེ་བཞིན་གཞན། །འདོམས་དང་ལིང་ག་དག་དེ་བཞིན། །མགོ་བོ་དང་ནི་སྤྱི་བོའི་ཕྱོགས། །མཚམས་ནི་དེ་རྣམས་ ཐམས་ཅད་དུ། །དབུགས་ནི་འཆད་ཅིང་འཆད་པའོ། །ལུས་ཀྱི་མཚན་མ་དགུ་རྣམས་ཏེ། །འཆི་བའི་དུས་ནི་བསྟན་པ་ཡིན། །ཉི་མའི་ཚད་ཀྱི་གྲངས་རྣམས་ནི། །འཁོར་ལོ་དུས་བདག་ཉིད་ཅན་དགའ། །གང་ཚེ་ ཉི་མ་དྲུག་རྣམས་ཞོན། །གཅིག་བརྗོད་པ་ནི་བརྒྱན་པ་ཡིན། །དེར་ནི་ལོ་གསུམ་འགྱུར་ཅན་ཏེ། །སུམ་བརྒྱ་དྲུག་བཅུ་རྣམས་དེ་བཞིན། །ཆ་ཤས་དེ་ལྟར་གྱི་ནི་ཚད། །མདོར་བསྡུས་པ་ཡིས་བཤད་པར་བྱ། ། ཉི་མ་བདུན་ནི་ཡོངས་ཐོབ་ནས། །གང་ཚེ་རླུང་ནི་འབབ་པ་ན། །ལོ་གཉིས་ཡང་དག་བརྗོད་པ་ན། །དུས་ཀྱི་གྲངས་ཅན་ཟླ་བ་དང་། །ཉི་མ་རྣམས་ནི་བཅྭ་བརྒྱད་ཀྱི། །གང་ཞིག་ཚད་དུ་ཡང་དག་བརྗོད། །ཞག་བརྒྱད་ རྣམས་སུ་ཡོངས་གཏོང་པས། །རླུང་ནི་གང་ཚེ་འབབ་པ་ན། །ལོ་གཉིས་སུ་ནི་ཡོངས་བཤད་པར། །དེ་ཡི་འཚོ་བ་ཡི་ནི་གྲངས། །ངེས་པར་དེ་ཚེ་འཆི་བ་ནི། །དེ་ཡི་ཟླ་བ་རིག་བྱེད་གྲངས། །ཉི་མ་ཉི་ཤུ་རྩ་ བཞིར་བཤད། །འཚོ་བ་ཡི་ནི་དུས་གྲངས་སོ། །ལྷ་མོ་ཉི་མ་དགུར་འབབ་ན། །ལོ་གཉིས་སུ་ནི་དེ་འཚོ་སྟེ། །ཟླ་གཉིས་ཉི་མ་ཉི་མ་ཡི། །ཚད་ནི་སྦྱོར་བའི་ལུས་ཅན་ནོ། །ལྷ་མོ་ཉི་མ་བཅུ་རྣམས་ཀྱིས། ། ལོ་གཉིས་སུ་ནི་དེ་འཚོའོ། །ཉི་མ་བཅུ་གཅིག་དེ་བཞིན་དུ། །གང་ཚེ་རྩ་ནི་རབ་འཇུག་ན། །ལོ་གཅིག་གི་ནི་ལམ་བཅས་པས། །ཟླ་བ་ཡང་ནི་དགུའི་གྲངས་ཀྱིས། །ཉི་མ་བཅྭ་བརྒྱད་རབ་ཏུ་བཤད། །ཐེ་ཚོམ་མེད་པར་ 86-1-126a བཤད་པའོ། །ཞག་ནི་བཅུ་གཉིས་རབ་འབབ་པས། །ལོ་གཅིག་ཏུ་ནི་རབ་ཏུ་གྲགས། །ཟླ་བ་ཡང་ནི་ལོའི་གྲངས་ཅན། །ཉི་མ་རྣམས་ནི་དུས་ཀྱིས་མཛེས། །བཅུ་གསུམ་དུ་ནི་གང་ཚེ་རྩ། ། གཡས་སུ་བགྲོད་པ་འབབ་པ་ན། །ལོར་ནི་ཡང་དག་བཤད་པ་སྟེ། །ཟླ་བ་ཡང་ནི་རིག་བྱེད་གྲངས། །ཉི་མ་རྣམས་ནི་དགུའི་གྲངས་ན། །འཆི་བའི་མཚན་ཉིད་བཤད་པའོ། །ལྷ་མོ་གང་ཚེ་བདུན་གཉིས་སུ། ། རྟག་ཏུ་རླུང་ནི་འབབ་པ་ན། །ལོ་ནི་ཚེ་རུ་ཡང་དག་བཤད། །ཟླ་བའི་ཚེར་ནི་ཡང་དག་གྲགས། །ཉི་མ་རྣམས་ནི་བཅུ་གཉིས་སྟེ། །དེ་ཡི་འཚོ་བའི་ཚད་ཡིན་ནོ། །གང་ཚེ་ལྔ་བཅུ་ཉི་མར་ནི། །རླུང་ནི་དེ་བཞིན་འབབ་ པ་ན། །དེ་ཚེ་འཆི་བར་ཤེས་བྱ་བ། །ལོ་གཅིག་ན་ནི་ཐེ་ཚོམ་མེད། །ཉི་མ་མཆོག་ནི་ཕན་པ་ཡི། །གང་ཚེ་བརྒྱད་གཉིས་སུ་འབབ་ན། །འཚོ་བ་ཟླ་བ་བཅུ་དང་ནི། །ཉི་མ་རྣམས་ནི་མཆོག་གྲངས་ཀྱི། །ཉི་ཤུ་རྩ་བཞིའི་ ཉི་རྣམས་ཀྱི། །ཚད་དུ་བདག་གི་བཤད་པའོ། །ཉི་མ་རྣམས་ནི་བཅུ་བདུན་དུ། །ངེས་པར་གང་ཚེ་རླུང་འབབ་ན། །དེ་ཚེ་དེ་ཡི་ཚད་ཀྱི་ནི། །ཟླ་བ་རྣམས་ནི་དགུ་དང་ནི། །ཉི་མ་བཅྭ་བརྒྱད་ན་དེ་བཞིན། །འཆི་བའི་ དུས་ལ་ཐེ་ཚོམ་མེད། །ཉི་མ་བཅྭ་བརྒྱད་རྒྱུ་བ་ཡིས། །ཟླ་བ་ཡང་ནི་བརྒྱད་ན་དང་། །ཉི་མ་རྣམས་ཀྱང་ཉི་མའི་གྲངས། །དུས་ཀྱི་གྲངས་ནི་བཤད་པའོ། །གང་ཚེ་གཅིག་དམན་ཉི་ཤུར་ནི། །དྲི་ལ་ཞོན་པ་སྦྱོང་བ་ན། ། ཉི་མ་ཡང་དག་བཤད་བྱ་བ། །འཚོ་བ་ཟླ་བ་བདུན་དང་ནི། །ཉི་མ་རྣམས་ནི་དུས་གྲངས་བཤད། །དུས་འདི་རྣམས་ཀྱིས་མཆོག་གདོང་ཅན། །གང་ཚེ་ཉི་ཤུ་རུ་ནི་སྤྱོད། །ཟླ་བ་དྲུག་ན་ཚེ་དང་འབྲལ། །ཉི་མ་ཉི་ཤུ་གཅིག་ རྣམས་སུ། །གང་ཚེ་ཉི་མ་རབ་འབབ་ན། །ཟླ་བ་ལྔ་རུ་ཡོངས་འཚོ་སྟེ། །ཉི་མ་རྣམས་ནི་ཉི་མའི་གྲངས། །ཉི་ཤུ་རྩ་གཉིས་གང་ཚེ་འབབ། །ཟླ་བའི་རིག་བྱེད་ན་ཚེ་འགྲོ། །ཉི་མ་རྣམས་ནི་ཉི་ཤུ་བཞི། །ཟླ་བ་རིག་བྱེད་ 86-1-126b དུ་བཤད་དོ། །ལྷ་མོ་གང་ཚེ་ཉི་ཤུ་གསུམ། །རླུང་ནི་རྒྱུན་དུ་འབབ་པ་ནི། །དེ་ནི་ཟླ་བ་བཞིར་འཚོ་སྟེ། །ཉི་མ་དུས་རྣམས་སུ་དྲན་བྱ། །ཉི་ཤུ་རྩ་བཞིར་རབ་འབབ་པས། །ཟླ་བ་གསུམ་དུ་བཤད་པ་སྟེ། །ཉིན་བཅུ་ གཅིག་ན་དེ་བཞིན་དུ། །འཆི་བའི་དུས་སུ་རྣམ་པར་བརྗོད། །དུས་ཀྱི་གྲངས་ནི་མདོར་བསྡུས་ནས། །གོང་དུ་སྔོན་དུ་བཤད་དེའི་ཕྱིར། །བར་གྱི་ཉི་མ་མ་བཤད་གང་། །བཅུ་གཉིས་ཉིད་ཀྱི་གྲངས་ཀྱིས་ནི། ། ཆ་ཡི་རིམ་པས་དེ་སྦྱངས་ནས། །བར་ནི་གསལ་བར་བྱེད་པ་ཡིན། །བློ་དམན་རྣམས་ཀྱིས་རྟོགས་དོན་དུ། །དུས་འདི་རྣམས་ནི་རབ་ཏུ་བསྟན། །རྣལ་འབྱོར་མ་རྣམས་ཤིན་ཕྲ་མོའི། །མཐུན་མ་དུས་ནི་ བདག་གིས་བཤད། །ལྷ་མོ་དེ་རྣམས་ཀྱིས་ཡིད་ཆེས། །ཁམས་ནི་མཉམ་པ་ཅན་དུ་འགྲོ། །སྣ་ཡི་ཤ་ནི་རྣམ་ཆད་ཅིང་། །སྟེང་བལྟས་མ་ནི་དེ་བཞིན་འབབ། །དེ་ཡི་འཚོ་བར་ཤེས་བྱ་བ། །ཉི་མ་བདུན་ ན་ཐེ་ཚོམ་མེད། །མིག་གིས་གོས་ནི་ཡང་དག་ཆད། །གྱེན་ཁ་བལྟས་མ་མཆོག་དེ་བཞིན། །ཆ་ཤས་དགུ་ལ་ཡང་དག་ཞོན། །ལྔས་ལྷག་པ་ན་འཆད་དེ་བཞིན། །གོ་དཱ་བ་རྱ་འཁུར་བ་ཡི། །ངོས་སུ་ སྟེང་དུ་འགྲོ་བ་མོ། །ཉི་མ་བཅུ་རུ་ཤེས་བྱ་སྟེ། །ནུབ་གཅིག་གིས་ལྷག་དེ་བཞིན་ནོ། །རྣ་བ་གཡས་ལ་ཡོངས་བརྟེན་ནས། །བཟང་མོ་སྟེང་དུ་ཡང་དག་བརྟེན། །བཅུ་གཅིག་ཆ་ཤས་ལ་ཞོན་ཏེ། ། འཆད་པ་བཅྭ་བརྒྱད་ན་དེ་བཞིན། །བཅུ་གཉིས་དེ་བཞིན་དུ་ལྷ་མོ། །ལྕེ་ལ་རི་མོ་ནག་པོ་ཅན། །ལུས་ཅན་ཀུན་གྱི་འཆི་བ་ནི། །ནམ་ཟླའི་མཚན་མོས་ཤེས་པར་བྱ། །བཅུ་གསུམ་སོ་ཡི་བར་དུ་ནི། །གདོང་ ནག་མོ་ནི་རེག་དེ་བཞིན། །ནམ་ཟླའི་གྲངས་ཀྱི་ཉི་རྣམས་ཀྱིས། །འབྱུང་པོ་རྣམས་ཀྱི་བགྲོད་པ་ཡིན། །རྒྱུན་དུ་མཆི་མ་འབབ་གང་རྩ། །སྟེང་བལྟས་མར་ནི་རབ་ཏུ་གྲགས། །བཅུ་བཞི་པ་ཡི་དབྱངས་ལ་ཞོན། ། 86-1-127a བཅུ་ཕྱེད་ཀྱིས་ནི་ཐེ་ཚོམ་མེད། །སྙིང་གའི་གཟེབ་ནི་ཞོམ་པ་དང་། །སྟེང་དུ་ལྟ་མ་དེ་མཆོག་མ། །གསུམ་དང་ལྔ་རུ་མཛེས་ལྷ་མོ། །ཟླ་བ་ཕྱེད་དུ་ཐེ་ཚོམ་མེད། །ལྟེ་བའི་དབུས་སུ་སོན་ལྷ་མོ། ། བཅུ་དྲུག་ཆ་བདག་ཅན་ཡོངས་རྫོགས། །སེན་མོའི་ཁྲག་མེད་དེ་བཞིན་ཞག །ཉིན་རྣམས་བཅུ་རུ་ཐེ་ཚོམ་ཟ། །བཅུ་བདུན་པ་ཡི་རྩ་ཡང་ནི། །བརླ་ཡི་སྟེང་དུ་སྐམས་པ་ནི། །ཉི་ཤུ་རྩ་བཞིར་ཡང་དག་གྲགས། ། ཉིན་གཞན་ཉིན་ལ་ཐེ་ཚོམ་མེད། །བྱིན་པ་ཟུང་གི་གང་ཞིག་རྩ། །སྟེང་དུ་བལྟས་མ་དེ་བཞིན་མཆོག །བཅྭ་བརྒྱད་པ་རུ་ཤེས་བྱ་སྟེ། །ཉི་མ་རྣམས་ཀྱང་ཉི་གྲངས་ཀྱིས། །གཅིག་གིས་དམན་པའི་ཉི་ཤུ་འདོམས། ། འཆིའོ་སྟེང་དུ་ཁ་བལྟས་མཆོག །མཉམ་པས་འཆད་པར་འགྱུར་བ་ལ། །འདི་ཡིས་འཚོ་བར་ཐེ་ཚོམ་མེད། །མཚན་མར་རོལ་ལྡན་མར་གྲགས་མ། །སྟེང་བགྲོད་མཆོག་གི་དབང་ཕྱུག་མ། །བཅུ་གཉིས་སུ་ ནི་ཡང་དག་གྲགས། །ཉིན་རྣམས་དུས་ཚོད་ཐེ་ཚོམ་ཟ། །བར་གྱི་ཉི་མ་གང་བཤད་པ། །བཅུ་གཉིས་ཉིད་ལ་ཐེ་ཚོམ་མེད། །ལོ་ཡི་རིམ་པས་དེ་སྦྱངས་ནས། །བདུན་བཅུ་རྩ་གཉིས་རིམ་པ་ཡིས། །དྲུག་དང་སུམ་ བཅུ་བཅྭ་བརྒྱད་བཅུ། །འདི་ནི་ཟླ་བས་རིམ་ཇི་ལྟར། །ཤེས་བྱ་དེ་ལྟར་ལྷ་ཆེན་མོ། །རིམ་གྱིས་རིམ་གྱིས་དབྱེ་བའོ། །ལྷག་མ་ཉིད་ནི་བསྡུས་འགྱུར་བར། །འཚོ་བ་ཡིར་ནི་ཤེས་པར་བྱ། །ཡང་དག་ཆོ་ག་འདི་རྣམས་ཀྱིས། ། རྡོ་རྗེ་འོད་ནི་བསྒོམ་པར་བྱ། །རབ་ཏུ་སྦྱོར་བས་སྲོག་བཀང་བས། །སངས་རྒྱས་ལུས་ལ་འཆི་ཅི་སྨོས། །རབ་ཏུ་སྦྱོར་བ་འདི་བརྟེན་ནས། །མདོར་བསྡུས་པ་ཡིས་འཆད་པར་འགྱུར། །རྡོ་རྗེའི་ལམ་ནས་སོན་པའི་སྲོག ། སྣལ་མ་བཅུ་གཉིས་མཐའ་བར་དུའོ། །སངས་རྒྱས་རྗེས་སུ་དྲན་སྦྱོར་བས། །འདོད་པ་ལྔ་ཅན་ལ་ཟ་འགྱུར། །གསང་སྔགས་ཆེན་པོའི་འོད་ལ་ནི། །གནས་ནས་ཀུན་དུ་བགྲོད་པར་བྱ། །སྒྱུ་མའི་བདག་ཉིད་འཆི་མེད་འགྱུར། ། 86-1-127b རྣམ་པ་དྲི་ཟའི་རིས་ཅན་ནོ། །རྩྭ་ཡིས་ཀུན་ནས་འགེངས་བཞིན་པ། །དངོས་པོ་ཀུན་ལ་གནས་པ་ཡིན། །སྐྱེ་བོ་ཀུན་གྱི་ཁམས་རྣམས་ནི། །ཡེ་ཤེས་རྣམ་པར་འཐོབ་པར་བྱེད། །ཆོས་བདག་མེད་པ་འཛག་པར་ འགྱུར། །གང་ཟག་རྣམས་ལ་དགོད་པར་འགྱུར། །གཉིས་ཀ་སྒྱུ་མ་ཆེན་མོ་སྟེ། །སྙིང་རྗེའི་དབང་གིས་བཞུགས་པ་ཡིན། །མཐར་ཐུག་པ་ཡི་སྦྱོར་བས་སེམས། །མཚམས་རྣམས་ཀུན་དུ་འཆི་བ་ཡིན། ། འཆི་བ་ཆེན་པོ་སངས་རྒྱས་གཟུགས། །རྣལ་འབྱོར་རྣམས་ལ་བདེ་སྟེར་བྱེད། །དཀྱིལ་འཁོར་ཐམས་ཅད་གཟུང་བ་ཡི། །ཐམས་ཅད་བདེ་བའི་བདག་ཉིད་འགྱུར། །འཁོར་ལོའི་རིམ་པའི་རབ་སྦྱོར་བས། ། བདེ་བ་དམ་པ་ཡང་དག་མྱང་། །རྡོ་རྗེའི་འོད་ནི་བསྒོམ་པར་བྱ། །བཅོམ་ལྡན་འདས་ཀྱི་གཟུགས་མཚུངས་མ། །ལྷ་ནི་མངོན་རྟོགས་གཟུགས་ཅན་ཏེ། །ཤེས་རབ་ཐབས་ཀྱི་བདག་ཉིད་ཅན། །སྲོག་ཀུན་ ཡང་དག་སྦྱོར་བ་ལས། །མཆོག་ཏུ་ཟག་མེད་བཞུགས་ལྡན་པ། །དེ་བཞིན་གཤེགས་པ་དུས་འཁོར་གྲགས། །བཅོམ་ལྡན་འདས་ཀྱིས་འདི་གསུངས་སོ། །ཞེས་བྱ་བ་ནི་རྡོ་རྗེ་འོད་ཀྱི་ཆོ་ག་སྟེ་རབ་ཏུ་ བྱེད་པ་བདུན་པའོ།། །། དེ་ནས་ཕྱག་ན་རྡོ་རྗེ་སོགས། །བྱང་སེམས་དེ་བཞིན་གཤེགས་རྣམས་ཀྱིས། །མཆོད་པ་བྱས་ཤིང་ཕྱག་བྱས་ནས། །འདི་སྐད་དུ་ནི་གསོལ་བའོ། །གཙོ་བོ་ལྷ་རྣམས་སྒྲུབ་ ཐབས་དང་། །དེ་རྣམས་རང་སྔགས་བདག་ལ་གསུངས། །གང་གིས་ཐམས་ཅད་དབང་གྱུར་པ། །གང་གིས་རབ་སྦྱོར་ཉིད་ཀྱིས་ལགས། །ལྷ་ལ་སོགས་པའི་སྒྲུབ་པའི་ཐབས། །རྡོ་རྗེ་སྐུ་ཡི་རྒྱལ་པོ་ཉོན། ། གང་གིས་ཡང་དག་ཆོ་ག་ཡིས། །མྱུར་དུ་དངོས་གྲུབ་རབ་ཏུ་འཇུག །དཀྱིལ་འཁོར་བྲི་བ་བྱས་ནས་ནི། །སྐུ་བསྒོམ་བྱ་བ་འདིར་བཤད་དེ། །དེ་ལ་མ་མོ་ལྷ་རྣམས་དང་། །ཕོ་ཉ་འབྱུང་པོ་གཟའ་དེ་བཞིན། ། 86-1-128a ལུས་སྲུལ་པོ་ནི་ཆེན་པོ་དང་། །རིག་པའི་གསང་སྔགས་འདིར་བརྗོད་བྱ། །དབུས་མ་ཡི་ནི་ནང་གནས་པ། །སྲིད་པ་དག་པས་བསྒྲུབས་པ་ཡིན། །དུས་ཐམས་ཅད་དུ་བསྐྱེད་པ་ནི། །དཀྱིལ་ འཁོར་དུ་ནི་རབ་འབབ་ཅན། །མ་མོ་དབང་ཆེན་བསྒྲུབ་བྱ་དང་། །ལྷ་ནི་ཆུ་ཡི་དཀྱིལ་འཁོར་དུ། །འབྱུང་པོ་མེ་ལ་བསྒྲུབ་བྱ་བ། །གཟའ་ནི་རླུང་གི་དཀྱིལ་འཁོར་ལ། །ལུས་སྲུལ་པོ་ནི་ནམཁར་ཏོ། །རྡོ་རྗེའི་ སྐུ་ཡི་རབ་སྦྱོར་བར། །ཡེ་ཤེས་དཀྱིལ་འཁོར་ཆ་ཡིས་ནི། །ཨ་བ་དྷཱུ་ཏཱིར་འབབ་པ་ཡིན། །དཀྱིལ་འཁོར་ལྔ་རྣམས་ཀྱི་ཐ་མ། །དེ་ཡི་དུས་སུ་ཤེས་པར་བྱ། །དེ་བལྟས་ནས་ནི་ཕྱི་རོལ་དུ། །རས་བྲིས་ལོགས་ དཀྱིལ་འཁོར་དགོད། །ནག་བོའི་བརྒྱད་དང་བཅུ་བཞི་ལ། །འབྱུང་པོའི་དཀྱིལ་འཁོར་བསྒྲུབ་པར་བྱ། །འབུམ་ཕྲག་བཟླས་པས་དེ་ནས་ནི། །སྟེར་འགྱུར་མདུན་དུ་མངོན་སུམ་དུའོ། །ཚངས་མ་ཞི་བ་མོ་དེ་ བཞིན། །གཞོན་ནུ་མ་དང་ཕག་མོ་དང་། །དབང་མོ་ཉིད་དང་ཙ་མུཎ་ཌི། །ཚོགས་ཀྱི་དབང་མོ་མེ་གདན་མོ། །གཉིས་པའི་དུམ་བུར་དབང་པོ་དང་། །གཤིན་རྗེ་ཆུ་ལྷ་ལུས་ངན་དང་། །ཡི་དགས་དབང་དང་མེ་སྟན་ ཅན། །བདེན་བྲལ་དང་ནི་རླུང་དེ་བཞིན། །དུམ་བུ་གསུམ་པར་དགོད་བྱ་བ། །ཉི་མ་ཟླ་བ་མིག་དམར་དང་། །གཟའ་ལག་ཕུར་བུ་པ་སངས་དང་། །སྤེན་པ་དང་ནི་རཱ་ཧུའོ། །བཞི་པར་ཚངས་ཁྱབ་འཇུག་དེ་བཞིན། ། དྲག་པོ་གཞོན་ནུ་ངེས་པར་སྒོར། །ས་དང་ཆུ་དང་མེ་དང་རླུང་། །འབྱུང་བ་ཆེན་པོའི་ཁམས་རྣམས་དང་། །མཁའ་འགྲོ་མར་མེ་འཇིབ་མ་དང་། །ཀམ་པོ་ཛཱི་ཁྱབ་བདག་དེ་བཞིན། །འབྱུང་པོ་འབྱུང་པོའི་གཟུགས་ ཀྱིས་ནི། །རྟག་ཏུ་ཆོ་ག་བཞིན་བསྒྲུབ་བྱ། །དཀྱིལ་འཁོར་ཆེན་པོའི་སྦྱོར་བ་ཡིས། །ཀུན་ནས་ཕྱི་ཡི་དཀྱིལ་འཁོར་བྲི། །རི་མོ་སུམ་སྐོར་དབུས་བྱིན་པས། །བརྟུལ་ཞུགས་ཅན་གྱིས་མཛེས་པར་བྱ། །པད་མ་འདབ་ 86-1-128b བརྒྱད་བྲི་བར་བྱ། །ལྟེ་བ་ཟབ་པའི་སྤྱོད་ཡུལ་ཅན། །དེའི་དབུས་སུ་རྡོ་རྗེའི་སྐུ། །ཞལ་གཅིག་པ་ལ་ཕྱག་བཞི་པ། །ཅུང་ཟད་མཆེ་བ་གཙིགས་པའི་ཞལ། །བཞད་པའི་ཞལ་ལ་ཁྲོ་དང་བཅས། །ཁ་དོག་སྔོན་པོ་དྲག་ ཆེན་པོ། །ཐོད་པའི་ཕྲེང་བས་རྣམ་པར་བརྒྱན། །ཉི་མར་གར་མཛད་རོ་ལ་བཞུགས། །སུམ་བཅུ་པ་རྣམས་འཇིགས་པར་མཛད། །སྟག་གི་ལྤགས་པའི་ན་བཟའ་འཛིན། །བཟང་པོའི་གཟུགས་ཅན་ སྤྱན་གསུམ་པ། །ཐོད་པ་དང་ནི་ཁ་ཊྭཱྃ་འཛིན། །ཅང་ཏེའུ་གྲི་གུག་གིས་ནི་བརྒྱན། །ཤར་དང་ལྷོ་དང་ནུབ་དང་ནི། །བྱང་དུ་རིམ་པ་ཇི་ལྟ་བས། །མཁའ་འགྲོ་ཀམ་པོ་ཛ་ཉིད་མ། །འཇིབ་མ་དང་ནི་མར་མེ་མའོ། ། དེ་ལྟར་རྡོ་རྗེ་སྐུ་ཡི་དོན། །མདོར་བསྡུས་པ་ཡིས་བརྗོད་པར་བྱ། །ལྟེ་བར་རྡོ་རྗེའི་རྣམ་པར་འགྱུར། །ཕོ་ཉ་རྐང་པ་དྲུག་བགྲོད་མའི། །སྙིང་ག་གསང་བ་མགྲིན་པ་རུ། །དེ་ཉིད་རྣམ་པར་སླར་དགོད་བྱ། །དེ་ནས་སྲོག་ ནི་འཛིན་བཞིན་པས། །བསམ་གཏན་སེམས་ཏེ་གཞན་གྱིས་མིན། །ལྷ་རྫས་འོད་ཟེར་བསྐྱེད་པར་འགྱུར། །དཀྱིལ་འཁོར་པ་རྣམས་རང་ལུས་སྐྱེས། །ལས་དང་པོའི་སྦྱོར་བ་ཡིས། །ཕྱོགས་བཅུར་ རྣམ་པར་སྤྲོ་བར་འགྱུར། །ཧྲཱིཿཡིག་ལས་བྱུང་བའི་ལྷ་མོ། །ཕག་མོ་ཕྱག་ནི་བཞི་མ་སྟེ། །གཞུ་དང་མདའ་ཉིད་དེ་བཞིན་དུ། །རྒྱལ་མཚན་དང་ནི་ཐོད་པ་ཉིད། །ཁ་དོག་སྔོན་མོ་དྲག་ཆེན་མོ། །ཕག་གི་ གདོང་ཅན་འཇིགས་རུང་མའོ། །ཕེཾ་ཡིག་གིས་བྲིས་ཞི་བ་མོ། །ཁ་དོག་དམར་མོ་འོད་ཆེན་མོ། །ཐོད་པ་དང་ནི་ལྕགས་ཀྱུ་ཉིད། །ཁ་ཊྭཱྃ་ཌ་མ་རུ་དེ་བཞིན། །ཧྲཱི་ཡི་ཡི་གེས་གཞོན་ནུ་མ། །ཁ་དོག་སེར་མོ་ ཕྱག་བཞི་མ། །རྩེ་གསུམ་པ་དང་བ་དན་གསུམ། །གཞུ་དང་མདའ་ཉིད་དེ་བཞིན་ནོ། །ཧོ་ཡི་ཡི་གེ་ས་ཙ་མུཎ་ཌི། །ཁ་དོག་ནག་མོ་ཕྱག་བཞི་མ། །ཁ་ཊྭཱྃ་ག་ཉིད་ཐོད་པ་དང་། །ཅང་ཏེའུ་ཆང་སྣོད་དེ་བཞིན་ནོ། །ཨོཾ་ཡིག་ 86-1-129a ལས་ནི་ཚངས་པ་མོ། །ཁ་དོག་དཀར་མོ་ཕྱག་བཞི་མ། །པད་མ་ཉིད་དང་ཐོད་པ་དང་། །གཞུ་དང་མདའ་ནི་དེ་བཞིན་མཆོག །གཾ་ཡིག་ལས་ནི་ཚོགས་དབང་མོ། །ཁ་དོག་ལྗང་ཁུ་ཕྱག་ བཞི་མ། །རྩེ་གསུམ་པོ་དང་ཐོད་པ་དང་། །བགྲང་ཕྲེང་དང་ནི་ལ་ཏཱུའོ། །བི་ཡིག་ལས་ནི་ཁྱབ་འཇུག་མ། །ཁ་དོག་སྔོན་མོ་ཕྱག་བཞི་མ། །འཁོར་ལོ་དང་ནི་ཐོད་པ་དང་། །ཞགས་པ་རལ་གྲི་དེ་བཞིན་མཆོག ། ཨི་ཡིག་ལས་བྱུང་བ་དབང་མོ། །ཁ་དོག་སེར་མོ་ཕྱག་བཞི་མ། །རྡོ་རྗེ་མདུང་ཐུང་ཐོད་པ་དང་། །སྡིགས་མཛུབ་བཅས་ཞགས་དེ་བཞིན་ནོ། །ཐམས་ཅད་འབར་བཞིན་གྱེན་བརྫེས་སྐྲ། །སྣ་ཚོགས་རྒྱན་གྱིས་ རྣམ་པར་ཀླུབས། །རོ་ལ་ཞོན་མ་སྤྱན་གསུམ་མ། །རྐད་པར་སྟག་གི་ལྤགས་པ་དཀྲིས། །ཤར་སྒོར་ཚངས་པ་བྲི་བྱ་བ། །ཁ་དོག་དཀར་པོ་ཕྱག་བཞི་པ། །ཐོད་པ་དང་ནི་བགྲང་ཕྲེང་དང་། །སྤྱི་བླུགས་པད་མ་དེ་ བཞིན་ནོ། །བྱང་དུ་དེ་བཞིན་ཁྱབ་འཇུག་ནི། །ཁ་དོག་ནག་པོ་ཕྱག་བཞི་པ། །རལ་གྲི་དེ་བཞིན་འཁོར་ལོ་དང་། །ཐོད་པ་དབྱུག་པ་དེ་བཞིན་ནོ། །ལྷོ་རུ་དྲག་པོ་བྲི་བྱ་སྟེ། །དུ་བའི་མདོག་ཅན་ཕྱག་བཞི་པ། །རྩེ་གསུམ་ ཐོད་པ་དེ་བཞིན་དུ། །ཞགས་པ་ཕྲེང་བ་འཛིན་དེ་བཞིན། །ནུབ་ཏུ་གཞོན་ནུ་བྲི་བར་བྱ། །ཁ་དོག་སེར་པོ་ཕྱག་བཞི་པ། །དཔའ་བོ་མདུང་ཐུང་དབྱུག་པ་འཛིན། །ཐོད་པ་བགྲང་ཕྲེང་འཛིན་དེ་བཞིན། །དབང་ལྡན་ཁྱུ་མཆོག་ ལ་ཞོན་པ། །ཁ་དོག་དཀར་པོ་ཕྱག་བཞི་སྟེ། །ཐོད་པ་དང་ནི་རྩེ་གསུམ་འཛིན། །ཕྱག་གཞན་ཐལ་མོ་སྦྱར་བའོ། །དབང་པོ་གླང་པོ་ལ་ཞོན་པ། །ཁ་དོག་སེར་པོ་ཕྱག་བཞི་སྟེ། །རྡོ་རྗེ་དང་ནི་ཐོད་པ་དང་། ། ཐལ་མོ་སྦྱར་བ་བྱས་པ་མཆོག །མེ་རུ་ལུག་ལ་ཞོན་པ་ནི། །ཁ་དོག་དམར་པོ་ཕྱག་བཞི་པ། །མེ་ཡི་ཐབ་དང་ཐོད་པ་དང་། །སྐྲག་ནས་དེ་བཞིན་ལག་ཐལ་སྦྱར། །གཤིན་རྗེར་མ་ཧེ་ལ་ཞོན་པ། །ཁ་དོག་ནག་པོ་ཕྱག་ 86-1-129b བཞི་པ། །དབྱུག་པ་དེ་བཞིན་ཐོད་པ་དང་། །ཀུན་དུ་སྐྲག་ནས་ཐལ་སྦྱར་འཛིན། །བདེན་བྲལ་མེ་ལ་ཞོན་པ་སྟེ། །ཁ་དོག་སྔོ་སྐྱ་ཕྱག་བཞི་པ། །རལ་གྲི་དང་ནི་ཐོད་པ་འཛིན། །ཀུན་ནས་སྐྲག་པས་ཐལ་སྦྱར་མཆོག ། ཆུ་ལྷར་ཆུ་སྲིན་ལ་ཞོན་པ། །ཁ་དོག་དཀར་པོ་ཕྱག་བཞི་སྟེ། །ཞགས་པ་དེ་བཞིན་ཐོད་པ་དང་། །ཐལ་མོ་སྦྱར་བ་དེ་བཞིན་གཞན། །རླུང་ལྷ་རི་དགས་ལ་ཞོན་པ། །དུ་བའི་མདོག་ཅན་ཕྱག་བཞི་སྟེ། །བ་དན་དང་ནི་ ཐོད་པ་དང་། །དེ་བཞིན་ཐལ་སྦྱར་འཛིན་པ་མཆོག །ལུས་ངན་དུ་ནི་གཏེར་ལ་ཞོན། །ཁ་དོག་སེར་པོ་ཕྱག་བཞི་པ། །རིན་པོ་ཆེ་དང་ཐོད་པ་འཛིན། །ཐལ་སྦྱར་བྱས་པའོ་དེ་བཞིན་གཞན། །ཐམས་ཅད་རྒྱུ་སྐར་ དང་ནི་གཟའ། །རང་དཀྱིལ་འཁོར་ལ་གནས་པ་བསྒོམ། །རང་གི་དམ་ཚིག་ལས་བྱུང་བ། །དེ་རྣམས་རྫུ་འཕྲུལ་ལྡན་སྟོབས་ཆེ། །མ་མོ་རྣམས་དང་ཀུན་གྱི་མ། །འབྱུང་པོ་རིག་མ་དེ་བཞིན་གཞན། །དེ་ལྟའི་ཆོ་གའི་ བྱ་བ་ཡིས། །དེ་ཕྱིར་རེ་རེ་བསྒོམ་པར་བྱ། །དུར་ཁྲོད་ལ་སོགས་གནས་རྣམས་སུ། །སྣ་ཚོགས་དམ་ཚིག་ཟ་རྣམས་ཀྱིས། །རྣལ་འབྱོར་ལོངས་སྤྱོད་རྟག་དགའ་ལ། །ཕོ་ཉའི་ལས་ནི་ཡང་དག་བརྩམ། །ཟླ་བ་ རྡོ་རྗེའི་གོ་ཆ་ཡིས། །རྡོ་རྗེ་སེམས་དཔའ་འབྱུང་བཞིན་ནོ། །སྔགས་ཀྱི་རྒྱལ་པོས་བསྐུལ་བ་ཡིས། །དེ་ཐམས་ཅད་ནི་བྲན་བཞིན་བྱེད། །གནས་སོགས་ཉི་ཤུ་རྩ་བཞི་རུ། །དེ་ཕྱིར་རིམ་པས་མཆོད་པར་བྱ། ། དེ་ནས་དྲི་སོགས་དབུལ་བྱ་ཞིང་། །སྔགས་ཀྱི་བཟླས་པ་ཡང་བྱ་སྟེ། །རང་མི་བརྗོད་པའི་གསང་སྔགས་ལ། །ཨོཾ་ཧཱུྃ་ཕཊ་སོགས་ནང་བཅུག་པའོ། །དབུས་སུ་བཅོམ་ལྡན་འདས་བརྗེས་ནས། །དེར་ནི་ཐམས་ ཅད་བསྒྲུབ་པར་བྱ། །དེ་ནས་གཞན་བརྗེས་པའི་ནང་དུ། །བཅོམ་ལྡན་གཞན་གྱི་གཟུགས་ཅན་ཏེ། །བ་དན་གསུམ་པ་འབར་བ་དང་། །རྡོ་རྗེ་ཐོད་པ་རྡུལ་ཅན་མཆོག །གཞུ་དང་མདའ་ནི་འཛིན་པ་ཉིད། ། 86-1-130a གཡས་དང་གཡོན་པའི་ཕྱག་གིས་འཕྱར། །ལྷག་མ་སྔོན་གྱི་གཟུགས་ཅན་ཏེ། །ལུས་དང་ཞལ་སོགས་སྔོན་གྱི་དོན། །ངེས་པར་དབུས་མའི་རྣལ་འབྱོར་གྱིས། །འགྲུབ་འགྱུར་འདི་ ལ་ཐེ་ཚོམ་མེད། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག །ཐམས་ཅད་ལུས་ཀྱི་རང་བཞིན་ཅན། །གཟུགས་ཐམས་ཅད་ཀྱི་ནང་བཞུགས་པ། །བཅོམ་ལྡན་གཟུགས་ཀྱིས་འདི་གསུངས་སོ། །ཞེས་བྱ་བ་ནི་ རྡོ་རྗེ་སྐུའི་ཆོ་ག་སྟེ་རབ་ཏུ་བྱེད་པ་བརྒྱད་པའོ།། །། དེ་ནས་འདིར་ནི་བདེ་རྒྱལ་པོ། །རྣལ་འབྱོར་མའི་སད་མཛད་ནས། །ངག་འདི་ཡིས་ནི་འདྲི་བར་མཛད། །བློ་གྲོས་ཆེན་པོ་དུ་ཅི་ལགས། །ཀྱེ་རྣལ་ འབྱོར་མ་རྣམས་ཁྱེད་ཉིད་དུས། །མྱུ་གུ་ཅན་གྱིས་སྐྱེས་པའོ། །སྣ་ཚོགས་ས་བོན་སེམས་ཆེན་པོ། །མྱུ་གུ་ཅན་གྱི་སྦྱོར་བས་བཤད། །གཟའ་དང་རྒྱུ་སྐར་ཚེས་གྲངས་ནི། །སེམས་ཀྱི་དུསུ་མངོན་པར་བརྗོད། །གཟུགས་ མེད་གྲངས་ནི་དེའི་དུས། །རྣལ་འབྱོར་རྣམས་ཀྱི་བདེ་བའི་རྒྱུ། །འཇིག་རྟེན་གྱི་ནི་དུས་ཙམ་དུ། །ཐུབ་པ་སྐྱེས་མཆོག་རྣམས་ཀྱིས་གསུངས། །དེ་ཚེ་མྱུ་གུ་ཅན་བསྒོམ་པ། །ས་བོན་ས་བོན་གྱི་མཚན་ཉིད། །མྱུ་གུ་ སེམས་ཀྱི་གཟུགས་ཅན་ཏེ། །སེམས་ལས་བྱུང་བ་མྱུ་གུ་ཅན། །རྒྱུ་སྐར་རཱ་སི་གཟའ་སོགས་པས། །གང་ཞིག་དུ་ནི་མྱུ་གུ་སྐྱེས། །དེ་ཡིས་མྱུ་གུ་ཅན་དེས་བྱ། །རང་བཞིན་རང་བཞིན་དུ་སྦྱོང་བྱ། །དགེ་བ་ འམ་ནི་མི་དགེ་ཀུན། །ཚེས་གྲངས་རྒྱུ་སྐར་གཟའ་འཆར་བ། །དེ་རྣམས་ཐམས་ཅད་དུས་རྣམས་སུ། །ཐམས་ཅད་བདེ་བདག་ཉིད་སྐྱེས་སྒོམ། །རོ་ཏྲྀ་མ་ནི་རྙེད་བྱེད་པའོ། །མ་བྷ་མ་ནད་དང་འཇོམས་པས་ སྤང་། །ཀུ་སྭ་ཨཱ་དུས་བྱེད་གཟུགས་སུ་སྟེ། །ཚེས་གྲངས་དུས་ཟེར་དེ་ནི་ཡོངས་སུ་སྤང་། །མོ་བུ་མོ་བཟང་དང་བཀྲ་ཤིས་སོ། །ར་བུ་ཨཱ་འཇོམས་པར་བྱེད་པའོ། །བྷུ་བུ་བྷ་དུས་ཀྱི་གཟུགས་ཀྱིས་སོ། ། 86-1-130b བྷ་པཱུ་གུ་རྙེད་པ་བྱེད་པ་པོ། །མི་གུ་དྷ་ནོར་ལ་སོགས་པར་མཛད། །ཏྲ་གུ་ཨ་དུས་ཀྱི་གཟུགས་ཅན་ནོ། །པྲི་ཤུ་པཱུ་དགེ་བ་རྣམས་བྱེད་དོ། །བྷི་ཤུ་པཱུ་ནད་དང་འཇོམས་པ་ཡིན། །བྷུ་བྷ་ཤུ་གཤིན་རྗེའི་མཆེ་ཅན་ནོ། ། ཀཱུ་མ་ཀྲི་གྲགས་དང་བསོད་ནམས་འཐོབ། །བྱཱ་མ་ཨ་གདུང་བ་བྱེད་པ་པོ། །པཱུ་ར་མ་འཆི་བའི་དུས་ཅན་ནོ། །མེའི་གདན་ཅན་དུ་མི་ཀི་ར། །སླར་ཡང་གཤིན་རྗེར་རཎ་ཌ་སྤང་། །སྲིན་པོར་བཅུ་ལྔ་པ་ཉིད་དང་། ། ཁྱུ་མཆོག་ཆུ་ལྷར་སྤང་བར་བྱ། །སེམས་གཡེངས་རབ་ཏུ་འཇོམས་ཉིད་དུ། །གཏེར་དུ་རྨི་ལམ་ཅན་དེ་བཞིན། །བཟང་པོ་མིག་གསུམ་པ་ཉིད་དུ། །འབྱུང་པོའི་ཉི་མ་ཤར་དེ་བཞིན། །ཟླ་བ་དང་ནི་ཉི་སོགས་ཚེས། །དེ་ རྣམས་རེས་མོ་རབ་བཤད་བྱ། །བཟང་པོ་ཡུགས་ས་མོ་དེ་བཞིན། །སེམས་གཡེང་འབྱུང་པོའི་ཉི་མར་གནས། །སྐྱེ་བོ་ཀུན་གྱི་ཉི་མ་ཡི། །ཆ་ཡི་རྒྱུ་བར་ཤེས་པར་བྱ། །ཁྱུ་མཆོག་མི་ཀི་ར་ཉིད་དང་། །རྨི་ལམ་ བཅྭ་ལྔ་པ་དེ་བཞིན། །ཟླ་བའི་རྒྱུ་བར་ཡང་དག་གྲགས། །རིམ་པ་འདི་རྣམས་རྣམ་པར་བརྗོད། །ཉི་ལ་མེ་རུ་ཡང་དག་གནས། །སྟོང་ལ་རླུང་གི་གནས་སུའོ། །དེ་ལྟར་དེ་དབུས་གནས་པ་ནི། །ཕྱོགས་སུ་ གདུང་བྱེད་ཡང་དག་གནས། །ཟླ་བ་ཉི་ལས་བྱུང་རི་མོ། །མཉམ་པར་ལྟ་བས་མཉམ་པར་འགྲོ། །ཞི་དང་སྡིག་པ་བལྟས་པ་ཡིས། །ཤེས་རབ་ཅན་གྱིས་དེས་དེ་སྤང་། །མཆེ་བ་དང་ཕྲད་མ་བལྟས་པས། ། བདེན་པར་འཆི་བར་བྱེད་པ་ཡིན། །དུས་སྨྲ་བ་ནི་མདོར་བསྡུས་པ། །རཱ་ཧུའི་རྒྱུ་བར་གྲགས་པ་ཡིན། །དཀར་དང་གཅིག་ཤོས་ཆོ་ག་ཡིས། །བློ་གྲོས་མཐར་ཐུག་པས་ཤེས་འགྱུར། །རྒྱུ་སྐར་སོགས་དང་མི་མཐུན་ པར། །རྨོངས་པ་གང་ཞིག་སྨྲ་བར་བྱེད། །སྐྱེ་བོ་རང་གིས་བྱས་པ་ཡིས། །ལས་འདི་ཤེས་པར་མ་གྱུར་ཏོ། །ལས་དེ་ཡིས་ནི་དུས་རྣམས་ནི། །ཐེ་ཚོམ་མེད་པར་འབྱུང་བར་འགྱུར། །ལུས་ཀྱི་ཚོགས་པ་ཇི་སྲིད་པ། ། 86-1-131a དེ་སྲིད་དུ་ནི་དུས་རབ་འཇུག །རྣལ་འབྱོར་པ་རྣམས་ཉམས་སུ་མྱོང་། །ཡང་དག་བྱང་ཆུབ་གནས་འཐོབ་འགྱུར། །དེ་ནི་མྱུ་གུ་ཅན་དུ་གྲགས། །ཁ་དོག་དམར་པོ་འོད་ཆེན་པོ། །མྱུ་གུ་མྱུ་གུའི་ གཟུགས་ཅན་ནི། །ལྟེ་བའི་རྩ་བར་གནས་པ་བསྒོམ། །འབར་བའི་འཁོར་ལོའྀ་ནང་སོན་པ། །གཟུགས་དེ་ལྷ་རྫས་ཀྱི་ནི་གཟུགས། །ཡེ་ཤེས་མྱུ་གུ་རྣམ་བསྒོམས་པས། །ལས་རྣམས་ཐམས་ཅད་མཐོང་མི་ འགྱུར། །ཐམས་ཅད་བདག་ཉིད་སྦྱོར་ཆེན་ལས། །སྔོན་ལས་རྣམ་པར་འཇོམས་མཛད་པ། །རྒྱུ་རྣམས་སུ་ནི་རྟག་བཞུགས་པའི། །རྡོ་རྗེ་རྒྱུ་ཡིས་འདི་གསུངས་སོ། །ཞེས་བྱ་བ་ནི་མྱུ་གུ་རྡོ་རྗེ་མྱུ་གུ་ཅན་གྱི་ ཆོ་ག་སྟེ་རབ་ཏུ་བྱེད་པ་དགུ་པའོ།། །། དེ་ནས་རྡོ་རྗེའི་གར་བྱས་ནས། །རྣལ་འབྱོར་མས་ནི་འདི་དྲིས་སོ། །ཇི་ལྟར་སྟོན་པ་སེམས་དཔའ་ཆེ། །ལས་དང་བྲལ་བས་འབྱུང་བར་འགྱུར། ། སྔོན་གྱི་ལས་ནི་རྣམ་ཉམས་པས། །རྒྱུན་ཉམས་པས་ནི་འོང་མེད་པ། །འདི་ལ་བདག་ནི་ཐེ་ཚོམ་མཆིས། །སྙིང་རྗེ་མཉེས་གཤིན་པས་བཀའ་སྩོལ། །སེམས་ཅན་ཆེན་པོའི་འབྱུང་བ་ཡང་། །སྔོན་གྱི་སངས་རྒྱས་ རྣམས་གསུངས་པ། །མདོར་བསྡུས་པ་ཡིས་བཤད་བྱ་ཡིས། །ཁྱོད་ནི་ཡིད་གཅིག་པ་ཡིས་ཉོན། །རྡོ་རྗེ་རལ་པ་ཅན་སྦྱར་བས། །ལས་ཀྱི་ནང་དུ་སྒྲུབ་པར་འགྱུར། །རེ་རེ་ཡི་ནི་སྦྱོར་བ་ཡི། །དེ་ནི་རང་འབྱུང་ དུ་གནས་སོ། །ཤིན་དུ་དད་པ་ལ་གནས་པས། །དབང་པོ་ཐམས་ཅད་འདུ་བར་བྱ། །དེ་ཡི་རལ་པས་རྟག་འཇིག་རྟེན། །རལ་པའི་མིང་གིས་འཆིང་བ་ཡིན། །དགའ་བ་ཀུན་ལས་ཁྱད་འབྱེད་པའོ། །རྡོ་རྗེའི་ སྐུ་ཁྱོད་འཐོབ་བར་འགྱུར། །དེ་ཕྱིར་བག་ཆགས་ཐམས་ཅད་དང་། །དགེ་བའི་ལས་ལས་ཟད་པར་འགྱུར། །སྐྱེ་བོ་ཆེན་པོ་དེ་འབྱུང་བ། །གཅིག་ཉིད་ལམ་གྱིས་འཐོབ་པར་འགྱུར། །རྟོག་པ་མེད་ལས་རྟོག་པར་འགྱུར། ། 86-1-131b རྟོག་པ་ཡིས་ནི་རྟོག་མེད་འབྱུང་། །དྲིལ་བུའི་སྒྲ་ནི་ཐོབ་བྱས་ནས། །དེ་རྣམས་མཚན་ཉིད་བཤད་པར་བྱ། །རྩེ་དགུ་རྩེ་མོ་གཅིག་པ་དང་། །རྩེ་ལྔ་རྩེ་མོ་གསུམ་པ་ཅན། །དེ་ལྟར་ལ་སོགས་དྲིལ་བུ་ཆེ། །རྩེ་མོ་སྟོང་གི་ བར་དུའོ། །སྒྲ་བརྗོད་པ་ཡིས་དངོས་པོ་ཡིས། །སྤྲོས་པ་མེད་ཅིང་ཡི་གེ་མེད། །རྣལ་འབྱོར་པ་ཡིས་མཁའ་འགྲོ་རྒྱ་མཚོ་དག །དེ་ཡི་སྒྲ་ལས་རྟོག་པ་ཡང་དག་བྱུང་། །དེ་ཉིད་ཀྱིས་ནི་རྟོག་པ་མེད་པའི་བདག ། གནས་རྣམས་གང་ལ་ངེས་པར་ཞུགས་པ་ཡིན། །སྔོན་བཤད་རྩེ་ཅན་དེ་རྡོ་རྗེ། །གང་དུ་ཡིད་ནི་རྣམ་འཕྲོ་བ། །ཆོས་དང་སྤྲུལ་པའི་རིས་སྐུ་ཅན། །དེ་ཉིད་དུ་ནི་གསོར་བར་བྱ། །ཕྱི་ཡི་དྲིལ་བུའི་མཚན་ཉིད་ནི། །དཔའ་ བོས་གསུངས་པ་བཤད་པར་བྱ། །རིལ་བུ་རྟག་ཏུ་ཆ་གསུམ་ཅན། །ལྷ་ཡིས་ཡང་དག་བརྒྱན་པར་བྱ། །རེ་རེ་ཡི་ནི་ལྷའི་བདག་པོ། །ཏིང་འཛིན་དཀྱིལ་འཁོར་དུ་ཇི་ལྟར། །རྣལ་འབྱོར་རྣམས་ཀྱིས་ལྷག་ མོས་པས། །དེ་བཞིན་ཐམས་ཅད་ཞལ་བྱའོ། །ལྷ་མོ་དེ་རྣམས་ཀྱི་ནི་གདན། །དྲིལ་བུ་དེ་ལ་པད་སོགས་བྱ། །ཇི་ལྟར་དེ་རྣམས་ཀྱི་ནི་རྒྱན། །དེ་བཞིན་དྲིལ་བུའི་སྐ་རགས་སོ། །ལྷ་ནི་སྒོ་དང་གྲྭ་རྣམས་སུ། ། ཕྱོགས་བརྒྱད་རྣམས་སུ་བྱ་བ་ཉིད། །ཇི་ལྟར་རྣལ་འབྱོར་པའི་མཚོན་བྱ། །དེ་རྣམས་ཞལ་ནས་རྩེ་མོ་འཐོན། །བུམ་པ་སོགས་དང་ཞལ་གཉིས་ལའང་། །སྟེང་དུ་རང་རིགས་མཚན་མ་ཅན། །འདི་འདྲ་ བ་ཡི་དྲིལ་བུ་ཆེ། །ཚད་ནི་གཞན་དུ་བཤད་པ་ཡིན། །དེ་ནི་ནང་གི་གཟུགས་ཅན་དག །དེ་ཕྱིར་སྒྲ་ནི་རྣམ་མཚོན་བྱ། །ཐིག་ལེའི་གཟུགས་ནི་ཁྱབ་བདག་ཆེ། །རྡོ་རྗེའང་དེ་དང་མཉམ་པར་བྱ། །དེ་ལྟར་རལ་ པའི་སྦྱོར་བ་ལས། །སེམས་ཅན་ཐམས་ཅད་སྒྲུབ་པར་བྱ། །རལ་ཅན་དྲིལ་བུར་ཡང་དག་གྲགས། །རྡོ་རྗེ་རྡོ་རྗེར་བརྗོད་པར་འགྱུར། །རྡོ་རྗེ་རལ་ཅན་བདག་ཉིད་ཀྱིས། །དཀྱིལ་འཁོར་དུ་ཡང་བསྒོམ་པར་བྱ། ། 86-1-132a རྣལ་འབྱོར་མ་དང་མཁའ་འགྲོ་ཀུན། །དེ་ཚེ་ནང་དུ་མངོན་པར་བཞུག །ཐམས་ཅད་གཉིས་པ་ཡོངས་སྦྱོར་ལས། །རྡོ་རྗེ་རལ་པ་ཅན་བྱུང་བ། །རྡོ་རྗེ་དྲིལ་བུར་ཡང་དག་བརྟེན། །བཅོམ་ལྡན་དཔའ་ བོས་འདི་གསུངས་སོ། །ཞེས་བྱ་བ་ནི་རྡོ་རྗེ་རལ་པ་ཅན་གྱི་ཆོ་ག་སྟེ་རབ་ཏུ་བྱེད་པ་བཅུ་པའོ།། །། དེ་ནས་གཞན་གྱི་སྦྱོར་བ་ཆེ། །དཔའ་བོ་ཆེན་པོའི་རབ་སྦྱོར་བས། །བདག་གིས་མངོན་སུམ་དུ་ བཤད་ཀྱིས། །རྣལ་འབྱོར་མ་ཀུན་མཉན་པར་གྱིས། །ལུས་ཅན་ཀུན་གྱི་ལུས་གང་ལ། །གནད་ནི་སྟོང་ཕྲག་གནས་པ་སྟེ། །དེ་རྣམས་ལ་ཡིག་དགོད་པ་ནི། །ཀ་སོགས་ཧ་ཡིག་མཐར་དེ་བཞིན། །ཡོན་ཏན་ ལ་སོགས་དབྱངས་རྣམས་ཡིག །ཁམས་རེ་རེ་ལ་ཡི་གེ་རྣམས། །སླར་ཡང་ཕྱི་མོ་བཅུ་གཉིས་ཀྱིས། །མཁས་པ་རྣམས་ཀྱིས་དབྱེ་བར་བྱ། །གཏུམ་མོ་སྟོང་ཕྲག་བདག་ཉིད་ཅན། །མཚམས་ཀུན་དུ་ནི་གནས་ པ་འབར། །ཁམས་ཐམས་ཅད་ཀྱི་བདེ་གནས་ལས། །དཔའ་བོའི་ལོངས་སྤྱོད་འཐོབ་པར་འགྱུར། །འོད་ཟེར་དེ་རྣམས་ཀྱིས་བཀུག་པ། །བྱང་ཆུབ་སེམས་དཔའི་རིགས་ཆེན་པོ། །བདག་མེད་པ་ཡིས་ བདག་ཏུ་གཞག །གཉིས་མེད་ཆོས་འབྱུང་ནང་དུའོ། །དེ་ལྟར་སྟོང་ཕྲག་གི་ནི་ལྕེ། །དཔའ་བོ་ཆེན་པོའི་གོ་འཕང་གནས། །སྨན་ཐམས་ཅད་དང་ཉེ་བ་ཡིན། །སྦས་པའི་བཅུད་ལེན་གསུངས་པའོ། ། ཕྱི་རོལ་རྣམས་ཀྱིའང་ཡི་གེའི་བདག །དེ་ཡི་མིང་ཉིད་དུ་ཤེས་པར་བྱ། །མེ་ཏོག་འབྲས་སོགས་སྡེ་ཚན་གྱི། །དང་པོའི་མིང་ནི་སྟོང་ཕྲག་ཅན། །དེ་རྣམས་ཀྱིས་ནི་བཅུད་ལེན་བསྒྲུབ། །གཞན་དུ་འབྲས་ བུ་མེད་པར་འགྱུར། །ཇི་ལྟའི་རིམ་པས་རིགས་སོགས་ཀྱི། །ཀ་སོགས་ཐམས་ཅད་སྨན་ཆེན་ཏེ། །ལས་སྨྲ་བ་ཡི་རྒྱུད་གཞན་དུ། །དེར་ནི་ངེས་པར་གསལ་རིག་བྱ། །དང་པོའི་མགོན་པོ་རྣམ་བསྒོམས་ 86-1-132b ནས། །རྟགས་རྣམས་ཐོབ་པར་བྱ་བ་ཡིན། །ཡང་ན་གྲུབ་རྣལ་འབྱོར་རྣམས་ཀྱི། །བཅུད་ཀྱིས་ལེན་ནི་གང་མཐོང་བ། །དེས་ཀྱང་མཐོང་བ་ཙམ་གྱིས་ནི། །བླ་མེད་དངོས་གྲུབ་འཐོབ་པར་འགྱུར། ། སྡེ་ཚན་རྣམ་པས་ཡོངས་སྦྱོར་ལས། །བདུད་རྩིའི་ཚིགས་མཚམས་གཟུགས་རྣམ་པའི། །གྲུབ་པའི་སྨན་རྣམས་རང་བཞིན་ཅན། །བཅོམ་ལྡན་འདས་ཀྱིས་འདི་གསུངས་སོ། །ཞེས་ བྱ་བ་ནི་དཔའ་བོ་ཆེན་པོའི་ཆོ་ག་སྟེ་རབ་ཏུ་བྱེད་པ་བཅུ་གཅིག་པའོ།། །། དེ་ནས་རྣལ་འབྱོར་མ་དཔའ་མོ། །འདྲེས་པས་མཆོད་པ་བྱས་ནས་ནི། །གྲོང་ཁྱེར་གསུམ་གྱི་ནང་བྱུང་བ། ། སྟོན་པ་རྡོ་རྗེ་ཆེ་ཅི་ལགས། །གང་གི་གཟུགས་ཀྱིས་བྱོན་པ་ལགས། །སྤྲུལ་པ་གང་དུ་བཞུད་པ་ལགས། །ཆོས་ཉན་པ་ཡི་དུས་སུ་ཡང་། །ཅི་ཞིག་གིས་ནི་བརྟན་པར་བྱ། །ལྷ་དང་ལྷ་མ་ཡིན་ དང་མི། །ཅི་ཡི་ངག་གིས་འགྲོ་དང་འོང་། །མངོན་པར་ཚིགས་མཚམས་མཚན་ཉིད་ནི། །སྔོན་གྱི་ཇི་བཞིན་བཤད་དུ་གསོལ། །མངོན་པར་ཚིགས་མཚམས་མཚན་ཉིད་ནི། །ཇི་ལྟའི་རིམ་པས་བཤད་ ཀྱིས་ཉོན། །ཤིན་ཏུ་ཟབ་མོའི་དོན་ཆེན་པོ། །སངས་རྒྱས་འཇིག་རྟེན་གྱིས་མ་ཤེས། །སེམས་ཅན་རྣམས་ཀྱི་རང་སྣང་ཅན། །བདག་གིས་ངེས་པར་མདོར་བསྡུས་པས། །རྡོ་རྗེ་སེམས་འོད་གཞན་ ཉིད་དུ། །ཁམས་དང་མཚན་མར་གནས་མིན་ཅན། །ལུས་དང་ངག་སེམས་དག་པ་ཡི། །གྲོང་ཁྱེར་གསུམ་རྣམས་སུ་བྱུང་བའོ། །སྔོན་གྱི་དངོས་པོར་ཁྱེར་ནས་འོང་། །ངེས་པར་ལས་ཆུང་བར་འགྲོའོ། ། ཡང་ན་དུས་རྣམས་ཐམས་ཅད་དུ། །ཇི་ལྟར་མེ་ལོང་ལ་བཞིན་མཐོང་། །སྔོན་དུ་ཉན་པ་ཐོབ་བྱས་ནས། །སེམས་ཀྱང་དེ་ཡི་གནས་ལའོ། །རྡོ་རྗེ་ལ་སོགས་ཏིང་འཛིན་གྱིས། །ལྷ་ལ་སོགས་པ་དེ་རྣམས་ 86-1-133a རྨོངས། །དེ་ཡིས་རྡོ་རྗེ་ཧཱུྃ་མཛད་ཀྱི། །རབ་ཏུ་སྦྱོར་བས་རྟག་ཏུ་སྤྲུལ། །རྡོ་རྗེའི་རྩེ་མོར་འཇིག་རྟེན་སྤྲུལ། །འོད་ཟེར་ལྕགས་ཀྱུ་སྤྲོ་བ་སྟེ། །ཧཱུྃ་གི་ཡེ་གེའི་སྒྲ་ཡིས་ནི། །སྟོན་པས་འཁོར་ལོ་ ཅན་མཆོག་བྱས། །ཆོས་འབྱུང་ཁང་པ་བརྩེགས་པ་རུ། །ཉི་ཤུའི་ལྷན་ཅིག་སྐྱེས་གདན་དུ། །ངག་གི་སྤྱོད་པས་ཉན་པར་བྱད། །དེར་སོང་ནས་ནི་དེ་ལ་ཐིམ། །དེ་ལྟར་རྣལ་འབྱོར་དབང་པོ་ཡི། །སློབ་དཔོན་ ཁྱབ་བདག་ཆེས་ཤེས་བྱ། །རྡོ་རྗེ་ལ་སོགས་དེའི་མིང་ཉིད། །དེ་ཡི་མཚན་ཉིད་བཤད་པར་བྱ། །སེམས་ཅན་ཀུན་ལ་ཕན་བདག་ཉིད། །མི་འཇིགས་པ་ནི་སྟེར་ཉིད་དང་། །སྔགས་དང་རྒྱུད་ཀྱི་སྦྱོར་ བ་ཤེས། །སྦྱོར་བ་བཟོ་དང་སྒྱུ་རྩལ་སོགས། །མཐུན་པའི་ངག་དང་ཐམས་ཅད་ལ། །བུ་གཅིག་པ་ལྟར་མཐུན་པ་དང་། །གཏོང་བ་སོགས་ལ་རྟག་ཏུ་དགའ། །བསམ་གཏན་ཏིང་འཛིན་དེ་མཆོག་གཞོན། ། ཇི་ལྟར་སྨྲས་པ་དེ་བཞིན་བྱེད། །འཚེ་བ་མེད་ཅིང་བདེན་པའི་ངག །སེམས་ཅན་ཀུན་ལ་ཐུགས་བརྩེ་དང་། །ལམ་དུ་འཛུད་པ་དེ་མཐར་ཕྱིན། །ཀུན་མཁྱེན་ཡོན་ཏན་དང་མཉམ་དང་། །བསྟན་བཅོས་ཀུན་ གྱི་ཕ་རོལ་སོན། །མགོན་མེད་རྣམས་ཀྱི་ཕ་དང་མ། །ཕྱག་རྒྱ་བརྡ་ནི་བྱེད་པ་པོ། །དེ་སོགས་ཡོན་ཏན་རྣམས་ཀྱིས་གང་། །སྐྱེ་བ་འདི་ལ་དེ་བཞིན་གཤེགས། །རྣལ་འབྱོར་མ་འཁོར་ལོ་དབུས་སུ། ། རྡོ་རྗེ་ཧཱུྃ་མཛད་བསྒོམ་པ་ཡིན། །དཀྱིལ་འཁོར་བྱང་ཆུབ་སེམས་ཀྱི་སྟེ། །བདེ་བའི་རྒྱལ་པོ་རྣལ་འབྱོར་མ། །སྒྲ་རྣམས་སུ་ནི་སྒྲ་ཡི་ཡེ་ཤེས། །རྡོ་རྗེ་ཧཱུྃ་མཛད་ཅན་ཁྱབ་བདག །འཕོས་པའི་ལྷག་མ་འགྱུར་ ཡེ་ཤེས། །དང་པོའི་མགོན་པོའི་རྒྱུ་ཡིན་ནོ། །སེམས་ཀྱི་ཉམས་སུ་མྱོང་བ་ནི། །དེ་ཕྱིར་ཕྲ་མོའི་རང་བཞིན་ཅན། །སྤར་ཤའི་ཁམས་སུ་ཡང་དག་གྲགས། །དེ་ཉིད་ཀྱིས་ནི་ཁྱེར་ནས་འོངས། །མཁའ་ 86-1-133b འགྲོ་རྒྱ་མཚོར་རྟག་ངེས་པར། །ས་གསུམ་དེ་ཡི་རང་བཞིན་བྱས། །དེ་ལྟར་སྦྱོར་བ་མཆོག་གཙོ་བོ། །ཤིང་སྲིན་གཞན་ནི་སོག་མ་བཞིན། །འདི་ཡི་བགྲོད་པ་མ་ཤེས་པས། །བྱིས་པ་མི་ཤེས་པ་ཡིས་བཅིངས། ། མཐའ་ཡི་བདེ་བ་གསུང་བ་པོ། །བསྟན་བྱ་སྟོན་པ་རྡོ་རྗེ་འཆང་། །ལྷན་ཅིག་སྐྱེས་གཟུགས་སྟོན་པ་པོ། །བཅོམ་ལྡན་ཡེ་ཤེས་ཀྱིས་འདི་གསུངས། །ཞེས་བྱ་བ་ནི་རྡོ་རྗེ་ཧཱུྃ་མཛད་ཀྱི་ཆོ་ག་སྟེ་རབ་ཏུ་བྱེད་པ་ བཅུ་གཉིས་པའོ།། །། དེ་ནས་གང་གིས་སྒྲུབ་པ་པོ། །འགྲུབ་པའི་བསམ་མེད་སྦྱོར་བཤད་བྱ། །དེ་ནི་ཤིན་བཟང་རབ་སྦྱོར་བས། །སྤྱོད་དང་བརྟུལ་ཞུགས་བཤད་པར་བྱ། །ལྷུན་གྱིས་ གྲུབ་འགྱུར་དེའི་སྤྱོད་པ། །དངོས་གྲུབ་འདོད་རྣམས་ཀྱིས་ཤེས་བྱ། །ཕྱི་རོལ་གཉིས་མེད་སྦྱོར་བདག་ཉིད། །སྤྱོད་པ་དེ་ནི་རབ་ཏུ་སྔགས། །ཀུན་གྱི་བདག་ཉིད་ཡིད་བཟང་ལ། །དབང་པོའི་གྲོང་ཁྱེར་ཡང་དག་ བརྟེན། །གྲོང་དེ་རྣམས་སུ་སྤྱོད་པ་དང་། །ཡིད་ཀྱིས་བརྟུལ་ཞུགས་བསྟན་པར་བྱ། །སྲིད་དང་ཞི་བའི་གཟུགས་རྣམས་ཀྱིས། །གང་དེར་བདག་ཉིད་ཀྱིས་འགྲོ་བྱ། །བདག་ཉིད་གཟུགས་ཀྱི་རང་བཞིན་ཅན། ། ཡང་དག་མེ་ལོང་ལ་མཐོང་འགྱུར། །ཞུ་བའི་སེམས་ལ་བརྟེན་བྱས་ནས། །ལུས་ནི་ལུས་ལ་ཐིམ་པར་གྱིས། །སྡོམ་པར་བདག་ཉིད་ཀྱིས་བསྡམས་ནས། །ཕྱག་རྒྱ་ཆེན་པོར་ཡང་དག་གྲགས། །ཕྱག་རྒྱ་ ལྔ་སོགས་ལུས་ལ་གནས། །ཐོད་པ་དང་ནི་ཁ་ཊྭཱྃ་འཛིན། །བདུད་རྩི་ལྔ་ལ་སོགས་པ་ཟ། །ལྷན་ཅིག་རྣལ་འབྱོར་མ་རོལ་ལྡན། །ཆགས་པའི་སེམས་ཀྱིས་བསྒོམ་པ་སྟེ། །མི་འདོད་ཀྱང་ནི་དེ་ཕྱིར་འགྲོ། ། གཟུང་དང་འཛིན་པའི་དངོས་པོ་ཡིས། །ཡིད་འདི་ལ་ནི་གོས་པ་མེད། །འཇིགས་མེད་རྣམ་པའི་སེམས་ཀྱིས་ནི། །མཚན་མོ་དུར་ཁྲོད་སོགས་པར་འགྲོ། །ས་བཞི་གང་དུ་སྤྱོད་པ་ན། །རྣམ་ཤེས་བརྒྱད་དུ་ཤེས་ 86-1-134a པར་བྱ། །ལྔ་ལྡན་སྤྱོད་དང་བརྟུལ་ཞུགས་ནི། །བདེ་བ་ཅན་དུ་དེ་རྩེན་ཏོ། །དང་པོའི་སྦྱོར་བར་ཡོངས་བརྟེན་ནས། །ཕྱི་ནས་ཡིད་ཀྱིས་རབ་ཏུ་བཤད། །སྲོག་ཐམས་ཅད་ནི་མཉམ་སྦྱོར་བས། ། དབང་པོའི་གྲོང་ཁྱེར་བདེ་བ་ཡི། །ཡེ་ཤེས་སྤྱོད་བའི་བརྟུལ་ཞུགས་འཛིན། །བཅོམ་ལྡན་འདས་ཀྱིས་འདི་གསུངས་སོ། །ཞེས་བྱ་བ་ནི་ཤིན་ཏུ་བཟང་པོའི་ཆོ་ག་སྟེ། རབ་ཏུ་བྱེད་པ་བཅུ་གསུམ་པའོ།། །། དེ་ནས་སྐྱེ་བོའི་རིགས་ཀྱི་ནི། །ཁྱད་པར་བཤད་ཀྱིས་མཉན་པར་གྱིས། །རྡོ་རྗེ་བཟང་པོའི་རབ་སྦྱོར་བས། །དེ་རིགས་འདིར་ནི་ཉམས་པར་འགྱུར། །དེ་ལ་དང་པོར་ལྔ་དང་བདུན། །བརྒྱད་དང་ བཅུ་གསུམ་བཅྭ་ལྔ་དང་། །བཅུ་བདུན་དང་ནི་ཉི་ཤུ་གཉིས། །ཉི་ཤུ་རྩ་བདུན་དེ་བཞིན་མཆོག །ཐ་སྐར་ལ་སོགས་ཤེས་བྱ་སྟེ། །ལྷ་རྣམས་ཚོགས་སུ་དྲན་པར་བྱ། །བཞི་པ་དང་ནི་ཤར་བ་གསུམ། ། གཉིས་པ་དང་ནི་དྲུག་དེ་བཞིན། །བྱང་ཕྱོགས་པ་རྣམས་དེ་བཞིན་གསུམ། །མི་ཡི་ཚོགས་སུ་དྲན་པར་བྱ། །གསུམ་པ་དང་ནི་བཅུ་ཉིད་དང་། །དགུ་པ་དང་ནི་ཉི་ཤུ་གསུམ། །བཅུ་བཞི་པ་དང་བཅུ་ དྲུག་པ། །བཅྭ་བརྒྱད་པ་དང་བཅུ་དགུ་པ། །ཉི་ཤུ་རྩ་བཞི་དེ་གྲགས་པ། །སྲིན་པོའི་རིགས་སུ་དྲན་པར་བྱ། །རའི་རིགས་གསུམ་པ་དང་བརྒྱད་པ། །ཀླུ་ནི་བཞི་དང་ལྔ་པའོ། །དྲུག་པ་ཉི་ཤུ་རྩ་ དགུ་པ། །ཁྱི་ཡི་དངོས་པོར་བཤད་པའོ། །བཅུ་དང་བཅུ་གཅིག་བྱི་བ་སྟེ། །བྱི་ལྷ་དེ་བཞིན་དགུ་པའོ། །བཅུ་བཞི་པ་དང་བཅུ་དྲུག་པ། །རྟག་ཏུ་དེ་ལྟར་བརྗོད་པའོ། །བཅུ་གཉིས་པ་དང་ཉི་ཤུ་ལྔ། །ཁྱུ་མཆོག་ གི་ནི་རིགས་འཐོབ་བོ། །ཐོག་མ་ཐ་མ་བོང་བུ་ཡིན། །རིགས་སུ་དེ་རྣམས་རབ་ཏུ་གྲགས། །བཅུ་གསུམ་པ་དང་བཅྭ་ལྔ་པ། །དེ་ནི་མ་ཧེར་མངོན་པར་བརྗོད། །ཐོག་མ་དང་ནི་ཉི་ཤུ་དྲུག །རྟ་ཡི་རིགས་སུ་ 86-1-134b རབ་ཏུ་བརྗོད། །ཉི་ཤུ་པ་དང་ཉི་ཤུ་གཉིས། །སྤྲེའུ་ཞེས་བྱ་བར་བརྗོད་པའོ། །གཉིས་པ་དང་ནི་མཐའ་དེ་བཞིན། །གླང་པོ་ཡི་ནི་རིགས་སུ་འགྲོ། །ཉི་ཤུ་གསུམ་དང་ཉི་ཤུ་བཞི། །མི་སྟེ་སྟོབས་ནི་ཆེ་བ་ཡིན། ། ཉི་ཤུ་གཅིག་པ་སྲེ་མོ་སྟེ། །མདོར་བསྡུས་པ་ཡིས་རབ་ཏུ་བཤད། །སྟོབས་དང་བདག་བྱེད་པའི་རྒྱུ་སྐར། །བཤད་ཀྱིས་ད་ལྟར་མཉན་པར་གྱིས། །མི་རྣམས་སྲོག་ནི་རྒྱུ་སྐར་ཏེ། །གཞན་དུ་རབ་ཏུ་འཐོབ་ པ་མིན། །སྐར་མར་དུས་ཀྱི་རྩ་སོན་པར། །འཛིན་པ་པོ་ནི་ངེས་པར་འཆི། །ལུག་དང་སྲང་དང་ཀར་ཀ་ཊ། །ཆུ་སྲིན་མཐོན་པོ་ལ་དྲན་བྱ། །ཀཱི་ཊ་བུམ་སེང་ཁྱུ་མཆོག་ནི། །བརྟན་པའི་བྱ་བར་རབ་ཏུ་བསྟན། ། ཉ་དང་འཁྲིག་པ་དེ་བཞིན་འདིར། །གཞུ་དང་བུ་མོ་འདྲེན་མ་ལའོ། །བླ་མ་ཉི་མ་སའི་སྐྱེས་བུ། །ངན་སྤོང་རཱ་ཧུ་ཟླ་བུད་མེད། །གཟའ་ལྷག་བཀྲ་ཤིས་མ་ནིང་སྟེ། །མཁའ་དཀྱིལ་འཁོར་ལ་གཟའ་ གང་ཡིན། །དེ་ལྟར་རིགས་རྣམས་སོ་གཞན་དུ། །བྱང་ཆུབ་སྲས་པོ་མི་འགྱུར་རོ། །རྡོ་རྗེ་བཟང་པོར་དེ་བཤད་དེ། །རབ་སྦྱོར་རྣམ་པའི་སེམས་ཀྱིས་ནི། །གཡོན་པའི་རྩ་རུ་སོན་པའི་སེམས། ། དབུ་མའི་ཐ་མའི་སྦྱོར་བར་ལྡན། །བྱང་ཆུབ་ས་བོན་རྣམས་འབབ་ལ། །བྱང་ཆུབ་སེམས་རྣམས་ཀྱི་རིགས་སོ། །སྙིང་རྗེར་སོན་པའི་ཡིད་ཀྱིས་ནི། །ལས་ཀྱི་ཉི་མ་འཛག་པ་ཡིན། །ཡང་དག་རབ་སྟེར་ རྟག་ཏུ་ལྡན། །རིགས་མེད་རིགས་ཅན་ཀྱང་མེད་དོ། །སྲིད་པར་རྩེད་མོ་ཙམ་དུ་ནི། །བསམ་གཏན་རྣམ་པའི་ལུས་སོན་པ། །མེ་ལོང་གི་ནི་ཡུལ་ལ་གཟུགས། །གང་འདྲ་མཐོང་སྟེ་དེ་མེད་དོ། །དེ་འདྲར་བྱང་ཆུབ་ སེམས་དཔའ་རྣམས། །བསམ་གཏན་སྦྱོར་བའི་གཟུགས་ཅན་ནོ། །དེ་ཡི་ནང་དུ་ཞུ་བའི་སེམས། །དེ་དང་མཉམ་པ་གཞན་ཡོད་མིན། །ངེས་པར་དཀྱིལ་འཁོར་རྣམས་དབུས་སུ། །རྡོ་རྗེ་བཟང་པོ་བསྒོམ་པར་ 86-1-135a བྱ། །ཤེས་རབ་ཐབས་ཀྱི་ཆོ་ག་ཡིས། །གསང་སྔགས་མཆོད་པ་སྔོན་གྱི་ཅན། །དུས་དང་དུས་མིན་ཆའི་བདག་ཉིད། །དངོས་མེད་མ་ཡིན་བྱེད་པོར་བཞུགས། །བྱང་ཆུབ་གཟུགས་ཀྱི་བདག་ཉིད་ ཆེ། །བཅོམ་ལྡན་སེམས་དཔས་འདི་གསུངས་སོ། །ཞེས་བྱ་བ་ནི་རྡོ་རྗེ་བཟང་པོའི་ཆོ་ག་སྟེ་རབ་ཏུ་བྱེད་པ་བཅུ་བཞི་པའོ།། །། དེ་ནས་གསང་བའི་སྦྱོར་གང་གིས། །བདེ་ཀུན་བདག་ཉིད་ དུ་སྐྱེ་བཤད། །དོན་དམ་པ་ཡི་སྦྱོར་བ་ཡིས། །དེ་བཞིན་ཉིད་དུ་རབ་འཇུག་བྱ། །འཇིགས་བྱེད་ཆེན་པོའི་རྣལ་འབྱོར་གྱིས། །སྔགས་ཀྱི་ཕྲེང་བར་རང་ཉིད་བྱོན། །བཞི་བཅུ་རྩ་བརྒྱད་པ་ཉིད་ནི། །ས་རྣམས་ལ་ ནི་རབ་ཏུ་བཤད། །འཁོར་ལོ་དྲུག་དབྱིབས་རི་མོ་ནི། །ས་ཡི་དབུས་སུ་བྱ་བ་ཡིན། །ཐམས་ཅད་དུ་ནི་གསང་སྔགས་ཚིག །བཞི་བཅུ་རྩ་བརྒྱད་བྲི་བར་བྱ། །དེ་རྣམས་སྔགས་ཀྱི་གཟུགས་རྣམས་ནི། །སྲོག་ ནི་ཡི་གེའི་རྣམ་པ་ཅན། །ཡི་གེའི་ཆ་རྣམས་བཟང་པོ་ནི། །སྤངས་ནས་དབུས་མར་གནས་པ་ཡིན། །སྟོང་པར་ངེས་པར་ཐིམ་བྱས་ནས། །འོག་དང་སྟེང་དུ་བལྟ་བར་བྱ། །རྐང་པའི་མཐའ་ནས་ མགོ་བོ་རུ། །རྣལ་འབྱོར་དབང་ཕྱུག་དེ་སྲིད་བྱེད། །ཁམས་ཀུན་རབ་ཏུ་ཞུགས་པ་ལ། །སེམས་ཀྱི་སྤྱོད་པ་ཅན་ཅི་སྨོས། །དེ་ལྟར་གསང་བ་གྱེན་གནོན་པ། །དཔའ་བོ་ཆེན་པོའི་དོན་ཅན་ནོ། །དབུས་ མར་རབ་ཏུ་ཞུགས་པ་ཡི། །བསྣུན་དང་བསྒྲུབ་པ་ལ་སོགས་སྤངས། །འཐོར་རླུང་འཛིན་བཞིན་པ་ཡིས་ནི། །ཉི་མ་དང་པོ་ཟད་མེད་ཅན། །རྡོ་རྗེའི་ལམ་ནི་ལངས་པའི་སེམས། །གང་ཕྱིར་བརྒྱུད་པའི་རིམ་པས་སོ། ། དེ་ལྟར་སྒྱུ་མའི་བཟླས་པ་འདི། །རྩ་བའི་སྔགས་སོགས་རེའུ་མིག་ཅན། །དཔའ་བོ་ཀུན་གྱི་རེའུ་མིག་རྣམས། །སྔགས་ཀྱི་འཁོར་ལོར་དགོད་པར་བྱ། །ཏིང་འཛིན་མགོན་པོའི་དཔའ་བོ་རྣམས། ། 86-1-135b བཅུ་གཉིས་རྣམས་ཀྱིའང་འཁོར་ལོར་སོན། །གང་ཞིག་གང་གི་མིང་སྔོན་གྱིས། །དེ་དང་དེ་ཡི་གནས་སུ་བྲི། །གཞན་གྱི་སྔགས་ཀུན་འདི་རྣམས་ལ། །དཀྱིལ་འཁོར་འདིར་ནི་འབྱུང་བར་འགྱུར། །སྐུ་ལ་ སོགས་པའི་བཟླས་ཀུན་དང་། །དེ་བཞིན་ངག་སོགས་བཟླས་པ་ཅན། །སེམས་སོགས་བཟླས་པ་ཐམས་ཅད་དང་། །དེ་བཞིན་ཡེ་ཤེས་སོགས་བཟླས་ཅན། །སྔགས་ཀྱི་རྒྱལ་པོས་བསྐུལ་པ་ཡིས། ། དེ་ནས་དཔའ་བོ་འབྱུང་བར་འགྱུར། །འཇིགས་བྱེད་ཆེན་པོ་དབུས་རྣམས་སུ། །མེ་ཡི་གཟུགས་ཅན་བསྒོམ་པར་བྱ། །ཤེས་རབ་རིགས་ཀྱི་ནུས་པ་ཡིས། །འབྱུང་པོའི་ཚོགས་དེ་ཀུན་སྤྱོད་བྱ། །ཞི་བ་ དང་ནི་རྒྱས་དང་དབང་། །དྲག་པོར་ངེས་པར་བྱེད་ཡི་གེ། །ལས་དང་རྗེས་མཐུན་གཟུགས་བསྒོམས་ཏེ། །འབར་བའི་རྣམ་པ་སོགས་དགོད་བྱ། །འཆི་བ་གླུ་ཞིབ་དེ་ཉིད་ཀྱིས། །རྣལ་འབྱོར་དང་ནི་ལྡན་པར་འགྲོ། ། ནཱ་ད་ནཱ་དར་འཛོམ་བྱ་ཞིང་། །ཐིག་ལེ་ཐིག་ལེར་ཐིམ་པར་བྱ། །དེ་ལྟར་ཆོ་གའི་བྱ་བ་ཡིས། །གསང་སྔགས་བཟླས་ནས་ཕུར་བུ་གདབ། །འདི་རྣམས་སྔགས་ཀྱི་གཙོ་བོ་ཡིས། །རྐང་པ་བཞི་བཅུ་རྩ་བརྒྱད་དེ། ཨོཾ་ཧཱུྃ་ཧཱུྃ་ཕཊ་གྱི་ཡི་གེ་མཐའ། །ཇི་ལྟའི་རིམ་པས་འདི་ཀུན་ལའོ། །ན་མཿཤྲཱི་བཛྲ་ཌཱ་ཀ་མ་ཧཱ་བི་ར་བཱི་རེ་ཤྭ་རཱ་ཡ། ཏྲི་བྷུ་རྦརྞ་ཀམ་པཱ་ཀམ་བཱ་བ་ནཱ་ཡ། ཌྃཥྚོ་ཏ་རྐཊ་བྷཱི་ཥ་ཎ་བྷེ་རེ་བཱ་ཡ། ཤ་ཏ་ས་ཧ་སྲ་ནེ་ཏྲཱ་ཡ། བི་དྱུཏ་ཛི་ཧྭཱ་ཡ། ཀྃ་ཀཱ་ལ་མཱ་ལཱ་བྷ་ར་ཎོ་གྲཱ་ཡ། ཀོ་ཊི་ལ་ཀྵ་བྷུ་ཛཱ་ཡ། ཛྭཱ་ལ་བ་ལཱི་ཌ་ལཱ་ག་ནཱ་ཡ། པར་ཤུ་པཱ་ཤོ་དྱ་ཏ་ཤཱུ་ལཱ་ཡ། ཀ་ཏ་དྷུ་མྲུ་གྲ་བ་པུ་ཥཱ་ཡ། བི་ཀ་ཊ་མུ་ཁ་ཧཱ་ཧཱ་ར་བཱ་ཡ། མཱ་ཏྲི་ག་ཎ་པ་རི་པཱུ་རི་ཏ་མན་ཏྲཱ་ཡ། ས་ཧ་ཛ་སུན་དྷ་རཱི་བལླ་བྷ་ཀ་རཱ་ཡ། ཧཱུྃ་ཧཱུྃ་ཀཱ་རོ་ཙྪ་ར་ཎ་མུ་ཁཱ་ཡ། མ་ཧཱ་ཤྨ་ཤ་ན་པྲ་ཡཱ་ཡ། སརྦ་བྷཱུ་ཏ་སྃ་ཏྲཱ་ས་ན་ཀ་རཱ་ཡ། མ་ཧཱ་ཀལྤཱན་ཏ་གྣི་ཏེ་ཛ་ཡ། ཛ་ཊ་ཀ་ལཱ་པ་མུ་ཀུ་ཊཱ་ 86-1-136a ཡ། ཁ་ཊྭཱྃ་ག་ཀ་པཱ་ལ་ཤཱུ་ལ་བྷིན་ན་དྷཱ་རི་ཎེ། མ་ཧཱ་ས་མུ་དྲ་མེ་ཁ་ལཱ་ཡ། བྱཱ་གྷྲ་ཙརྨ་མ་བ་ར་དྷ་རི་ཎེ། བི་ཏ་ལ་སྃ་གྷ་མརྡ་ན་ཀ་རཱ་ཡ། མ་ཧ་བིགྷྣ་ནི་བཱ་རེ་ཎེ། ཤ་ཏྲུ་ནི་སུམྦྷ་ན་ཀ་རཱ་ཡ། ཏྲི་ས་ཧཱ་ སྲ་མ་ཧཱ་ས་ཧ་སྲེ་ཀ་རོ་མཱ་བ་ལྱཱནྟ་རྟི་ཎ། ཤ་ཏ་ས་ཧ་སྲ་མུ་ཁཱ་ཡ། ཛྙཱ་ན་སཱ་ག་ར་མུ་ཁཱ་ཡ། མ་ཧཱ་པི་ཤེ་ཏ་རུ་དྷི་རོ་བ་སཱ་ཧཱ་རི་ནི། སརྦ་མཱ་ར་བ་ལ་དྷྭྃ་སི་ཎེ། སྲིཥྚི་སྃ་ཧཱ་ར་ཀཱ་ར་ཀཱ་ཡ། སརྦ་ནཱ་གཱ་ནཱྃ་ཤོ་ཥ་ན་སྟམ་ བྷ་ན་བི་དྷཱ་བ་ཎཱ་ཡ། ཨན་ཏྲ་མཱ་ལཱ་དྷཱ་རི་ཎི། སུ་མེ་རུ་གམ་། པི་ཏ་ནཱ་དཱ་ཡ། ཀྲོ་དྷ་བི་གྲ་ཧ་དྷ་ར་ཎཱ་ཡ། མ་ཧཱ་ཀཱ་ཤ་ཏི་ལ་ཀཱཏ་མ་ནི། བུད་དྷ་ཀོ་ཊ་ས་ཧ་སྲ་ཀྵ་ཎ་ནི་ད་ནཱ་ཡ། ཛྙཱ་ན་མྲི་ཏ་བར་ཥཱ་པ་ཡ། སརྦ་ཀརྨ་པྲ་བརྟྟ་ ནཱ་ཡ་ནི། བམ་དྷ་ན་ཀ་རཱ་ཡ། སརྦ་བི་ཀལྤ་བྷཉ་ཛ་ན་ཀ་རཱ་ཡ། མུན་ཌཱ་པ་ལི་ལགྣ་ཤ་རཱི་རཱ་ཡ། པ་ར་ཀྲི་ཏ་ཡན་ཏྲ་མན་ཏྲ་ནཱ་ཤ་ནཱ་ཡ། མ་ཧཱ་རཀྵ་ཀ་རཱ་ཡ། དུཥྚཱ་ནཱྃ་བི་དཱ་ལ་ནེ། དྷརྨོ་ད་ཡ་ཀ་རཱ་ཡ། ཀྲོ་དྷ་སྥ་ར་སྥ་ར་ཎཱ་ཡ། ཨིན་དྲ་ཛ་ལ་སརྦ་སཏྭཱཏ་མ་ནེ། གྲསྟ་བཱ་ད་པྲ་བ་ད་མ་ཧཱ་མ་ཏེ། །དེ་ལྟར་ལ་སོགས་གསང་སྔགས་གང་། །རབ་ཏུ་མང་བ་རྒྱ་ཆེའོ། །སྣ་ཚོགས་རྣམ་པ་དུ་མའི་མིང་། །སེམས་ཅན་མིང་གིས་ཤེས་པར་བྱ། ། སྔགས་རྣམས་ཐམས་ཅད་མཉམ་སྦྱོར་བས། །ཁམས་གསུམ་རྣམས་སུ་ཡོངས་བཞུགས་པའི། །དེ་བཞིན་གཤེགས་པ་ཀུན་གྱི་གཙོ། །བཅོམ་ལྡན་སྔགས་པས་འདི་གསུངས་སོ། །ཞེས་བྱ་བ་ནི་འཇིགས་ བྱེད་ཆེན་པོའི་ཆོ་ག་སྟེ། རབ་ཏུ་བྱེད་པ་བཅྭ་ལྔ་པའོ།། །། དེ་ནས་མི་ལ་སོགས་དབང་པོ། །ཀུན་གྱི་མངོན་ཤེས་ཆོ་ག་བཤད། །མིག་མི་བཟང་གི་རབ་སྦྱོར་བས། །རྡོ་རྗེ་གསུམ་ནི་རབ་བསྒྲུབ་བྱ། ། གང་དུ་བྱང་ཆུབ་སེམས་གནས་པས། །དེར་ནི་མིག་གིས་ངེས་པར་བལྟ། །རྣལ་འབྱོར་རྣམས་ཀྱི་ཟག་མེད་མཆོག །སེམས་ནི་མིག་ཏུ་ཤེས་པར་བྱ། །རྩ་རྣམས་ཀྱི་ནི་རབ་སྦྱོར་བས། །སོ་སོར་རླུང་ནི་དབབ་པར་བྱ། ། 86-1-136b གང་ཉིད་དུ་ནི་སྐྱེས་དུས་སུ། །དེ་ཡི་དུས་སུ་ཐིམ་ནས་འགྲོ། །དེ་ནི་མངོན་ཤེས་མིག་རྣམས་ཀྱི། །སེམས་འདི་ཡིས་ནི་འགྲོ་བར་འགྱུར། །སྐྱེ་འགྲོའི་ནང་དུ་སོན་པའི་གཟུགས། །ཡིད་ཀྱིས་སྒྲ་ནི་ཉན་པར་འགྱུར། ། འགྲོ་དང་འོང་བའི་ཆོ་ག་ནི། །ལྷ་རྫས་དྲི་རུ་རྗེས་མཚོན་བྱ། །ལྷ་རྫས་རོ་ཡི་རབ་སྦྱོར་བས། །ལྕེ་ནི་དགའ་བ་དང་བཅས་ཀྱིས། །ལྕེ་ཡི་མངོན་ཤེས་ལ་བརྟེན་ནས། །དབུ་མའི་ཕོ་ཉ་སྐྱེས་པ་ཡིན། །ལུས་ཀྱི་ རེག་པའི་རྣམ་པ་ཡིས། །མཆོག་ཏུ་ཟག་མེད་དེ་བསྒྲུབ་བྱ། །སྔོན་གྱི་བག་ཆགས་དྲན་པ་ལ། །དེ་ཉིད་རྣལ་འབྱོར་ལྡན་པར་འགྲོ། །ཉིན་ཞག་མཚན་མོ་མཉམ་བྱས་ནས། །ཆུ་ཚོད་དྲུག་བཅུ་ཉིད་དང་ནི། །ཆུའི་སྲང་ དྲུག་བཅུ་ཐམ་པ་དང་། །གྷ་ཊི་ཀར་ཡང་སྦྱར་བར་བྱ། །རྒྱར་ནི་སོར་མོ་བཅུ་གཉིས་ལ། །དཔངས་སུ་སོར་བརྒྱད་ཉིད་ཡིན་ཏེ། །གུན་ཛ་དྲུག་བཅུའི་ཚད་ལ་ནི། །སོར་བཅུ་གཉིས་པའི་ཐུར་མའོ། །སྐད་ཅིག་ཐང་ཅིག་ཡུད་ ཙམ་དང་། །ཀཱཥྚི་མིག་བཙུམས་ཕྱེ་བ་དང་། །སེ་གོལ་གཏོགས་པར་ཤེས་བྱ་སྟེ། །དབུགས་རྒྱུའི་མངོན་པར་ཤེས་པས་སོ། །ཕ་རོལ་ཕྱིན་དྲུག་ཚུལ་དག་གིས། །ཆོས་ཀྱི་དབྱིངས་ནི་མཚོན་པར་བྱ། །དུས་དང་དུས་མིན་ སེལ་བ་པོ། །མིག་མི་བཟང་བ་བསྒོམ་པར་བྱ། །མཚོན་བྱ་མཚན་ཉིད་རྣལ་འབྱོར་མའི། །དཀྱིལ་འཁོར་ནང་དུ་བྱས་པ་ཉིད། །སེམས་འདི་སྣ་ཚོགས་གཟུགས་ཅན་ཏེ། །སྲོག་ཆགས་རྣམས་ཀྱིས་གར་བགྲོད་པ། །བདག་ མེད་རང་བཞིན་འཐོབ་པར་འགྱུར། །མདུད་པ་རྣམས་ཀྱི་ཕྲད་པས་གནས། །གཟུགས་སུ་བྱེད་འགྱུར་དེའི་དངོས་པོ། །མཆོག་གི་དང་པོ་བྲལ་མཐའ་ཅན། །ཆོས་ཀྱི་འབྱུང་གནས་གང་གནས་པ། །རྡོ་རྗེ་མཁའ་འགྲོར་དེ་ཤེས་ བྱ། །ཐུར་སེལ་ལམ་ལ་རྟག་བརྟེན་ནས། །སླར་ཡང་རེ་རེའི་ནང་དུ་སྟེ། །སྲོག་ལ་སོགས་པའི་རླུང་ལྔ་ཡིས། །མིག་ནི་ལྔ་རུ་ཤེས་པར་བྱ། །འཛག་པ་མེད་པའི་ས་བོན་འཛག །ཡེ་ཤེས་མཁའ་འགྲོ་མའི་སྦྱོར་ལྡན། ། 86-1-137a ས་བོན་ལྔ་རྣམས་ཐིག་ལེ་ཡི། །མངོན་ཤེས་བྱེད་པོ་སོགས་ལྔ་པ། །དེ་ལྟའི་རྣལ་འབྱོར་མཆོག་ཡོངས་རྫོགས། །རྣལ་འབྱོར་ཀུན་གྱིའང་མཆོག་ཡིན་ནོ། །དངོས་པོའི་ཡེ་ཤེས་ཅན་མ་ལུས། ། རིང་དུ་ཡོངས་སུ་སྤངས་པ་ཡིན། །ཐམས་ཅད་ལུས་སུ་མཉམ་སྦྱོར་ལས། །ལྷན་ཅིག་སྐྱེས་པའི་སྤྱན་འཇུག་པ། །དངོས་ཀུན་དངོས་པོ་མེད་མཛད་པ། །བཅོམ་ལྡན་མིག་གིས་འདི་གསུངས་སོ། །ཞེས་བྱ་ བ་ནི་མིག་མི་བཟང་གི་ཆོ་ག་སྟེ་རབ་ཏུ་བྱེད་པ་བཅུ་དྲུག་པའོ།། །། དེ་ནས་ལྷ་མོས་ཕྱག་བྱས་ནས། །དེ་བཞིན་མཆོད་པ་ཆེན་པོ་བྱས། །སྟོབས་པོ་ཆེ་ཡི་སྦྱིན་སྲེག་ནི། །བདག་པོ་ཆེན་པོས་བསྟན་ དུ་གསོལ། །མཁས་པས་རྒྱུན་དུ་ནང་བདག་གི། །སྦྱིན་སྲེག་བཤད་ཀྱིས་མཉན་པར་གྱིས། །སྟོབས་པོ་ཆེ་ཡི་རབ་སྦྱོར་བས། །ཁམས་རྣམས་ཀུན་གྱིས་དགང་བླུགས་ཏེ། །བདེ་བ་ཐབ་ཏུ་ཡང་དག་འཐོབ། །ཉི་ཟླ་དགང་ གཟར་བླུགས་གཟར་རོ། །སློབ་དཔོན་གཉིས་མེད་དེ་དེ་ལ། །ཡང་དག་རིགས་པའི་གཟུགས་སུ་བསྲེག །སྣ་ཚོགས་མཁའ་འགྲོ་རྣམས་འདི་མེ། །གསང་སྔགས་རང་བཞིན་མཚན་ཉིད་དོ། །ཡམ་ཤིང་རྩ་རུ་ཡང་དག་ གྲགས། །གང་ཕྱིར་སཱ་ལི་ལས་སྐྱེས་འབྲས། །ཚིལ་ནི་རྟག་ཏུ་ཞོ་ཟན་ཡིན། །འདི་རུ་མར་ནི་བྱང་ཆུབ་སེམས། །ཁྲག་ནི་སྦྲང་རྩིར་ཤེས་པར་བྱ། །སྲོག་སོགས་རླུང་རྣམས་དུར་བའོ། །གཅིན་དང་བཤང་བ་དག་དེ་ལྟར། ། ཙན་དན་དང་ནི་གླ་རྩིའོ། །མེ་ཏོག་རྟག་ཏུ་ཁྲག་ཏུ་གྲགས། །མཆིལ་མ་ལུད་པ་འབྲས་ཐུག་ཡིན། །བུད་ཤིང་སོ་སེན་རུས་པའོ། །མདོར་བསྡུས་པ་ཡིས་ལྤགས་པ་གོས། །མེ་ཡི་ཐབ་ཀྱི་དབུས་སུ་ནི། །སྐྲ་དང་བ་སྤུ་ལྷ་རུ་འགྱུར། ། སྣ་ཚོགས་ཕྲ་མོའི་ཁམས་གཞན་ནི། །སྣ་ཚོགས་འབྲུ་སྟེ་དེ་ལ་བསྲེག །རིམ་གྱིས་མཁའ་འགྲོ་རྫོགས་སོན་པ། །གང་བའི་བསྲེག་བླུགས་སུ་ཤེས་བྱ། །དབང་པོ་ཐམས་ཅད་གར་བྱེད་དེ། །དེ་ཡི་བག་ཆགས་གླུ་ལེན་ནོ། ། 86-1-137b སྣ་ཚོགས་སྒྲ་ཆེན་པོས་རོལ་མོ། །སྙིང་རྗེ་སོགས་པས་སྟོན་མོ་ཡིན། །སྲོག་རྣམས་ཀུན་གྱི་བདག་པོ་ཡི། །སྟོབས་པོ་ཆེ་ནི་བསྒོམ་པར་བྱ། །ལས་ཐམས་ཅད་པས་སྦྱིན་སྲེག་ནི། །དེས་མཉེས་པ་ཡི་དངོས་གྲུབ་འགྱུར། ། འཇིག་རྟེན་མཆོག་གི་ཁམས་ཀུན་དུ། །ཡིད་ནི་དེ་རུ་ཡང་དག་རོལ། །གང་ཚེའི་དུས་སུ་བདེ་གྱུར་པ། །དེ་ཚེའི་དུས་སུ་རབ་ཏུ་གནས། །སྦྱིན་སྲེག་རང་བདག་ཉིད་མཐོང་བས། །སྨོད་དང་རྗེས་འཛིན་བྱེད་པ་ཡིན། །འཇིག་རྟེན་འཇིག་ རྟེན་འདས་ཡེ་ཤེས། །དེ་རྣམས་དབུས་མར་འཐོབ་པར་བྱ། །མཚམས་རྣམས་ཀུན་དུ་ཁོང་ཁྲོ་བ། །སེམས་ཆེན་པོ་ནི་བསད་པར་འགྱུར། །རྟོག་པས་སྤྲུལ་པའི་སངས་རྒྱས་ནི། །དེ་ལས་བྱུང་བ་བཟའ་བར་བྱ། །མཚོན་ བྱ་མཚོན་བྱེད་རབ་བཅོམ་པས། །གཉིས་དག་ཤེས་པར་འོས་པ་ཡིན། །སྒྱུ་མའི་བདག་ཉིད་མཚན་ཉིད་ནི། །དེ་ལ་ཐིམ་པར་བྱེད་པར་འགྱུར། །ཁམས་ཀུན་ཡང་དག་སྦྱོར་བ་ལས། །ཡེ་ཤེས་གཉིས་བྱར་མེད་མཚན་ཉིད། ། མེ་ཡི་གཟུགས་སུ་རྟག་བཞུགས་པའི། །བཅོམ་ལྡན་ཐབ་ཁུང་གིས་འདི་གསུངས། །ཞེས་བྱ་བ་ནི་སྟོབས་པོ་ཆེའི་ཆོ་ག་སྟེ་རབ་ཏུ་བྱེད་པ་བཅུ་བདུན་པའོ།། །། དེ་ནས་རྡོ་རྗེ་པར་འདུ་བ། །ཇི་བཞིན་བཤད་ ཀྱིས་མཉན་པར་གྱིས། །རིན་ཆེན་རྡོ་རྗེའི་རབ་སྦྱོར་བས། །ཨ་བ་དྷཱུ་ཏཱི་ཅན་དངོས་གྲུབ། །རྣལ་འབྱོར་མ་ནི་ཡང་དག་རོལ། །དོན་དམ་པ་ཡི་ཉམས་ལ་གནས། །དེ་ཡི་སྦྱོར་བས་གྲོལ་བར་ནི། །གཉིས་མེད་རྒྱུ་རྣམས་ ཀྱིས་འགྱུར་རོ། །ལུས་ཀྱི་ཉམས་སུ་མྱོང་བཞིན་པ། །བྱིས་པ་རྣམས་ཀྱི་བྱང་ཆུབ་འོང་། །ཧ་ཡིག་དྲུག་པ་དང་ལྡན་པའི། །ས་བོན་རྡོ་རྗེའི་ནོར་བུར་དགོད། །ཨ་བ་དྷཱུ་ཏཱིའི་རྩར་འབབ་སྟེ། །སྟེང་དུ་ཁ་བལྟས་ དཔྲལ་བར་སོན། །བསྲུང་བའི་དུས་སུ་བློ་ལྡན་གྱིས། །རང་གི་ལག་པས་རྡོ་རྗེ་གཟུང་། །བྱང་ཆུབ་སེམས་ལ་རྩེན་བྱེད་ལ། །རྒས་དང་འཆི་བ་རིང་བ་ཡིན། །སྲིད་པའི་སྐྱོན་ལས་འགོམས་པ་ཡིས། །སྲིད་གསུམ་དེ་ཡི་ 86-1-138a རང་བཞིན་འགྱུར། །ལས་ཀྱི་ཕྱག་རྒྱའི་རབ་སྦྱོར་བས། །ཉི་མ་རེ་རེ་བསྒྲུབ་པར་བྱ། །དེ་ཡི་དུས་སུ་གང་མཐོང་བ། །དངོས་པོ་ཀུན་ལ་ལྟུང་བར་བྱ། །འདོད་ཆགས་ཆེན་པོའི་ཚུལ་བདག་ཉིད། ། རྟག་ཏུ་བདག་ཉིད་ལ་འབྱུང་འགྱུར། །རྣལ་འབྱོར་རྒྱུད་ཀྱི་རྒྱུའི་དོན་དུ། །བསྟན་བྱ་སྟོན་པ་པོར་འགྱུར་རོ། །རྣལ་འབྱོར་མ་ཡི་རྒྱུད་ཀྱི་ནི། །སེམས་ཅན་དོན་ནི་ངེས་པར་བྱས། །སྐུ་བཞི་བོ་ཡི་རྣལ་འབྱོར་གྱིས། ། བདེན་མིན་བདག་གིས་བཤད་མི་བྱ། །རིན་ཆེན་རྡོ་རྗེའི་རང་བཞིན་ཅན། །སྦྱོར་སྐྱེས་ཡེ་ཤེས་གྱེན་དུ་བགྲོད། །ཕོ་ཉ་རྣམས་ཀྱི་གཙོ་ཉིད་བྱ། །འདོད་ཆགས་མེ་ཡིས་དགྱེས་པར་བྱ། །བྱང་ཆུབ་སེམས་ནི་རྟག་ གཟུང་བ། །ལྕེ་ཡིས་བྱ་ཡི་ལག་པས་མིན། །ལྷན་སྐྱེས་འཕོས་པའི་མཚན་ཉིད་ནི། །མཁའ་ལྡིང་ཕྱག་རྒྱ་ཉིད་ཀྱིས་གཟུང་། །ཕྱག་རྒྱའི་ཁ་ཉིད་དུ་སྦྱིན་ཏེ། །དེ་ནས་བཏུང་བར་བྱ་བ་ཡིན། །སྟོབས་ ཐམས་ཅད་ཀྱི་བཟའ་བར་བྱ། །སཱ་ལི་སྐྱེས་སོགས་འབད་པས་སོ། །སྦྱིན་སྲེག་ཀུན་ཀྱང་ང་ཉིད་ཀྱིས། །དབང་ལ་སོགས་པ་གང་གང་བྱེད། །དེ་དེའི་ཐོད་པར་བྱ་བ་སྟེ། །དེ་ནས་ས་བོན་གདབ་པར་བྱ། ། དེ་རྣམས་རྫས་ཀྱིས་སྤང་བ་དང་། །གཏོར་མ་དང་ནི་བསྲུང་བར་བྱ། །དེ་ཡིས་བཅིངས་པ་ཙམ་གྱིས་ནི། །དེ་དང་འདྲ་བའི་གཟུངས་འཇུག་འགྱུར། །རི་ལུ་འམ་ནི་སྐུད་པ་ནི། །དཔའ་བོ་རང་ཉིད་ཀྱིས་གསུངས་ པའོ། །བྷ་གའི་དབུས་རྣམས་སུ་བསྒོམ་པ། །རིན་ཆེན་རྡོ་རྗེ་ཅན་དེ་སྨན། །དཀྱིལ་འཁོར་ཁམས་རྣམས་ཀུན་གྱི་སྟེ། །སྤངས་པ་རབ་ཏུ་བསྟན་པ་ཡིན། །གང་དང་གང་གི་ལས་ཀྱི་ནི། །དེ་དང་དེའི་མིང་ཅན་ སྔགས་སོ། །ས་བོན་ཀུན་གྱི་ཡོངས་སྦྱོར་ལས། །དེ་ནི་རྟག་ཏུ་སྨན་རྣམས་ཏེ། །བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ནི། །རྟག་ཏུ་འཆིང་བས་འདི་གསུངས་སོ། །ཞེས་བྱ་བ་ནི་རིན་ཆེན་རྡོ་རྗེའི་ཆོ་ག་སྟེ་རབ་ཏུ་བྱེད་པ་བཅྭ་ 86-1-138b བརྒྱད་པའོ།། །། དེ་ནས་འཁོར་བའི་མཐར་གནས་པའི། །མཁའ་འགྲོའི་མཚན་ཉིད་བཤད་པར་བྱ། །རྟ་མགྲིན་གྱི་ནི་རབ་སྦྱོར་བས། །ཕོ་ཉའི་མཚན་ཉིད་སྒྲུབ་པར་བྱ། །ཧ་ཡིག་སྐྱེ་གནས་དབུས་སུ་ཏེ། ། ཡ་ཡིག་མགོ་བོར་གནས་པའོ། །ཡིག་དབུས་མའི་པད་མར་ཏེ། །བ་ཡི་ཡི་གེ་སྙིང་ག་རུ། །རྣལ་འབྱོར་ཆེ་ལ་འཛིན་བཞིན་པ། །དབྱངས་ཅན་མ་དང་འདྲ་བར་བྱེད། །རྨོངས་པ་ཉིད་ནི་ཐམས་ཅད་འཕྲོག །གང་ཕྱིར་ གཞུང་ནི་རྗེས་འཇུག་འགྱུར། །མགྲིན་པར་རྟག་ཏུ་ཚིགས་བཅད་ནི། །མགྲིན་པར་དག་ཏུ་གནས་པ་ཉིད། །འཚོ་བ་རྟ་ཡི་དབྱིབས་འདིར་ནི། །གནས་པ་རྣལ་འབྱོར་ལྷག་མ་ཡིན། །དེ་ཡི་སྦྱོར་བས་འགྲོ་འགྱུར་བ། །སྔོན་དུ་ ཉི་མའི་གདན་དུའོ། །ཉི་དེ་རྡོ་རྗེ་སེམས་དཔའ་སྟེ། །ཁམས་གསུམ་པོར་ནི་བསྐོར་བར་འགྱུར། །ནམ་མཁར་ཉི་མས་མཛེས་བྱས་ནས། །བྱང་ཆུབ་ཡིད་ཀྱིས་འགྲོ་བར་འགྱུར། །ཕྱོགས་ཀྱི་འཁོར་ལོ་མ་ལུས་རྟོགས། ། རྣལ་འབྱོར་མའི་ཆུ་སྐྱེས་མཆོག །སེམས་ཅན་ཀུན་གྱི་རྨོངས་ཉིད་དང་། །ལམ་མཐོང་བ་ནི་ཉམས་ཅན་ལ། །དེ་ཉིད་ཉི་མ་རྟག་སྣང་བར། །མཚན་མོ་མུན་པ་དྲག་པོ་འཕྲོག །རྣལ་འབྱོར་མ་འཁོར་དབུས་སོན་པར། ། རྟ་ཡི་མགོན་པོ་བསྒོམས་པ་ཡིན། །གང་གི་སངས་རྒྱས་སུ་འགྲོ་བ། །སྒྲུབ་ཐབས་ཡན་ལག་འཆར་བར་འགྱུར། །བགེགས་རྣམས་རྣམ་པར་ཉམས་འགྱུར་ཏེ། །སྤྲིན་ལ་སོགས་པ་ཉམས་པར་འགྱུར། །ཀུན་གྱི་སྡིག་པའང་ འཕྲོག་པར་བྱེད། །རང་གི་དགའ་བ་ཤར་མཚན་ཉིད། །མཆོད་སྦྱིན་དུས་ཀྱིས་འཇིག་རྟེན་དུ། །ཐམས་ཅད་སྐད་ཅིག་ལ་སྒྲུབ་འགྱུར། །ཁམས་བདུན་རྣམ་པར་བཟུང་བ་ཡིས། །དེ་ཚེ་ས་འོག་དངོས་གྲུབ་འགྱུར། །བདག་མེད་འདི་རྣམས་དེ་ལྷ་མོ། ། ཡན་ལག་གཅིག་གི་རོལ་པར་བྱེད། །སྔགས་ཀྱི་བཟླས་པ་མི་བྱ་སྟེ། །སྦྱིན་སྲེག་ཨཱ་ག་སོགས་དེ་བཞིན། །ཇི་ལྟར་བདེ་བས་རྟོགས་བྱ་སྟེ། །རྡོ་རྗེ་འཛིན་པ་ཉིད་འཐོབ་འགྱུར། །འདོད་ཆགས་ཀྱིས་ནི་འདོད་ཆགས་སྒོ། །མེ་ཡིས་ཚིག་ལ་གདུང་བར་བྱ། །དེ་བཞིན་འདོད་ཆགས་ཀྱིས་ 86-1-139a འདོད་ཆགས། །བསྟེན་པར་གྱུར་པས་མི་འཆིང་ངོ་། །དེ་ཉིད་ཐབས་སོ་ཡིད་ཀྱི་ལས། །དགེ་བའི་མཚན་ཉིད་ཅན་བྱའོ། །ནང་དུ་བྱེད་པ་མ་ཡིན་ཏེ། །གུས་པ་ཡིད་ཀྱིས་དབུ་མར་གནས། །ཕྱི་རོལ་ཡེ་ཤེས་ཅན་རྣམས་ཀྱིས་ཡེ་ཤེས། །དེ་ཉིད་སངས་ རྒྱས་རྡོ་རྗེ་འཆང་བ་སོགས། །སེམས་ཅན་འཇིག་རྟེན་སོགས་འབྱུང་བ། །དེ་རྣམས་སྤངས་པས་སངས་རྒྱས་མེད། །མུ་སྟེགས་ཅན་དང་སངས་རྒྱས་པར། །ཀུན་དུ་དབྱེ་བ་ཡོད་མ་ཡིན། །ལུང་ཐམས་ཅད་ནི་འགལ་བ་སྟེ། །ཚད་མ་པ་རྣམས་ ཐོ་ཆོ་ཅན། །ཐམས་ཅད་ཚིག་ནི་རྣམ་ཤེས་པས། །ཡེ་ཤེས་ཅན་རྣམས་དེའི་ཕྱིར་ཤེས། །མཁའ་འགྲོ་ཐམས་ཅད་མཉམ་སྦྱོར་ལས། །ནམ་མཁའ་རྣམས་སུ་བཞུགས་པ་ཡིན། །བཅོམ་ལྡན་འཇིག་རྟེན་འཇིག་རྟེན་པར། །རྟག་ཏུ་བཞུགས་ པས་འདི་གསུངས་སོ། །ཞེས་བྱ་བ་ནི་རྟ་མགྲིན་གྱི་ཆོ་ག་སྟེ་རབ་ཏུ་བྱེད་པ་བཅུ་དགུ་པའོ།། །། དེ་ནས་རབ་ཏུ་འཇོམས་ཡོན་ཏན། །བཤད་ཀྱིས་སྒྲུབ་པ་པོ་རྣམས་ཉོན། །ནམ་མཁའི་སྙིང་པོའི་སྦྱོར་བ་ཡིས། །རྡོ་རྗེ་རླུང་གི་ མཚན་ཉིད་དེ། །འཆགས་པ་དང་ནི་འཇིག་རྣམས་སུ། །གང་ཞིག་སྟོང་པ་དེ་སྲོག་ཆགས། །ཁམས་རྣམས་དེ་འདྲར་ཤེས་བྱ་སྟེ། །དུལ་བའི་སྦྱོར་བར་ཡང་དག་གནས། །ཟླ་བའི་གཟུགས་སུ་ཡོངས་གྲགས་པའི། །རང་གི་རང་བཞིན་ལས་ སྐྱེས་འཛག །རྣལ་འབྱོར་ལྷག་མའི་ཡེ་ཤེས་ཀྱང་། །དེ་ནི་རབ་འཇོམས་ལ་བརྗོད་དོ། །དུས་ཐམས་ཅད་དུ་གཡོ་བ་མེད། །གཡོ་བའམ་འདིར་ནི་མི་མཐོང་ངོ་། །དེ་ནི་ཐམས་ཅད་བདག་ཉིད་རླུང་། །བསམ་པ་ཐམས་ཅད་རབ་འཇུག་པའོ། ། དོ་ལཱ་ཧཱ་ར་སོགས་སྦྱར་བས། །རྣལ་འབྱོར་རྣམས་ཀྱི་ཐར་སྟེར་པོ། །སྒྲ་དང་ཐིག་ལེར་དེ་ཤེས་བྱ། །འོད་གསལ་བ་དང་སྣང་བ་གསུམ། །དེ་ཕྱིར་ནམ་མཁའི་སྙིང་པོ་ཡང་། །མཁའ་འགྲོའི་སྦྱོར་རྣམས་ཀྱིས་ཤེས་བྱ། །ནང་གི་དབུ་མའི་ སྦྱོར་བ་ཡིས། །སྲོག་དེའང་རབ་ཏུ་བསྔགས་པ་ཡིན། །དེ་ཡང་ཀུན་གཞི་ཤེས་བྱ་སྟེ། །མེ་ལོང་དུ་ཡང་རབ་ཏུ་བཤད། །ཆོས་སྐུ་ལ་སོགས་པ་འང་དེ། །དམྱལ་སོགས་འགྲོ་བ་དེ་བཞིན་ཏེ། །སངས་རྒྱས་བྱང་ཆུབ་སེམས་རྣམས་ཀྱི། ། 86-1-139b གནས་ནི་རྡོ་རྗེའི་དཀྱིལ་འཁོར་རོ། །ཟླ་བའི་ལམ་དུ་གང་ཚེ་མཁའ། །རྣལ་འབྱོར་རྣམས་ཀྱི་ལྷག་མེད་འཕོ། །དེའི་དུས་རྣམ་པར་གཞག་མེད་འགྱུར། །རྣལ་འབྱོར་བྱིས་པས་བགྲོད་བྱ་མིན། །ནམ་མཁའི་ཁམས་རྣམས་ཐམས་ཅད་ཀྱི། ། དེ་ཡི་སྙིང་པོར་རབ་ཏུ་བསྟན། །དེ་དག་ཤེས་རབ་ཐབས་གཉིས་སོ། །གནས་སྐབས་ཀྱང་ནི་གཉིས་ཉིད་དོ། །སྲིད་པ་རྣམ་པར་འཕྲོ་བ་ཉིད། །དབང་པོའི་དབུས་སུ་སྦྱར་བར་བྱ། །སངས་རྒྱས་འཇིག་རྟེན་མཐའ་ཡས་རྣམས། །ས་ཡི་ ནང་དུ་རྩེན་པར་འགྱུར། །དེ་ལྟར་རྣམ་བཅས་དེ་ཉིད་དང་། །རྣམ་པ་མེད་པའི་གོ་འཕང་བཞུགས། །སེམས་དང་རྣམ་པར་ཤེས་པའི་རྒྱུན། །གཉིས་པོ་ཉིད་ནི་གཉིས་མེད་འགྱུར། །དབུ་མར་ལྟ་རྣམས་ཀྱིས་འགྲུབ་སྟེ། །ཡེ་ཤེས་དེར་ འདི་རྫོགས་པའོ། །གལ་ཏེ་སངས་རྒྱས་རྗེས་ཆགས་ཡོད། །ཆོས་དགེ་འདུན་ལ་དེ་བཞིན་མཆོག །གལ་ཏེ་མུ་སྟེགས་མཁས་པ་ཡི། །ཚུལ་ཆེན་ཆོས་དེ་འདོད་པ་དང་། །གལ་ཏེ་ཤེས་རབ་ཐབས་རྣལ་འབྱོར། །སྟོང་ཉིད་སྙིང་ རྗེའི་བདག་ཉིད་ཅན། །གལ་ཏེ་ཐམས་ཅད་མི་རྟག་བདག །ཚུལ་འདི་བསྒོམ་པར་བྱ་བ་ཡིན། །འདིར་མང་སྨྲས་བས་ཅི་བྱ་སྟེ། །ཆོས་དབྱིངས་གལ་ཏེ་འདོད་ཀྱང་ངོ་། །ནམ་མཁའི་སྙིང་པོའི་གཟུགས་ཅན་གྱི། །སངས་རྒྱས་སྤྲུལ་ པ་བསྒོམ་པར་བྱ། །ཤན་པ་སྨྱིག་མ་མཁན་ལ་སོགས། །གསོད་པའི་དོན་ལ་ཡོངས་གནས་པ། །དེ་ཀུན་དེའི་གནས་ཉམས་དགའ་བར། །ལམ་རྗེས་སྐྱོབ་རྣམས་ཀྱི་གོལ་འཐོབ། །ངེས་པར་དཀྱིལ་འཁོར་དབུས་རྣམས་སུ། ། གཟུགས་སུ་སྡོམ་པ་བསྒོམ་པར་བྱ། །འཇིག་རྟེན་འདི་དང་ཕ་རོལ་དུ། །རྨོངས་པའི་བདག་ཉིད་དངོས་གྲུབ་འཐོབ། །རྣམ་ཤེས་ཀུན་གྱི་སྦྱོར་བདག་ཉིད། །སྟོང་ཉིད་སྙིང་པོ་གཅིག་པུ་པ། །བཅོམ་ལྡན་རབ་འཇོམས་རྣམ་པ་ ཡི། །རྣལ་འབྱོར་ལ་བཞུགས་པས་འདི་གསུངས། །ཞེས་བྱ་བ་ནི་ནམ་མཁའི་སྙིང་པོའི་ཆོ་ག་སྟེ་རབ་ཏུ་བྱེད་པ་ཉི་ཤུ་པའོ།། །། དེ་ནས་ལྷ་མོས་མཆོད་བྱས་ཏེ། །ཕྱག་བྱས་པས་ནི་འདི་ 86-1-140a གསོལ་ཏོ། །རང་གིས་རིག་པའི་མཚན་ཉིད་ནི། །བཅོམ་ལྡན་རྡོ་རྗེས་གསུང་བར་མཛོད། །རང་རིག་ཡེ་ཤེས་ལས་བྱུང་བ། །ཇི་ལྟའི་རིགས་པས་བཤད་པར་བྱ། །དཔལ་ཧེ་རུ་ཀའི་རབ་སྦྱོར་བས། །རྣལ་འབྱོར་ཟླ་ བའི་བགྲོད་པ་དང་། །དཀར་པོའི་ཚེས་གཅིག་ལ་སོགས་ནས། །ཡེ་ཤེས་རྒྱ་མཚོ་འཕེལ་བར་འགྱུར། །ཐོག་མར་ཡེ་ཤེས་སྐྱེ་བར་འགྱུར། །གཉིས་པར་ནམ་མཁར་འགྲོ་བའི་གཟུགས། །གསུམ་པར་མདའ་ཡི་དབྱིབས་དང་ འདྲ། །བཞི་པར་འབེན་གྱི་གཟུགས་ཅན་ནོ། །ལྔ་པར་རྩེ་མོ་ལྔའི་བདག་ཉིད། །དྲུག་པར་ཁམས་དྲུག་འབྱུང་བ་ཡིན། །བདུན་པར་རྒྱ་མཚོ་ཡི་ནི་གཟུགས། །བརྒྱད་པར་པད་མར་བརྗོད་པ་ཡིན། །དགུ་པ་རུ་ནི་ བཅུད་ལེན་ཏེ། །བཅུ་པར་ལྷན་སྐྱེས་གཟུགས་ཀྱིས་སོ། །བཅུ་གཅིག་པ་ལ་ཞི་བའི་གཟུགས། །བཅུ་གཉིས་པ་ལ་འཁོར་ལོའི་གཟུགས། །བཅུ་གསུམ་པ་ལ་ཉི་མ་སྟེ། །བཅུ་བཞིར་ཟླ་བ་དེ་བཞིན་ནོ། །བཅྭ་ལྔ་པ་ ཉིད་རཱ་ཧུ་སྟེ། །ཐིག་ལེ་ཞེས་བྱས་བཅུ་དྲུག་པའོ། །རྣམ་པ་བཅུ་དྲུག་མཚན་ཉིད་ནི། །རང་གིས་རིག་པར་ཤེས་པར་བྱ། །དཔལ་ཧེ་རུ་ཀའི་སྦྱོར་བ་ཡིས། །འཁོར་ལོ་བཞི་རྣམས་སུ་བསྒྲུབ་བྱ། །རྒས་པ་མེད་ཅིང་ འཆི་བ་མེད། །ནད་དང་མཛེ་སོགས་སྤངས་པ་ཡིན། །ལྟེ་བར་ཤྲཱི་ཡི་ཡི་གེར་གྱུར། །ཧེ་ཡིག་སྙིང་གར་དགོད་པར་བྱ། །རུ་ཡིག་མགྲིན་པའི་འཁོར་ལོར་ཏེ། །ཐོད་པར་ཀ་ཡི་ཡི་གེའོ། །ཐིག་ལེ་བཞི་ཡི་རབ་ སྦྱོར་བས། །རང་གིས་རིག་པར་འགྲུབ་པར་འགྱུར། །དེ་ཉིད་རྣམ་པ་བཅུ་དྲུག་ནི། །རྣལ་འབྱོར་རྣམས་ཀྱི་མཆོག་ཟག་མེད། །གནས་དང་གནས་སུ་འཕོ་བ་ཉིད། །དབུ་མའི་ནང་དུ་རབ་ཏུ་གཞུག །འཁོར་ལོ་བཞི་ ཡི་འདབ་སོན་ནས། །རང་གིས་རིག་པ་མཐའ་ཡས་མཆོག །རིགས་དེ་རྣལ་འབྱོར་མ་རྣམས་ཀྱི། །བྱུང་བར་རྣམ་པར་ཤེས་པར་བྱ། །སེམས་ཆེན་པོ་ནི་སད་བཞིན་པས། །དོན་ཡོད་མཐོང་བ་ཐོབ་པར་འགྱུར། ། 86-1-140b རྟག་ཏུ་རྨི་ལམ་དུ་འགྱུར་ཏེ། །དུས་ཐམས་ཅད་དུ་ངེས་པར་གནས། །ལོངས་སྤྱོད་སྤྲུལ་པའི་མཚན་ཉིད་དུ། །གཉིད་ལོག་པ་ཡིས་དེ་ཚེ་མཐོང་། །བཞི་པ་རབ་མང་བདག་མེད་དེ། །དེ་ཕྱིར་དེ་རྣམས་མཐའི་ལོངས་སྤྱོད། །དེ་ལྟར་ འཁོར་ལོ་བཞིར་གནས་ནས། །ངེས་པར་ལམ་དུ་འགྲོ་བར་འགྱུར། །ཤེས་རབ་དེ་ཉིད་རྟོགས་བྱས་ནས། །ཉི་མས་ཐབས་ཀྱི་དེ་ཉིད་ཅན། །རྡུལ་གྱི་སྦྱོར་བ་འབྱུང་བ་སྟེ། །ནག་པོའི་ཕྱོགས་སུ་གང་འདིར་ཡང་། །བཅུ་དྲུག་ རྣམས་ཀྱི་ཆ་རྣམས་ཀྱི། །ཉི་མ་ཉིད་ནི་བར་དུའོ། །སྟོང་ཉིད་སྙིང་རྗེའི་སྦྱོར་བ་ལས། །རྡོ་རྗེ་འབར་བ་འབར་ཞིང་འབར། །དཀྱིལ་འཁོར་འཁོར་ལོའི་དབུས་རྣམས་སུ། །དཔལ་ཧེ་རུ་ཀ་བསམ་པར་བྱ། །མཚན་ཉིད་ཐམས་ ཅད་ཡང་དག་ལྡན། །རྡོ་རྗེའི་དགའ་བར་འགྲོ་བར་འགྱུར། །གནས་སྐབས་ཐམས་ཅད་ཡང་དག་སྦྱོར། །གཙོ་བོ་རང་རིག་བདག་ཉིད་ཅན། །བཅོམ་ལྡན་འདས་པའི་བཞི་པའི་མཐར། །རྟག་ཏུ་བཞུགས་པས་འདི་གསུངས་སོ། ། ཞེས་བྱ་བ་ནི་དཔལ་ཧེ་རུ་ཀའི་ཆོ་ག་སྟེ་རབ་ཏུ་བྱེད་པ་ཉི་ཤུ་རྩ་གཅིག་པའོ།། །། དེ་ནས་ལུས་སོགས་ལྷ་རྣམས་ཀྱི། །སྟོན་མོ་མངོན་པར་བཤད་པར་བྱ། །པད་མ་གར་དབང་ཕྱུག་ཉིད་ཀྱི། །རབ་ཏུ་ སྦྱོར་བའི་དེ་བྱུང་ངོ་། །རྩ་ནི་པད་མར་ཡང་དག་གྲགས། །སྲོག་གི་རླུང་གིས་གར་བྱེད་དོ། །བྱང་ཆུབ་སེམས་ཀྱིས་དབང་ཕྱུག་སྟེ། །དེ་རྣམས་ཀྱི་ནི་ནང་དུ་བཞུགས། །རང་གིས་རིག་པ་བཟའ་བར་བྱ། །སྙིང་རྗེའི་ ཁ་ཡིས་བཏུང་བར་བྱ། །གཉིས་མེད་རྣལ་འབྱོར་མ་དང་རོལ། །སྒྱུ་མའི་རྗེས་སུ་འགྲོ་རྣམས་འགྲུབ། །ཐམས་ཅད་དེ་ཡི་རང་བཞིན་དུ། །བཟའ་བ་བཟའ་བ་མེད་པར་བྱ། །པད་མ་གར་དབང་བསྒོམ་པར་བྱ། །ཇི་ ལྟའི་རིམ་པས་མཚོན་པར་བྱ། །པ་ཡིག་གཞན་གྱི་གྲོང་དུ་འགྲོ། །བརྟན་པ་ཐམས་ཅད་དམ་ཡི་ཡིག །ན་ཡིག་གཡོ་བའི་རྣལ་འབྱོར་ཏེ། །རྟེ་ཡིག་བདེ་བའི་ལྷ་ཅན་ཡིན། །ཤྭ་ཡིག་ཏ་ལ་སོགས་པའི་སྟོབས། །ར་ཡིག་ 86-1-141a དགའ་རོལ་རྒྱུ་ཅན་ཡིན། །སྲིད་དང་མྱ་ངན་འདས་ཀུན་ལ། །དེ་ཡི་རབ་ཏུ་སྦྱོར་བ་བྱ། །མཚམས་ཀྱི་སྐད་ནི་འདི་རྣམས་ཀུན། །བདེ་མཆོག་ཕྱི་མར་ཤེས་པར་བྱ། །བགྲོད་པ་འདི་རྣམས་ལ་བརྟན་ནས། །པད་མ་གར་ གྱི་དབང་ཕྱུག་རང་། །ཧེ་རུ་ཀ་དང་བདེ་མཆོག་ཉིད། །རྡོ་རྗེ་སེམས་དཔའ་སོགས་གཙོ་བོ། །པད་མ་གར་དབང་ཕྱུག་དེ་ཡང་། །སྦྱོར་བ་ཀུན་ལ་ཤེས་པར་བྱ། །པད་མ་ཡེ་ཤེས་ཡང་དག་གྲགས། །གར་གྱི་དབང་ཕྱུག་རྣམ་ཤེས་ ཅན། །གཉིས་པོ་གཉིས་མེད་ཡང་དག་བྱུང་། །ལྷ་ཀུན་འདིར་ནི་བྱུང་བ་ཡིན། །ཤེས་པོ་ཐམས་ཅད་དེ་ལ་གནས། །ཁམས་གསུམ་དུ་ནི་གར་དབང་ཕྱུག །གར་བྱེད་པ་ཡི་སྐུ་ཆེན་ལ། །དེ་ནས་རྟགས་ནི་མཚོན་པར་བྱ། ། ནམ་མཁར་ཞེན་པའི་སྦྱོར་བ་ཡིས། །མཆོག་ཏུ་རྨད་དུ་བྱུང་བར་འགྲོ། །རྣལ་འབྱོར་མའི་འཁོར་ལོ་དབུས་སུ། །ལྷན་སྐྱེས་གཟུགས་ཀྱིས་རོལ་པར་གྱིས། །འདི་ཡིས་རྟག་ཏུ་དབང་གི་ལས། །དེ་རྣམས་ཀྱིས་ནི་དགའ་བ་བྱེད། ། གང་དག་གང་གི་ལས་རྣམས་ལ། །དེ་དང་དེ་ཡིར་བསྒོམ་པར་བྱ། །སྒྲུབ་པོ་རྣམས་ཀྱི་བྱང་ཆུབ་རྩར། །སངས་རྒྱས་ཐམས་ཅད་དབང་དུ་འོང་། །དེ་ནས་བདུད་ནི་བཅོམ་བྱས་ནས། །གར་བྱ་བཞིན་ས་པད་མ་འཛིན། །སྡིག་པ་ ཐམས་ཅད་རབ་འཇོམས་ཤིང་། །ཚེ་སོན་པ་རྣམས་གནས་པར་བྱེད། །འདོད་པ་ཐམས་ཅད་འགྲུབ་འགྱུར་ཞིང་། །རྣལ་འབྱོར་རྣམས་ཀྱི་སྲིད་ལ་སྦྱོང་། །རང་གི་སེམས་ཀྱིས་དངོས་གྲུབ་འཐོབ། །རྣམ་རྟོག་ཉིད་དུ་མི་བྱའོ། ། གཞན་དུ་སྲིད་པའི་སྦྱོར་བདག་ཉིད། །སེམས་ཐམས་ཅད་ནི་རབ་འཇུག་པ། །འཁྲུལ་ཞིང་ཆུད་ཟོས་མུ་སྟེགས་རྣམས། །བསྟན་པ་རྣམས་ལ་རབ་འཇུག་བྱ། །བག་ཆགས་ངན་པ་ཡོངས་སྤོངས་ནས། །ཕྱི་ནས་རང་བཞིན་ བསྟན་པར་བྱ། །བཟའ་བ་ཐམས་ཅད་མཉམ་སྦྱོར་ལས། །བཟའ་བ་མེད་པར་རྟག་ཏུ་གནས། །བཅོམ་ལྡན་པད་མ་གར་མཛད་པའི། །དེ་བཞིན་གཤེགས་པས་འདི་གསུངས་སོ། །ཞེས་བྱ་བ་ནི་པད་མ་གར་དབང་གི་ཆོ་ག་ 86-1-141b སྟེ་རབ་ཏུ་བྱེད་པ་ཉི་ཤུ་རྩ་གཉིས་པའོ།། །། དེ་ནས་རྣམ་པར་སྣང་མཛད་ཀྱི། །མཚན་ཉིད་བཤད་ཀྱིས་ལྷ་མོ་ཉོན། །གཟུགས་ལས་འདས་པའི་ཡེ་ཤེས་གང་། །དེ་ནི་ཡེ་ཤེས་ཆེན་པོར་བརྗོད། ། རྣམ་པར་སྣང་བཞིན་པ་དེ་བཞིན། །སེམས་དཔའ་ཆེན་པོའི་མིང་ཅན་ནོ། །སྦུ་ཁུང་རྩེ་མོ་ཐམས་ཅད་ལས། །དེ་རྣམས་ངེས་འཐོན་སྟོབས་ཆེན་པོ། །དེ་རྣམས་བུ་གར་རབ་ཞུགས་པ། །འཁོར་ལོ་བཞི་ཡི་མཚོ་སྐྱེས་སོན། ། ཇི་ལྟར་མར་ལ་མར་ཞུགས་པ། །དེ་བཞིན་དུ་ནི་ཁམས་ལ་ཞུགས། །གཡོ་བ་འགོག་པར་བྱས་པ་ཡིས། །དེ་འདྲར་ཐམས་ཅད་མཐོང་བར་འགྱུར། །གང་མཐོང་བ་ནི་དེ་མཐོང་ཉིད། །གདོང་གིས་གདོང་ནི་ལྟ་བར་གྱིས། ། མི་དང་མི་མོ་ལྷ་སོགས་ཀྱི། །གཟུགས་ནི་པད་མའི་འདབ་ཆུ་བཞིན། །སྲོག་ཆེན་པོ་དེར་ཤེས་བྱ་སྟེ། །ཤི་བའི་ལུས་ལས་ངེས་པར་འཐོན། །ཨོཾ་གྱི་ཡི་གེ་ཡིད་ལ་བྱ། །དབུགས་རྒྱུ་བ་ཡིས་མཚོན་པར་བྱ། ། བདག་ཉིད་ཀྱིས་ནི་ཧཱུྃ་ཡིག་སྤྲོ། །གསོར་བ་ཡི་ནི་རྣལ་འབྱོར་ལྡན། །སེམས་ལ་ཨོཾ་གྱི་ཡི་གེར་འགྱུར། །ལུས་ལ་གནས་པར་མཚོན་པར་བྱ། །ཧྃ་ཡིག་མཆོག་གི་དང་པོ་ཡིས། །ཡེ་ཤེས་དངོས་པོ་རྣམས་སུ་སྤྲུལ། ། ཆོས་ཀྱི་དབྱིངས་རྣམས་ཀྱི་དབུས་སུ། །རྣམ་སྣང་མཛད་ཀྱི་བསྒོམ་པའོ། །བདུད་རྩིའི་རྒྱུན་འཛག་པ་རྣམས་ཀྱིས། །སྔགས་པ་ལ་ནི་འབར་བར་བྱ། །བྱེ་བ་སྟོང་ཕྲག་གྲངས་ཀྱི་ནི། །རྣལ་འབྱོར་མ་ལ་འདོད་སྤྱོད་འགྱུར། ། འདོད་པ་རྣམས་ཀྱིས་མི་འཕོ་སྟེ། །འདོད་ན་བདེ་བ་རྣམ་པར་སྤྲོ། །དེ་ཚེ་རྣལ་འབྱོར་མ་མཉེས་ནས། །དངོས་གྲུབ་ཐམས་ཅད་སྟེར་བར་བྱེད། །སྡུག་དང་མི་སྡུག་རྣམ་དཔྱོད་པ། །རྣལ་འབྱོར་མ་ལ་མི་བྱའོ། །མྱུར་ བར་སྟོང་ཕྲག་རྣམས་ཀྱི་གཟུགས། །རྣམ་པར་སྣང་མཛད་དུ་བསྒྲུབ་བྱ། །སྣ་ཚོགས་དུ་མའི་སྐད་ཀྱིས་ཆོས། །དེ་རྣམས་ལུས་རིས་ཅན་གྱིས་ཉན། །རྣམ་སྣང་མཛད་དང་མི་བསྐྱོད་དང་། །རིན་ཆེན་དབང་དང་ཨཱ་རོ་ལིག ། དོན་ 86-1-142a ཡོད་རྡོ་རྗེ་སེམས་དཔའ་དང་། །རྒྱུ་ཡི་རྡོ་རྗེ་འཆང་ལ་སོགས། །ཤེས་རབ་ཕ་རོལ་ཕྱིན་སོགས་ཀྱང་། །དེ་རྣམས་རྣལ་འབྱོར་མ་ལས་རིག །འགྲོ་དྲུག་གྲོལ་བར་བྱེད་ཉིད་དང་། །བདེ་འགྲོ་རྣམས་སུ་འཇུག་པ་པོ། ། བློ་ལྡན་སོ་སོར་སེམས་ཅན་དོན། །གཉིས་མེད་དངོས་པོར་བྱེད་པར་འགྱུར། །མི་ཤེས་ཉོན་མོངས་གཞོམ་དོན་དུ། །ཚུལ་འདི་ཡང་ནི་བསྒོམ་པར་བྱ། །ཁམས་ཐམས་ཅད་ཀྱི་ཏིལ་མར་ནི། །དོགས་པ་མེད་པས་བྱ་བ་ཡིན། །རྣམ་ སྣང་སྦྱོར་བས་བཏུང་བྱ་འམ། །བྱུག་པ་ཡང་དེ་ཉིད་ཀྱིས་བྱའོ། །དེ་ཡིས་སྣ་ནས་སྦྱིན་པར་བྱ། །རྡོ་རྗེའི་ལམ་དུ་རྟག་ཏུའོ། །རྡོ་རྗེ་འཆང་གི་གཟུགས་སུ་འགྱུར། །རྣལ་འབྱོར་མ་རྣམས་ཀྱི་ཡིད་འོང་། །གཉིས་པ་ཐམས་ཅད་ ཀུན་སྦྱོར་ལས། །རྣལ་འབྱོར་མས་འདོད་ཐར་པ་སྩོལ། །བཅོམ་ལྡན་ཐམས་ཅད་དག་པའི་སྐུ། །རབ་གྲོལ་མཛད་པས་འདི་གསུངས་སོ། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་ཆོ་ག་སྟེ་རབ་ཏུ་བྱེད་པ་ཉི་ཤུ་རྩ་གསུམ་པའོ།། །། དེ་ནས་གསང་ཆེན་བཤད་བྱ་སྟེ། །མདོར་བསྡུས་པ་ཡིས་རྒྱས་པར་མིན། །རྡོ་རྗེ་སེམས་དཔའི་རབ་སྦྱོར་བས། །གནས་ཐམས་ཅད་དུ་ཡང་དག་བཞུགས། །རྡོ་རྗེ་མི་ཕྱེད་ཡེ་ཤེས་ཏེ། ། སེམས་དཔའ་སྙིང་པོ་སྟོན་པའོ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །རྡོ་རྗེ་སེམས་དཔར་རབ་ཏུ་གྲགས། །ཟླ་བ་རྡོ་རྗེའི་རབ་སྦྱོར་བས། །གནས་རྣམས་བགྲོད་པ་བསྟན་པར་བྱ། །པུལླི་ར་ལས་ལྟེ་བར་འབབ། ། ཛཱ་ལན་དྷ་རར་ཡང་དག་གནས། །ཨོ་ཊྱིན་དུ་ནི་ཀུན་དུ་སྤྱོད་པ་འགྲུབ། །ཨར་བུ་དར་ནི་བཟའ་དང་བཏུང་ཅན་ནོ། །གོ་དཱ་བ་རིའྀ་གནས་སུ་རོལ་བ་སྟེ། །རཱ་མེ་ཤྭ་རིར་རྒྱལ་དང་ཕམ་པའོ། །དེ་བི་ཀོ་ཊིར་རྗེས་སུ་འཛིན་པ་སྟེ། ། མཱ་ལ་ཝེ་རུ་རྣལ་འབྱོར་མ་ཡི་གཙོ། །ཀཱ་མ་རཱུ་པར་ཚིག་ནི་འགྲུབ་པའོ། །ཨོ་དྲེར་མངོན་སུམ་དངོས་གྲུབ་སྟེར་བ་སྟེ། །ཏྲི་ཤ་ཀུ་ནར་དབང་པོ་རྣམས་ཀྱི་ནི། །མྱུར་དུ་དངོས་གྲུབ་རབ་ཏུ་འཇུག་པའོ། །ཀོ་ས་ལ་རུ་རྣལ་འབྱོར་དངོས་གྲུབ་སྟེ། ། 86-1-142b ཀ་ལིང་ཀ་རུ་ཕྲ་མོའི་དངོས་གྲུབ་སྐྱེ། །ལམ་པ་ཀ་རུ་རྟག་པར་འགྲུབ་པར་འགྱུར། །ཀཱཉ་ཙི་རར་ནི་བསད་པའི་དངོས་གྲུབ་བོ། །ཧི་མ་ལ་ཡར་མཐུན་པར་འགྲུབ་པ་སྟེ། །པྲེ་ཏ་པུ་རིར་རང་གི་ལྟ་བའོ། །གྲི་ཧ་དེ་བ་ཏཱར་ནི་བཀས་གནང་ བ། །ལྷན་སྐྱེས་འཕོ་མེད་སཽ་རཱཥྚ་རུ། །གསེར་གླིང་དུ་ནི་རང་གི་དོན་འགྲུབ་བོ། །ནཱ་ག་རར་ནི་གནས་ཀྱི་དངོས་གྲུབ་སྟེར། །སིན་དྷུ་ར་རུ་སྟོབས་འགྲུབ་དེ་བཞིན་དུ། །མ་རུར་འཆི་བ་མེད་པའི་དངོས་གྲུབ་བོ། །ཀུ་ལུ་ཏར་ནི་རང་བཞིན་ དངོས་གྲུབ་ཏུ། །དེ་ཉིད་རྣལ་འབྱོར་རྣམས་ལ་སྐྱེ་བའོ། །རྡོ་རྗེ་སེམས་དཔའ་རྟག་བསྒོམས་ནས། །ཐམས་ཅད་དངོས་གྲུབ་འགྲོ་བར་བྱོས། །གནས་སོགས་རྣལ་འབྱོར་མ་དབུས་སུ། །ཁམས་སུ་གྱུར་པའི་རོ་ཆེན་པོ། ། གསང་བའི་ཚིག་ཏུ་ཤེས་པར་བྱ། །མཆོག་ནི་ལྷན་ཅིག་སྐྱེས་པར་དྲན། །དགྱེས་པ་ཡེ་ཤེས་ཤེས་བྱ་སྟེ། །ཐམས་ཅད་བདག་ཉིད་ཡོན་ཏན་གནས། །རྟག་བཞུགས་གཉིས་མེད་རྣམ་པ་སྟེ། །སེམས་ཅན་འཇིག་རྟེན་ལས་ལ་ ནི། །རྣལ་འབྱོར་ལྡན་པ་རྣམས་ཀྱི་ཡང་། །རྡོ་རྗེ་སེམས་དཔའ་བདག་ཉིད་ཀྱིས། །ནཱ་དའི་དབུས་ལས་ཡང་དག་བྱུང་། །དེ་ཉིད་དུ་ནི་ཐིམ་ནས་འགྲོ། །གནས་པར་དེ་ནི་མངོན་པར་བརྗོད། །དེ་ལྟར་ཐམས་ཅད་ཆོ་ག་ བཞིན། །དཔའ་བོ་མཆོག་རྣམས་ཀྱིས་ཤེས་བྱ། །དེ་ཉིད་ཉི་ཤུ་རྩ་བཞིའི་བདག །དེ་ནི་ནུས་པར་རབ་ཏུ་བཤད། །སྐྱེས་པ་དང་ནི་སྐྱེ་བཞིན་པའི། །ནུས་པ་ཐམས་ཅད་རབ་འཇུག་གིས། །དངོས་མེད་མ་ཡིན་ པའི་གཟུགས་ཀྱིས། །དབྱངས་དང་ཕྱི་མོ་གསུམ་སྤངས་པ། །ཐིག་ལེའི་གཟུགས་ནི་སེམས་དཔའ་ཆེ། །རྡོ་རྗེ་སེམས་དཔར་རབ་ཏུ་གྲགས། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྣལ་འབྱོར་མ་རྣམས་ཀུན་གྱི་ གཙོ། །སྒྱུ་མའི་གནས་ཀྱི་དངོས་གྲུབ་ནི། །འཇུག་མཛད་བཅོམ་ལྡན་གྱིས་འདི་གསུངས། །ཞེས་བྱ་བ་ནི་གནས་ཐམས་ཅད་ཀྱི་བདག་ཉིད་ཅན་གྱི་རབ་ཏུ་བྱེད་པ་སྟེ་ཉི་ཤུ་རྩ་བཞི་པའོ།། །། དེ་ལྟར་དཔའ་བོ་གཙོ་བོ་ཡི། ། 86-1-143a ལས་ཀྱི་ཚོགས་རྣམས་ཤེས་པར་བྱ། །ཉི་ཤུ་བཞི་བདག་ཉིད་ཉམས་དགའ། །ཐམས་ཅད་གསང་ཆེན་གྱིས་གནས་སུ། །གསང་ཆེན་རྒྱས་པར་བཤད་པ་ཅན། །ཀུན་སྤྱོད་ཆོ་ག་བཤད་པར་བྱ། །སྔོན་བཤད་ ཁམས་ཀྱི་འདུ་ཤེས་ནི། །གསུམ་གསུམ་དུ་ནི་བཤད་པ་ཡིན། །ཉི་ཤུ་རྩ་བཞི་གསུམ་རྣམས་ཅན། །དེ་རྣམས་བརྒྱད་བརྒྱད་ཤེས་པར་བྱ། །དཔའ་བོ་ཉི་ཤུ་བཞི་རྣམས་ཀྱི། །རེ་རེའི་ཉི་ཤུ་རྩ་བཞི་སྟེ། །ཟླུམ་པའི་རྣམ་པའི་ རྣལ་འབྱོར་དུ། །ཐིག་ལེ་ཉིད་ནི་གཞག་པར་བྱ། །དེ་རྣམས་དཀྱིལ་འཁོར་ཕྱི་རོལ་དུ། །བསྐོར་བས་ཏིང་འཛིན་རྡོ་རྗེར་འགྱུར། །ཤར་ལ་སོགས་པ་རིམ་བཞིན་དུ། །རྡོ་རྗེ་འཁོར་ལོ་སོགས་པར་འཕྲོ། །དཀྱིལ་འཁོར་དུ་ ནི་ལྷ་ཐམས་ཅད། །རྣལ་འབྱོར་མ་ཀུན་ཤེས་པར་བྱ། །བདུན་བཅུ་དྲུག་ལྷག་པའི་ལྔ་བརྒྱ། །ཉིན་ཞག་རྣམས་སུ་ཡོངས་འཕོ་བྱ། །རེ་རེ་ཡི་ནི་སྲོག་འགྱུར་བ། །སུམ་བཅུ་རྩ་བདུན་ཕྱེད་བཅས་པའོ། །ཉི་ཁྲི་བརྒྱ་ཕྲག་བཅུ་ དྲུག་ནི། །ཉིན་ཞག་ལ་ནི་ཤེས་པར་བྱ། །ལུས་ཅན་ཀུན་གྱི་རང་བསམ་པ། །དེ་རྣམས་ཀྱི་དུས་རབ་ཏུ་འཇུག །རྣལ་འབྱོར་དེ་དངོས་བསྒོམ་རྣམས་ལ། །སངས་རྒྱས་བསམ་པ་རབ་ཏུ་བསྐོར། །འདི་རྣམས་ཀུན་ཉིད་དཔའ་བོ་ རྣམས། །གནས་སོགས་ཉི་ཤུ་བཞི་ཅན་ལ། །ཐིམ་དང་ལོངས་སྤྱོད་བདག་བྱེད་པས། །དུས་དང་དུས་ཚོད་ཟ་བར་བྱེད། །འདི་ལྟའི་ཆོ་གའི་བྱ་བ་ཡིས། །ཀུན་དུ་གནས་པ་བདག་མ་ཡིན། །རྣལ་འབྱོར་མ་ཚོགས་དང་དཔའ་བོ། ། དེ་ནི་བདག་དང་བདག་གི་རིམ་བཞིན། །སངས་རྒྱས་འཇིག་རྟེན་ཐམས་ཅད་དུ། །བདག་དང་བདག་གི་སྤྱོད་ཡུལ་མེད། །ཡིད་ཆེས་ཙམ་དུ་མྱང་འདས་པ། །གཞུང་སྨྲ་བ་ལ་བསྟན་པའོ། །དེ་ཁོ་ན་ཉིད་མ་རིག་པ་ཡིས་འཇིག་རྟེན་མོངས། ། དེ་ཁོ་ན་ཉིད་རྣམ་པར་སྤངས་པས་དངོས་གྲུབ་མིན། །རྣལ་འབྱོར་རྣམས་ལ་རྒྱུད་རྒྱལ་དུ། །དེ་དང་དེ་ཡི་ཆོག་ཡེ་ཤེས། །འོད་གསལ་སྒྱུ་མ་བདག་གིས་ནི། །སྒྱུ་མའི་འཇིག་རྟེན་ལ་བཤད་དོ། །ཀྱེ་ལྷན་ཅིག་སྐྱེས་པའི་རང་བཞིན་གཅིག་ 86-1-143b པུར་བསྟན། །ལྷ་དང་ལྷ་མིན་ས་གསུམ་འཇོམས་ལ་འདུད། །དབང་པོ་དང་ནི་འཇིག་རྟེན་པ་ཡིས་མི་ཤེས་ཏེ། །མཆོག་ཏུ་བདེ་བ་ཆེན་པོའི་གླུ་ཡིས་མཆོད་པར་གྱིས། །ལས་ཐམས་ཅད་པའི་གཟུགས་སུ་བསྒོམ་པར་བྱོས། །སྲིད་ དང་མྱ་ངན་འདས་པར་སྟོན་པ་ཅི། །སྒྱུ་མ་གཏི་མུག་གིས་ནི་མི་མོར་གནས། །སེམས་ཅན་ཐེག་པ་ད་དུང་ཉམས་བྱེད་ཅི། །དེ་ལྟར་ཡོངས་སུ་དགྱེས་པའི་མགུར། །བཅོམ་ལྡན་རང་ཉིད་ཀྱིས་གསུངས་སོ། །དེ་ཉིད་དཀྱིལ་ འཁོར་རྣམས་དང་ནི། །བྱང་ཆུབ་དུས་སུ་བླང་བར་གྱིས། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་ གསུངས་སོ། །འདི་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ལས། དེ་ཁོ་ན་ཉིད་ཉི་ཤུ་རྩ་ལྔའི་བདག་ཉིད་རྒྱུད་ཐམས་ཅད་ཀྱི་དོན་སྟོན་པ་པོ་གསང་ཆེན་ཐམས་ཅད་པ་ཞེས་བྱ་བའི་ལེའུ་སྟེ་ལྔ་བཅུ་ པའོ།། །། དེ་ནས་རྣལ་འབྱོར་མ་དཔའ་བོ། །རྣམ་པ་དུ་མའི་འཁོར་གྱིས་ཀྱང་། །རྡོ་རྗེ་མཁའ་འགྲོ་ཁྱབ་པའི་བདག །བཅོམ་ལྡན་བདག་པོ་ལ་བསྟོད་པ། །ཁྱོད་ནི་འདོད་ཆགས་ཆེན་པོའི་ ཚུལ། །དངོས་དང་དངོས་མེད་རང་བཞིན་ཅན། །དག་པའི་རང་བཞིན་གྱི་ནི་གཟུགས། །ཆོས་རྣམས་བསྟན་པས་ཚིམ་པར་འགྱུར། །ཆོས་དང་ཆོས་མིན་པ་ཡི་གཟུགས། །ཆོས་དང་ཆོས་པ་ཁྱོད་གཉིས་མེད། ། བདག་གིས་སྤྲུལ་པའི་དངོས་པོ་ཡིས། །འཇིག་རྟེན་ཀུན་གྱི་དོན་ཅན་ཏེ། །བདག་ཉིད་ཆེན་པོ་སྟེར་བ་པོ། །སངས་རྒྱས་འཇིག་རྟེན་འཇུག་བྱེད་པ། །ཁྱོད་ཀྱིས་དམ་ཚིག་བསྟེན་པ་སྟེ། །གཞན་མིན་དམ་ཚིག་ཉིད་ ལས་བྱུང་། །བདག་གིས་བསོད་ནམས་རྗེས་བསྒོམས་པས། །བྱང་ཆུབ་མཆོག་ཏུ་ཡིད་བསྒྲུབས་སོ། །སྟོན་པ་མཆོག་ཏུ་བདེ་ལ་བཞུགས། །དེ་ཡིས་སེམས་ཅན་དོན་མཛད་པའོ། །ཧཱུྃ་གི་ཡི་གེའི་སྒྲ་སྒྲོགས་པས། །ང་རྒྱལ་ཅན་གྱི་ 86-1-144a བགེགས་སྐྲག་འགྱུར། །ཁྱོད་ཀྱིས་ཉེ་བར་བསྟེན་པས་ནི། །དེ་རྣམས་ལ་ནི་སྐྱེ་འཆི་མེད། །བདེ་བའི་རྒྱལ་པོ་ཉིད་དུ་རྩེན། །བྱང་ཆུབ་ཀྱི་ནི་ཡིད་དུ་བགྲོད། །ཁྱོད་དང་ཐབས་གཅིག་འདྲེས་པར་འགྱུར། །གོང་བུ་གཅིག་ པུ་གཉིས་མེད་བཞུགས། །དེ་ལྟར་བསྟོད་པས་རྡོ་རྗེ་ཆེ། །མཆོད་པ་བཞི་ནི་རབ་སྟོན་མཛད། །དཀྱིལ་འཁོར་བདག་དང་གཉིས་མེད་ཉིད། །མཆོད་པ་རྣམས་ནི་གཉིས་མེད་བྱེད། །ཕྱི་དང་ནང་བདག་ཉིད་ཅན་རྫས། །གཉིས་ པ་ཡི་ནི་མཆོད་པར་དྲན། །བཟའ་དང་བཏུང་སོགས་ལ་རོལ་པ། །གཉིས་མེད་མཆོད་པ་གསུམ་པའོ། །བཞི་པ་ཆོས་དང་རྣལ་འབྱོར་དག །འཛིན་པ་ཡི་ནི་མཆོད་པའོ། །དེ་ལྟའི་མཆོད་པ་ལ་བརྟེན་ནས། །ཐམས་ ཅད་བྱས་པས་ལས་རྒྱལ་པོར། །འགྱུར་རོ་རྡོ་རྗེ་མཁའ་འགྲོ་ནི། །གྲུ་གསུམ་དུ་ནི་མཉེས་བྱ་སྟེ། །སྔོན་དུ་དཀྱིལ་འཁོར་བྱས་ནས་ནི། །ལག་པ་གཡོན་པས་ཐམས་ཅད་དུ། །པད་མ་ཡི་ནི་བསྐོར་བས་སྣོད། ། སྔགས་པ་རྣམས་ཀྱིས་གཟུང་བར་བྱ། །སྔོན་དུ་རྣལ་འབྱོར་མ་ལ་ནི། །སྐྲ་གྲོལ་བ་ཡིས་གཏོར་མ་སྦྱིན། །རྣལ་འབྱོར་མ་ཀུན་ཆུ་སྐྱེས་ནི། །ཁ་ཡིས་བཟུང་ནས་དཀྲུག་པར་བྱ། །དེ་ཡི་ལག་པར་སོན་པའི་དཔལ། །གང་ སུ་ཡིས་ཀྱང་དབྲོག་མི་ནུས། །ཇི་ལྟར་བདེ་བས་བདེ་བ་གཟུང་། །རྫོགས་པའི་སངས་རྒྱས་མཆོག་མཉེས་བྱ། །རྟག་ཏུ་དམ་ཚིག་བསྐྱང་བར་བྱ། །སྤུན་གྱི་སྤྱོད་པའང་བསྟེན་པར་བྱ། །སྙིང་རྗེའི་མཆོག་དབང་གྱུར་བྱ་ཞིང་། ། དབང་པོ་རྣམས་ནི་མི་རྟག་པར། །བསྒོམ་བྱ་སྣང་བ་མེད་པ་ཡི། །རང་བཞིན་དབང་དུ་གྱུར་པར་གནས། །རྡོ་རྗེ་པད་མ་སྙོམས་འཇུག་པས། །ཕྱག་རྒྱ་ནང་གི་བདག་ཉིད་མཆོག །སྟོང་ཉིད་གཉིས་མེད་རྣལ་འབྱོར་པས། ། དངོས་པོ་ཐམས་ཅད་སྤང་བར་བྱ། །དོན་དམ་ཅན་དེ་ཉིད་འདིར་བྱ། །རྟག་ཏུ་བྱང་ཆུབ་སེམས་དྲན་བྱ། །མན་ངག་གཅིག་ནི་བསྒོམས་པ་ཡིས། །མན་ངག་ཐམས་ཅད་མཚོན་པར་བྱ། །ཇི་ལྟར་ས་གཅིག་ཐོབ་པ་ཡིས། །ས་ཐམས་ཅད་ 86-1-144b ནི་ཐོབ་པར་འགྱུར། །དེ་བཞིན་མན་ངག་ཐམས་ཅད་ཀྱང་། །མན་ངག་གཅིག་གིས་འཐོབ་པར་འགྱུར། །བྱིས་པ་རྣམས་དང་རྒན་པོ་དང་། །རྣལ་འབྱོར་མ་རྣམས་ཐམས་ཅད་དུ། །མཉམ་པའི་མཆོད་པའི་ཆོ་ག་ཡིས། །མཁས་པ་ ཡིས་ནི་བྱ་བ་ཡིན། །མི་མཉམ་པ་ཡིས་དངོས་གྲུབ་འཇོམས། །དམྱལ་བ་སོགས་པར་ལྟུང་བར་འགྱུར། །རྒན་པོ་ཡོན་ཏན་ཀུན་གནས་པ། །དེ་རྣམས་མཉེས་པས་བྱང་ཆུབ་སྟེར། །ཁྱད་པར་མཆོད་པ་ཉིད་ནི་འདིར། །བྱིས་པ་ རྣམས་དང་དེ་བཞིན་ཡང་། །གཉིས་བཅས་རྣལ་འབྱོར་པ་རྣམས་ཀྱིས། །མེ་ཏོག་བསྐོར་བ་ལ་སོགས་བྱ། །ཀུན་ཏུ་སྨོད་པའི་ངག་མི་བྱ། །འདོད་དང་འདོད་མིན་སྦྱོར་བྲལ་བྱ། །མ་བྱིན་པར་ཡང་བླང་བྱ་ཞིང་། །རྟག་ཏུ་སྲོག་ཆགས་ གསད་པར་བྱ། །སེམས་ཅན་རྣམས་ལ་བརྫུན་སྨྲ་ཞིང་། །མ་སོགས་རྣལ་འབྱོར་མ་ལ་བགྲོད། །འཁོར་ལོ་མཆོད་པ་རྒྱུན་དུ་བྱ། །བཟའ་བྱ་ལྔ་ལ་སོགས་པ་སྦྱིན། །དེ་ཡི་བསོད་ནམས་ཀྱིས་འཐོབ་པ། །དུས་ཐམས་ཅད་དུ་ བགེགས་མེད་དང་། །གྲུབ་པའི་རྣལ་འབྱོར་མ་མཐོང་བས། །བསམ་པ་གཞན་ནི་རབ་ཏུ་འཇུག །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། ། བཅོམ་ལྡན་བདག་པོས་འདི་གསུངས་སོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་བསྟོད་པ་དང་མཆོད་པ་བཞི་ལ་སོགས་པ་གཉིས་སུ་མེད་པའི་དམ་ཚིག་བསྟེན་པའི་ལེའུ་ཞེས་བྱ་བ་སྟེ་ལྔ་བཅུ་རྩ་ གཅིག་པའོ།། །།རྒྱུད་འདི་རབ་ཏུ་བྱུང་བ་ནི། །མ་བྱུང་འབྱུང་བར་མི་འགྱུར་རོ། །མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས། །མཚན་ཉིད་མེད་པ་ཐམས་ཅད་སྤངས། །སུམ་བཅུ་བདུན་བདག་ཉིད་རྣལ་ འབྱོར། །གཉིས་མེད་མཁའ་འགྲོ་རྒྱ་མཚོ་དང་། །གཉིས་མེད་རྩ་རྒྱུད་རྒྱུད་ཆེན་པོ། །འདུས་པའི་རྣམ་པའི་གཟུགས་ཅན་ཏེ། །སངས་རྒྱས་བྱང་ཆུབ་སེམས་རྣམས་ཀྱི། །དུས་ཐམས་ཅད་དུ་ཞལ་ན་གནས། །ཡི་གེ་ཀུན་གྱི་ 86-1-145a ཟ་མ་ཏོག །འབུམ་ཕྲག་སུམ་བཅུ་དྲུག་དང་པོ། །མཁའ་འགྲོ་རྒྱ་མཚོ་རབ་བཤད་དེ། །ཆེན་པོ་ཆུང་ངུར་གསུངས་པའོ། །རི་རབ་ཀྱི་ནི་རྡུལ་ཚད་ཀྱི། །མཁའ་འགྲོ་ཐམས་ཅད་ཀྱིས་གསུངས་སོ། །མཐའ་ཡས་ཤིང་ ནི་མུ་མེད་ཉིད། །རྩོད་པའི་དུས་ཀྱི་སའི་ནང་དུ། །བཅོམ་ལྡན་མཐའ་ཡས་པས་འདི་གསུངས། །ཤཱག་ཀྱ་སེང་གེས་གསུངས་པའི་རྒྱུད། །རྣལ་འབྱོར་ཕ་རོལ་སོན་པའོ། །ཉན་པ་སྟོན་པ་རང་ཉིད་དེ། །འཆད་པོ་སྐྱེ་བོ་གཞན་ཀྱང་ ངོ་། །ལེགས་པར་གསུངས་དང་འཆད་འགྱུར་བ། །དེའི་རང་བཞིན་དུའང་བགྲོད་པར་འགྱུར། །བསྡུ་བ་མཛད་པ་སོགས་རྣམས་ཀྱིས། །བདག་ལས་བགྲོད་པ་དེ་ཐོབ་བོ། །མ་མོ་ཐམས་ཅད་འདུས་རྣམས་ཀྱིས། །རྡོ་རྗེའི་ གནས་རྣམས་སུ་བསྡུས་སོ། །གཅིག་ལ་གཅིག་གིས་བཞེད་པ་ནི། །གསོལ་བ་འདེབས་ཤིང་གསོལ་འདེབས་མཛད། །བཅོམ་ལྡན་འདས་ཀྱིས་གསུངས་པ་ཡི། །ཚིག་འདི་ལ་ནི་མངོན་པར་དགའ། །སྡིག་པ་རྣམས་ལས་ གྲོལ་བར་འགྲོ། །སྲིད་པ་ལས་ནི་འགྲོ་བར་བྱོས། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། ། དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་རྒྱ་མཚོ་དྲུག་ལ་སོགས་པ་ལ་རྣལ་འབྱོར་དང་ཡེ་ཤེས་དང་སྡོམ་པ་དང་བྱ་བ་དང་དེ་ཁོ་ན་ཉིད་རྒྱ་མཚོར་གྱུར་པ་དང་། མཁའ་འགྲོ་རྒྱ་མཚོ་ལས་འདི་རྣམས་ དང་མི་མཉམ་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཞེས་བྱ་བ་རྫོགས་སྷྱོ།། །།དཔལ་བལ་ཡུལ་གྲུབ་པའི་གནས་མཆོག་ཆེན་པོ་ཡུ་ཏུང་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོར་རྒྱ་གར་ གྱི་པཎ་ཌི་ཏ་ཆེན་པོ་རྡོ་རྗེ་སློབ་དཔོན་རྟོག་གེ་པ་རྣམས་ཀྱི་གཙུག་གི་ནོར་བུ་དུས་དེང་སང་འགྲན་པ་མེད་པ། སྙིང་རྗེ་ཆེན་པོས་ཐུགས་བརླན་པའི་ངང་ཚུལ་ཅན། ཕྱོགས་སྣ་ཚོགས་ནས་འདུས་པའི་སྐྱེ་འགྲོ་རྣམས་ལ་ 86-1-145b ཆོས་དང་ཟང་ཟིང་གི་ཆར་གྱིས་ཚིམ་པར་མཛད་པ་དཔལ་རྡོ་རྗེ་ཕག་མོའི་ཞབས་ཀྱི་ཆུ་སྐྱེས་ཀྱི་རྡུལ་ལ་རེག་པ་ཤཱཀྱའི་སྲས་པོ་རྒྱལ་བའི་སྡེའི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཙྪ་བ་ཤཱཀྱའི་དགེ་སློང་དྡྷརྨ་ཡོན་ཏན་གྱིས་མཉན་ ཅིང་བསྒྱུར་བའོ།། །།ཕྱིས་གང་ཟག་ཆོས་ཀྱི་སྤྱན་ཅན་དཔལ་མཆོག་དང་པོའྀ་རྡོ་རྗེའི་བཀའི་ཚུལ་དང་ཡང་བསྟུན་ཏེ་ཞུས་གཏུགས་ལེགས་པར་བྱས་སོ། །མཁའ་མཉམ་བདེ་རྫོགས་སྣ་ཚོགས་སྤྲུལ་པ་ སངས་རྒྱས་རྣམས་ཀྱི་སྐུ། །དེས་གསུངས་དྲི་མེད་སྣ་ཚོགས་གདུལ་བྱའི་བསམ་དབང་གིས། །གསུང་གཅིག་གིས་ཀྱང་སྣ་ཚོགས་དོན་མང་སྟོན་པས་དཔྱད་པ་དཀའ། །དེ་ལྟར་ཡིན་ཡང་ཇི་ལྟར་མི་བདག་ཤིང་རྟ་ཆེར་ཞུགས་ ནས། །གཡུལ་ངོར་འཇུག་དུས་རྐང་གིས་བགྲོད་རྣམས་འཐབ་པར་མི་བརྩོན་ནམ། །དེ་བཞིན་སྔོན་གྱི་མཁས་པ་ཆེན་པོ་རྣམས་ཀྱི་རྗེས་འབྲངས་པས། །ཁོ་བོས་གཞན་དོན་ནུས་པ་མིན་ནའང་ཕན་པའི་བསམ་ པས་བསྒྱུར། །འདི་ལ་གཞུང་དང་བླ་མའི་མ་ཡིན་རང་གི་བློ་གྲོས་སྐྱོན་གྱིས་ནི། །སྒྲ་དོན་འགལ་བར་གྱུར་པ་བཅོམ་ལྡན་དཔའ་བོ་རྣལ་འབྱོར་མ་རྣམས་དང་། །མཁའ་འགྲོའི་ཚོགས་དང་ བསྟན་དགའི་ལྷ་རྣམས་མཁས་པ་རྣམས་ཀྱིས་བཟོད་པར་རིགས། །འདི་ལས་ཐོབ་པའི་དགེ་བ་དྲི་མེད་ཅུང་ཟད་དེས། །འགྲོ་ཀུན་རྡོ་རྗེ་འཆང་གི་གོ་འཕང་ཐོབ་གྱུར་ཅིག །བདག་གིས་ སྲོལ་བཏོད་ཙམ་འདི་ལ། །སྒྲ་དོན་འཇུག་པ་མཁྱེན་རྣམས་ཀྱི། །སྐད་གཉིས་སྨྲ་བས་གཟིགས་པ་ན། །སྐྱོན་དུ་གྱུར་སྣང་བཅོས་པར་ཞུ། ། ཕྲག་དོག་སྒོ་ནས་མི་འཕྱར་ཞིང་། །རྗེས་སུ་ཡི་རང་བ་ཡང་མཛོད། །རྫོགས་སོ།། །། སིད་དྷི། སིད་དྷི། སིད་དྷི། ཞུས་སོ།། 86-1-146a ༄༅༅། །རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་སམ་བ་རོད་དཱ་ཡ་ཏན་ཏྲ་རཱ་ཛ་སྱ་ནཱ་མ། བོད་སྐད་དུ། དཔལ་བདེ་མཆོག་འབྱུང་བ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་ལ་བཞུགས་ཏེ། འཕགས་པ་དགའ་བོ་ལ་སོགས་པ་འདོད་ ཆགས་དང་བྲལ་བ་རྣམས་ཀྱིས་བསྐོར་ཅིང་། འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ལ་སོགས་པ་རྣལ་འབྱོར་ཀྱི་དབང་ཕྱུག་བྱེ་བ་ཕྲག་བརྒྱད་བཅུའི་དབུས་སུ་ཕྱག་ན་རྡོ་རྗེ་ལ་གཟིགས་ནས་འཛུམ་པ་མཛད་པ་དང་། ཕྱག་ན་རྡོ་རྗེ་སྟན་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ལག་པ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ། ཀྱེ་རྣམ་པ་ཀུན་མཆོག་སྡོམ་པ་ཡི། ། བསྐྱེད་པའི་རྣལ་འབྱོར་མཚན་ཉིད་དང་། །རྫོགས་པ་ཡང་ནི་ཇི་ལྟར་ལགས། །བཅོམ་ལྡན་ལྷ་ལས་ཉན་པར་འཚལ། །རླུང་དང་མེ་དང་ཆུ་དང་ས། །དེ་བཞིན་ནམ་མཁའ་ཇི་ལྟར་ལགས། །རྣམ་པ་ལྔ་ནི་ཇི་ལྟར་ལྷ། །གཙོ་བོ་ ཡུལ་དྲུག་དེ་བཞིན་ཅི། །ཕྱི་དང་ནང་དུ་གནས་པ་ཡི། །སྐུ་གསུམ་བྱིན་བརླབས་ཇི་ལྟ་བུ། །ལྷ་ཡི་སྐུ་ནི་ཇི་ལྟར་ལགས། །གཙོ་བོས་དེ་བཞིན་ལྷ་མོ་གསུངས། །ཟླ་བ་ཉི་མ་ཅི་ཞིག་ལྷ། །ལམ་ལྔ་པོ་ནི་ཇི་ལྟར་ལགས། ། ལུས་ཀྱི་རང་བཞིན་ཇི་ལྟ་བུ། །དེ་བཞིན་རྩ་ཡི་གཟུགས་ནི་ཅི། །རྩ་ཡི་གྲངས་ཀྱི་ཚད་ནི་དུ། །དེ་བཞིན་ལུས་ཀྱི་གོང་བུ་ཅི། །སྦས་པའི་དམ་ཚིག་གི་ནི་བརྡ། །གཙོ་བོས་བདག་ལ་བཤད་དུ་གསོལ། །ཕྱི་དང་ནང་གི་བདག་ ཉིད་ཀྱི། །གནས་ལ་སོགས་པའི་བརྡ་དུ་ཞིག །ཇི་ལྟར་ས་ལ་སོགས་པ་འཐོབ། །མཚན་མ་ཇི་ལྟར་མཐོང་བར་འགྱུར། །ཁྱོད་ཀྱི་ལས་ནི་བཅུ་གཉིས་གང་། །སྔགས་ཀྱི་བཟླས་པ་ཇི་ལྟར་འགྱུར། །བགྲང་ཕྲེང་དག་ནི་ 86-1-146b ཇི་ལྟར་རིགས། །བཟླས་པའི་གྲངས་ནི་དུ་ཞིག་ལགས། །ལྷ་ཡི་རྣམ་པའི་རྣལ་འབྱོར་ཅི། །དཀྱིལ་འཁོར་བྲི་བ་དུ་ཞིག་མཆིས། །སྔགས་ཀྱི་དངོས་གྲུབ་ཅི་ཞིག་ལྷ། །གཞོན་ནུ་མ་ཡི་མཆོད་པ་ཅི། །བྱ་དང་བྱ་མིན་ཉི་མ་ གང་། །གཙོ་བོ་མྱོས་བྱེད་གཏོར་མ་ཅི། །བདུད་རྩི་ལྔ་སོགས་ཇི་ལྟར་ལྷ། །ལྕགས་ཀྱུ་ལྔ་སོགས་ཇི་ལྟར་འགྱུར། །དཀྱིལ་འཁོར་བྲི་བ་བཤད་དུ་གསོལ། །ཐིག་གདབ་པ་ནི་ཇི་ལྟར་འགྱུར། །ཇི་ལྟར་ས་ནི་ཡོངས་སུ་སྦྱང་། ། སྲུང་བའི་འཁོར་ལོ་ཇི་ལྟར་འགྱུར། །སློབ་དཔོན་གྱི་ནི་བྱ་བ་གང་། །ཇི་ལྟར་སློབ་མ་ཡོངས་སུ་གཟུང་། །དབང་བསྐུར་བ་ཡི་གྲངས་ནི་དུ། །བཞི་པ་ཡང་ནི་ཇི་ལྟར་འགྱུར། །དུས་ཀྱི་ངེས་པ་ཇི་ལྟ་བུ། །དེ་བཞིན་འཆི་བ་བླུ་བ་ གང་། །དུས་བཞིའི་མིང་ནི་དུ་ཞིག་མཆིས། །གླིང་བཞི་པ་ནི་ཇི་ལྟར་ལགས། །དུས་དང་དུས་མིན་དངོས་གྲུབ་ཅི། །སྤྱོད་པ་ཇི་ལྟར་སྤྱད་པར་བགྱི། །རྣལ་འབྱོར་མ་ཡི་རྒྱུད་ནི་དུ། །རྣལ་འབྱོར་རྒྱུད་ནི་ཇི་ལྟར་འགྱུར། ། མདོ་སྡེའི་གྲངས་ནི་ཇི་ལྟ་བུ། །དེ་བཞིན་ཕ་རོལ་ཕྱིན་པ་དུ། །རབ་གནས་སྦྱིན་སྲེག་མཆོད་སྦྱིན་དང་། །སྔགས་ཀྱི་དངོས་གྲུབ་ཇི་ལྟར་འགྱུར། །བཅུད་ཀྱིས་ལེན་ནི་ཇི་ལྟར་ལྟ། །མྱོས་བྱེད་བཏུང་བ་ཇི་ལྟར་འགྱུར། །གསང་སྔགས་ཇི་ལྟར་འབྱུང་ འགྱུར་ལྷ། །སྔགས་བཏུ་བ་ནི་ཇི་ལྟར་འགྱུར། །ཚར་གཅད་པ་ནི་ཅི་ཞིག་ལྷ། །གཙོ་བོ་རྗེས་གཟུང་ཇི་ལྟ་བུ། །བཅོམ་ལྡན་དེ་ཉིད་རྣམས་ནི་ཅི། །སྟོང་པ་ཉིད་དང་སྙིང་རྗེ་གང་། །སྟོང་པ་ཉིད་ཀྱི་རང་བཞིན་ཅི། །ཇི་ལྟར་དེ་བཞིན་ཉིད་ རང་བཞིན། །ཆོས་རྣམས་ཐམས་ཅད་ཡོངས་ཤས་པའི། །བསྒོམ་པའི་མཚན་ཉིད་གཙོ་བོས་གསུངས། །དཔལ་བདེ་མཆོག་འབྱུང་བའི་རྒྱུད་ལས་ཞུས་པའི་ལེ་འུ་སྟེ་དང་པོའོ།། །། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཕྱག་ན་རྡོ་རྗེ་གསང་བ་འབྱུང་བ་འདི་ཞུས་པ་ལེགས་སོ་ལེགས་སོ། །དེ་ནས་དེའི་ཕྱིར་བསྐྱེད་པ་ཡི། །རིམ་པའི་བསྒོམ་པ་ཡང་དག་བཤད། །སྣ་ཚོགས་ལས་ཀྱི་རང་བཞིན་གྱིས། ། 86-1-147a སྐྱེ་གནས་བཞི་པོ་རྣམས་སུ་འགྱུར། །སྒོང་སྐྱེས་མངལ་ནས་སྐྱེས་པ་དང་། །དྲོད་གཤེར་དང་ནི་རྫུས་སྐྱེས་རྣམས། །ངང་པ་ཁྲུང་ཁྲུང་རྨ་བྱ་དང་། །ནེ་ཙོ་བཞད་སོགས་སྒོང་སྐྱེས་ཏེ། །གླང་པོ་མ་ཧ་བ་ལང་ རྟ། །བོང་བུ་མི་སོགས་མངལ་ནས་སྐྱེས། །སྲིན་བུ་འབུ་དང་ཕྱེ་མ་ལེབ། །ཉ་ལ་སོགས་པ་དྲོད་གཤེར་སྐྱེས། །ལྷ་དང་དམྱལ་བའི་སེམས་ཅན་རྣམས། །དེ་བཞིན་བར་དོའི་སྲེད་པ་དང་། །བསྐལ་པ་དང་པོ་པ་ལ་སོགས། །འདི་ རྣམས་རྫུས་སྐྱེས་སེམས་ཅན་ནོ། །ཤར་གྱི་ལུས་འཕགས་བ་ལང་སྤྱོད། །དེ་བཞིན་བྱང་གི་སྒྲ་མི་སྙན། །གླིང་གསུམ་པོ་ཡི་མི་རྣམས་ནི། །ལོངས་སྤྱོད་ཆེན་པོས་ཡང་དག་འཚོ། །བླུན་རྨོངས་བྱེ་བྲག་མི་ཕྱེད་ཅིང་། །རྟོག་ མེད་རྣམ་པར་དཔྱོད་མེད་པའོ། །འཛམ་བུ་གླིང་དུ་ལེགས་སྐྱེས་པ། །ལས་ཀྱི་ས་པར་རབ་ཏུ་གྲགས། །ལེགས་བྱས་ཉེས་པར་བྱས་པའི་ལས། །མཆོག་དང་འབྲིང་དང་ཐ་མ་རྣམས། །སྐྱེ་བ་སྔོན་གྱི་རྣམ་སྨིན་འདིར། །སྐྱེ་བོ་ རྣམས་ལ་སྣང་བར་འགྱུར། །རྒྱགས་དང་སེར་སྣ་གདུག་སེམས་རྣམས། །གཡོ་སྒྱུ་མངོན་པའི་ང་རྒྱལ་དང་། །ཆགས་སྡང་གཏི་མུག་ལ་སོགས་ཀྱིས། །རིམས་དང་ནད་ལ་སོགས་པས་གཟེར། །འཛམ་བུ་གླིང་པའི་གཙོ་བོ་ མཆོག །ཡུལ་དབུས་སུ་ནི་སྐྱེས་པ་སྟེ། །སྔོན་གྱི་དགེ་བ་ལ་ལྟོས་ནས། །དབང་པོ་རྣོ་འབྲིང་རྟུལ་པོར་འགྱུར། །མི་རུ་སྐྱེས་པ་འབྲས་བུའི་དམ་པ་དང་པོ་སྟེ། །རང་གི་ཁྱིམ་ནས་ངེས་འབྱུང་རྙེད་པ་གཉིས་པ་ཡིན། །རབ་ཏུ་ བྱུང་ནས་དགེ་བ་བསྒྲུབ་པ་གསུམ་པ་སྟེ། །རྩེ་གཅིག་ཡིད་ནི་ཐོབ་པར་གྱུར་པ་བཞི་པར་གསུངས། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན། །མི་རྣམས་ཀྱིས་རབ་མི་ཤེས་ཏེ། །ཐོག་མེད་དུས་ཀྱི་ཉོན་མོངས་ཀྱི། །བག་ཆགས་རབ་ཏུ་བསགས་ བྱས་པས། །དེ་ཕྱིར་སྔོན་བྱས་ལས་ཀྱིས་ནི། །སྐྱེ་དང་འཆི་བ་ཡང་དག་འབྱུང་། །ཚོགས་པ་མ་རྙད་དེ་སྲིད་དུ། །ཞག་བདུན་བར་དོའི་སྲིད་པར་གནས། །སྲིད་པ་བར་དོའི་སེམས་ཅན་ནི། །འགྲོན་པོའི་བགྲོད་པ་ཇི་བཞིན་དུ། ། 86-1-147b འདི་ལྟར་ལས་ཀྱི་ཞགས་པ་ཡིས། །འགྲོ་བ་དྲུག་ཏུ་རབ་ཏུ་སྐྱེ། །ཕ་མའི་ཀུན་ཏུ་སྦྱོར་སོགས་ནི། །སྲིད་པའི་སྐྱེ་བོས་མཐོང་གྱུར་ནས། །རྟ་ལ་ཞོན་བཞིན་རྣམ་ཤེས་ནི། །རླུང་གི་བཞོན་པ་ཞོན་ནས་སུ། །སྐད་ཅིག་ཐང་ཅིག་ཉིད་ལ་ ནི། །ཤིན་ཏུ་མྱུར་བར་འོངས་གྱུར་ནས། །ཤིན་ཏུ་དགའ་དང་བཅས་སྟོབས་ཀྱིས། །ཁ་ཡི་ལམ་ནས་འཇུག་པར་འགྱུར། །རྩ་ནི་སྟོང་ཕྲག་བདུན་བཅུ་གཉིས། །རབ་བསྐུལ་དེ་ཡི་སྐད་ཅིག་ལ། །ཨཱ་ལི་ཀཱ་ལི་ཞུ་བྱས་པས། ། མཆོག་ཏུ་དགའ་བ་ཡང་དག་འཐོབ། །ཁུ་བ་ཁྲག་དེའི་དབུས་སུ་ནི། །ཐིག་ལེའི་གཟུགས་ཀྱིས་ཡང་དག་གནས། །དང་པོའི་རྣམ་པ་ནུར་ནུར་པོ། །མེར་མེར་པོ་ནི་གཉིས་པ་ཡིན། །ལྟར་ལྟར་པོར་སྐྱེས་གསུམ་པ་སྟེ། །དེ་ བཞིན་བཞི་པ་གོར་གོར་པོ། །རླུང་རྣམས་ཀྱིས་ནི་བསྐུལ་ཙམ་གྱིས། །ཤ་ཡི་རྣམ་པ་ལྟ་བུར་འགྱུར། །ཟླ་བ་ལྔར་གྱུར་ས་བོན་ལས། །ཡན་ལག་ལྔ་ནི་རབ་ཏུ་སྐྱེ། །ཟླ་བ་བདུན་ན་སྐྲ་དང་སྤུ། །སེན་མོ་རྟགས་ནི་སྐྱེ་བར་ འགྱུར། །ཟླ་བ་བརྒྱད་ན་དབང་པོ་དང་། །ལུས་ཀྱི་ཡན་ལག་འབྱུང་བར་འགྱུར། །ཟླ་བ་དགུ་ན་ཡང་དག་རྫོགས། །ཟླ་བ་བཅུ་ན་སེམས་དང་ལྡན། །ནུར་ནུར་རང་བཞིན་མི་བསྐྱོད་པ། །མེར་མེར་པོ་ནི་རིན་ཆེན་འབྱུང་། ། འོད་དཔག་མེད་མགོན་སྟར་སྟར་པོ། །གོར་གོར་པོ་ནི་དོན་ཡོད་གྲུབ། །མཁྲང་གྱུར་རྣམ་པར་སྣང་མཛད་དེ། །རྣམ་པ་ལྔར་ནི་བསྟན་པ་ཡིན། །དྲི་ཆུ་ཁྲག་ནི་མི་བསྐྱོད་པ། །ས་བོན་རང་བཞིན་འོད་དཔག་མེད། །གོང་བུ་ རིན་ཆེན་འབྱུང་ལྡན་ཏེ། །རོ་གཅིག་འདྲེས་པ་རྣམ་སྣང་བཞུགས། །སྐྱེ་གནས་དབུས་སུ་རྩ་གཉིས་ཏེ། །གཡས་དང་གཡོན་ན་དེ་བཞིན་གནས། །གཡོན་ནས་ཁུ་བ་ཞེས་བཤད་དེ། །གཡས་ནས་དེ་བཞིན་ཁྲག་ཡིན་ནོ། །དེ་དག་ གཅིག་ཏུ་འདུས་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །ལས་ཀྱི་ས་བོན་དབང་ཐོབ་པས། །རླུང་གིས་ཡང་དག་བསྒྱུར་ནས་སུ། །ཆོས་ཀྱི་འབྱུང་གནས་སྒོ་རུ་ནི། །གདོང་ནི་ངེས་པར་ཕྱོགས་པར་འགྱུར། །དཀུ་ 86-1-148a གཡས་སུ་ནི་བརྟེན་ནས་སུ། །ཙོག་པུར་མངོན་པར་ཕྱོགས་ཏེ་གནས། །དཀུ་གཡོན་ཡང་དག་བརྟེན་ནས་ནི། །ཤེས་རབ་ལྟོར་ནི་མངོན་ཕྱོགས་འགྱུར། །མཁས་པས་ས་བོན་ལྟུང་བའི་རིམ། །དུས་ཀྱི་སྐད་ ཅིག་ཡང་དག་མཚོན། །གཡས་ན་རླུང་ནི་རྒྱུ་བ་གང་། །ཐམས་ཅད་དུ་ནི་སྐྱེས་བུར་འགྱུར། །གཡོན་ནས་རླུང་ནི་རྒྱུ་བ་གང་། །ངེས་པར་བུད་མེད་རྣམས་སུ་འགྱུར། །གཉིས་གའི་དབུས་རྒྱུའི་ས་བོན་གང་། །རྟག་ཏུ་མ་ནིང་ འགྱུར་བའོ། །ཆུ་ཁམས་ཕ་ཡིར་ཤེས་པར་བྱ། །མེ་ཡི་ཁམས་ནི་མ་ཡིའོ། །ལྤགས་པ་ཤ་དང་ཁྲག་རྣམས་ནི། །མ་ལས་སྐྱེས་ཞེས་བཤད་པ་སྟེ། །རྒྱུས་པ་རྐང་དང་ཁུ་བ་རྣམས། །ཕ་ལས་སྐྱེས་ཞེས་བཤད་པ་ཡིན། ། དྲུག་པོ་འདི་དག་བསྡུས་པའི་ལུས། །རྡོ་རྗེ་སེམས་དཔས་གང་གསུངས་པ། །གཟུགས་དང་ཚོར་བ་འདུ་ཤེས་དང་། །འདུ་བྱེད་རྣམ་ཤེས་དེ་བཞིན་ཏེ། །སངས་རྒྱས་ལྔ་ཡི་རང་བཞིན་དུ། །ཕུང་པོ་ངེས་པར་སྐྱེ་བ་ཡིན། ། སྲིད་པ་སྐྱེད་པའི་རིམ་ཤེས་པས། །རྫོགས་པའི་སངས་རྒྱས་ཐོབ་བྱའི་ཕྱིར། །འདི་ནི་ཕུང་པོ་ཡོངས་མཁྱེན་པའི། །དེ་ཉིད་གསུང་བ་རྣམས་ཀྱིས་བཤད། །འདི་ནི་བསྐྱེད་པའི་རིམ་པ་ངེས་པར་བསྟན་པའི་རིམ་པ་བྱེ་བ་སྟེ་ གཉིས་པའོ།། །། དེ་ནས་གང་ཞིག་ཤེས་ཙམ་གྱིས། །མྱུར་དུ་དངོས་གྲུབ་ཐོབ་འགྱུར་བའི། །རྫོགས་པའི་རིམ་པའི་བསྒོམ་པ་ནི། །ཡང་དག་རབ་ཏུ་བཤད་པར་བྱ། །ལུས་ཀྱི་དཀྱིལ་འཁོར་ལ་བརྟེན་ ནས། །ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུ། །རྫོགས་པའི་བྱང་ཆུབ་རིམ་བསྒྲུབས་པས། །ལུས་ཀྱི་དཀྱིལ་འཁོར་ཞེས་གསུངས་སོ། །དབང་པོ་དམན་པས་བསྐྱེད་རིམ་གྱི། །དཀྱིལ་འཁོར་བསྒོམ་ཞིང་བསམ་པར་བྱ། ། དབང་པོ་རྣོ་བོས་སྐད་ཅིག་གི། །རྣམ་པས་སེམས་ཙམ་དཀྱིལ་འཁོར་བསམ། །སྐད་ཅིག་རྣམ་པའི་རྣལ་འབྱོར་གྱིས། །རྫོགས་པའི་རིམ་པ་བསྒོམ་པ་ནི། །ཁམས་གསུམ་གཞལ་ཡས་ཁང་བདག་ཉིད། །སྲོག་ 86-1-148b ཆགས་རྣམས་ནི་དཀྱིལ་འཁོར་པ། །དེ་དབུས་སྐད་ཅིག་རྣམ་པ་ཡིས། །དཀྱིལ་འཁོར་བདག་པོ་རྣལ་འབྱོར་བའོ། །ཨོཾ་ཨཱཿཧཱུྃ་གི་སྔགས་ཀྱིས་ནི། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཏེ། །མཐོ་རིས་ས་སྟེངས་ས་འོག་ཏུ། ། སྐད་ཅིག་གིས་ནི་སྐུ་གཅིག་འགྱུར། །སྐད་ཅིག་རྣམ་པས་རྣལ་འབྱོར་ཏེ། །སྐད་ཅིག་རྣམ་པས་གསང་སྔགས་འདོན། །དབང་པོ་ཀུན་དང་མཉམ་སྦྱོར་བ། །མཁའ་འགྲོ་དྲ་བའི་བདེ་བ་མཆོག །ཁམས་བཞི་པ་དང་ཕུང་པོ་ ལྔ། །དེ་བཞིན་ཡུལ་དྲུག་བདག་ཉིད་ནི། །ཁྲག་འཐུང་ལྷ་མོའི་ཡེ་ཤེས་ཏེ། །དེ་ལ་ཐ་དད་མི་བརྟག་གོ། །དཀྱིལ་འཁོར་དེ་བཞིན་ཉིད་རྒྱས་བཏབ། །དེ་བཞིན་མཁའ་མཉམ་སྟོང་པ་ཉིད། །སྣ་ཚོགས་དེ་བཞིན་ཉིད་བདག་ མེད། །ཐབས་ནི་སྙིང་རྗེའི་སྟོབས་ཡིན་ཏེ། །ཟུང་དུ་འཇུག་པ་རྣམ་རྟོག་བྲལ། །དཀྱིལ་འཁོར་སྙིང་པོ་མཆོག་ཡིན་ནོ། །རྣམ་པར་མི་རྟོག་སྦྱོར་བསམས་ཀྱང་། །དེ་ཚེ་མི་རྟོག་བསམ་མི་ཁྱབ། །དེ་ཡང་རྣམ་པ་ཀུན་ གྱི་མཆོག །བདེ་བའི་དབང་པོ་རྣམ་པ་མེད། །དེ་ཉིད་དངོས་དང་དངོས་མིན་བདག །རྟག་ཏུ་སྲིད་པས་འབྱུང་བར་མཛད། །སྣ་ཚོགས་སྤྲོས་པའི་རྟོག་པ་མེད། །རྟག་ཏུ་འབྱུང་བ་བདེ་བ་ཆེ། །སྐྱེ་བ་མེད་པའི་རང་བཞིན་ གྱིས། །དེ་ལས་སྐྱེ་བ་ཡང་དག་འབྱུང་། །བེམས་པོ་མིན་ཕྱིར་བདག་ཉིད་རིག །མི་ཤེས་རྣམ་པར་མི་མཐོང་བས། །གཟུགས་མེད་གང་དུའང་མི་གནས་ཤིང་། །འགྱུར་བ་མེད་ཕྱིར་བརྟན་པའོ། །ཀུན་རྫོབ་སྐྱེ་བ་འབྱུང་ བས་ན། །ཆད་པ་མིན་ཕྱིར་དངོས་མེད་མིན། །ལྷན་ཅིག་སྐྱེས་དགའི་རང་དངོས་སུ། །ཆོས་རྣམས་ཐམས་ཅད་ལྷན་ཅིག་སྐྱེས། །བདག་བྱིན་བརླབ་པ་རང་འབྱུང་བ། །མི་ཤིགས་འཇིག་པ་མེད་པ་སྟེ། །སྐྱེ་བ་མེད་པའི་ རོ་མྱོང་བས། །སྒོམ་པ་ཡང་ནི་དེ་ཉིད་དེ། །སྟོང་ཉིད་སོ་སོར་རྟོགས་པས་ན། །བསམ་གཏན་ཤེས་རབ་ཏུ་ཡང་འགྱུར། །ཆོས་ཀུན་ཡོངས་སུ་ཤེས་པ་ཡི། །བསྒོམ་པ་དེ་ཉིད་བསྒོམ་མེད་པའོ། །རྫོགས་པའི་བྱང་ཆུབ་ 86-1-149a བདེ་བ་ཆེ། །ཕྱག་རྒྱ་ཆེན་པོ་མཆོག་དེ་བཞིན། །དེ་ཉིད་ཆོས་ལ་འཇུག་པའི་ཕྱིར། །དེ་རྣམས་དབྱེ་བས་རབ་བསྟན་པ། །བླ་མ་དམ་པའི་མན་ངག་གིས། །གསལ་བར་འགྱུར་གྱི་གཞན་དུ་མིན། །སངས་ རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་བྃ་ཡི་གེ་ལ་རབ་གནས། །སྐུ་དང་གསུང་དང་ཐུགས་ཀྱི་ལས། །རྣམ་ཀུན་མཆོག་གི་སྡོམ་པའོ། །སྡོམ་པ་བྱང་ཆུབ་བདེ་མཆོག་སྟེ། །བལྟར་མེད་བརྗོད་དུ་མེད་པའོ། །སངས་རྒྱས་ཀུན་གྱི་ གསང་བ་ནི། །འདུས་པ་བདེ་བའི་མཆོག་ཡིན་ཏེ། །བདག་བྱིན་བརླབ་པའི་རིམ་པ་འདི། །བླ་མའི་དྲིན་གྱིས་གསལ་བར་འགྱུར། །འདི་ནི་རྫོགས་པའི་རིམ་པ་ངེས་པར་བསྟན་པའི་རིམ་པར་ཕྱེ་བ་སྟེ་གསུམ་པའོ།། །། དེ་ནས་དེ་ཕྱིར་འབྱུང་བ་བཞིའི། །མཚན་ཉིད་ཡང་དག་བཤད་པར་བྱ། །དངོས་པོ་དག་ནི་མ་ལུས་གང་། །དེ་ནི་འབྱུང་བའི་རང་བཞིན་ཏེ། །ས་དེ་ལ་ནི་དངོས་པོ་བརྟེན། །མེས་ནི་ཐམས་ཅད་འཚེད་པར་ བྱེད། །ཆུ་ཡིས་འཇིག་པར་བྱེད་པ་སྟེ། །རླུང་གིས་ལྷན་ཅིག་བསྐྱོད་པར་བྱེད། །ནམ་མཁའ་ཡུལ་གྱིས་སྟོང་པར་གནས། །དེར་ནི་ཐམས་ཅད་དེ་ལས་སྐྱེ། །གང་དུ་གཅིག་ནི་གནས་པ་དེར། །བཞི་པོ་ཀུན་ཀྱང་ཉེ་བར་ གནས། །རྩྭ་ཤིང་ལྗོན་པས་འཁྲིལ་ཤིང་སོགས། །བེམས་པོ་ལྟ་བུའི་རྣམ་ཤེས་ཙམ། །གང་དག་འགྲོ་དྲུག་སེམས་ཅན་རྣམས། །ཚིགས་དང་ཚིགས་ནི་ཐམས་ཅད་དུ། །རྣམ་ཤེས་བཅས་པ་ལྟ་བུར་གནས། །དེ་ལྟར་ སྲིད་པའི་དངོས་པོ་ཀུན། །བློ་དང་ལྡན་པས་ཤེས་པར་བྱ། །སེམས་ཅན་རྣམས་ནི་འཆི་བ་ན། །ཡན་ལག་ཉིང་ལག་ཐམས་ཅད་ཀྱི། །རླུང་ནི་ཐམས་ཅད་བསྐྱོད་པར་འགྱུར། །སྐད་ཅིག་དེ་ལ་མེ་དྲོད་འདོར། །ཆུ་ནི་རྟག་ཏུ་སྐམས་ གྱུར་ནས། །དེ་ནས་ཚོར་བ་མེད་པར་འགྱུར། །ལུས་ལ་སོགས་པའི་ས་ཁམས་ཀྱི། །སྲ་བ་ཉིད་ཙམ་གནས་པར་འགྱུར། །སྐྱེ་བ་དང་ནི་འཆི་བ་དག །ཐམས་ཅད་དུ་ནི་འབྱུང་བར་འགྲོ། །ལྷ་དང་ལྷ་མིན་མི་རྣམས་ནི། །འབྱུང་ 86-1-149b བ་མེད་པར་སྐྱེ་མི་འགྱུར། །ལྷ་ཡི་འཇིག་རྟེན་སྐྱོང་ལ་སོགས། །ཐམས་ཅད་ལ་ནི་ལྷན་ཅིག་གནས། །རིག་བྱེད་གྲུབ་མཐའ་ཐམས་ཅད་ཀྱི། །རྟག་ཏུ་འདོད་ཅིང་བསྒོམ་པ་སྟེ། །གང་ཕྱིར་ཐམས་ཅད་ཀུན་ཏུ་འགྲོ། །ས་སྟེངས་སྐྱེས་བུ་ ཀུན་ལ་གནས། །འབྱུང་བ་བཞི་པོ་གཙོ་བོ་མཆོག །བསྟན་བཅོས་ཀུན་ལས་ཡང་དག་བཤད། །རླུང་ནི་སྲོག་ཏུ་ཡང་དག་བལྟ། །མེ་ནི་འཚོ་བའི་མཚན་ཉིད་དེ། །ཆུ་ནི་བདུད་རྩིའི་ངོ་བོ་ཉིད། །ས་ནི་ཞིང་ཙམ་ཉིད་དུ་གནས། །དེ་ལ་ རྟག་ཏུ་གནས་པའི་ལྷ། །རྣམ་ཤེས་མཆོག་གི་དབང་ཕྱུག་སྟེ། །ལྷ་ལྔ་ཡི་ནི་རྣམ་པ་རུ། །རྣམ་ཤེས་དེ་ནི་ཡོངས་སུ་འགྱུར། །གཟུགས་དང་ཚོར་བ་འདུ་ཤེས་དང་། །དེ་བཞིན་འདུ་བྱེད་རྣམ་པར་ཤེས། །མེ་ལོང་ལྟ་བུ་མཉམ་ ཉིད་དང་། །སོ་སོར་ཀུན་ཏུ་རྟོག་པ་དང་། །དེ་བཞིན་བྱ་བ་གྲུབ་པ་དང་། །ཆོས་དབྱིངས་ཤིན་ཏུ་རྣམ་དག་སྟེ། །ཡེ་ཤེས་འདི་དག་རབ་ཏུ་གནས། །རྣམ་སྣང་མཛད་དང་རིན་ཆེན་འབྱུང་། །འོད་དཔག་མེད་དང་དོན་ཡོད་གྲུབ། །དེ་ བཞིན་མི་བསྐྱོད་པ་ཉིད་དེ། །རྣམ་ལྔ་རོ་གཅིག་རྫོགས་བྱང་ཆུབ། །གཟུགས་དང་སྒྲ་དང་དེ་བཞིན་དྲི། །རོ་དང་རེག་བྱ་ཆོས་དེ་བཞིན། །ཡུལ་དྲུག་ཏུ་ནི་ཤེས་བྱ་སྟེ། །འདི་དག་རྣམ་པར་དག་པར་བཤད། །ཁམས་ནི་བཅྭ་བརྒྱད་ ཅེས་བྱ་སྟེ། །དེ་དག་ཕུང་པོའི་རང་བཞིན་ཉིད། །ཡི་གེ་མཆོག་ནི་བསྒོམ་བར་བྱ། །སངས་རྒྱས་འབྲས་བུ་ཐོབ་བྱའི་ཕྱིར། །མིག་ལ་སོགས་པ་བསྒོམ་བྱ་སྟེ། །མིག་གི་དབང་པོའི་རྣམ་ཤེས་ནི། །ཐུགས་ཀྱི་རྡོ་རྗེའི་རྣམ་ འཕྲུལ་ཡིན། །ངོ་བོ་ཉིད་གསུམ་རྣམ་དག་དོན། །འོད་གསལ་བ་ཡི་གོ་འཕང་འགྱུར། །སྒྲ་དང་རྣ་བ་རྣམ་ཤེས་ནི། །དམིགས་པ་མེད་པའི་ངོ་བོ་ཉིད། །སྣ་དང་དྲི་དང་རྣམ་ཤེས་ཀྱང་། །དེ་བཞིན་རྣམ་དག་ཤེས་པར་བྱ། ། རོ་དང་ལྕེ་དང་རྣམ་ཤེས་ནི། །དོན་དམ་ཉིད་དུ་རྣམ་པར་དག །ལུས་དང་རེག་བྱ་རྣམ་ཤེས་ཀྱང་། །སྒྱུ་མ་ལྟ་བུའི་ངོ་བོར་སྐྱེས། །ཡིད་དང་ཆོས་དང་ཡིད་རྣམ་ཤེས། །སྙིང་པོ་ཉིད་དུ་རྣམ་པར་དག །རྣམ་ཤེས་དྲུག་ནི་ 86-1-150a ཀུན་གཞི་རུ། །འཇུག་པས་དེ་བཞིན་གཤེགས་པ་ཡིན། །འོད་གསལ་བ་ཡི་གོ་འཕང་ཐོབ། །ཧེ་རུ་ཀ་དཔལ་ཡང་དག་གནས། །ཡུལ་དང་ཡུལ་ཅན་སྦྱོར་བ་ཡིས། །རྣམ་རྟོག་མེད་པའི་གོ་འཕང་འགྱུར། ། རྣམ་པ་ཀུན་གྱི་མཆོག་གནས་པས། །ཡུལ་ནི་རྣམ་དག་ཤེས་པར་བྱ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །གཅིག་ལ་དེ་བཞིན་གསུམ་དུ་བརྟགས། །སྐྱབས་གསུམ་དང་ནི་དེ་ཉིད་གསུམ། །སྐུ་གསུམ་རྣམ་པར་གྲོལ་བ་ གསུམ། །ཞལ་གསུམ་ཡིག་གསུམ་ལྷ་གསུམ་སྟེ། །ཁམས་གསུམ་པའི་རང་བཞིན་ཉིད། །དཀྱིལ་འཁོར་གསུམ་དང་རྣལ་འབྱོར་གསུམ། །ལམ་གསུམ་དུ་ནི་བསྟན་པ་སྟེ། །དམ་ཚིག་གསུམ་དང་དགེ་བ་གསུམ། །དེ་བཞིན་ སྐུ་དང་གསུང་དང་ཐུགས། །ཤེས་རབ་དང་ནི་ཐབས་ཉིད་དང་། །དེ་ཡི་སྦྱོར་བ་གསུམ་པ་སྟེ། །ཆོས་ཀྱི་འབྱུང་གནས་རང་བཞིན་གྱིས། །ཇི་ལྟར་གསང་གསུམ་མཐོང་བ་དང་། །འཁོར་གསུམ་མི་དམིགས་སྦྱོར་བ་ཡིས། །སྔགས་ གསུམ་གྱི་ནི་རང་བཞིན་ཉིད། །ཕྱི་དང་ནང་གི་བདག་ཉིད་ཀྱི། །རྩ་གསུམ་གྱི་ནི་རང་གི་དངོས། །ཕྱི་རོལ་འཇིག་རྟེན་པ་ཡི་ཆོས། །ལྷ་ལ་སོགས་པའི་བདག་ཉིད་ནང་། །ཕྱི་ནང་དག་པ་ཉིད་ཀྱི་ཕྱིར། །རྣལ་འབྱོར་པས་ནི་སངས་རྒྱས་འཐོབ། ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ། །ལྷ་ནི་མངོན་སུམ་དམིགས་པར་བྱ། །རྣམ་པ་ཀུན་གྱི་མཆོག་རང་བཞིན། །ལྷ་མོར་ཡོངས་སུ་བརྟག་པར་བྱ། །དང་པོའི་ལྷ་ཡི་རང་བཞིན་དུ། །རྡོ་རྗེ་སེམས་དཔའ་རྣམ་པར་བཞུགས། །གནས་ དང་ཞིང་ལ་སོགས་པའི་བརྡའ། །དཔའ་བོ་རྣལ་འབྱོར་མའི་འདུས་པ། །དེ་བཞིན་གཉིས་མེད་མཉམ་སྦྱོར་ལ། །ལྷ་རྣམས་ཡང་དག་འཕྲོ་བ་སྟེ། །ཚད་མེད་ལྷ་ནི་འཕྲོ་བ་ལས། །དཀྱིལ་འཁོར་ཚད་ཅན་རྣམ་པར་བརྟག ། ལྷ་ཡི་རྣལ་འབྱོར་བསམ་མི་ཁྱབ། །སངས་རྒྱས་རོལ་པའང་བསམ་མི་ཁྱབ། །མཁའ་འགྲོ་དྲ་བའི་གཟུགས་ཀྱིས་ནི། །ཧེ་རུ་ཀ་དཔལ་ཡང་དག་སྦྱོར། །དེ་དག་མི་ཕྱེད་ངོ་བོ་ཉིད། །བསྒོམ་པར་ང་ཡིས་བཤད་པ་ཡིན། ། 86-1-150b དེ་དག་ཐམས་ཅད་གཉིས་མེད་ཐོབ། །གཟུང་དང་འཛིན་དང་རྣམ་བྲལ་བ། །རགས་པ་སྒྲ་ཞེས་བཤད་པ་སྟེ། །ཕྲ་བ་སེམས་ཀྱི་རང་བཞིན་འགྱུར། །བསམ་དང་བྲལ་བའི་དེ་ཉིད་ནི། །གོ་འཕང་མཆོག་ཅེས་ཡོངས་སུ་ གྲགས། །འདི་ནི་འབྱུང་བ་བཞི་དང་རྣམ་པ་ལྔ་དང་། ཡུལ་དྲུག་ལྷའི་རྣམ་པར་དག་པ་རིམ་པར་ཕྱེ་བ་སྟེ་བཞི་པའོ།། །། དེ་ནས་ཟླ་བ་ཉི་མ་ཡི། །རབ་ཏུ་དབྱེ་བ་ཡང་དག་བཤད། །གཡས་དང་གཡོན་དུ་སྦྱོར་ བ་ཡིས། །རིམ་པ་ཇི་བཞིན་རྒྱུ་བ་སྟེ། །གཡོན་དུ་རྐན་ནས་བཟུང་ནས་ནི། །ལྟེ་བའི་དཀྱིལ་འཁོར་རབ་འཇུག་པའི། །ཟླ་བའི་རྩ་ནི་འོག་བལྟས་པར། །ཨཱ་ལི་ཟླ་བར་ཡང་དག་འབབ། །གཡས་སུ་ལྟེ་བ་ནས་བཟུང་ནས། ། རྐན་གྱི་གནས་སུ་རབ་འཇུག་པའི། །ཉི་མའི་རྩ་ནི་སྟེང་བལྟས་ཏེ། །ཀཱ་ལི་ཉི་མར་རྟག་ཏུ་འབབ། །སྣ་ཡི་སྒོ་ནི་གཉིས་པོ་ནས། །རྩ་གཉིས་རྒྱུ་བའི་མཚན་ཉིད་ནི། །རྩ་གཡོན་འཇུག་པའི་ལམ་ཡིན་ཏེ། །གཡས་པ་འབྱུང་ བའི་ལམ་ཡིན་ནོ། །ཉི་ཤར་ནས་བརྩམས་ཇི་སྲིད་དེ། །ནུབ་ཀྱི་བར་ནི་ཉིན་མོ་སྟེ། །ནུབ་པ་ནས་བརྩམས་ཇི་སྲིད་དེ། །ཤར་བའི་བར་ནི་མཚན་མོར་འགྱུར། །ཉིན་དང་མཚན་མོ་ཞག་ཡིན་ཏེ། །མེལ་རྩེ་ཐུན་ཞེས་བརྗོད་པ་ ཡིན། །ཐུན་བཞི་ཉིན་མོར་ཤེས་བྱ་སྟེ། །དེ་བཞིན་མཚན་མོའང་ཐུན་བཞིའོ། །ཞག་གཅིག་ལ་ནི་འཕོ་བ་ཡི། །ཡན་ལག་བཅུ་དྲུག་རྣམས་ཡིན་ཏེ། །ཐུན་ནི་ཕྱེད་ཕྱེད་རྟག་ཏུ་རླུང་། །སྣ་ཡི་བུ་གར་ཡང་དག་རྒྱུ། ། ཡར་ངོའི་ཚེས་གཅིག་ནས་གཟུང་ནས། །ཉིན་ཞག་གསུམ་གྱི་ཐུན་ཕྱེད་ལ། །ཟླ་བའི་རླུང་ནི་རྒྱུ་བ་སྟེ། །དེ་ནས་ཞག་གསུམ་ཉི་མའི་རླུང་། །གོ་རིམ་འདིས་ནི་ཇི་སྲིད་དུ། །ཡར་ཚེས་བཅྭ་ལྔའི་བར་དུའོ། །མར་ངོའི་ ཚེས་གཅིག་ནས་བཟུང་ན། །ཉིན་ཞག་གསུམ་གྱི་སྔ་དྲོ་ནི། །ཉི་མའི་རླུང་དུ་གྲགས་པ་རྒྱུ། ། 86-1-151a དེ་བཞིན་ཚེས་ནི་བཅྭ་ལྔའི་བར། །ཐུན་རེ་ཡི་ནི་བཞི་ཆ་རྣམས། །ཆུ་ཚོད་དུ་ནི་བརྗོད་པས་ན། །ཉིན་ཞག་གཅིག་ལ་རྩ་རྣམས་ནི། །སུམ་བཅུ་རྩ་གཉིས་ཤེས་པར་བྱ། །ཉིན་ཞག་གཅིག་ལ་དབྱུག་གུ་ ཡི། །དྲུག་བཅུ་རྩ་བཞིའི་ཚད་ཀྱིས་ནི། །རྩ་དང་ཆུ་ཚོད་ཕྱེད་དབྱུག་གུ། །ཐུན་གྱི་བརྒྱད་ཆ་ཞེས་སུ་བཤད། །སྣ་སྒོའི་རླུང་ནི་འབྱུང་འཇུག་ལ། །དབུགས་གཅིག་ཏུ་ནི་རབ་ཏུ་གྲགས། །རླུང་གི་སྦྱོར་བ་ལ་མཁས་པས། ། དབུགས་དྲུག་སྲོག་ཏུ་ཤེས་པར་བྱ། །སྲོག་ནི་ལྔ་བཅུ་ཐམ་པ་དང་། །དབུགས་གསུམ་རྐང་པའང་དེ་དང་ལྡན། །ཉི་མ་བྱང་དུ་རྒྱུ་དུས་ཀྱི། །ཉི་མ་དང་པོའི་དབྱུག་གུ་ཡིན། །ཉི་མ་ལྷོར་ནི་རྒྱུ་དུས་ཀྱི། །མཚན་མོ་ཡང་ ནི་དེ་བཞིན་འགྱུར། །དབྱུག་གུ་རེ་རེའི་འཕེལ་འགྲིབ་ནི། །དུས་ཀྱི་དབྱེ་བས་ཤེས་པར་བྱ། །དབུགས་ནི་དྲག་པོ་བཞི་ཆར་བཅས། །འཕོ་བ་སོ་སོའི་འཕེལ་འགྲིབ་ཡིན། །དབུགས་ཀྱི་སུམ་ཆ་དེའི་བཞི་ཆའི། །དྲུག་ ཆས་ཉི་མ་རེ་རེར་འགྱུར། །ཐུན་ནི་ཕྱེད་ཕྱེད་རྒྱུ་བ་ལས། །ཕྱིན་ཅི་ལོག་ཏུ་འཕོས་གྱུར་ན། །རྩོད་པ་ལ་སོགས་ངེས་འགྱུར་བས། །མཁས་པས་འདི་དག་ཡང་དག་བརྟག །ཉི་མ་གཅིག་གཉིས་གསུམ་དང་བཞི། ། ལྔ་དང་དྲུག་ཏུ་གང་ཚེ་རླུང་། །ཕྱིན་ཅི་ལོག་ཏུ་རྟག་རྒྱུ་ན། །དེ་ཚེ་རྩོད་པ་ཆེན་པོར་འགྱུར། །ཟླ་ཕྱེད་རྟག་ཏུ་ལོག་པར་རྒྱུ། །ནད་ནི་ཆེན་པོ་ཡང་དག་འབྱུང་། །ཟླ་བ་གཅིག་ཏུ་ལོག་པར་རྒྱུ། །སྙིང་སྡུག་གཉེན་ནི་བརླག་ པར་འགྱུར། །ཕྱེད་དང་གཉིས་སུ་ལོག་པར་རྒྱུ། །ཟླ་བ་དྲུག་ན་འཆི་བར་འགྱུར། །ཐུན་མོང་དུས་སུ་ཤེས་པར་བྱ། །གཞན་ཡང་ཁྱད་པར་བཤད་བྱ་སྟེ། །མཉམ་པོ་བདུན་དུ་ཉི་མ་སོང་། །གང་ཚེ་སྐྱེ་བའི་ ཉིན་ཟླ་བ། །དེ་ཚེ་རྒྱས་པ་ཞེས་བྱའི་དུས། །འཆི་བའི་ངེས་པའི་དུས་ཡིན་ནོ། །མི་ནི་ཁྱིམ་གང་ལས་སྐྱེས་པ། །གང་ཞིག་གཞན་ཡང་བདུན་དེའི་ཕྱིར། །དེར་ནི་ཉི་མ་མཉམ་བདུན་སོང་། །མཉམ་པོ་བདུན་ 86-1-151b ཞེས་བྱ་བར་བཤད། །ཉི་མའི་ལམ་ནས་ཐམས་ཅད་དུ། །རླུང་ནི་རྟག་ཏུ་རྒྱུ་བ་དག །རྒྱུན་མི་འཆད་པར་ཡང་དང་ཡང་། །མཁས་པས་དུས་ནི་མཚོན་པར་བྱ། །དུས་ཀྱི་སྐད་ཅིག་གང་ལ་རླུང་། །བགྲོད་པ་གཞན་དུ་འཇུག་འགྱུར་ ན། །དུས་དེའི་སྐད་ཅིག་རྫོགས་པ་ན། །འཆི་འགྱུར་འདི་ལ་ཐེ་ཚོམ་མེད། །ཉི་ཕྱེད་དང་པོར་བྱས་ཏེ་ཉི་མ་རྫོགས་དང་དེ་བཞིན་ཉིན་ཞག་གཅིག་གི་བར། །དེ་ལས་ཞག་གཉིས་ཞག་གསུམ་དང་ནི་དེ་བཞིན་ཞག་ནི་བཞིའི་བར་དག་ཏུ། ། རླུང་ནི་གང་ཞིག་རྩ་ལ་བརྟེན་ཏེ་གཡོན་པ་མིན་པའི་ཉི་མའི་ལམ་ནས་རྒྱུ། །དེ་ལས་ས་དང་ཉི་མ་ཕྱོགས་དང་བཀྲ་ཤིས་དྲུག་བཞི་འདི་དག་ཤེས་པར་བྱ། །ལྔ་ནས་ཉི་ཤུ་རྩ་ལྔར་ཉིན་ཞག་འདི་དག་ལྔ་ལྔར་སྤེལ་བས་བགྲོད་པར་འགྱུར། ། དེ་ལས་རེ་རེས་སྤེལ་བས་བཅུ་ནི་སུམ་འགྱུར་ཇི་སྲིད་གསུམ་གྱིས་ལྷག་པའི་བར། །དེ་ལས་རྒྱས་པའི་དུས་སུ་གསུམ་མིག་ཟླ་བའི་ལོ་དང་དྲུག་གསུམ་ཟུང་ཟླའི་ཟླ། །ལྷག་མ་ཚེས་དང་ཕྱོགས་མདའ་ཡོན་ཏན་ཟུང་དང་ཟླ་བའི་ ཞག་ཏུ་འཚོ་བ་ཡིན། །རེའུ་མིག་སུམ་བཅུ་བདུན་བཅས་པའི། །འཁོར་ལོ་རིམ་གསུམ་བྲིས་ནས་ནི། །ཚེ་དང་སྲོག་གི་རླུང་དག་དང་། །ཉིན་ཞག་མཚན་མ་རིམ་བཞིན་བྲི། །ཞག་ལྔ་ནས་ནི་ཉི་ཤུ་ལྔའི། །བར་བར་གྱི་ནི་ཉིན་ ཞག་ལ། །གྲངས་ནི་བཅུ་དྲུག་མ་བཤད་གང་། །དེ་རྣམས་ཚང་བར་བརྗོད་པར་བྱ། །ཞག་ནི་དྲུག་བདུན་བརྒྱད་དགུ་ཡི། །རིམ་པས་གལ་ཏེ་རླུང་རྒྱུ་ན། །ཡོན་ཏན་ལྡན་ཡང་ཉིན་ཞག་ནི། །ཉེར་བཞིས་མ་ཚང་ལོ་གསུམ་ ནའོ། །དྲག་པོ་ཉི་མ་ཡན་ལག་སའི། །ཞག་ནི་རིམ་པས་རྒྱུ་ན་ནི། །ཡོན་ཏན་ལྡན་པའང་ཉིན་ཞག་ནི། །ཉེར་བཞིས་མ་ཚང་ལོ་གཉིས་ནའོ། །ཞག་ནི་བཅུ་དྲུག་དེ་བཞིན་དུ། །བཅུ་བདུན་དང་ནི་བཅྭ་བརྒྱད་དང་། །བཅུ་དགུ་ ཡི་ནི་རིམ་པ་ཡིས། །རླུང་རྒྱུ་ཡོན་ཏན་ཅན་ཡང་ཞག །བཅུ་གཉིས་གཉིས་འགྱུར་མ་ཚང་བའི། །ལོ་གཅིག་ན་ནི་སྐྱབས་མེད་གང་། །དེ་ནི་གཤིན་རྗེའི་གྲོང་ཁྱེར་དུ། །ཐེ་ཚོམ་མེད་པར་འགྲོ་བར་འགྱུར། །ཉི་མ་ཉི་ཤུ་ 86-1-152a གཅིག་གཉིས་གསུམ། །ཉེར་བཞིའི་རིམ་པས་རླུང་རྒྱུ་ན། །ཡོན་ཏན་ལྡན་པའང་ཞག་དྲུག་ནི། །མ་ཚང་ཟླ་བ་དྲུག་ན་འཆི། །རེའུ་མིག་སུམ་བཅུ་གཉིས་ལྡན་པའི། །རིམ་གཉིས་འཁོར་ལོ་བྲིས་ནས་ནི། ། དེར་ནི་ཚེ་དང་ཡན་ལག་རླུང་། །གྲངས་ཀྱི་མཚན་མ་རིམ་བཞིན་བྲི། །འཆི་བའི་རྟགས་ནི་འདི་དག་ཀུན། །རྣམ་པ་ཐམས་ཅད་ཤེས་བྱས་ནས། །བློ་ལྡན་འཆི་བ་བླུ་བ་ཡིས། །གལ་ཏེ་བརྟེན་པའི་གོ་འཕང་འདོད། །རྩ་ནི་ཡང་དག་སྦྱང་ བྱས་པས། །དེ་སྲིད་རླུང་ནི་སྦྱངས་འགྱུར་ཏེ། །སོ་སོའི་རིམ་བཞིན་རྣལ་འབྱོར་པས། །ཡང་དང་ཡང་དུ་མནན་པར་བྱ། །གཡོན་པའི་བུ་གར་བཅུག་ནས་ནི། །རྩ་ནི་བསྡམས་ནས་མནན་བྱ་ཞིང་། །དེ་བཞིན་དུ་ནི་གཡས་པར་རླུང་། ། བཀུག་སྟེ་དལ་བུས་མནན་པར་བྱེ། །སེམས་ཅན་རྣམས་ཀྱི་ཞག་གཅིག་ལ། །རྒྱུ་བའི་དབུགས་ཀྱི་གྲངས་ཀྱི་ཚུལ། །བརྒྱ་ཕྲག་དྲུག་གིས་ལྷག་པ་ཡི། །སྟོང་ཕྲག་ཉི་ཤུ་རྩ་གཅིག་གོ། །དབང་ཆེན་གྱིས་ནི་རྒྱལ་སྲིད་དེ། །ཆུས་ ནི་དོན་རྣམས་ཡང་དག་འབྱུང་། །མེ་ཡི་རླུང་ནི་རྣམ་རྒྱུ་བས། །བཀྲེས་སྐོམ་དུག་དང་སྡུག་བསྔལ་ནད། །བྱ་བ་ཐམས་ཅད་ཉམས་འགྱུར་ཞེས། །རྡོ་རྗེ་འཛིན་པ་མཆོག་གིས་གསུངས། །རླུང་གིས་རྩོད་དང་སྐྱོ་དང་རྨོངས། ། ནོར་ཉམས་ཉོན་ནི་མོངས་པར་བྱེད། །དབང་ཆེན་ནོར་དང་འབྲུ་ལ་སོགས། །རྙེད་པ་ཐོབ་དང་སྡུད་བྱེད་པའོ། །ཆུ་ཡི་རླུང་ནི་རྣམ་རྒྱུ་བས། །འདོད་པའི་དངོས་གྲུབ་ཀུན་བྱེད་པས། །དེ་ཡི་སྦྱོར་བ་མཆོག་གཙོ་བོར། །རྡོ་རྗེ་ སེམས་དཔས་གང་གསུངས་པའོ། །རླུང་ནི་བཅོམ་ལྡན་ཧེ་རུ་ཀའི། །རང་བཞིན་ཉིད་དེ་གསུམ་དུ་འགྱུར། །གཡོན་པ་ཤེས་རབ་རང་བཞིན་ཏེ། །གཡས་པ་སྙིང་རྗེའི་བདག་ཉིད་དོ། །གཉིས་པོ་མི་ཕྱེད་སྦྱོར་བ་ཡང་། ། གཉི་ག་ནས་ནི་རྣམ་པར་རྒྱུ། །དེ་བས་དེ་ཉིད་རིག་པས་དེར། །དགེ་མི་དགེ་སོགས་ཤེས་པར་བྱ། །དུག་སོགས་གཞོམ་དང་ལྷག་མ་ནི། །བཀྲ་ཤིས་དཔལ་ནི་བསྐྱེད་པ་ལ། །ཤེས་རབ་བདག་ཉིད་རབ་ཏུ་བསྔགས། ། 86-1-152b རྟག་ཏུ་དཔལ་ལྡན་སྙིང་རྗེའི་སྟོབས། །གཡུལ་བཤམ་རོལ་རྩེད་སྟོན་མོ་དང་། །གཅད་པ་དང་ནི་དབུག་པ་དང་། །བསྲེག་དང་བཙོ་བའི་ལས་ལ་ནི། །སྙིང་རྗེའི་བདག་ཉིད་རབ་ཏུ་བསྔགས། །གཞན་ཡང་གཉིས་བདག་རྡོ་རྗེ་ཅན། ། ཐེ་ཙོམ་འགྱུར་བར་ཤེས་བྱ་སྟེ། །དགེ་དང་མི་དགེ་ངེས་མེད་པར། །རླུང་རིག་པས་ནི་འདིར་མཚོན་བྱ། །མགོན་པོ་ཇི་སྟེ་ཨཱ་ལིར་རྒྱུ། །འགའ་ཞིག་ཀཱ་ལིར་གནས་འདྲི་འམ། །ཀཱ་ལིའི་རྒྱུ་ལ་ཨཱ་ལིར་གནས། ། དེ་ཡི་འདོད་དོན་ཉམས་པར་འགྱུར། །གང་ནས་མགོན་པོ་དེ་རྒྱུ་བ། །དེར་གནས་འགའ་ཞིག་འདྲི་བྱེད་ན། །དེ་ཡི་དོན་ཀུན་ཡང་དག་འགྲུབ། །གཉི་ཀར་གནས་ལས་ཐེ་ཚོམ་འགྱུར། །རླུང་གི་བདག་ཉིད་ཀྱིས་ མགོན་པོའི། །སྐུ་གསུམ་པོར་ཡང་ཤེས་པར་བྱ། །འཇུག་པ་ཆོས་ཀྱི་སྐུ་ཡིན་ཏེ། །གནས་པ་ལོངས་སྤྱོད་རྫོགས་པའི་སྐུ། །འབྱུང་བ་སྤྲུལ་པའི་སྐུ་ཞེས་བཤད། །འདི་དག་སྐུ་ནི་གསུམ་པོར་བཞད། །འདྲི་ བ་པོའམ་རང་གིའང་རུང་། །ཆོས་སྐུས་ཐམས་ཅད་དགེ་བ་སྟེ། །ལོངས་སྤྱོད་རྫོགས་པས་ཐེ་ཚོམ་འགྱུར། །སྤྲུལ་པས་འཐབ་མོར་སྟོན་པའོ། །རྣལ་འབྱོར་པ་ཡི་སྲོག་རྩོལ་ནི། །སངས་རྒྱས་ལྔ་ཡི་ངོ་བོར་གནས། ། གཡོན་དང་གཡས་ཀྱི་གནས་གང་ན། །རིམ་པ་ཇི་བཞིན་རྣམ་པར་རྒྱུ། །གཡས་ནས་རྣམ་པར་རྒྱུ་བའི་འོད། །མེ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །ནགས་ཀྱི་མེ་ཏོག་ལྟ་བུའི་མདོག །དེ་ནི་འོད་དཔག་མེད་པའི་ལྷ། ། གཡོན་ནས་རྣམ་པར་རྒྱུ་བའི་འོད། །རྟག་ཏུ་རླུང་གི་དཀྱིལ་འཁོར་ཏེ། །ཁ་དོག་ལྗང་གུ་ལྟར་སྣང་བ། །ལྷ་ནི་དོན་ཡོད་མཆོག་ཡིན་ནོ། །གཉི་ག་ནས་ནི་རྒྱུ་བའི་འོད། །གསེར་གྱི་འོད་ལྟར་སྣང་བ་སྟེ། །དབང་ཆེན་ དཀྱིལ་འཁོར་གྱི་ནི་རླུང་། །རྟག་ཏུ་རིན་ཆེན་འབྱུང་ལྡན་རྒྱུ། །འོག་ནས་དལ་བར་རབ་རྒྱུ་བ། །ཀུན་ད་ཟླ་བ་ལྟ་བུར་དཀར། །ཆུ་ཡི་དཀྱིལ་འཁོར་རྒྱུ་བ་སྟེ། །འོད་ཆེན་རྡོ་རྗེ་མགོན་པོའོ། །ལུས་ཀུན་ལ་ནི་རྗེས་འགྲོའི་ 86-1-153a རླུང་། །སེམས་ཀུན་རབ་ཏུ་འཇུག་བྱེད་པ། །མགོན་པོ་རྣམ་པར་སྣང་མཛད་ནི། །འབྱུང་བར་རབ་ཏུ་གྲགས་པ་ཡིན། །རྣལ་འབྱོར་མ་ནི་མཉམ་གཞག་པས། །འཇུག་པའི་རླུང་ནི་བགྲང་བར་ བྱ། །ཇི་སྲིད་འབུམ་ལ་སོགས་པའི་གྲངས། །སྒྲ་དང་བྲལ་བར་རྟག་ཏུ་བཟླ། །སྒྲུབ་པོས་སྒྲ་དང་བྲལ་བར་ནི། །འབུམ་བཟླས་ཡོངས་སུ་རྫོགས་པ་ན། །ཚེ་ཉམས་པ་ཡང་ལོ་ལྔ་རུ། །འཚོ་བར་འདིར་ནི་ཐེ་ཚོམ་མེད། ། རྟག་ཏུ་ནང་པར་ལངས་ནས་རླུང་། །སྟོང་ཕྲག་གཅིག་ཏུ་བགྲང་བྱ་སྟེ། །དེ་བས་རླུང་གི་རྣལ་འབྱོར་ལ། །རྟག་ཏུ་མཉམ་གཞག་གནས་པར་བྱ། །ཡང་ན་བུམ་པའི་རྣལ་འབྱོར་གྱིས། །རྟག་ཏུ་འཆི་བདག་ལས་ རྒྱལ་བྱ། །བདག་ཉིད་རིག་པས་རྐྱང་མཐིལ་བར། །ཀུན་ཏུ་རླུང་གིས་དགང་བྱ་སྟེ། །བུམ་པ་ཅན་ལ་བརྟན་བྱས་ནས། །དབྱེ་བ་གསུམ་གྱིས་གཞོམ་པར་བཤད། །ཐ་མ་སུམ་བཅུ་རྩ་དྲུག་ཙམ། །དེ་ཡི་ཉིས་འགྱུར་ འབྲིང་དེ་བཞིན། །སུམ་འགྱུར་ཆེན་པོར་ཤེས་བྱ་སྟེ། །བུམ་པ་ཅན་དེས་རྒྱལ་བར་བྱ། །བུམ་པ་ཅན་སྔར་ཤེས་བྱས་ནས། །བདག་ཉིད་སྐྱིལ་མོ་དཀྲུང་བཅས་ཏེ། །ལག་པ་ལན་གསུམ་མཉེས་ནས་ནི། །དེ་ནས་ ལན་དྲུག་སེ་གོལ་བརྡབ། །ཇི་སྲིད་སུམ་བཅུ་རྩ་དྲུག་བར། །དེ་སྲིད་བུམ་པ་ཅན་གྱིས་བྱ། །སུམ་འགྱུར་ཆེན་པོས་གཞོམ་པ་ནི། །བརྒྱ་ལས་རྩ་བརྒྱད་ལྷག་པས་སོ། །བརྟན་པའི་གོ་འཕང་འདོད་པས་ནི། ། བརྩོན་པས་དེ་ཉིད་ཀྱིས་རྒྱལ་བྱ། །བུམ་པའི་སྦྱོར་བས་རྒྱལ་བས་ན། །འཆི་བདག་ལས་ནི་རིང་དུ་འཇུག །བུམ་པ་ཅན་ནི་ཤེས་བྱས་ནས། །འགོག་ལ་བརྟན་པར་གནས་པ་ན། །དེ་ལ་བསྐལ་པ་སྟོང་དུ་ཡང་། ། འཆི་བདག་ཉེ་བར་འོང་མི་འགྱུར། །སྙིང་གི་ཆུ་སྐྱེས་དབུས་སོན་རླུང་། །ཧཱུྃ་ཡིག་དཀར་པོའི་རྣམ་པར་ནི། །གང་གིས་མཉམ་པར་གཞག་བསམས་ན། །དེ་ལ་ཡུལ་སོགས་དམིགས་མི་འགྱུར། །རླུང་གིས་ 86-1-153b འཁོར་བའི་སྟེང་དུ་འགྲོ། །མྱ་ངན་འདས་པའི་འོག་ཏུ་བགྲོད། །སྙིང་ཀ་ཡི་ནི་ཆུ་སྐྱེས་ལ། །མི་གནས་མྱ་ངན་འདས་པར་གནས། །སྟེང་དང་འོག་ཏུ་རྒྱུ་བའི་རླུང་། །ཁ་སྦྱར་དུ་ནི་ཡིད་ཀྱིས་བྱས། །དེ་ཡི་སྦྱོར་བས་ གོམས་བྱེད་ན། །དེས་ནི་བརྟན་པའི་གོ་འཕང་ཐོབ། །རླུང་གི་རྣལ་འབྱོར་མི་ཤེས་པའམ། །གང་ཞིག་ཤེས་ཀྱང་མི་བྱེད་པ། །དེ་ནི་འཁོར་བའི་སྡུག་བསྔལ་ཚོགས། །དུ་མས་གཙེས་པའི་སྲིན་བུར་འགྱུར། ། གང་ཞིག་འགྲོ་དང་འོང་བའི་རླུང་། །བློ་དང་ལྡན་པས་བརྟག་བྱ་སྟེ། །རླུང་གིས་ཐམས་ཅད་བྱིན་གྱིས་བརློབས། །རླུང་ནི་ཀུན་ཏུ་འགྲོ་འགྱུར་བའོ། །འདི་ནི་ཟླ་བ་དང་ཉི་མའི་མན་ངག་གི་རིམ་པར་ཕྱེ་ བ་སྟེ་ལྔ་པའོ།། །། དེ་ནས་ལམ་ལྔ་བཟང་པོ་མཆོག །རྣམ་པར་ངེས་པར་རབ་བཤད་བྱ། །བདག་གཞན་དོན་ནི་ཕུན་ཚོགས་པའི། །སྒྲུབ་པོས་དགེ་དང་མི་དགེ་བརྟག །མེ་དང་རླུང་ནི་ཉིད་དག་དང་། ། དེ་བཞིན་དབང་ཆེན་དང་ནི་ཆུའི། །དཀྱིལ་འཁོར་ཡང་དག་རྒྱུ་བ་ལས། །ཞི་དང་རྒྱས་དང་དབང་དང་དགུག །དེ་བཞིན་བསད་དང་བསྐྲད་པ་ཡི། །མཚན་ཉིད་མཁས་པས་བརྟག་པར་བྱ། །དེ་ཡི་སྦྱོར་བ་མི་ཤེས་པ། ། དེ་ནི་ངལ་བ་དོན་མེད་འགྱུར། །མེས་ནི་འཆི་བར་འགྱུར་བ་སྟེ། །རླུང་གིས་ནོར་རྣམས་ཉམས་པར་འགྱུར། །དབང་ཆེན་གྱིས་ནི་རྒྱལ་སྲིད་འགྱུར། །ཆུས་ནི་ནོར་དང་འབྲུ་རྣམས་སྟེར། །གཡས་པ་ནས་ནི་རྒྱུ་ བའི་ཁམས། །བྱིན་ཟའི་དཀྱིལ་འཁོར་ཉིད་ཡིན་ཏེ། །ཁ་དོག་དམར་ཞིང་གསལ་བ་ནི། །པད་མའི་མགོན་པོའི་འབྱུང་བའོ། །གཡོན་པ་ནས་ནི་རྒྱུ་བའི་ཁམས། །རླུང་གི་དཀྱིལ་འཁོར་ཉིད་ཡིན་ཏེ། ། ཁ་དོག་ལྗང་ཞིང་གསལ་བ་ནི། །ལས་ཀྱི་མགོན་པོའི་འབྱུང་བའོ། །གཉི་ག་ནས་ནི་རྒྱུ་བའི་ཁམས། །གསེར་གྱི་མདོག་ལྟར་གསལ་བ་ནི། །དབང་ཆེན་དཀྱིལ་འཁོར་ཉིད་ཡིན་ཏེ། །རིན་ཆེན་མགོན་པོའི་རྒྱུ་ 86-1-154a བའོ། །དལ་ཞིང་རྒྱུ་བ་མེད་པའི་ཁམས། །ཆུ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །དག་པའི་ཤེལ་ལྟར་སྣང་བ་ནི། །རྡོ་རྗེ་མགོན་པོའི་རྒྱུ་བའོ། །ཁམས་རྣམས་ཀུན་ནི་ཡང་དག་བསྡུས། །རྟེན་དང་བརྟེན་ པའང་ཡང་དག་འཛིན། །རྣམ་སྣང་མཛད་ནི་རླུང་ཆེན་ཏེ། །འཆི་བའི་ལུས་ལས་རྣམ་པར་རྒྱུ། །རླུང་གི་དེ་ཉིད་མི་ཤེས་པར། །ལས་དང་ལས་མིན་མི་འགྲུབ་སྟེ། །རླུང་ནི་ཐམས་ཅད་བགྲོད་འགྱུར་བས། ། རྟོག་གེ་པ་ཡིས་མི་ཤེས་སོ། །རླུང་གི་དེ་ཉིད་སྔོན་འགྲོ་བས། །སྔགས་ཀྱི་དེ་ཉིད་བསྒྲུབ་པར་བྱ། །སེམས་ཅན་རྣམས་ཀྱི་སྲོག་གྱུར་པ། །རླུང་ཞེས་བྱ་བ་ལས་ཀུན་བྱེད། །འདི་ནི་རྣམ་ཤེས་བཞོན་པ་སྟེ། ། སངས་རྒྱས་གོ་འཕང་འཐོབ་བྱེད་པ། །རྒྱུད་རྣམས་ཀུན་གྱི་གསང་བ་སྟེ། །བྱང་ཆུབ་རྒྱུ་ཡི་ཐབས་ཡིན་ནོ། །འདི་ནི་ལམ་ལྔ་ངེས་པར་བསྟན་པའི་རིམ་པར་ཕྱེ་བ་སྟེ་དྲུག་པའོ།། །། དེ་ནས་རྩ་ཡི་འཁོར་ལོ་ནི། །རིམ་པ་བཞིན་དུ་རབ་བཤད་བྱ། །ལུས་ཀྱི་རྗེས་སུ་འགྲོ་བའི་རྩ། །སྟོང་ཕྲག་བདུན་བཅུ་རྩ་གཉིས་འགྱུར། །རྩ་རྣམས་དང་ནི་ཉེ་བའི་རྩ། །དེ་དག་གནས་ལ་བརྟེན་པ་སྟེ། ། བརྒྱ་ལས་ཉི་ཤུ་ལྷག་པའི་རྩ། །གཙོ་བོ་ཞེས་ནི་བྱ་བར་བརྗོད། །རྩ་ཡི་གནས་དང་ཡུལ་རྣམས་ནི། །ཉི་ཤུ་རྩ་བཞིའི་གྲངས་ཡིན་ཏེ། །དེ་རྣམས་དབུས་ཀྱི་རྩ་གསུམ་གང་། །ཐམས་ཅད་ཁྱབ་ཅིང་རྟེན་པའོ། ། མགོར་ནི་པུལླཱི་ར་ཡིན་ཏེ། །སོ་དང་སེན་མོ་འབབ་པས་གནས། །སྤྱི་གཙུག་ཛཱ་ལན་དྷ་ར་སྟེ། །སྐྲ་དང་སྤུ་ནི་འབབ་པར་གནས། །ཨོ་ཌྱིན་རྣ་བ་གཡས་པའི་རྩ། །ལྤགས་པ་དང་ནི་དྲི་མ་འབབ། །མགོ་རྒྱབ་ ཨར་བུ་ད་ཡིན་ཏེ། །ཤ་ནི་ཡང་དག་འབབ་པའི་རྩ། །གོ་ཏ་བ་རི་རྣ་བ་གཡོན། །རྒྱུས་པ་ཡང་དག་འབབ་པའི་རྩ། །སྨིན་དབུས་ར་མེ་ཤྭ་རི་སྟེ། །རྟག་ཏུ་རུས་པ་འབབ་པའོ། །མིག་ནི་དེ་བི་ཀོ་ཊིར་གནས། ། 86-1-154b མཆིན་པ་འབབ་པའི་རྩ་ཡིན་ནོ། །མ་ལ་བ་ནི་དཔུང་པ་གཉིས། །སྙིང་ལ་འབབ་པའི་རྩ་གནས་སོ། །མཆན་ཁུང་ཀཱ་མ་རཱུ་པ་སྟེ། །རྟག་ཏུ་མིག་ནི་འབབ་པའོ། །ནུ་མ་གཉིས་ནི་ཨོ་ཏྲི་སྟེ། །རྟག་ཏུ་མཁྲིས་པ་འབབ་པའི་ རྩ། །ཏྲི་ཤ་ཀུ་ནི་ལྟེ་བ་སྟེ། །རྩ་ནི་གློ་བ་འབབ་པས་གནས། །སྣ་རྩེ་ཀོ་ས་ལ་ཡིན་ཏེ། །རྒྱུ་མའི་ཕྲེང་བ་འབབ་པས་གནས། །ཁ་ནི་ཀ་ལིང་ཀ་ཡིན་ཏེ། །རྟག་ཏུ་གཉེ་མ་འབབ་པས་གནས། །མགྲིན་པ་ལམ་པ་ཀ་ཡིན་ ཏེ། །རྟག་ཏུ་ལྟོ་བ་འབབ་པའི་རྩ། །ཀན་ཙི་སྙིང་གའི་གནས་ཡིན་ཏེ། །བཤང་བ་འབབ་པའི་རྩ་ཡིན་ནོ། །མདོམས་བར་ཧི་མ་ལ་ཡ་སྟེ། །མཚོགས་མའི་མཚམས་ནི་འབབ་པའི་རྩ། །པྲེ་ཏ་བུ་རི་མཚན་མ་སྟེ། ། བད་ཀན་འབབ་པའི་རྩ་ཡིན་ནོ། །གྲི་ཧ་དེ་བ་ཏ་བཤང་ལམ་སྟེ། །རྟག་ཏུ་རྣག་ནི་འབབ་པའོ། །བརླ་གཉིས་སཽ་རཥྚ་ཡིན་ཏེ། །རྟག་ཏུ་ཁྲག་ནི་འབབ་པའོ། །བྱིན་པ་གཉིས་ནི་གསེར་གླིང་གནས། །རྡུལ་འབབ་པ་ ཡི་རྩ་ཡིན་ནོ། །རྐང་པའི་སོར་མོ་ན་ག་ར། །རྟག་ཏུ་ཚིལ་འབབ་རྩར་ཤེས་བྱ། །རྐང་པའི་བོལ་ནི་སིན་དྷུ་སྟེ། །མཆི་མ་འབབ་པའི་གཟུགས་ཅན་མ། །མ་རུ་དེ་ཤེ་མཐེ་བོ་སྟེ། །རྟག་ཏུ་མཆིལ་མ་འབབ་པས་ གནས། །ཀུ་ལུ་ཏ་ནི་པུས་མོ་སྟེ། །རྟག་ཏུ་སྣ་ཆུ་འབབ་པས་གནས། །དེ་དག་དབུས་ན་གནས་པའི་རྩ། །ལ་ལ་ནཱར་ནི་གཅི་བ་འབབ། །གཡས་སུ་ཁྲག་ནི་འབབ་པའི་རྩ། །ར་ས་ནཱ་ཞེས་གྲགས་པ་ཡིན། ། དབུས་ཀྱི་ཆར་ནི་ཡང་དག་འཇུག །སྙིང་གའི་ཆུ་སྐྱེས་དབུས་སོན་པ། །ཆུ་ཤིང་སྙེ་མའི་མེ་ཏོག་བཞིན། །འཕྱང་བ་ཁ་ནི་ཐུར་དུ་བལྟས། །ཏིལ་གྱི་མར་མེ་ལྟར་འབར་ཞིང་། །བྱང་ཆུབ་སེམས་ནི་མཉམ་འབབ་ དེ། །ཨ་བ་དྷཱུ་ཏཱིར་ཤེས་བྱ་སྟེ། །ལྷན་ཅིག་སྐྱེས་པ་སྟེར་བྱེད་པའོ། །ལ་ལ་ན་ལ་སོགས་པའི་རྩ། །རྩ་རྣམས་ཀུན་གྱི་གཙོ་བོ་སྟེ། །དེ་བས་འདིར་ནི་གཞན་བསྟེན་པ། །གང་གཱ་སིན་དྷུར་གཞན་འཇུག་བཞིན། ། 86-1-155a གཅིག་གྱུར་ཁ་ཁ་མུ་ཁ་སྟེ། །དེ་ཉིད་སྐྱེ་གནས་གཞན་མ་ཡིན། །ལོངས་སྤྱོད་རྫོགས་སྐུའི་རང་བཞིན་གྱིས། །ལུས་ལ་བརྟེན་པར་ཤེས་པར་བྱ། །བུད་མེད་རྣམས་ལའང་གཙོ་བོ་གསུམ། །ལ་ལ་ནཱ་ སོགས་རྩ་རྣམས་ཡིན། །ཤེས་རབ་རང་བཞིན་ལ་ལ་ནཱ། །ར་ས་ནཱ་ནི་ཐབས་སུ་གནས། །དབུས་ནས་ཨ་བ་དྷཱུ་ཏཱི་ནི། །གཟུང་དང་འཛིན་པ་རྣམ་སྤངས་པའོ། །ལོངས་སྤྱོད་རྫོགས་སྐུ་ལ་ལ་ནཱ། །ར་ས་ནཱ་ནི་སྤྲུལ་པའི་སྐུ། ། ཨ་བ་དྷཱུ་ཏཱི་ཆོས་སྐུ་སྟེ། །སྐུ་གསུམ་པོར་ནི་བཤད་པ་ཡིན། །རྩ་རྣམས་དེ་དག་ཐམས་ཅད་ནི། །ལུས་ནི་དགེ་བར་བྱེད་པ་སྟེ། །དེ་ཡི་ཚོགས་ལས་ཡང་དག་བྱུང་། །གོང་བུ་ལྷ་ཡི་བདག་ཉིད་དོ། །གཟུགས་ལས་འདས་ པ་གོང་བུར་འགྱུར། །གོང་བུ་ལས་འདས་ལྷ་ཉིད་དེ། །དེ་ཕྱིར་བསམ་མི་ཁྱབ་སྦྱོར་བས། །དེ་བཞིན་ཉིད་བདག་ཀུན་ཏུ་འགྲོ། །སྒྲུབ་པོས་ཆོ་ག་གང་གང་གིས། །གོང་བུ་ལས་འདས་གོ་འཕང་གནས། །དེས་ནི་དེ་ཡི་བདག་ ཉིད་དུ། །གྱུར་པས་སངས་རྒྱས་ཉིད་ཐོབ་འགྱུར། །འདི་ནི་རྩའི་འཁོར་ལོའི་ཐབས་རིམ་པར་ཕྱེ་བ་སྟེ་བདུན་པའོ།། །། དེ་ནས་གང་ཞིག་ཤེས་ཙམ་གྱིས། །མྱུར་དུ་དངོས་གྲུབ་འགྱུར་བ་ཡི། །དམ་ ཚིག་རྣམས་ཀྱང་རིམ་པ་བཞིན། །ཡང་དག་པར་ནི་བཤད་པར་བྱ། །རང་གི་ཁྱིམ་མམ་གསང་བའི་གནས། །དབེན་ཞིང་ཡིད་ནི་དགའ་བ་དང་། །རི་བོ་ཚང་ཚིང་རི་སུལ་དང་། །རྒྱ་མཚོ་ཆེན་པོའི་འགྲམ་དང་ནི། །མ་མོའི་ ཁྱིམ་དང་དུར་ཁྲོད་དམ། །ཆུ་བོ་འདུས་པའི་དབུས་སུ་ནི། །བླ་མེད་འབྲས་བུ་འདོད་པ་ཡིས། །དཀྱིལ་འཁོར་ཡང་དག་བྲི་བར་བྱ། །ཡོན་བདག་དད་པ་ཆེན་པོ་ཡིས། །ཞིང་སྐྱེས་གནས་སྐྱེས་སྔགས་སྐྱེས་མའི། ། རྣལ་འབྱོར་མ་དང་རྣལ་འབྱོར་པ། །སློབ་དཔོན་ལྷ་ཀུན་སྤྱན་དྲང་བྱ། །ཁྱིམ་པ་འམ་ནི་དགེ་ཚུལ་ལམ། །དེ་བཞིན་དགེ་སློང་སློབ་དཔོན་ཏེ། །སློབ་དཔོན་ཁ་ཅིག་འཇིག་རྟེན་པ། །བསྟན་ལ་གནས་པའི་དགེ་སློང་ངམ། ། 86-1-155b ཁ་ཅིག་ཡོན་ཏན་ལྡན་པའམ། །དེ་བཞིན་མངོན་ཤེས་ཐོབ་པའང་རུང་། །འདི་རྣམས་ནང་ན་ཡོན་བདག་ནི། །གང་ལ་དད་པས་གཙོ་མཆོག་བྱ། །སློབ་དཔོན་སྔོན་དུ་འགྲོ་བ་ཡིས། །དཀྱིལ་འཁོར་དགེ་བ་བྲི་བྱས་ཏེ། ། སློབ་དཔོན་དབང་བསྐུར་ཡོན་ཏན་ལྡན། འཇིག་རྟེན་རྣམས་ཀྱིས་མ་སྨད་ཅིང་། །མི་དགེ་བཅུ་ཡོངས་སྤངས་པ་ནི། །ཚོགས་ཀྱི་འཁོར་ལོའི་གཙོ་བོར་བྱ། །རྟག་ཏུ་ཡོན་བདག་བློ་ལྡན་གྱིས། །སྙིང་རྗེ་མེད་ཅིང་ཁྲོ་དང་གདུག ། ཁེངས་དང་བརྐམ་ཆགས་བདག་ཉིད་བསྟོད། །མཉམ་པར་མ་གཞག་གིས་མི་བྱ། །གང་ཞིག་ཁྱིམ་གནས་ལོངས་སྤྱོད་བསྟེན། །གཤོལ་འཛུགས་དང་ནི་ཚོང་པ་དང་། །རྨོངས་པས་དམ་ཆོས་འཚོང་བ་ནི། །ཚོགས་ཀྱི་འཁོར་ ལོའི་གཙོ་བོར་མིན། །འདི་ལྟར་ཡོན་ཏན་ཀུན་ལྡན་ཞིང་། །ཐམས་ཅད་མཁྱེན་པའི་རྒྱལ་མཚན་འཛིན། །དུལ་ཞིང་བརྩོན་འགྲུས་ཡང་དག་ལྡན། །སྲེད་པ་མེད་ཅིང་ང་རྒྱལ་མེད། །རྟག་ཏུ་སེམས་ཅན་བསྟེན་པར་ནི། ། ལྟོས་བཅས་རྒྱན་གྱིས་བརྒྱན་པ་དང་། །ཐོད་པའི་རྒྱན་ལ་དགའ་བ་དང་། །རྡོ་རྗེ་དྲིལ་བུ་མཉམ་ལྡན་པའི། །མཁས་པས་གཡོན་གྱི་ཕྱོགས་སུ་ནི། །གཡོན་པའང་རབ་ཏུ་གཞག་པར་བྱ། །འདི་ལྟར་ཡོན་ཏན་ལྡན་ སློབ་དཔོན། །ལས་རྣམས་ཀུན་ལ་རབ་ཏུ་བསྔགས། །རིམ་པ་ཇི་བཞིན་སློབ་དཔོན་དང་། །ལྷ་རྣམས་སྤྱན་དྲང་བྱོན་པ་ལ། །ཇི་ལྟར་རྙེད་པའི་དྲི་ཆུ་ཡིས། །ཞབས་བཀྲུ་བས་ནི་གཙང་བྱས་ནས། །ས་ཡོངས་བརྟག་པའི་གནས་ སུ་ནི། །སློབ་དཔོན་སྔོན་དུ་འགྲོ་བ་ཡིས། །རྒན་དང་གཞོན་པའི་དབྱེ་བ་བཞིན། །ཞུགས་ནས་གདན་ལ་གནས་པར་བྱ། །སྐལ་བ་མེད་དང་ང་རྒྱལ་ཅན། །དེ་བཞིན་བླ་མ་སྨོད་པ་དང་། །དམ་ཚིག་མ་མཐོང་ རང་གི་བུ། །དེ་བཞིན་སྐྱེས་པ་བུད་མེད་རྣམས། །སྒྲུབ་པོ་དངོས་གྲུབ་འདོད་པ་ཡིས། །དམ་ཚིག་དེར་ནི་གཞུག་མི་བྱ། །གལ་ཏེ་ཕྱུགས་ནི་དེ་རྣམས་ཞུགས། །དངོས་གྲུབ་རིང་དུ་འཇུག་པར་འགྱུར། །དམ་ཚིག་ 86-1-156a སྨད་པས་ལུས་སེམས་ནི། །སྡུག་བསྔལ་དེ་བཞིན་གནས་ཉམས་དང་། །དཔལ་ལས་རིང་ཞིང་སྣ་ཚོགས་པའི། །སྡུག་བསྔལ་གྱིས་ནི་ཉེར་འཚེར་འགྱུར། །དེ་ལྟར་ཤེས་ནས་སྤང་བྱ་སྟེ། ། མཆོད་པའི་སྤྱོད་ཡུལ་ཅན་རྣམས་བསྡུ། །རྒན་དང་གཞོན་པའི་རིམ་བཞིན་དུ། །མེ་ཏོག་བདུག་པ་མར་མེ་དང་། །ཙན་དན་དྲིས་ནི་ཁྱད་པར་དུ། །བློ་དང་ལྡན་པས་རྟག་མཆོད་བྱ། །གདུགས་དང་རྒྱལ་མཚན་གྱིས་ བརྒྱན་པའི། །གཏོར་མ་སློབ་དཔོན་གྱིས་རབ་བརྟག །ལྷ་ནི་བསྙེན་ཕྱིར་མཆོད་བྱ་ཞིང་། །ཡོན་བདག་ཡིད་ལ་འདོད་པ་ཡི། །གང་ཞིག་ཞི་དང་རྒྱས་པའི་ལས། །དངོས་གྲུབ་དོན་དུ་དྲིས་ནས་ནི། །གང་གང་མངོན་ བར་འདོད་པ་ཡི། །ལས་དེ་བྱིན་གྱིས་བརླབ་པར་བྱ། །སྦྲང་ཆང་བུར་ཆང་ཁུར་བའི་ཆང་། །ཇི་ལྟར་རྙེད་པ་དབུལ་བར་བྱ། །གཙང་ཞིང་དུལ་དང་དཔའ་བའི་སེམས། །སྲེད་དང་གཏི་མུག་རྣམ་པར་སྤངས། །ཐམས་ ཅད་མཚུངས་པར་ལྟ་བ་ནི། །ལས་ཀྱི་རྡོ་རྗེར་རབ་ཏུ་བརྟག །བཟའ་དང་བཅའ་དང་དེ་བཞིན་བཏུང་། །སོ་རྩི་དང་ནི་ཡོན་དེ་བཞིན། །དཀྱིལ་འཁོར་གྱི་ནི་མདུན་ཉིད་དུ། །ཡོན་བདག་གིས་ནི་དབུལ་བྱ་ཞིང་། ། ཕྱི་ནམ་ལས་ཀྱི་རྡོ་རྗེ་ནི། །མཁས་པས་རྫས་རྣམས་ཡོངས་སུ་སྤྱད། །ཐོག་མར་ལྕགས་ཀྱུ་མཉམ་ལྡན་པའི། །དམ་ཚིག་ཡོངས་སུ་སྤྱད་པར་བྱ། །དེ་ནས་ཐམས་ཅད་ཡོངས་རྫོགས་པར། །སློབ་དཔོན་ གྱིས་ནི་བྱིན་གྱིས་བརླབ། །གནས་དང་ཉེ་གནས་ཞིང་དང་ནི། །འདུས་དང་དུར་ཁྲོད་གནས་པའོ། །དཔའ་མོའི་དབང་ཕྱུག་མ་ཀུན་ལ། །བདག་ནི་གུས་པས་ཕྱག་འཚལ་ལོ། །ལྷ་མོ་རྣམས་ཀྱི་ཚད་མ་དམ་ཚིག་ ཚད་མ་དང་། །དེས་བཤད་གསུང་ནི་མཆོག་ཏུ་ཚད་མར་གྱུར་པ་སྟེ། །བདེན་པར་གྱུར་པ་དེས་ན་ལྷ་མོ་རྣམས་ཀྱིས་འདིར། །བདག་ནི་རྗེས་སུ་གཟུང་བའི་རྒྱུར་ནི་འགྱུར་བར་ཤོག །གཞན་ཡང་དཀྱིལ་འཁོར་ 86-1-156b མདུན་དུ་ནི། །སྙིང་གར་ཐལ་མོ་རབ་སྦྱར་ཏེ། །ཡོན་བདག་གིས་ཀྱང་སྨོན་ལམ་ནི། །ཡོངས་སུ་བསྔོ་བ་ཉིད་དུ་བྱ། །སྲིད་དང་ཞི་བ་མཉམ་བར་ཆགས་པ་བཅོམ་ཞིང་ཡང་དག་རྟོག་པ་འཛོམས། །ཁྱེད་ཀྱི་དངོས་པོ་ཐམས་ཅད་ མཁའ་དང་མཉམ་པའི་བདག་ཉིད་གཟིགས་པར་ལྡན། །མགོན་པོ་ཐུགས་རྗེ་ཆུ་ཡི་ལྗིད་ཀྱིས་བརླན་པར་གྱུར་པའི་ཐུགས་ཀྱི་ཆུས། །བདག་ལ་མཛོད་ཅིག་ལྷ་མོ་རྣམས་ཀྱིས་ཤིན་དུ་རྗེས་བརྩེར་མཛད་དུ་གསོལ། །རྣལ་འབྱོར་ བདུད་རྩི་རོ་གཅིག་གསོལ་བས་ཐུགས་ནི་རྣམ་པར་དག་པ་སྟེ། །གནས་ལ་སོགས་པའི་ཡུལ་དུ་བགྲོད་པས་སྐུ་ནི་རྣམ་པར་དག་པ་ཡི། །དཔལ་ལྡན་གནས་ཀྱི་དབུས་ཀྱི་དཀྱིལ་འཁོར་འཁོར་ལོ་མཆོག་གི་མགོན་པོ་ ནི། །བླ་མ་མཆོག་ལ་རྟག་ཏུ་མགོ་བོས་བཏུད་དེ་གུས་པས་ཕྱག་འཚལ་ལོ། །དཔའ་བོ་ཀུན་གྱི་སྐུ་ནི་རྟག་ཏུ་མཛེས་པ་སྟེ། །ལྷ་མོ་རྣམས་ཀྱི་རིན་ཆེན་སྐུ་ཡིས་འཁྱུད་པས་བརྒྱན། །འཁོར་ལོར་གནས་མགོན་ལྷན་ ཅིག་སྐྱེས་དགའ་དྲི་མེད་པའི། །རྣལ་འབྱོར་སྙིང་པོ་བདེ་མཆོག་ལ་ཡང་རྟག་ཕྱག་འཚལ། །སངས་རྒྱས་ཀུན་མཁྱེན་ཤིན་ཏུ་རྣམ་པར་དག་པའི་གནས། །ལྷ་མོ་རྣམས་ནི་ལྷན་ཅིག་སྐྱེས་པའི་གནས་ཀྱིས་མཛེས། ། འདྲེན་པ་ལྷན་ཅིག་སྐྱེས་པའི་དགའ་བ་འབྱུང་བ་སྟེ། །དྲི་མེད་ལྷན་ཅིག་སྐྱེས་པ་མཆོག་ལ་བདག་ཕྱག་འཚལ། །ཚིགས་བཅད་གསུམ་གྱིས་ཡང་དག་བསྟོད། །ཇི་ལྟར་བདེ་བར་ཕྱག་ཀྱང་བཙལ། །ཡིད་སྤྲོ་ཇི་ལྟར་ བདེ་བར་ནི། །ཅ་ཅོའི་སྤྲོ་བ་ཆེན་པོ་ཡིས། །མེ་ཏོག་ཕྲེང་བས་རྣམ་བརྒྱན་ཅིང་། །སྣ་ཚོགས་མེ་ཏོག་གིས་མཆོད་ལུས། །ཆང་གི་སྟོན་མོའི་དགའ་བཅས་པས། །རྡོ་རྗེའི་གླུས་ནི་དགང་བར་བྱ། །མཆོག་ཏུ་ དགའ་བས་གར་བྱ་ཞིང་། །གནས་ཀྱི་མཚན་མའི་སྟངས་སྟབས་གར། །ཕྱག་རྒྱ་སྔགས་ཀྱིས་གར་བྱའོ། །དེར་ནི་པ་ཊ་ཧ་སོགས་དང་། །ཅང་ཏེའུ་དང་ནི་བཀྲ་ཤིས་རྔ། །རྔ་རིངས་ལ་སོགས་སྣ་ཚོགས་པའི། ། 86-1-157a རོལ་མོ་ཡིད་འོང་བསྒྲགས་པར་བྱ། །ཧེ་རུ་ཀ་བཅས་དཔའ་བོ་དང་། །རྣལ་འབྱོར་མ་མཆོག་གཡོན་པ་སྟེ། །དེ་རྗེས་ཚོགས་ཀྱི་གཙོ་བོ་ཡིས། །ཡོན་བདག་གི་ནི་དགེ་བ་བསམ། །རྣལ་འབྱོར་ རྣལ་འབྱོར་མ་འདུས་པས། །སྐད་ཅིག་ཤིས་པ་བརྗོད་པ་སྦྱིན། །བདེ་བ་ཕུན་ཚོགས་ལྡན་པ་དང་། །ནད་མེད་པ་དང་དགེ་བའི་སེམས། །འདོད་དང་གྲོལ་སོགས་ཡང་དག་འཐོབ། །དངོས་གྲུབ་ཕུན་སུམ་ཚོགས་ པར་འགྱུར། །དཀྱིལ་འཁོར་རྣམ་པར་སྤྲོས་པ་ནི། །ཆོ་ག་བཤད་བཞིན་བསྡུ་བར་བྱ། །ལྷག་མའི་གཏོར་མ་བསྡུས་ནས་ནི། །འབྱུང་པོ་འཆོལ་བ་རྣམས་ལ་སྦྱིན། །གནས་དང་ཞིང་གནས་རྣལ་འབྱོར་མའི། ། ཚོགས་ལ་དྲི་ཞིམ་ཚིམ་པར་བྱ། །སྤྱན་དྲང་དཔའ་བོ་ཐམས་ཅད་ནི། །བདེ་བ་ཆེན་པོར་གཤེགས་སུ་གསོལ། །འདི་ནི་དམ་ཚིག་གི་བརྡའི་ཆོ་ག་རིམ་པར་ཕྱེ་བ་སྟེ་བརྒྱད་པའོ།། །། དེ་ནས་ལག་ པ་གཡོན་པའི་བརྡ། །ཅུང་ཟད་ཙམ་ནི་བཤད་བྱ་སྟེ། །སྒྲུབ་པོས་གང་ཞིག་ཤེས་ཙམ་གྱིས། །མྱུར་དུ་དངོས་གྲུབ་འགྱུར་བའོ། །གང་ཞིག་སོར་མོ་གཅིག་སྟོན་པ། །དེ་ལ་གཉིས་བསྟན་ལེགས་འོངས་ལན། ། གང་ཞིག་གཡོན་པའི་སོར་མོ་བསྡམས། །བདེ་འམ་ཞེས་པའི་རྒྱར་ཤེས་བྱ། །གང་ཞིག་མིང་མེད་སྟོན་བྱེད་པ། །དེ་ལ་མཐེའུ་ཆུང་བསྟན་པར་བྱ། །གང་ཞིག་གུང་མོ་སྟོན་བྱེད་པ། །དེ་ལ་མཐེ་བོ་བསྟན་པར་ བྱ། །གང་ཞིག་སྲིན་ལག་སྟོན་བྱེད་པ། །དེ་ལ་མགྲིན་པ་རབ་བསྟན་བྱ། །གང་ཞིག་བ་སྟོན་པ། །དེ་ལ་རྩེ་གསུམ་བསྟན་པར་བྱ། །གང་ཞིག་ནུ་མ་སྟོན་བྱེད་པ། །དེ་ལ་སྐྲ་མཚམས་བསྟན་པར་བྱ། ། གང་ཞིག་སོ་ནི་སྟོན་བྱེད་པ། །དེ་ལ་འཁོར་ལོ་བསྟན་པར་བྱ། །གང་ཞིག་ཁྲོ་གཉེར་སྟོན་བྱེད་པ། །དེ་ལ་གཙུག་ཕུད་བསྟན་པར་བྱ། །གང་ཞིག་དཔྲལ་བ་སྟོན་བྱེད་པ། །དེ་ལ་རོལ་པ་བསྟན་པར་བྱ། །བུད་མེད་གང་ཞིག་ 86-1-157b གཡོན་ནས་འགྲོ། །རྣལ་འབྱོར་མ་བརྟག་གཡོན་ནས་ཏེ། །སྐད་ནི་ཆེན་པོས་རབ་ཏུ་སྨྲ། །གཡོན་པའི་ལྟ་བས་རྣམ་ལྟ་ཞིང་། །བུད་མེད་རྣམས་ལ་དགར་སྨྲ་བ། །དེ་ནི་དམ་ཚིག་ལྡན་ཤེས་བྱ། །བུད་མེད་རྣམས་ལ་ གསོལ་བཏབ་ན། །རིགས་ཀྱི་ས་བོན་རབ་སྨྲ་ཞིང་། །རིགས་ཀྱི་བྱ་བ་མི་འདོར་ལ། །རང་གི་རིགས་ཀྱི་རིག་པ་ཟློས། །གང་ཞིག་རིག་པ་རྣམ་པར་འདྲི། །ལག་པ་གཡོན་པས་རང་གི་མགོར། །མགོ་ལ་འཕྲུག་ པར་བྱེད་པ་དང་། །སྒྲུབ་པ་པོས་ནི་ཁྱེད་པར་དུ། །དེ་ཡི་རང་རིག་དྲན་པར་འགྱུར། །འཁུར་བ་འམ་ནི་ཀོས་ཀོ་འམ། །སྣ་དག་ཏུ་ནི་སོར་མོ་སྟོན། །ཟུར་གྱིས་ལྟ་བས་དུས་རྟག་ཏུ། །རང་གི་རིགས་ལ་རྣམ་པར་ བལྟ། །བདེན་འབྱུང་འགྲོ་བའི་རྣལ་འབྱོར་མ། །རྙེད་དཀའ་ངེས་པར་དམ་ཚིག་ཅན། །རང་གི་ཁྱིམ་དུ་ཐོད་པ་དང་། །དགྲ་སྟ་རལ་གྲི་རྒྱལ་མཚན་དང་། །འཁོར་ལོ་དང་ནི་རྔ་ཡབ་དུང་། །རྩེ་གསུམ་བྲིས་ནས་ དགའ་བྱེད་ཅིང་། །རྟག་ཏུ་ཤ་དང་ཆང་ལ་དགའ། །འཇིགས་དང་ངོ་ཚ་འཇོམས་བྱེད་གང་། །མཁའ་འགྲོ་མའི་རིགས་ཡང་དག་འབྱུང་། །ལྷན་ཅིག་སྐྱེས་མ་ཞེས་བྱར་བཤད། །ཡུལ་དང་ཡུལ་དུ་མངོན་པར་སྐྱེ། ། སྒྲུབ་པོ་རྣམས་ཀྱིས་རྟག་ཏུ་བསྟེན། །གནས་དང་ཉེ་བའི་གནས་དང་ནི། །དེ་བཞིན་ཞིང་དང་ཉེ་བའི་ཞིང་། །ཚན་དྷོ་ཉེ་བའི་ཚན་དྷོ་ཧ། །འདུས་པ་ཉེ་བའི་འདུས་པ་དང་། །དུར་ཁྲོད་ཉེ་བའི་དུར་ཁྲོད་དེ། །འཛམ་ བུའི་གླིང་ན་ཡང་དག་གནས། །གནས་ནི་པུལླི་རིར་གྲགས་ཏེ། །དེ་བཞིན་ཛཱ་ལན་དྷ་རའང་གནས། །ཨུ་ཌྱིན་དེ་བཞིན་གནས་ཡིན་ཏེ། །དེ་བཞིན་ཨར་བུ་ཏ་ཡང་གནས། །ཉེ་གནས་གོ་ད་བ་རི་སྟེ། །དེ་བཞིན་ར་མེ་ཤྭ་ རིའི་མིང་། །དེ་བི་ཀོ་ཊིར་མངོན་བརྗོད་དང་། །མ་ལ་བ་ཡང་ཉེ་བའི་གནས། །ཞིང་ནི་ཀཱམ་རཱུའི་མིང་ཅན་ཏེ། །ཨོ་དྲེར་མངོན་པར་བརྗོད་པའང་ཞིང་། །ཉེ་ཞིང་ཏྲི་ཤ་ཀུ་ན་སྟེ། །ཀོ་ས་ལཱང་ཉེ་བའི་ཞིང་། །ཀ་ལིང་ཀ་དང་ལམ་པ་ཀའང་། །དེ་བཞིན་ 86-1-158a ཚན་དྷོ་ཧ་ཡིན་ཏེ། །ཀཱཉ་ཙི་ཧི་མ་ལ་ཡ་ནི། །ཁྱད་པར་ཉེ་བའི་ཚན་དྷོ་ཧའོ། །འདུས་པ་པྲེ་ཏ་བ་སི་ནི། །གྲི་ཧ་དེ་བ་ཡང་དེ་བཞིན། །སཽ་རཥྚ་དང་གསེར་གླིང་གང་། །ཉེ་བའི་འདུས་པ་གཉིས་ཡིན་ནོ། །པ་ཏིལ་པུ་ཏྲ་དུར་ཁྲོད་ དེ། །སིན་དྷུའང་དེ་བཞིན་དུར་ཁྲོད་དོ། །མ་རུ་ཀུ་ལུ་ཏཱ་གཉིས་ནི། །ཉེ་བའི་དུར་ཁྲོད་གནས་སུ་བཤད། །དེ་ལྟར་ཕྱི་རོལ་གནས་སུ་གྲགས། །ནང་གི་གནས་ཉིད་ལུས་སུ་བརྗོད། །རང་ལུས་རྩ་ཡི་གཟུགས་ལ་འདིར། །གནས་ཀྱི་མིང་དུ་ རབ་ཏུ་གྲགས། །དེ་གཟུགས་ལྷ་ཡི་རྣམ་པ་སྟེ། །དེས་ན་ནང་གི་བདག་ཏུ་གནས། །དེ་ཕྱིར་དེ་ཡི་གོང་བུའི་དངོས། །ལུས་འདི་སངས་རྒྱས་ཀུན་མཚུངས་པའོ། །གནས་ནི་རབ་ཏུ་དགའ་བའི་ས། །དེ་བཞིན་ཉེ་གནས་དྲི་མ་མེད། །ཞིང་ ནི་འོད་བྱེད་ས་ཡིན་ཏེ། །ཉེ་བའི་ཞིང་ནི་འོད་འཕྲོ་བ། །མངོན་དུ་གྱུར་པ་ཚན་དྷོར་ཤེས། །ཉེ་བའི་ཚན་དྷོ་སྦྱང་དཀའ་བའོ། །འདུས་པ་རིང་དུ་སོང་བ་སྟེ། །མི་གཡོ་བར་གྲགས་ཉེ་འདུས་པ། །དུར་ཁྲོད་དེ་བཞིན་ལེགས་བློ་གྲོས། །ཉེ་བའི་དུར་ ཁྲོད་ཆོས་ཀྱི་སྤྲིན། །གནས་སོགས་ས་ཡི་རྣམ་དག་པ། །རིམ་པ་ཇི་བཞིན་བཤད་པ་ཡིན། །གནས་དང་ཉེ་གནས་སོགས་བསྟེན་པས། །མི་རྣམས་དྲི་མ་མེད་པར་འགྱུར། །བློ་ལྡན་རྣམ་རྟོག་མེད་པ་ནི། །རྒྱུ་ཞིང་མཚན་མ་ ཡང་དག་བརྟག །སྣ་ཚོགས་གཟུགས་དང་འཇིགས་གཟུགས་མ། །དྲག་ཅིང་མི་བཟད་དགོད་བརྟགས་ལ། །རང་འདོད་ལྷ་ཡི་རྣལ་འབྱོར་གྱིས། །ཧཱུྃ་གི་སྒྲ་ནི་བསྒྲགས་པར་བྱ། །ཐི་ཚོམ་ཐམས་ཅད་རྣམ་སྤངས་ནས། །སྒྲུབ་ པོས་སེང་གེ་བཞིན་དུ་སྤྱད། །མཐོང་ངམ་རེག་ལ་ཐོས་པས་ཀྱང་། །མྱུར་དུ་དངོས་གྲུབ་རབ་འགྲོ་འགྱུར། །འདི་ནི་བརྡ་དང་གནས་ལ་སོགས་པའི་བརྡས་ས་རྣམས་ངེས་པར་བསྟན་པའི་རིམ་པར་ཕྱེ་བ་སྟེ་དགུ་པའོ།། །། དེ་ནས་གང་ཞིག་ བྲིས་ཙམ་གྱིས། །སྒྲུབ་པོས་དངོས་གྲུབ་ཐོབ་འགྱུར་བའི། །ཞི་བ་ལ་སོགས་རབ་སྦྱོར་བ། །ཡང་དག་རབ་ཏུ་བཤད་པར་བྱ། །གུར་ཀུམ་ཙན་དན་བསྲེས་པས་གང་། །ཡར་ངོ་ཡི་ནི་ཚེས་ལ་བྲི། །འཁོར་ལོ་རྩིབས་དྲུག་བྲིས་ནས་ནི། །ཡི་གེ་ 86-1-158b བདུན་པའི་སྔགས་སྦྱར་ཞིང་། །ཕྱི་རོལ་རྡོ་རྗེའི་ཕྲེང་བས་བསྐོར། །དབུས་སུ་མིང་ནི་རྣམ་སྤེལ་བའོ། །དར་རམ་རས་ནི་གཙང་མ་འམ། །ཡང་ན་ཁམ་ཕོར་ཁ་སྦྱར་ལ། །གསང་སྟེ་ལས་ནི་བྲིས་ནས་ཀྱང་། །སྲད་བུ་དཀར་པོས་བཀྲི་ བར་བྱ། །ཁ་དོག་དཀར་པོས་ཤར་བལྟས་ཏེ། །མེ་ཏོག་དཀར་པོས་མཆོད་པར་བྱ། །མདུན་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བསྒྲུབ་བྱ་གནས་པར་བལྟས། བུམ་པོ་དཀར་པོ་ཟླ་བའི་བདུད་རྩིའི་ཆུས་གང་བས་དབང་བསྐུར་བར་བྱའོ། ། ཐེ་ཚོམ་མེད་པས་ཐུན་གསུམ་དུ། །ཡི་གེ་བདུན་པའི་སྔགས་བཟླས་ན། །དེ་མ་ཐག་ཏུ་ཞི་བ་དང་། །བདེ་ལེགས་སྐྱིད་དང་ཚེ་རིང་འགྱུར། །རིམས་ནད་དུག་དང་འཚེ་བ་ལ། །ལག་པ་གཡོན་པར་བསྒོམ་བྱ་སྟེ། །འཁོར་ལོ་ཙན་དན་གྱིས་བྲིས་ ལ། །མེ་ཏོག་བདུག་པ་མཆོད་པར་བྱ། །བསྒྲུབ་བྱ་ཤར་དུ་ཁ་བསྟན་ཏེ། །མཁས་པ་ཡིས་ནི་སྦྱར་བྱ་བ། །གཏོར་མ་ཆུ་དང་དེ་བཞིན་མེ། །དེ་ཡི་དབུས་སུ་དུར་བ་འམ། །རྨ་བྱའི་སྒྲོ་འམ་ཀུ་ཤའི་ཆུས། །ཁྱད་པར་དུ་ནི་དེ་ལ་བྱབ། །གསང་ སྔགས་འདི་ནི་གཙོ་བོ་མཆོག །ཞི་སོགས་ཆོ་ག་རིམ་བཞིན་བྱེད། །གུར་ཀུམ་དྲི་བཟང་སྲེས་པ་ཡིས། །རྒྱས་པའི་འཁོར་ལོ་བྲི་བྱ་སྟེ། །སྭཱ་ཧཱའི་ཡི་གེ་དང་སྤེལ་བར། །ཁམ་ཕོར་གཉིས་ལ་བྲིས་ནས་ནི། །སྲད་བུ་སེར་པོས་དཀྲི་ བྱས་ལ། །མར་དང་སྦྲང་རྩིའི་ནང་དུ་གཞུག །བྱང་དུ་ཁ་བལྟས་ཐུན་གསུམ་དུ། །ཁ་དོག་སེར་པོར་བསྒོམ་བྱས་ལ། །ཟླ་བའི་དཀྱིལ་འཁོར་སེར་པོ་ལ། །བསྒྲུབ་བྱ་གནས་པར་མཁས་པས་བསམ། །བདུད་རྩི་སེར་པོས་དབང་བསྐུར་ཞིང་། ། མེ་ཏོག་སེར་པོས་མཆོད་པར་བྱ། །རྣམ་པར་མི་རྟོག་སེམས་ཀྱིས་ནི། །རྒྱས་པའི་བསམ་པས་བཟླ་བྱ་སྟེ། །ཆེ་གེ་མོ་བཽཥྚི་ཀྃ་ཀུ་རུ་སྭཱ་ཧཱ། །བཽ་ཥཊ་སྔགས་ཀྱིས་སྤེལ་བར་བྱ། །ནོར་དང་འབྲུ་རྣམས་འཕེལ་བ་དང་། །དཔལ་དང་བཀྲ་ ཤིས་མཉམ་པར་འཇུག །ལས་ཀྱི་སྦྱོར་བ་འདི་ཡིས་ནི། །རྒྱས་པར་འགྱུར་ཏེ་གཞན་དུ་མིན། །ཙན་དན་དམར་དང་སེན་རྩི་དང་། །མིང་མེད་ཀྱི་ནི་ཁྲག་བསྲེས་ཏེ། །རས་སམ་གྲོ་གའི་འདབ་མ་འམ། །ཁམ་ཕོར་སོ་ནི་མ་བཏང་བཟུང་། །ཡི་གེ་ཧོཿ 86-1-159a དང་སྤེལ་བ་ཡིས། །འཁོར་ལོ་གཉིས་ནི་མཉམ་པར་བྲི། །སྲད་བུ་དམར་པོས་བཅིངས་ནས་ནི། །མེ་ཏོག་དམར་པོས་མཆོད་པར་བྱ། །མར་དང་སྦྲང་རྩིའི་དབུས་གཞག་ལ། །ནུབ་ཀྱི་ཕྱོགས་སུ་ཁ་བལྟས་ཏེ། །ཁ་དོག་ དམར་པོར་བསྒོམ་བྱས་ལ། །དཀྱིལ་འཁོར་དམར་པོ་ལ་གནས་པའི། །བསྒྲུབ་བྱ་ཆགས་པར་རྣམ་པར་བསམ། །རྟག་ཏུ་ཡིག་བདུན་འབྱུང་བ་ནི། །རྒྱུན་མི་འཆད་བར་བཟླས་བྱ་སྟེ། །མྱོས་པར་འགྱུར་བས་ཞབས་དྲུང་ལྷུང་། །དེ་ནི་ གྲུབ་པར་རྣམ་པར་བསམ། །གལ་ཏེ་དབང་དུ་འོང་བར་མ་གྱུར་ན་མར་དང་སྦྲང་རྩི་དང་བྲལ་བའི་འཁྲུལ་འཁོར་སེང་ལྡིང་གི་འདབ་མ་ལ་གདུང་བར་བྱས་ན། གང་སུ་ཡང་སྐལ་བ་ངན་པ་ཡང་སྐལ་བ་བཟང་པོར་འགྱུར་ཏེ་གཞན་དུ་མ་ཡིན་ ནོ། །དུར་ཁྲོད་ཀྱི་རས་སམ། ཟླ་མཚན་འཛག་པའི་རས་ལ། རྒྱ་སྐྱེགས་ཀྱི་ཁུ་བ་དང་ལྡན་པས་ཡི་གེ་ཛཿཧྲཱི་དང་སྤེལ་བའི་འཁྲུལ་འཁོར་བྲི་བའམ། ཁམ་ཕོར་རམ། བུད་མེད་ཀྱི་ཐོད་པ་ལ་གྲུབ་པའི་འཁོར་ལོ་བྲིས་ལ་སྲད་བུ་ དམར་པོས་དཀྲིས་ཏེ། །མེ་ཏོག་དམར་པོས་མཆོད་ལ་བསྒྲུབ་བྱའི་སྙིང་གནས་ལྕགས་ཀྱུས་དབུག་ཅིང་མགྲིན་པ་ནས་ཞགས་པས་བཅིང་བར་བྱའོ། །གང་གིས་དེ་ལྟར་བསམས་ཀྱང་བསྒྲུབ་བྱ་ནམ་ཡང་འོང་བར་མ་གྱུར་ན་སེང་ལྡེང་གི་ ཤིང་ལས་མེ་སྦར་ལ་བསྲེས་བས་འཁྲུལ་འཁོར་ཚར་གཅད་པར་བྱ་ཞིང་ཆེ་གེ་མོ་ཨཱ་ཀར་ཥ་ཡ་ཧྲཱིཿཛཿཞེས་བྱ་བ་དེས་བསྒྲུབ་བྱ་སྐད་ཅིག་ཙམ་དེ་ཉིད་ལ་དགུག་པར་བྱ་སྟེ། རྐང་པས་དགུག་པ་བླ་ན་མེད་པའོ། །དེ་ནས་གཞན་ཡང་ མནན་པ་ཡི། །ཆོ་ག་བླ་མེད་བཤད་པར་བྱ། །རི་མོ་བརྒྱད་བརྒྱད་མཉམ་སྦྱར་བས། །རེའུ་མིག་བཞི་བཅུ་རྩ་དགུ་སྟེ། །མཁས་པས་དེ་ཡི་བར་གྱིས་ནི། །རེའུ་མིག་བཅུ་གསུམ་སྟོང་པར་བྱ། །ཟུར་དང་ཟུར་དུ་རེའུ་མིག་དགུ། །གྲྭ་ བཞི་ལ་ནི་ཡང་དག་གནས། །གྲྭ་བཞི་ཀུན་གྱི་དབུས་ཀྱི་ནི། །རེའུ་མིག་སྟོང་པ་ཉིད་བྱས་ལ། །དུར་ཁྲོད་རས་ལ་ཞལ་བཞི་པའི། །སྔགས་ནི་ཡང་དག་སྦྱར་ཏེ་བྲི། །ཡུང་བ་ལྡོང་རོས་བསྲེས་པའི་ཆུས། །འཁོར་ལོ་གཉིས་ལ་བསྒྲུབ་བྱའི་མིང་། ། 86-1-159b ཡི་གེ་ལྃ་དང་སྤེལ་ཏེ་བྲི། །རི་རབ་ཟུར་བརྒྱད་གནས་བྲིས་པའི། །ཁམ་ཕོར་ཁ་སྦྱར་ཉིད་དུ་བྱ། །རི་རབ་སྟེང་དུ་དབང་ཆེན་གྱི། །དཀྱིལ་འཁོར་དབུས་སུ་ལྃ་གྱིས་ནི། །མཚན་ཅིང་སྣ་ཚོགས་རྡོ་རྗེ་ཡིས། །སྟེང་ནས་མནན་པར་ རྣམ་པར་བསྒོམ། །སྲད་བུ་སེར་པོས་རྣམ་པར་དཀྲིད། །ཧེ་རུ་ཀ་ནི་ཕྱག་གཉིས་པའི། །རྣམ་པར་བདག་ལུས་ཡང་དག་བསྒོམ། །རྣལ་འབྱོར་པས་ནི་ལྷོར་བལྟས་ཏེ། །ཁ་དོག་དམར་པོར་རྣམ་པར་བསྒོམ། །བསྒྲུབ་བྱ་རི་རབ་དབུས་གནས་ ཤིང་། །རི་རབ་ཀྱིས་ནི་མནན་པར་བསྒོམ། །དེ་སྟེངས་སྣ་ཚོགས་རྡོ་རྗེ་ཡིས། །ཡོངས་སུ་མནན་པར་རྣམ་པར་བསྒོམ། །རང་གི་གནས་སུ་དེ་བྱས་ན། །དགྲ་ཡི་ཁ་ནི་གནོན་པ་དང་། །དཔུང་རྣམས་ཀུན་ཀྱང་གནོན་པར་བྱེད། །དགྲ་ཡི་ སྙིང་ཡང་གནོན་པའོ། །ཨོཾ་སུམ་བྷ་ནི་སུམ་བྷ་ཧཱུྃ་ཧཱུྃ་ཕཊ་ལྃ་ལྷས་བྱིན་སྟྃ་བྷ་ཡ། ཨོཾ་གྲྀ་ཧྞ་གྲྀ་གྲྀཧྞ་ཧཱུྃ་ཧཱུྃ་ཕཊ། ལྃ་ལྷས་བྱིན་སྟྃ་བྷ་ཡ། ཨོཾ་གྲྀ་ཧྣཱ་པ་ཡ་གྲྀ་ཧྣཱ་པ་ཡ། ཧཱུྃ་ཧཱུྃ་ཕཊ་ལྃ་ལྷས་བྱིན་སྟམ་བྷ་ཡ། ཨོཾ་ཨཱ་ན་ཡ་ཧོ་བིདྱཱ་རཱ་ཛ་ཧཱུྃ་ཧཱུྃ་ཕཊ། ལྃ་ལྷས་བྱིན་སྟྃ་བྷ་ཡ། སྔར་བཤད་རིམ་བཞིན་འཁོར་ལོ་ནི། །དེ་ཉིད་ཀྱིས་ནི་ངེས་པར་བྲི། །མེ་ཏོག་སེར་པོས་མཆོད་བྱ་སྟེ། །ངག་གནོན་པ་ཡི་མཆོག་ཡིན་ནོ། །རྟག་ཏུ་དུར་ཁྲོད་རས་ལ་ནི། །འཁོར་ལོ་གཉིས་ནི་མངོན་བྲིས་ཏེ། ། ཡི་གེ་བྃ་ནི་བསྒྲུབ་བྱ་ཡི། །མིང་དང་སྤེལ་བས་ཁ་བཅིངས་པ། །དབང་ཆེན་དཀྱིལ་འཁོར་དབུས་སུ་ནི། །གའུ་ཁ་སྦྱར་བྱས་པ་ཡི། །ལུག་གི་སྙིང་ཀར་བསྒྲུབ་བྱ་ནི། །རབ་ཏུ་ཞུགས་པར་རྣམ་པར་བསམ། །སྔགས་ནི་རྒྱུན་མི་ འཆད་པར་བཟླ། །ངེས་པར་ལྐུགས་པ་ཉིད་དུ་འགྱུར། །དེ་ནས་གཞན་ཡང་ངེས་པར་ནི། །གསད་པའི་ཆོ་ག་མཆོག་བཤད་བྱ། །ལན་ཚྭ་སྐེ་ཚེ་ཚ་བའི་མར། །ནིམ་པའི་ལོ་མ་དེ་བཞིན་དུག །དུར་ཁྲོད་སོལ་བ་དྷ་དུ་ར། །རང་གི་ སྡིགས་མཛུབ་ཁྲག་ཀྱང་རུང་། །རྫས་འདི་དག་ནི་སྣག་ཚར་བྱ། །ལྷོ་ཕྱོགས་ཁ་བལྟས་སྦྱོར་བས་ནི། །ཁྭ་ཡི་གཤོག་པའི་སྨྱུ་གུ་ཡིས། །བསྒྲུབ་བྱ་དེ་ཡི་མིང་བཟུང་སྟེ། །ཡི་གེ་ཧཱུྃ་དང་རྣམ་སྤེལ་བའི། །འཁོར་ལོ་གཉིས་ནི་ཡང་དག་ 86-1-160a བྲི། ། ཁྲོ་ཞིང་དྲག་པོའི་ང་རོ་དང་། །གཡོན་བརྐྱང་བ་ཡི་ཞབས་ཀྱིས་ནི། །ཉི་མའི་དཀྱིལ་འཁོར་དབུས་གནས་པར། །བསྐལ་པའི་མེ་འདྲ་ཞལ་རྣམ་འགྱུར། །སྔོ་ཞིང་མི་བཟད་ཧཱུྃ་གི་སྒྲས། །མགུར་ནི་གང་བར་རྣམ་པར་ བསྒོམ། །གྱོ་མོ་ཁྲོད་ཀྱི་སར་བསམ་པའམ། །དུར་ཁྲོད་སོལ་བ་ཡི་ནི་དབུས། །འདི་ལ་སོགས་པའི་ས་ཕྱོགས་སུ། །བསྒྲུབ་བྱ་གནས་པར་མཁས་པས་བསམ། །རིད་ཅིང་དྲི་མ་དང་བཅས་པ། །གོས་ཧྲུལ་གྱོན་པར་རྣམ་བསམ་ སྟེ༑ ཡན་ལག་ཀུན་དང་མགོ་བོ་དང་། །སྙིང་ག་དང་ནི་དཔུང་པར་ཡང་། །སྔགས་ཀྱིས་ཕུག་པར་བསམ་པར་བྱ། །བསྒྲུབ་བྱའི་ལུས་ལ་གནས་པའི་ལྷ། །རང་གི་ལུས་ལ་རབ་ཏུ་གཞུག །ཁྱིམ་སྟོང་ལྟ་བུར་བལྟས་ནས་ནི། །ཕྱག་ན་སྣ་ ཚོགས་མཚོན་ཆ་ཅན། །ཁྲོ་བོའི་ཚོགས་ནི་སྤྲོ་བྱས་ལ། །མཚོན་ཆས་གསོད་པར་རྣམ་བསམ་སྟེ། །དུམ་བུ་དྲུག་ཏུ་གཏུབས་ནས་ནི། །ཚིལ་དང་རྐང་དང་ཞག་དང་ཤ །ཟ་དང་འཐུང་བར་བྱེད་པ་དང་། །དེ་བཞིན་དུ་ནི་ཁྲག་ཀྱང་འཐུང་། །རལ་གྲི་ དབྱུག་ཏོ་གཏུན་ཤིང་དང་། །དགྲ་སྟ་འཁོར་ལོ་ཐོ་བ་ཡིས། །བསྒྲུབ་བྱ་ལ་ནི་རྡེག་ཅང་གཏུབ། །དུམ་བུ་བརྒྱར་ནི་གཤེག་པར་བྱེད། །ཁྭ་དང་འུག་པ་བྱ་རྒོད་དང་། །ལྕེ་སྤྱང་སྲིན་པོ་མཁའ་འགྲོ་མ། །དེ་རྣམས་ཁྲོས་པའི་ཡིད་ཀྱིས་ནི། །ཟ་བ་དང་ ནི་འཐུང་བར་བྱེད། །ཡི་གེ་ཧཱུྃ་ཕཊ་དང་སྤེལ་བའི། །སྔགས་དང་དེ་ཡིས་བཟླས་བྱས་ཏེ། །དཀོན་མཆོག་གསུམ་ལ་གནོད་བྱེད་པའི། །དགྲ་ཡི་ཚོགས་རྣམས་བསད་པར་བྱ། །ཨེ་མའོ་གང་ཕྱིར་བསད་པའི་ལས། །བསད་ པར་འགྱུར་ཀྱང་མ་བསད་དེ། །འཁོར་བའི་རྣམ་པར་རྟོག་པ་ཙམ། །དེ་བཞིན་ཉིད་དུ་ཡིད་ཀྱིས་རྟོགས། །དེ་ནས་ཡི་གེ་ཕཊ་སྤེལ་བའི། །འཁོར་ལོ་གཉིས་ནི་བྲིས་བྱས་ཏེ། །བསྒྲུབ་བྱའི་མིང་ནི་ཡང་དག་བླང་། །སྔགས་ཀྱིས་ སྦྱར་ཏེ་བྲི་བར་བྱ། །རྟ་དང་མ་ཧེ་མཉམ་ཞོན་པའི། །བསྒྲུབ་བྱ་བལྟས་ཏེ་ཡང་དག་བྲིས། །ཐོད་པ་ཁ་སྦྱར་ནང་གཞག་སྟེ། །སྲད་བུ་སྔོན་པོས་དཀྲི་བར་བྱ། །ཁྲོ་བའི་སེམས་ཀྱིས་ཉི་ཕྱེད་དམ། །མཚན་མོ་དེ་ཡི་ཁྱད་པར་ལ། ། 86-1-160b རབ་ཏུ་གཏུམ་པའི་བཞི་མདོ་འམ། །དུར་ཁྲོད་འཇིགས་པའི་དབུས་སུ་ནི། །གསངས་ནས་བརྐོས་ཏེ་གཞུག་པར་བྱ། །སྔར་བཤད་ཆོ་ག་བཞིན་དུ་མཆོད། །རྟ་དང་མ་ཧེ་དག་འཐབས་པས། །དེ་ཡི་མོད་ལ་འབྱེད་པར་བྱེད། ། གཉིས་ག་ཁྲོ་ཞིང་ཁྲོ་བས་འཇིགས། །གཡུལ་འགྱེད་པ་ཡི་བདག་ཉིད་ཆེ། །ཕན་ཚུན་རྩོད་པ་བྱེད་པས་ནི། །རྣམ་པར་སྡང་འགྱུར་གཞན་དུ་མིན། །ཡི་གེ་ཧཱུྃ་ཕཊ་རྣམ་སྤེལ་བའི། །ཆོ་ག་འདི་ཉིད་ཀྱིས་འདིར་བྲི། །སྔགས་དང་བསྒྲུབ་ བྱ་མཉམ་ལྡན་པས། །དུར་ཁྲོད་རས་ལ་བྲིས་ནས་ནི། །ཐོད་པ་ཁ་སྦྱར་ནང་བཞག་སྟེ། །སྲད་བུ་ནག་པོས་དཀྲིས་ནས་ནི། །ཧེ་རུ་ཀར་ནི་བསྒོམས་ནས་སུ། །རོ་བསྲེགས་ས་བརྐོས་སྦ་བར་བྱ། །མདུན་དུ་ཡྃ་ལས་བྱུང་བའི་རླུང་། ། གཞུ་ཡི་དབྱིབས་ཅན་དབུས་གནས་ཤིང་། །ཁ་དོག་སྔོན་པོ་རྔ་མོ་ཞོན། །ལྷོ་ཕྱོགས་སུ་ནི་བསྐྱོད་པ་དང་། །ཁྲོ་བོའི་ཚོགས་ཀྱིས་ཁྲིད་པས་ན། །ས་སྟེངས་སྨྱོན་པ་བཞིན་དུ་བྱེད། །ཡི་གེ་ཧཱུྃ་ཕཊ་སྦྱར་བ་ཡི། །སྔགས་ཀྱི་རྒྱུན་མི་ འཆད་པར་བཟླས། །གང་གི་ཆོ་ག་ཅི་བྱས་པ། །དེ་ཡི་མོད་ལ་སྐྲོད་པར་འགྱུར། །སྒྲུབ་པོ་ལྷོར་བལྟས་ཁྲོས་པ་ཡིས། །རང་ཁྲག་དུར་ཁྲོད་ཐལ་བ་དང་། །དུག་དང་ལན་ཚྭ་འབྲུ་མར་ཚེ། །མྱོས་བྱེད་འདབ་མའི་ཁུ་བ་ནི། །སྐེ་ཚེ་མཉམ་ བར་ཡང་དག་སྦྱར། །དུར་ཁྲོད་རས་ལ་དེ་བཞིན་དུ། །འཁོར་ལོ་གཉིས་པོ་ཉིད་རིམ་བཞིན། །ཆོ་ག་རྫོགས་པར་བྲི་བར་བྱ། །གསད་པ་གཤིན་རྗེའི་ལུས་ལ་གནས། །དབྱེ་བ་རྟ་དང་མ་ཧེ་ལ། །བསྐྲད་པ་རྔ་མོ་ལ་གནས་པ། ། ཞི་བ་ཟླ་བའི་དཀྱིལ་འཁོར་ལ། །མི་མོ་རྣམས་ཀྱི་སྙིང་གར་དབང་། །རྒྱས་པ་གླང་ཆེན་རྒྱབ་ཏུའོ། །ལྐུགས་པ་ལུག་གི་ལུས་ལ་གནས། །མནན་པ་རི་རབ་དབུས་ཏེ་དགུག །ཤ་ར་བྷ་ཡི་སེང་གེར་གནས། །འདི་ལྟར་ལས་ནི་ བརྟག་པར་བྱ། །ལས་འདི་དག་དང་བྲལ་བའི་ལས། །བསྒྲུབས་ཀྱང་དེས་ནི་མི་འགྲུབ་སྟེ། །བླ་མའི་མན་ངག་མེད་པའི་ལས། །སྟོང་པ་བཞིན་དུ་འབྲས་མེད་འགྱུར། །འདི་ནི་ལས་རབ་འབྱམ་བ་འབྱུང་བ་ཞེས་བྱ་བའི་རིམ་པར་ཕྱེ་བ་སྟེ། 86-1-161a བཅུ་པའོ།། །། དེ་ནས་སྔགས་ཀྱི་བཟླས་པ་ཡི། །མཚན་ཉིད་གསང་བ་བཤད་པར་བྱ། །རི་བོ་ཚང་ཚིང་རི་སུལ་དང་། །རྒྱ་མཚོ་ཆེན་པོའི་འགྲམ་དང་ནི། །བཞི་མདོ་དང་ནི་མདུན་ཁང་གནས། །དུར་ཁྲོད་དམ་ ནི་ཡིད་དགའ་བ། །སྔོན་དུ་དཀྱིལ་འཁོར་བྲིས་ནས་ནི། །ཕྱི་ནས་ལྷ་ཡི་བདག་ཉིད་ཀྱིས། །སྔར་བཤད་ཆོ་གས་ཡང་དག་པར། །སྔོན་དུ་བསྙེན་པ་ལ་སོགས་བྱ། །རི་འམ་རི་བོའི་གནས་སུ་ནི། །སྙིང་པོའི་སྔགས་ནི་བཟླ་བར་བྱ། ། ཨོཾ་ཤྲཱི་བཛྲ་ཧེ་རུ་ཧེ་རུ་ཀ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། འབུམ་ཕྲག་གཅིག་ཏུ་བཟླས་ནས་ནི། །བཅུ་ཆ་ཡི་ནི་སྦྱིན་སྲེག་བྱ། །འཇིག་རྟེན་འཇིག་རྟེན་འདས་དངོས་གྲུབ། །མྱུར་དུ་འགྲུབ་ཏེ་གཞན་དུ་མིན། །ཚང་ཚིང་ལྗོན་ཤིང་གཏམས་པར་ནི། ། རྟག་ཏུ་དཀྱིལ་འཁོར་བྲིས་ནས་སུ། །ཉེ་བའི་སྙིང་པོའི་སྔགས་རྟག་ཏུ། །རྒྱུན་མི་འཆད་པར་བཟླ་ཞིང་བསྒྲུབ། །ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། །འབུམ་ཕྲག་གསུམ་དུ་བཟླས་ནས་ནི། །བཟླས་པའི་བཅུ་ཆའི་སྦྱིན་སྲེག་བྱ། །ཆར་དབབ་པ་ དང་གཏེར་དང་ནི། །ངག་གི་དངོས་གྲུབ་བསྒྲུབ་པར་བྱ། །རི་སུལ་དྲི་མེད་ཆུར་བཅས་པར། །དཀྱིལ་འཁོར་དགེ་བ་བྲིས་ནས་ནི། །རྒྱུན་མི་འཆད་པར་སྔགས་བཟླས་ཏེ། །ཞལ་བཞི་པའི་གསང་སྔགས་བཟླས། །ཨོཾ་སུམ་བྷ་ནི་ སུམ་བྷ་ཧཱུྃ་ཧཱུྃ་ཕཊ། གྲྀཧྞ་གྲྀཧྞ་ཧཱུྃ་ཧཱུྃ་ཕཊ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ་ཧཱུྃ་ཕཊ། ཨཱ་ན་ཡ་ཧོ་བིདྱཱ་རཱ་ཛ་ཧཱུྃ་ཧཱུྃ་ཕཊ། རྣལ་འབྱོར་པ་ཡིས་བཞི་འབུམ་བཟླས། །བཅུ་ཆ་ཡི་ནི་སྦྱིན་སྲེག་བྱ། །ཞི་དང་རྒྱས་དང་བཅུད་ཀྱིས་ལེན། །དེ་བཞིན་ སེམས་ཅན་དོན་སྒྲུབ་པའོ། །རྒྱ་མཚོ་ཆེན་པོའི་འགྲམ་སོང་ནས། །དཀྱིལ་འཁོར་ཡང་དག་བྲིས་ནས་ནི། །ལྷ་མོའི་སྔགས་ནི་ཁྱད་པར་དུ། །འབུམ་ཕྲག་གསུམ་ནི་བཟླས་ནས་སུ། །ཇི་སྐད་གསུངས་བཞིན་ཆོ་ག་ནི། །རྫོགས་པས་བཅུ་ ཆའི་སྦྱིན་སྲེག་བྱ། །ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། འཇིག་རྟེན་དངོས་གྲུབ་ཐམས་ཅད་དང་། །དེ་བཞིན་མཁའ་སྤྱོད་དངོས་གྲུབ་ཐོབ། །དུར་ཁྲོད་དུ་ནི་སྔར་བཤད་པའི། །ཆོ་གའི་རིམ་པས་དཀྱིལ་འཁོར་བྲི། །ཡི་གེ་བདུན་པའི་ 86-1-161b གསང་སྔགས་ནི། །འབུམ་ཕྲག་གསུམ་དུ་བཟླས་ལ་བསྒྲུབ། །བཅུ་ཆའི་སྦྱིན་སྲེག་བྱས་ནས་ལས། །རྣམ་པར་ངེས་པས་བསྒྲུབ་པར་བྱ། །དབྱེ་བ་དང་ནི་བསྐྲད་པའི་ལས། །ཁྱད་པར་དུ་ནི་བསད་པའི་ལས། །རྡོ་རྗེ་སེམས་དཔས་ གང་གསུངས་བཞིན། །བཟླས་པ་ཙམ་གྱིས་འགྲུབ་པར་འགྱུར། །བཞི་མདོར་དཀྱིལ་འཁོར་བྲིས་ནས་ནི། །མནན་པའི་ཆོ་ག་བསྒྲུབ་པར་བྱ། །མཁའ་འགྲོ་མ་ཡི་གསང་སྔགས་ནི། །ཁྲི་བཟླས་པས་ནི་འགྲུབ་པར་འགྱུར། །ཨོཾ་ཌཱ་ ཀི་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ། བཅུ་ཆའི་སྦྱིན་བསྲེག་བསྒྲུབ་ན་ནི། །འབྱུང་པོ་རོ་ལངས་འགྲུབ་པར་འགྱུར། །གཙུག་ལག་ཁང་ངམ་མདུན་ཁང་དུ། །དཀྱིལ་འཁོར་མཆོག་ནི་བྲི་བར་བྱ། །ལཱ་མའི་སྔགས་ནི་ངེས་པར་ཡང་། །འབུམ་ཕྲག་གཅིག་ཏུ་ བཟླས་ནས་ནི། །ལྷ་མོ་བཅུ་ཆའི་སྦྱིན་བསྲེག་བྱ། །ཨོཾ་ལཱ་མེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། མིག་སྨན་དང་ནི་རྐང་མགྱོགས་དང་། །དེ་བཞིན་དབང་དུ་བྱེད་པ་ནི། །འགྲུབ་པར་འདིར་ནི་ཐེ་ཚོམ་མེད། །དབེན་ཞིང་ཉམས་དགའི་གནས་སུ་ནི། །རྟག་ཏུ་ དཀྱིལ་འཁོར་བྲི་བྱས་ལ། །ཁཎ་ཌ་རོ་ཧི་ལ་སོགས་སྔགས། །ཆོ་ག་སྔོན་བཞིན་བསྒྲུབ་པར་བྱ། །ཨོཾ་ཁཎ་ཌ་རོ་ཧེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། འབུམ་ཕྲག་གཉིས་ནི་བཟླས་ནས་ཀྱང་། །བཅུ་ཆ་ཡི་ནི་སྦྱིན་སྲེག་བྱ། །རྒྱུན་མི་འཆད་པར་ སྔགས་བཟླས་ཏེ། །གནོད་སྦྱིན་གནོད་སྦྱིན་མོ་རྣམས་བསྒྲུབ། །གཟུགས་ཅན་མ་ཡི་གསང་སྔགས་ནི། །ངེས་པར་འབུམ་ཕྲག་བཞི་བཟླས་ནས། །ལྷ་མོའི་བཅུ་ཆའི་སྦྱིན་སྲེག་བྱ། །འགྲུབ་པར་འགྱུར་བར་ཐེ་ཚོམ་མེད། །ཨོཾ་རཱུ་པི་ཎི་ ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། མེ་ཏོག་དང་ནི་སྤོས་དང་དྲི། །ལྷ་བཤོས་གཏོར་མ་དེ་བཞིན་ཏེ། །བཟའ་དང་བཏུང་བས་ཁྱད་པར་དུ། །དཀྱིལ་འཁོར་མཆོག་ནི་མཆོད་བྱ་ཞིང་། །གླུ་དང་གར་གྱི་ཁྱད་པར་གྱིས། །ཕྱག་རྒྱ་སྔགས་ནི་བསྒྲགས་ པར་བྱ། །ཡིད་འོང་དམ་ཚིག་རྙེད་ནས་ནི། །ཕྱོགས་སུ་གཞག་ནས་བསྒྲུབ་བྱ་སྟེ། །ལས་ནི་གང་གིས་ཁྱད་པར་གྱིས། །དེ་ཡི་རིགས་སོགས་བརྟག་པར་བྱ། །ལྷ་ཡི་རྣམ་པ་ལ་གནས་ཏེ། །ཆོ་ག་ཇི་བཞིན་བཟླས་ཤིང་མཆོད། ། 86-1-162a དུས་གང་ཚེ་ན་མི་སྨྲ་ཞིང་། །དེར་ནི་སྔོན་དུ་བསྙེན་པ་བྱ། །མྱོས་བྱེད་གཏོར་མར་མཉམ་ལྡན་པས། །སྔགས་ཀྱི་ནུས་པ་བསྒྲུབ་བྱ་སྟེ། །བརྒྱ་དང་སྟོང་དང་འབུམ་གྱི་བར། །དེར་ནི་གྲངས་ཉིད་མཚོན་པར་བྱ། ། གྲངས་མེད་སྔགས་ནི་བཟླས་པ་ཡིས། །བླ་ན་མེད་པའི་དགེ་བ་འབྱུང་། །དེ་དག་ངེས་པར་སྦྱོར་བ་ཡིས། །བསྒྲུབས་ན་དངོས་གྲུབ་ཐོབ་པར་འགྱུར། །འདི་ནི་སྔགས་ཀྱི་བཟླས་པའི་ངེས་པ་བསྟན་པའི་རིམ་པ་ཕྱེ་བ་སྟེ་བཅུ་ གཅིག་པའོ།། །། ཡང་དག་ཆོ་ག་གང་གིས་འདིར། །འགྲུབ་པར་ཐེ་ཚོམ་མེད་པ་ཡི། །བཟླས་པའི་ཕྲེང་བའི་མཚན་ཉིད་ནི། །གནོད་སྦྱིན་བདག་པོ་ལེགས་པར་ཉོན། །གསེར་དང་དངུལ་དང་ཟངས་མ་དང་། །དེ་བཞིན་ ཤེལ་དང་དུང་ལ་སོགས། །ཞི་དང་རྒྱས་པ་དག་ལ་སྦྱར། །ཞི་ལ་རི་ལུ་བརྒྱ་པ་སྟེ། །རི་ལུ་བརྒྱ་རྩ་བརྒྱད་པ་ནི། །རྒྱས་པའི་ལས་ལ་རབ་བསྔགས་ཏེ། །མཁས་པས་རྒྱལ་སྲིད་ཆེད་དམ་དཔལ། །བདེ་སྤྲོ་ཕུན་སུམ་ཚོགས་ ཕྱིར་བཟླས། །དབང་དང་དགུག་པའི་རབ་སྦྱོར་ལ། །གུར་གུམ་ལ་སོགས་དྲིའྀ་རི་ལུ། །བྱི་རུ་ཙན་དན་དམར་པོའི་འབྲུ། །རྟག་ཏུ་རི་ལུ་ལྔ་བཅུའོ། །རུ་དྲཱཀྵ་དང་ལུང་ཏང་འབྲས། །དེ་བཞིན་མི་རུས་རྔ་མོ་དང་། །བོང་ བུ་མ་ཧེའི་རུས་པ་ནི། །དྲག་སྤྱོད་ལྐུག་དང་གནོན་པ་དང་། །དབྱེ་བས་དགྲ་ནི་ཚར་གཅད་དང་། །གསད་དང་བསྐྲད་ལ་སྦྱར་བྱ་སྟེ། །ལས་ཀྱི་ཁྱད་པར་ཇི་ལྟ་བར། །བཟླས་པའི་ཕྲེང་བའང་བྱ་བ་ཡིན། །བོང་བུ་རྔ་མོའི་སྤུ་ དང་ནི། །ཁྭའི་སྒྲོར་ནི་བསྲེ་བྱས་ལ། །མནན་དང་བསྐྲད་པའི་ལས་ལ་ནི། །དེ་ཡི་སྲད་བུས་བརྒྱུ་བར་བྱ། །རྟ་དང་མ་ཧེའི་སྤུ་ཡིས་ནི། །རྣམ་པར་སྡང་ལ་སྲད་བུ་བྱ། །དུར་ཁྲོད་སྐྲ་ཡི་སྲད་བུ་དང་། །ཁྱི་ཡི་སྤུ་ནི་བསྲེ་བྱ་སྟེ། ། དེ་ཡི་སྲད་བུ་དྲག་པོ་ཡི། །ལས་ལ་བསྔགས་ཕྱིར་སྦྱར་བར་བྱ། །དགེ་བའི་ལས་ལ་གཞོན་ནུ་མས། །བཀལ་བའི་སྲད་བུས་བརྒྱུ་བར་བྱ། །ཞི་བ་ལ་ནི་འཛུབ་ལ་གཞག །རྒྱས་པ་རྟག་ཏུ་གུང་མོ་ཡིས། །མིང་མེད་ཀྱིས་ནི་དབང་ 86-1-162b ཞེས་གསུངས། །ཐ་མ་ཡིས་ནི་མངོན་སྤྱོད་ཡིན། །མཐེ་བོ་ལྷ་ཡི་རང་བཞིན་གྱིས། །ལས་ཀུན་ལས་ནི་སྦྱར་བར་བྱ། །རིལུ་དགྲ་བཅོམ་མདོ་འཛིན་ནི། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཏེ། །བཟླས་པའི་ཕྲེང་བའི་ཁྱད་པར་ གྱིས། །མཉམ་གཞག་བསྒོམ་ཞིང་བཟླས་པར་བྱ། །རྫོགས་ལྡན་དུས་སུ་གཅིག་བཟླས་པ། །གསུམ་ལྡན་དུས་སུ་གཉིས་འགྱུར་བཟླས། །གཉིས་ལྡན་དུས་ན་སུམ་འགྱུར་བཤད། །རྩོད་དུས་བཞི་འགྱུར་དུ་ནི་བཟླ། ། སྔགས་ཀྱི་གྲངས་ནི་བཞི་པོ་ཡིས། །རྒྱུན་མི་འཆད་པར་གསང་སྔགས་བཟླས། །བཟླས་པའི་ཕྲེང་བ་སོགས་བསྡུས་བ། །འདི་ནི་ངག་གི་བཟླས་པ་སྟེ། །ལྷ་ཡི་གཟུགས་སུ་དམིགས་པ་ཡིས། །སྤྲོ་དང་བསྡུ་བའི་ བདག་ཉིད་ཅན། །སྔགས་ཀྱི་དེ་ཉིད་བརྡ་ཡིས་ནི། །འགྲོ་དང་འོང་བ་ཡང་དག་བསམ། །མཐའ་གསུམ་ལས་ནི་རྣམ་གྲོལ་བ། །དོན་དམ་དེ་བཞིན་ཉིད་ཀྱི་དོན། །འདི་རྣམས་སྔགས་ཀྱི་བཟླས་པ་ཡི། །ཆོ་གའི་མཚན་ཉིད་གསུངས་ པ་ཡིན། །འདི་ནི་སྔགས་ཀྱི་བཟླས་པའི་བགྲང་ཕྲེང་ངེས་པར་བསྟན་པའི་རིམ་པར་ཕྱེ་བ་སྟེ་བཅུ་གཉིས་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ། །ལྷ་ཡི་དཀྱིལ་འཁོར་འབྱུང་བ་སྟེ། །གསང་བ་མཆོག་ གི་དགྱེས་པ་ཅན། །དངོས་གྲུབ་ཡོན་ཏན་ཀུན་གྱི་གནས། །འདོད་པའི་ཡོན་ཏན་ཀུན་ཁྱབ་པའི། །ས་ཕྱོགས་མཁས་པས་ཡང་དག་བརྟག །ཁྲག་འཐུང་ཕྱག་གཉིས་སྦྱོར་ལྡན་པས། །ཕུང་པོ་ལྔ་སོགས་ང་རྒྱལ་བྱ། ། ཞལ་བཞི་པ་ཡི་སྔགས་བརྗོད་པས། །ཕྱོགས་ནི་བཅིང་ཞིང་ར་བ་སྟེ། །ཨོཾ་སུམ་བྷ་ནི་སུམ་བྷ་ཧཱུྃ་ཧཱུྃ་ཕཊ་ཤར་དུའོ། །ཨོཾ་གྲྀ་ཧྞ་གྲྀ་ཧྞ་ཧཱུྃ་ཧཱུྃ་ཕཊ། བྱང་བུའོ། །ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ་ཧཱུྃ་ཕཊ། ནུབ་དུའོ། །ཨོཾ་ཨཱ་ན་ཡ་ ཧོ་བིདྱཱ་རཱ་ཛ་ཧཱུྃ་ཧཱུྃ་ཕཊ། ལྷོ་རུའོ། །ཕྱོགས་སུ་སེ་གོལ་བརྡབས་པ་ཡིས། །གདུག་པའི་བདུད་ནི་བསྐྲད་པར་བྱ། །སྙིང་གའི་ཆུ་སྐྱེས་ཧཱུྃ་ཡིག་ལས། །འོད་ཟེར་ཕྲེང་བ་སྤྲོ་བར་བྱ། །དེ་ཡི་སྣང་བས་མདུན་དུ་ནི། །བླ་མ་སངས་ 86-1-163a རྒྱས་སོགས་བལྟས་ལ། །ཕྱག་བཙལ་མེ་ཏོག་བདུག་སོགས་པས། །མཆོད་དེ་རྗེས་ལ་སྡིག་པ་བཤགས། །དཀོན་མཆོག་གསུམ་ལ་སྐྱབས་འགྲོ་ཞིང་། །བྱང་ཆུབ་སེམས་ནི་རྣམ་པར་བསྐྱེད། །གཞན་ལ་ ཕན་པའི་སེམས་ནི་བྱམས་པ་སྟེ། །གཞན་གྱི་སྡུག་བསྔལ་འཇོམས་བྱེད་སྙིང་རྗེ་ཡིན། །གཞན་གྱི་བདེ་བས་ཚིམ་པ་དགའ་བ་སྟེ། །སེམས་ཅན་ཀུན་སྙོམས་བཏང་སྙོམས་རྣམ་པར་བསམ། །ཨོཾ་སྭ་བྷཱ་བ་ཤུད་དྷཱ་སརྦྦ་ དྷརྨཱ་སྭ་བྷཱ་བ་ཤུད་དྷོ྅ཧྃ་ཞེས་བྱ་བས། སེམས་ཙམ་ཉིད་ལ་རྣམ་གནས་ཤིང་། །བྱང་ཆུབ་ཚོགས་ནི་བསྒོམ་པར་བྱ། །ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱད་མ་ཀོ྅ཧྃ། རྟེན་དང་བརྟེན་པའི་གཟུགས་སུ་ནི། །བྷཻ་རམ་བ་ལ་སོགས་ པ་བསམ། །ཡྃ་ལས་བྱུང་བའི་རླུང་དཀྱིལ་འཁོར། །གཞུ་འདྲ་ཁ་དོག་སྔོན་པོ་སྟེ། །དེ་ཡི་སྟེང་དུ་རྃ་ལས་ནི། །མེ་ཡི་དཀྱིལ་འཁོར་གྱི་ནི་གཟུགས། །ཁ་དོག་དམར་པོ་ཟུར་གསུམ་པ། །རྡོ་རྗེ་རྩེ་གསུམ་གྱིས་མཚན་པའོ། ། དེ་ཡི་སྟེང་དུ་བྃ་བྱུང་བའི། །ཆུ་ཡི་དཀྱིལ་འཁོར་ཟླུམ་བོ་དཀར། །དེ་ཡི་སྟེང་དུའང་ལྃ་བྱུང་བའི། །ས་ཡི་དཀྱིལ་འཁོར་ཟུར་བཞི་པ། །ཁ་དོག་སེར་པོ་གྲྭ་བཞིར་ནི། །དེ་བཞིན་རྡོ་རྗེ་རྩེ་གསུམ་མཚན། །དེ་ཡི་སྟེང་དུ་སུྃ་བྱུང་བའི། །ཟུར་ བཞི་པ་ནི་རི་རབ་སྟེ། །རིན་ཆེན་བཞི་ཡི་བདག་ཉིད་མཛེས། །རྩེ་མོ་བརྒྱད་ཀྱིས་བརྒྱན་པའོ། །དེ་ཡི་སྟེང་དུ་ཧཱུྃ་བྱུང་བའི། །སྣ་ཚོགས་རྡོ་རྗེ་རྣམ་པར་བསྒོམ། །དེ་ཡི་སྟེང་དུ་པད་མ་ནི། །ལྟེ་བ་གེ་སར་ལྡན་པར་བསྒོམ། ། དེ་དབུས་ཨཱ་ལི་ཀཱ་ལི་ཡི། །དག་པའི་སྦྱོར་བ་བསྒོམ་པར་བྱ། །དེ་ཡི་དབུས་སུ་ཡི་གེ་ཧཱུྃ། །རྡོ་རྗེ་སེམས་དཔའི་རང་བཞིན་ལས། །ཉི་མའི་དཀྱིལ་འཁོར་དབུས་བཞུགས་པའི། །དཔལ་ཧེ་རུ་ཀ་རྣམ་པར་བསྒོམ། །དཔའ་བོ་ཞལ་ གསུམ་ཕྱག་དྲུག་པ། །གཡས་བརྐྱང་བ་ཡིས་གདན་ལ་བཞུགས། །རྩ་བའི་ཞལ་ནི་ནག་པོ་ཆེ། །གཡས་པ་ཀུན་ད་ལྟ་བུ་སྟེ། །གཡོན་པ་དམར་པོ་ཆེར་འཇིགས་པའོ། །རལ་པའི་ཅོད་པན་གྱིས་བརྒྱན་པ། །འཇིགས་ 86-1-163b བྱེད་དང་ནི་དུས་མཚན་དག །མནན་ཞིང་བདེ་བ་ཆེན་པོས་བཞུགས། །རྡོ་རྗེ་རྣམ་སྣང་མཛད་མས་འཁྱུད། །ཐུགས་རྗེའི་ཆགས་པས་ཤེས་ཆེར་དགྱེས། །ཕྱག་གཉིས་རྡོ་རྗེ་དྲིལ་བུ་ནི། །མཉམ་པར་ལྡན་པས་ཡང་དག་འཁྱུད། ། གཉིས་པའི་ཕྱག་ནི་མཆོག་གཉིས་ཀྱིས། །གླང་ཆེན་ལྤགས་པ་གོས་སུ་འཛིན། །གཡས་ཀྱི་གསུམ་པས་ཅང་ཏེའུ་ནི། །ཆོས་ཀུན་ངོ་བོ་ཉིད་སྒྲ་སྒྲོགས། །གཡོན་གྱི་ཕྱག་ནི་གསུམ་པ་ཡིས། །ཁ་ཊྭཱྃ་ག་བརྟེན་ཐོད་པ་ བསྣམས། །ཐོད་པའི་ཕྲེང་བས་ཐོད་དུ་མཛད། །ཟླ་བ་ཕྱེད་པས་རྣམ་པར་བརྒྱན། །དབུ་ལ་སྣ་ཚོགས་རྡོ་རྗེས་མཚན། །རིགས་ཀྱི་བདག་པོས་ཅོད་པན་མཛད། །ཞལ་ནི་རྣམ་འགྱུར་ཆེར་འཇིགས་པ། །སྒེག་པའི་ཉམས་ དང་ལྡན་པའོ། །སྟག་གི་ལྤགས་པའི་ན་བཟའ་ཅན། །མི་མགོ་ཉི་ཤུའི་ཕྱེད་ཀྱིས་བརྒྱན། །ལྷ་ནི་ཕྱག་རྒྱ་ལྔ་འཆང་ཞིང་། །གར་གྱི་ཉམས་ནི་དགུ་དང་ལྡན། །དེ་ལ་འཁྱུད་པའི་བཅོམ་ལྡན་མ། །ཞལ་གཅིག་ཕྱག་གཉིས་ སྤྱན་གསུམ་མ། །གཅེར་བུ་བན་དྷུ་ཀ་ཡི་མདོག །དུམ་བུས་བརྒྱན་པའི་སྐུ་རགས་ཅན། །སྐྲ་གྲོལ་བ་དང་རྣམ་པར་གཙིགས། །ཁྲག་ལ་དགྱེས་ཤིང་འཛག་པའོ། །ཕྱག་གཡོན་འཁྱུད་པས་གདུག་པ་ཡི། །བདུད་ སོགས་ཁྲག་ཅན་ཐོད་པ་འཛིན། །གཡས་པ་སྡིགས་མཛུབ་རྡོ་རྗེ་ཅན། །བསྐལ་པའི་མེ་འདྲའི་སྐུ་ཆེན་མ། །བྱིན་པ་གཉིས་ནི་མཉམ་འཁྱུད་ཅིང་། །རྟག་ཏུ་བདེ་བ་ཆེར་དགྱེས་པའོ། །མཁའ་འགྲོ་དེ་བཞིན་ལཱ་མ་ དང་། །ཁཎ་ཌ་རོ་ཧེ་གཟུགས་ཅན་མ། །དངོས་གྲུབ་ཀུན་གྱི་བདེ་འབྱུང་བ། །པད་མའི་ཕྱོགས་ཀྱི་གནས་སུ་དགོད། །གནག་དང་ལྗང་དང་དམར་བ་དང་། །སེར་སྐྱའི་མདོག་ཅན་སྤྱན་གསུམ་མ། །ཞལ་གཅིག་ ཕྱག་ནི་གཉིས་མ་སྟེ། །ཁ་ཊྭཱྃ་ཐོད་པའི་ཕྱག་ལྡན་མ། །གཡས་པས་རྡོ་རྗེ་གྲི་གུག་སྟེ། །གཅེར་བུ་གཡས་བརྐྱང་བ་ཡི་ཞབས། །སྐྲ་གྲོལ་མཆེ་བ་གཙིགས་པའི་ཞལ། །ཕྱག་རྒྱ་ལྔས་ནི་རྣམ་པར་བརྒྱན། ། 86-1-164a མཚམས་ཀྱི་འདབ་མ་བཞི་ལ་ནི། །བྱང་ཆུབ་སེམས་ལ་སོགས་པའི་སྣོད། །བདུད་རྩི་ལྔ་དང་ལྡན་པ་དང་། །གླུ་དང་གར་གྱི་དགའ་བདེ་མཆོད། །སྒོ་བཞིར་ལྷ་ཚོགས་གནས་པ་སྟེ། །རྟག་ཏུ་ ལྷ་རྣམས་བསྒོམ་པར་བྱ། །ཤར་གྱི་སྒོར་ནི་ཁྭ་གདོང་མ། །ཕྱག་གཉིས་སྔོན་མོར་བསྒོམ་པར་བྱ། །བྱང་གི་སྒོར་ནི་འུག་གདོང་མ། །ལྗང་གུ་སྐྲ་ནི་གྲོལ་བའོ། །དེ་བཞིན་ཁྱི་གདོང་མ་ནི་དམར། །ནུབ་ཀྱི་སྒོར་ནི་ཡང་ དག་གནས། །ཕག་གདོང་མ་ནི་སེར་མོ་སྟེ། །ལྷོ་སྒོར་ཡི་དགས་གདན་ལ་གནས། །མེ་དང་དེ་བཞིན་བདེན་བྲལ་དང་། །རླུང་དང་དབང་ལྡན་མཚམས་སུ་ནི། །གཤིན་རྗེ་བརྟན་མ་ཕོ་ཉ་མོ། །གཤིན་རྗེ་མཆེ་བ་ འཇོམས་མ་སྟེ། །དེ་བཞིན་ཟུར་གནས་ལྷ་མོ་ནི། །ཡིད་འཕྲོག་གཟུགས་ནི་གཉིས་མ་སྟེ། །ཡི་དགས་ལ་གནས་དྲག་མོ་ཆེ། །ཕྱག་རྒྱ་ལྔས་ནི་རྣམ་བརྒྱན་པའོ། །གཡོན་ན་ཐོད་པ་ཁ་ཊྭཱྃ་ག །གཡས་ ན་རྡོ་རྗེ་གྲི་གུག་སྟེ། །རྣལ་འབྱོར་མ་ནི་དེ་རྣམས་ཀུན། །དངོས་གྲུབ་ཐམས་ཅད་རབ་སྩོལ་བའོ། །དེ་ནས་གོ་ཆ་གཉིས་ཤེས་ནས། །ཡེ་ཤེས་འཁོར་ལོ་རྣམ་པར་བསྒོམ། །སྔགས་དང་ཕྱག་རྒྱའི་སྦྱོར་བ་ཡིས། ། དམ་ཚིག་འཁོར་ལོར་མཉམ་པར་གཞུག །དེ་ནས་གོ་ཆ་གཉིས་བཤད་པར་བྱ་སྟེ། ཨོཾ་ཧ་སྙིང་དཀར་རོ། །ན་མ་ཧི་མགོ་བོ་ལའོ། །སྭཱ་ཧཱ་ཧཱུ་སྤྱི་གཙུག་ཏུའོ། །བཽ་ཥཊ་ཧེ་ཕྲག་པ་གཉིས་ལའོ། ། ཧཱུྃ་ཧཱུྃ་ཧོཿམིག་གཉིས་ལའོ། །ཕཊ་ཧྃ་ཡན་ལག་ཐམས་ཅད་ལ་སྟེ་མཚོན་ཆའོ། །དང་པོ་རྡོ་རྗེ་སེམས་དཔའ་སྟེ། །གཉིས་པ་རྣམ་པར་སྣང་མཛད་བཞུགས། །གསུམ་པ་པད་མ་གར་དབང་སྟེ། །དཔལ་ ཧེ་རུ་ཀ་བཞི་པར་གྲགས། །ལྔ་པ་རྡོ་རྗེ་ཉི་མ་ཡིན། །དྲུག་པ་དེ་བཞིན་རྟ་མཆོག་སྟེ། །གོ་ཆ་དྲུག་པོ་རྣམས་ཀྱིས་བསྲུངས། །ཨོཾ་བྃ་ནི་རྡོ་རྗེ་རྣམ་སྣང་མཛད་མའོ། །ཨོཾ་ཧྃ་ཡྃ་ནི་གཤིན་རྗེ་མའོ། །ཨོཾ་ཧྲྃ་མྃ་ནི་རྨོངས་བྱེད་ 86-1-164b མའོ། །ཨོཾ་ཧྲིཾ་ཧྲིཾ་ནི་བསྐྱོད་བྱེད་མའོ། །ཨོཾ་ཧཱུྃ་ཧཱུྃ་ནི་སྐྲག་བྱེད་མའོ། །ཕཊ་ཕཊ་ནི་གཏུམ་མོ་ལུས་ཐམས་ཅད་ལ་མཚོན་ཆའོ། །ལྟེ་བ་དང་སྙིང་ག་དང་དེ་བཞིན་དུ་ཁ་དང་མགོ་བོ་དང་། སྤྱི་གཙུག་ལ་དེ་བཞིན་དུ་ནི་མཚོན་ཆ་ ཡིན་ནོ། །ཨོཾ་ཡོ་ག་ཤུད་དྷཱཿསརྦ་དྷརྨཱ་ཡོ་ག་ཤུད་དྷོ྅ཧྃ། །ལག་པ་གཡས་དང་གཡོན་པ་སྙིང་གར་བཞག་སྟེ། པད་མ་རྒྱས་པའི་གར་བྱའོ། །སྙིང་པོའི་ཕྱག་རྒྱ་ལ་སོགས་ལྷ། །བསྐོར་བ་མཁའ་འགྲོ་མ་དྲ་བའི་སྡོམ། ། རྣལ་འབྱོར་འདི་ནི་གཙོ་བོ་མཆོག །ལྷ་ཡི་རྣལ་འབྱོར་རྣམ་པར་བསྒོམ། །ཆོས་དང་ལོངས་སྤྱོད་རྫོགས་སྤྲུལ་པ། །བདེ་ཆེན་འཁོར་ལོ་སྦྱར་བར་བྱ། །ཉི་ཤུ་རྩ་བཞིའི་རྩ་རྣམས་ནི། །ལུས་ཀུན་དག་པར་བྱེད་པ་སྟེ། ། གནས་ནི་ཉི་ཤུ་རྩ་བཞི་ཡིས། །ལུས་ནི་སྡུད་ཅིང་འཛིན་པ་ཡིན། །ལུས་འདི་དཔའ་བོའི་རང་བཞིན་ཏེ། །འདི་དེ་སངས་རྒྱས་ཀུན་མཚུངས་པའོ། །གཉིས་མེད་རྣམ་པའི་རྣལ་འབྱོར་གྱིས། །བསམ་མི་ཁྱབ་པའི་ གོ་འཕང་བསྟན། །རྗེས་མཐུན་རྣལ་འབྱོར་སེམས་ཀྱིས་ནི། །གོ་འཕང་མཆོག་ནི་བསྒོམ་པར་བྱ། །འདི་ནི་དཔལ་ཧེ་རུ་ཀའི་བསྐྱེད་པའི་རིམ་པར་ཕྱེ་བ་སྟེ་བཅུ་གསུམ་པའོ།། །། དེ་ནས་རྡོ་རྗེ་རྣལ་ འབྱོར་མ། །མཆོད་པ་ཡང་དག་རབ་བཤད་བྱ། །གནས་སོགས་བགྲོད་པར་མི་ནུས་ན། །ཕྱི་ཡི་རྣལ་འབྱོར་མ་མཆོད་བྱ། །རང་གི་ཁྱིམ་དུ་རྣལ་འབྱོར་མ། །མཆོད་དེ་སྔོན་དུ་བསྙེན་སོགས་བྱ། །སྔོན་དུ་བསྙེན་ པ་མེད་པ་ལས། །དེ་ཡི་དོན་མེད་ཡོངས་སུ་ངལ། །མར་ངོ་ཡི་ནི་ཚེས་བཅུ་འམ། །ཡར་ངོའི་ཡང་ནི་དེ་བཞིན་ཏེ། །ཁྲུས་དང་གཙང་སྦྲ་སོགས་ལྡན་པས། །དད་པའི་སེམས་ཀྱིས་སྤྱན་དྲངས་ཏེ། །རང་གི་ཁྱིམ་དུ་ ཤར་བལྟས་པར། །ཡང་དག་གནས་པས་ལྷ་མོ་མཆོད། །གུར་གུམ་མིག་སྨན་དེ་བཞིན་དུ། །ལི་ཁྲི་ཡིས་ནི་མགོ་ལ་བྱུག །རྐང་པ་ལག་པ་གདོང་དེ་བཞིན། །བྱུག་པས་བྱུག་ཅིང་མཆོད་པར་བྱ། །མགོ་ལ་མེ་ཏོག་ཕྲེང་བ་ 86-1-165a དཔྱངས། །དྲི་ཞིམ་པ་ཡི་བདུག་པས་བདུག །གཅིག་དང་གསུམ་དང་བཞི་དང་ལྔ། །ཁྱད་པར་དུ་ནི་བདུན་དང་དགུ། །ཇི་སྲིད་ཉི་ཤུ་རྩ་བཞི་ཡི་བར། །ཡོན་བདག་ངེས་པར་དང་བ་ཡིས། །བཟའ་དང་མྱོས་བྱེད་བཏུང་ བ་དང་། །ཉ་དང་ཤ་ལ་སོགས་ལྡན་པས། །ཕྱག་རྒྱ་བྱིན་གྱིས་བརླབས་ནས་མཆོད། །དཔའ་བོས་བརྡ་ནི་བསྟན་པར་བྱ། །རྡོ་རྗེ་རྣམ་སྣང་མཛད་པའི་ཚོགས། །ལྷ་ཡི་བདག་ཉིད་རྟག་ཏུ་མཆོད། །གཏོར་མའི་བྱ་བ་སྔོན་ འགྲོ་བས། །མར་མེ་ལྔ་དང་བཟའ་བ་དབུལ། །གླུ་དང་བསྟོད་པར་རབ་ལྡན་པས། །རྡོ་རྗེ་རྣལ་འབྱོར་མ་རྣམས་མཆོད། །འདིར་ནི་བརྩོན་པས་རྡོ་རྗེ་ལྷ་མོ་རྣམས། །མྱོས་བྱེད་ཤ་ཡིས་རབ་ཏུ་མཆོད་བྱས་ཏེ། །དཔལ་ལྡན་ རྡོ་རྗེ་ཐེག་པར་མོས་འགྱུར་དེའི། །དད་པས་སྟོན་མོས་དེ་རྣམས་མཆོད་བྱས་ན། །ཐུགས་ནི་མཉེས་པས་མཆོག་ནི་རྩོལ་འགྱུར་ཏེ། །གང་ཕྱིར་མཆོག་ནི་དེ་ཡི་ལག་ན་གནས། །རྣལ་འབྱོར་མ་ནི་མཆོད་ནས་སུ། ། ཞི་རྒྱས་མཚན་མ་བརྟག་བྱ་སྟེ། །གཞོན་ནུ་མ་མཆོད་སྐད་ཅིག་ལ། །དགེ་དང་མི་དགེའི་ལས་འབྲས་བརྟག །གང་ཞིག་ལག་གཉིས་ཉེད་པ་ན། །ཡིད་ནི་མཉེས་པར་མ་གྱུར་ནས། །དེས་ན་ནད་རྣམས་འཕེལ་ བ་དང་། །སྡུག་བསྔལ་ཐོབ་པ་ཉིད་དུ་འགྱུར། །མཆོད་བྱས་དེ་ཡི་སྐད་ཅིག་ལ། །གད་མོའི་སྒྲ་ནི་ཕྱུང་གྱུར་ན། །ནད་མེད་པ་ནི་མི་འགྲུབ་ཅིང་། །འཆི་བ་ཉིད་དུ་ཐེ་ཚོམ་མེད། །མཆོད་པའི་མོད་ལ་དུ་བྱེད་ཅིང་། ། མིག་གཉིས་ཉེད་པར་བྱེད་ན་ནི། །སྐད་ཅིག་ལ་ནི་འཆི་ཞེས་བརྗོད། །སྒྲུབ་པོས་རྟག་དུ་མཆོད་བྱས་པས། །སོ་སོ་སོ་སོར་ཟུང་རེར་ནི། །ཕན་ཚུན་གདོང་ནི་ཕྱོགས་གྱུར་ན། །ཐམས་ཅད་དུ་ནི་རྩོད་འགྱུར་བར། །གཞོན་ ནུ་མས་ནི་རྟག་ཏུ་སྟོན། །རྣལ་འབྱོར་མ་ནི་རྒྱབ་ཕྱོགས་ལྟ། །སོ་ཡིས་སེན་མོ་འཆའ་བྱེད་ན། །ཤ་ཡི་བཟའ་བས་མ་ཚིམ་སྟེ། །སླར་ཡང་ལས་ནི་དགོས་པར་འགྱུར། །བཟའ་དང་བཏུང་བ་ཐམས་ཅད་ཀྱི། །སྟོན་མོས་ 86-1-165b མཉེས་པར་མ་གྱུར་ན། །མཚོན་ལ་སོགས་པ་གློ་བུར་བའི། །ནད་ནི་འཕྲལ་དུ་སྐྱེ་བར་འགྱུར། །འདི་ལྟར་གླུ་དང་རོལ་མོ་བྱེད། །ཡང་དང་ཡང་དུ་རྒོད་པ་ན། །རྒྱལ་པོ་ཆོམ་རྐུན་འཇིགས་པ་དག །གཞོན་ནུ་དེ་སྟོན་མཁས་ པས་བརྟག །མྱོས་བྱེད་འཐུངས་ནས་ཡང་དང་ཡང་། །རྣམ་པ་དུ་མས་གར་བྱེད་ན། །དེ་རྣམས་ལ་ནི་ནད་ཆེན་འབྱུང་། །མཆོད་པའི་དུས་སུ་བརྟག་པར་བྱ། །སྟོན་མོའི་བཟའ་བ་ཐམས་ཅད་ནི། །དོར་ནས་ཕྱོགས་སུ་ ལྷ་བྱེད་ན། །སྤྱོད་པ་ཉམས་པར་བྱས་པའི་སྐྱོན། །ལྷ་རྣམས་བདག་ལ་འཁྲུགས་པའོ། །ཕན་ཚུན་གཏམ་ལ་འཇུག་པ་དང་། །གལ་ཏེ་ཕན་ཚུན་རྒོད་བྱེད་ན། །གཙོ་བོའི་ཆོ་ག་ཉམས་པར་ནི། །གཞོན་ནུ་དེ་བསྟན་ ཤེས་པར་བྱ། །ཟོས་མ་ཐག་ཏུ་སྐྱུག་བྱེད་ན། །སྨྱོ་བའི་ནད་ནི་འབྱུང་བར་སྟོན། །མཛེས་མ་གལ་ཏེ་འགྲོ་བའི་ཚེ། །རྒྱབ་ཀྱི་ཕྱོགས་སུ་ལྟ་བྱེད་ན། །སླར་ཡང་ལས་ནི་དགོས་པ་དང་། །ཡུན་རིང་ཞིག་ན་ནད་ བྱུང་སྟོན། །ས་ལ་རྐང་པས་ཉེད་པ་ན། །གནས་ནི་འཕོ་བའི་དོན་དུ་འགྱུར། །མཆོད་དུས་བབས་པར་གྱུར་ན་ནི། །ཕན་ཚུན་གཡུལ་ནི་འགྱེད་པར་སྟོན། །རྣམ་འགྱུར་འདི་དག་བྲལ་བས་ནི། །མཆོད་པ་འགྲུབ་པར་ མཚོན་པར་བྱ། །དེ་བས་བརྩོན་པས་མཆོད་ནས་ནི། །སྒྲུབ་པོས་རྟག་ཏུ་བརྟག་པར་བྱ། །རྡོ་རྗེ་རྣལ་འབྱོར་མ་རྣམས་མཆོད། །འདོད་པའི་འབྲས་བུ་ཀུན་རབ་སྟེར། །འདི་ནི་རྡོ་རྗེ་རྣལ་འབྱོར་མ། །མཆོད་པའི་ ཆོ་ག་ངེས་པར་བསྟན་པའི་རིམ་པར་བྱེད་བ་སྟེ་བཅུ་བཞི་པའོ།། །། དེ་ནས་དེ་ཕྱིར་སྣོད་ཀྱི་ནི། །མཚན་ཉིད་མཆོག་ནི་ཡང་དག་བཤད། །འཇིམ་པའམ་དེ་བཞིན་རུས་སྦལ་སྣོད། །འཁར་བའམ་ཟངས་ སམ་ལྕགས་ལས་བྱས། །གསེར་རམ་དངུལ་ལས་བྱས་པ་འམ། །དུང་ངམ་དེ་བཞིན་ཉ་ཕྱིས་ཏེ། །བལ་པོ་སེའུ་ཡི་འབྲས་བུ་མཆོག །དེ་བཞིན་གཞན་ཡང་གསར་བྱུང་བ། །ར་ལས་བྱུང་དང་ཤིང་སྣོད་སོགས། ། 86-1-166a གཞན་ཡང་རྡོ་སྣོད་ཁྱད་པར་རོ། །དུམ་བུ་གཅིག་དང་དུམ་བུ་གཉིས། །དེ་བཞིན་གསུམ་དང་བཞི་དང་ལྔ། །དུམ་བུ་དྲུག་དང་དུམ་བུ་བདུན། །དུམ་བུ་བརྒྱད་པར་རབ་ཏུ་གྲགས། །བྲམ་ཟེ་རྒྱལ་རིགས་རྗེའུ་རིགས་ སམ། །དམངས་རིགས་བུད་མེད་རིགས་མཐར་སྐྱེས། །དཀར་དང་དམར་དང་ལྗང་སྐྱ་དང་། །སེར་དང་དེ་བཞིན་སེར་སྐྱ་སྟེ། །ཐལ་བའི་མདོག་དང་མདོག་ངན་དང་། །སྣ་ཚོགས་མདོག་ཏུ་རབ་ཏུ་གྲགས། །ལྷག་ པ་དམན་དང་ཐ་མ་སྟེ། །དེ་བཞིན་དབྱིབས་ནི་སྣ་ཚོགས་དབྱེ། །གཤོངས་གཉིས་གླང་པོའི་རྒྱབ་ལྟ་བུ། །དེ་བཞིན་རྡོ་རྗེའམ་ཁྭ་ཡི་རྐང་། །སོ་ནི་ལྗང་དང་སེར་བ་འམ། །ལྟོ་བའམ་སྲིན་བུས་ཟོས་དེ་བཞིན། །འདི་ཀུན་ རྣམ་པར་བལྟས་ནས་ནི། །དེ་ལ་ཡོངས་སུ་བརྟག་པར་བྱ། །ས་གཞི་མཉམ་པའི་ཡུལ་རྣམས་སམ། །ཐང་ངམ་བྱ་མའི་གཤོངས་དག་ཏུ། །སྔགས་པས་དེར་ནི་བསྒྲུབས་བྱས་ལ། །དེ་ཡི་ལྷུང་བ་བརྟག་པར་བྱ། །ལྷོར་ བལྟས་བྲམ་ཟེ་འཇིགས་པར་འགྱུར། །བདེན་བྲལ་ལྷུང་བས་བ་ལང་དང་། །རིགས་མེད་པ་དང་རིགས་ངན་འཇིགས། །རླུང་བལྟས་སྔགས་ནི་འཇིགས་པ་སྟེ། །བྱང་དུ་བལྟས་ན་ཕྱུག་པོར་འགྱུར། །དབང་ལྡན་ སྔགས་ཀྱི་དངོས་གྲུབ་སྟེ། །བརྟུལ་ཞུགས་རྒྱུན་ནི་ཉམས་པ་མེད། །མེར་བལྟས་ཉེ་བར་འཕྲོག་པ་སྟེ། །དེ་བཞིན་འོག་བལྟས་ཆོམ་རྐུན་མའོ། །སྟེང་བལྟས་གནས་པས་བུད་མེད་འཇོམས། །ལོགས་སུ་ལྷུང་བས་ གཏུམ་མོ་སྟེ། །སྣོད་ཀྱི་མཚན་ཉིད་རྣམ་ཤེས་བྱ། །དུམ་བུ་གཅིག་པ་གནས་ལ་དབང་། །དུམ་བུ་གཉིས་པ་དཀྱིལ་འཁོར་དབང་། །དུམ་གསུམ་སྒྲུབ་པོའི་དངོས་གྲུབ་འགྱུར། །དུམ་བུ་བཞི་པས་སྔགས་དངོས་ འགྲུབ། །ལྔ་པ་ཡིས་ནི་ཞི་དང་རྒྱས། །དུམ་དྲུག་སློངས་མོ་རྙེད་པར་ཤེས། །དུམ་བུ་བདུན་པས་དབང་དུ་བྱེད། །དངོས་གྲུབ་སྒྲུབ་པ་འབྲས་མེད་ཕྱིར། །དེ་བཞིན་དུམ་བུ་བརྒྱད་པ་སྤང་། །བུ་ག་གཅིག་པ་བྲམ་ཟེར་འགྱུར། ། 86-1-166b བུ་ག་གཉིས་པ་རྒྱལ་རིགས་འགྱུར། །བུ་ག་གསུམ་པ་རྗེའུ་རིགས་ཤེས། །བུ་ག་བཞི་པ་དམངས་རིགས་རྣམས། །བུ་ག་མང་པོའམ་བུ་ག་མེད། །མཁས་པ་ཡིས་ནི་སྤང་བར་བྱ། །བུད་མེད་ཐོད་པའང་མི་བཟུང་སྟེ། ། ཁྱད་པར་དུ་ནི་མདོག་ཉམས་དང་། །སོ་མེད་པའམ་སོ་ཉམས་པ། །དགེ་བ་འདོད་པས་བཅང་མི་བྱ། །སོ་ལྗང་པས་ནི་སྡུག་བསྔལ་མང་། །ཁྭ་ཡི་རྐང་འདྲེས་རྩོད་པར་འགྱུར། །གཤོང་བུ་གཉིས་པས་རྒུད་པར་འགྱུར། ། དེ་བཞིན་གླང་པོའི་རྒྱབ་ཀྱིས་ནང་། །དབུས་ཀྱི་གནས་སུ་གཤོང་བུ་བཞི། །འདོད་འཇོའི་བར་ནི་ལྟ་བར་བྱ། །མདུན་ཕྱོགས་སུ་ནི་གཤོང་བུ་གཉིས། །ཡིད་བཞིན་ནོར་བུ་ཞེས་བྱར་བཤད། །དུང་དང་ཀུན་ད་ཟླ་བ་ཡི། །མདོག་ མཚུངས་སྣུམ་པར་ཤེས་པར་བལྟ། །སྔགས་རྣམས་ཀུན་གྱི་དངོས་གྲུབ་སྟེར། །སྒྲུབ་པོས་དངོས་གྲུབ་ཐོབ་པར་བྱེད། །ཆེ་ཞིང་མདོག་ནི་སེར་པོ་འམ། །པད་མ་ལྟ་བུ་པད་མས་མཚན། །རྒྱས་ལ་བསྔགས་པར་ གསུངས་པ་སྟེ། །ནོར་ནི་ཕུན་སུམ་ཚོགས་པ་འགྲུབ། །སྣོད་ནི་གང་ཞིག་ཁ་དོག་དམར། །གཞན་ཡང་ཐིག་ལེ་དམར་པོས་མཚན། །རྟག་ཏུ་དབང་དང་དགུག་པ་ཡི། །དངོས་གྲུབ་སྟེར་སྣོད་མཚན་ཉིད་དོ། ། བ་ལང་ཁ་ལྟ་བུ་ཡི་དབྱིབས། །ཤིན་དུ་སྲ་ཞིང་མུ་ཏིག་བཅས། །གསད་དང་བསྐྲད་དང་དབྱེ་བ་ལ། །ཁྱད་པར་དུ་ནི་རབ་ཏུ་བསྔགས། །སྣོད་ནི་རབ་བསྔགས་ཡང་དག་འཐོབ། །འདོད་པའི་འབྲས་བུ་ ཀུན་རབ་སྟེར། །གནས་དང་ཞིང་དུ་བགྲོད་ནས་ནི། །སྒྲུབ་པོས་ལྷ་མོ་བསྒྲུབ་པར་བྱ། །མཚན་ཉིད་འདི་དག་ཡོངས་རྫོགས་པ། །བཅངས་ན་དངོས་གྲུབ་འགྲུབ་པར་འགྱུར། །འདི་ནི་སྣོད་ཀྱི་མཚན་ངེས་ པར་བསྟན་པའི་རིམ་པར་ཕྱེ་བ་སྟེ་བཅྭ་ལྔ་པའོ།། །། དེ་ནི་དེ་ཕྱིར་བདུད་རྩི་ལྔའི། །སྒྲུབ་པ་ཡང་དག་རབ་ཏུ་བཤད། །ཡང་དག་ཆོ་ག་གང་གིས་ནི། །དངོས་གྲུབ་ཀུན་གྱི་འབྲས་འབྱུང་བའོ། །ཆོ་ག་སྦས་ 86-1-167a པས་བྲམ་ཟེ་ཡི། །མངལ་ནས་སྐྱེས་ལས་ཡང་དག་བླང་། །དེས་ན་རྣམ་སྣང་མཛད་པའི་མིང་། །གྲགས་ཏེ་དངོས་གྲུབ་ཡང་དག་བཞེད། །ཁ་དོག་ལྗང་ཞིང་རབ་བཟང་ལུས། ། མིག་གི་འབྲས་བུ་གནས་པ་ཡི། །རིན་ཆེན་རིགས་མ་རྙེད་ནས་དེའི། །དྲི་ཆུ་བསངས་ཏེ་བསྒྲུབ་པར་བྱ། །ཡོངས་སུ་རྫོགས་པའི་ལུས་ལྡན་ཞིང་། །ཡན་ལག་མཛེས་གཞོན་པད་མའི་རིགས། །བཟའ་ དང་བཏུང་བས་ཡང་དག་མཆོད། །མཁས་པས་མཆོད་ཡོན་ཕུལ་ནས་ནི། །དེ་ཡི་མོད་ལ་སྙོམས་འཇུག་བྱས། །ཕན་ཚུན་གྱི་ནི་ཤུ་ཀྲ་བླང་། །དེས་ན་གར་མཁན་རིགས་མིང་ཅན། །དེ་བཞིན་གཤེགས་པ་ དེ་བཞིན་གྲགས། །སྔར་བཤད་པ་ཡི་ཆོ་ག་ཡིས། །དངོས་གྲུབ་ཡོངས་སུ་རྫོགས་བགྲོད་པ། །ཆོས་མཁན་ཞེས་ནི་རབ་གྲགས་པའི། །དང་པོའི་མེ་ཏོག་རབ་ཏུ་བསྔགས། །དམ་ཚིག་ཅན་མའི་གདོལ་པ་མོ། ། གལ་ཏེ་རྙེད་ན་རྟག་བརྟེན་བྱ། །ཤ་དང་ཚིལ་དང་དེ་བཞིན་ཁྲག །མཁས་པ་ཡིས་ནི་གཟུང་བར་བྱ། །སྒྲུབ་པོ་དངོས་གྲུབ་འདོད་པ་ཡིས། །ལྕགས་ཀྱུ་ལྔ་ནི་ཅི་རྙེད་པའམ། །འདིར་ནི་གསད་པ་གཙོར་བཤད་པས། །ཅི་སྟེ་ཡང་ དག་རྙེད་ན་གཟུང་། །བ་ལང་ཤ་དང་རྟ་ཤ་དང་། །གླང་པོའི་ཤ་ཡང་དེ་བཞིན་ཏེ། །མི་ཡི་ཤ་དང་ཁྱི་ཡི་ཤ །མཁས་པ་ཡིས་ནི་གཟུང་བར་བྱ། །རྡོ་རྗེ་སེམས་དཔས་གང་གསུངས་པའི། །སྒྲོན་མ་ལྔ་ཞེས་གྲགས་ པའོ། །རྙེད་ནས་ཚེས་བཅུའི་དུས་སུ་ནི། །དངོས་པོ་འདི་དག་ཡང་དག་བསྡུ། །དྲི་ཞིམ་པ་དང་བསྲེས་ནས་ནི། །རབ་ཏུ་གསང་སྟེ་སྦྱར་བར་བྱ། །སྒྲུབ་པ་པོ་ཡིས་གསང་བ་ཡིས། །རི་ལུའི་རྣམ་པ་ཡང་དག་བྱ། །དེ་ཡི་མོད་ལ་ ཡོངས་རྫོགས་པའི། །བཟའ་དང་བཏུང་བའི་ཁྱད་པར་གྱིས། །ཚོགས་ཀྱི་དབུས་སུ་བྱིན་བརླབས་ནས། །ཕྱི་ནས་ལས་ནི་ཡང་དག་བརྩམ། །སྔགས་བཟླས་དེ་བཞིན་བསམ་གཏན་དང་། །འདོད་པ་ཀུན་གྱི་ 86-1-167b འབྲས་འབྱུང་ཞིང་། །ལུས་ཀྱི་བཅུད་ཀྱིས་ལེན་དང་ནི། །མཆོག་ཏུ་གྲོལ་བའི་དངོས་གྲུབ་སྟེར། །རྟག་ཏུ་རི་ལུ་བསྟེན་བྱེད་པ། །འདོད་པ་ཀུན་གྱི་འབྲས་རབ་སྟེར། །ལས་རྣམས་ཀུན་ལ་རབ་སྦྱར་ན། །མཁའ་སྤྱོད་ གོ་འཕང་ཐོབ་པར་འགྱུར། །འདི་ནི་བདུད་རྩི་ལྔ་སྒྲུབ་བ་ངེས་པར་བསྟན་པའི་རིམ་པར་ཕྱེ་བ་སྟེ་བཅུ་དྲུག་པའོ།། །། དེ་ནས་དཀྱིལ་འཁོར་བྲི་བ་ཡིས། །ཆོ་ག་མཆོག་ནི་ཡང་དག་བཤད། །འདི་ལྟར་འགའ་ཞིག་ གསོལ་འདེབས་པའམ། །རང་ཉིད་བསོད་ནམས་འདོད་པ་ཡིས། །དང་པོར་རང་ལྷའི་བདག་ཉིད་ཀྱི། །འཁོར་ལོ་ལ་གནས་སྔོན་བསྙེན་བྱ། །སྔོན་དུ་བསྙེན་པའི་དབང་བྱས་ནས། །དེར་ནི་གཏོར་མ་སྦྱིན་པར་བྱ། །བརྟན་ཞིང་ཟབ་མོའི་ ཆོས་ཤེས་པ། །རབ་གནས་གཏོར་མའི་ཕ་རོལ་སོན། །སྦྱིན་སྲེག་དཀྱིལ་འཁོར་དེ་ཉིད་ཤེས། །རིག་པའི་གནས་ནི་ཐམས་ཅད་རིག །གསང་སྔགས་ཚུལ་ལ་དད་ཅིང་མོས། །གཟུགས་བཟང་བལྟ་ན་སྡུག་པ་དང་། །བླ་མ་ལ་གུས་ བརྩེར་ལྡན་ན། །སྡོམ་པ་འབྱུང་བར་རབ་བཤད་བྱ། །གཙུག་ལག་ཁང་དང་མཆོད་རྟེན་གནས། །གནས་ཁང་འདུན་ཁང་ས་ཕྱོགས་གཙང་། །གདོད་ནས་གྲུབ་པའི་དུར་ཁྲོད་དུ། །དེར་ནི་དཀྱིལ་འཁོར་བརྩམ་པར་བྱ། །སྔོན་དུ་ ལས་ནི་བྱས་པའི་སར། །བརྐོ་བ་ལ་སོགས་མི་བྱ་སྟེ། །ལག་པས་རེག་ནས་ཧཱུྃ་ཡི་གེ། །སྔགས་བཟླས་པས་ནི་ས་སྦྱང་བྱ། །དཀྱིལ་འཁོར་གྱི་ནི་ས་ཡི་ཆའི། །ཉིས་འགྱུར་ས་ནི་སྦྱང་བར་བྱ། །རང་གི་སེམས་ ནི་ཡོངས་དག་པ། །དེ་ཉིད་ཀྱིས་ན་ས་དག་འགྱུར། །སློབ་དཔོན་སངས་རྒྱས་ཀུན་རང་བཞིན། །ལྷ་ཡི་སྐུ་ཡི་བདག་ཉིད་ཅན། །དཔའ་བོ་རྡོ་རྗེ་དྲིལ་འཆང་བ། །མཁའ་འགྲོར་བཅས་ལ་གསོལ་བ་གདབ། །བློ་ལྡན་རྡོ་རྗེ་གསོར་ བྱེད་ཅིང་། །དྲིལ་བུ་འཁྲོལ་བར་བརྩོན་པ་ཡིས། །ལྷ་དང་ལྷ་མིན་གསད་པ་དང་། །རབ་ཏུ་གདུག་པའི་བགེགས་ཚོགས་བསྐྲད། །ང་ནི་དཔལ་ལྡན་སྙིང་རྗེའི་སྟོབས། །སྲུང་བའི་འཁོར་ལོ་རབ་སྦྱོར་བས། །ལུས་སྲུལ་ལ་སོགས་ 86-1-168a གང་ཅིའང་རུང་། །བགེགས་ཀྱི་ཚོགས་རྣམས་གཞན་དུ་དེང་། །ཇི་སྟེ་ངས་བསྒོ་སུ་ཞིག་འདའ། །རྡོ་རྗེའི་བདག་པོའི་སྐུ་ཡིས་ནི། །ལུས་གསུམ་ལས་བྱུང་དགས་བྱ་སྟེ། །འདིར་ནི་བརླག་འགྱུར་གཞན་དུ་ མིན། །ས་ནི་ཡོངས་སུ་བཟུང་བྱས་ནས། །ར་བས་མཚམས་ནི་བཅིང་བར་བྱ། །ལག་གཡས་དམ་བཅས་ཕྱག་རྒྱ་ཡིས། །ཡི་གེ་བྃ་བྱུང་སའི་ལྷ་མོ། །མདོག་སེར་གསེར་གྱི་བུམ་འཛིན་ལ། །བསྟོད་ནས་རབ་ཏུ་བསྐུལ་བར་ བྱ། །ཆེ་གེ་ཞེས་བྱ་བདག་དཀྱིལ་འཁོར། །འདྲི་ལ་ལྷ་མོ་ཁྱེད་དབང་གྱུར། །མེ་ཏོག་བདུག་པ་སོགས་པས་མཆོད། །མཁས་པས་མཆོད་ཡོན་ཕུལ་བྱས་ལ། །བཅོམ་ལྡན་ཁྲོ་མཆོད་རྡོ་རྗེ་ཅན། །དེ་བཞིན་གཤེགས་ལ་གསོལ་བ་ གདབ། །རྫོགས་སངས་རྒྱས་རྣམས་དགོངས་སུ་གསོལ། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །མགོན་པོ་ལྷན་ཅིག་སྐྱས་འབྱུང་བའི། །དཀྱིལ་འཁོར་འདྲི་བར་འཚལ་ལགས་ ན། །དེ་བས་བཅོམ་ལྡན་གུས་བདག་ལ། །བཀའ་དྲིན་གནང་བར་མཛད་དུ་གསོལ། །གང་གཞན་གསང་སྔགས་ལྷ་རྣམས་དང་། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་། །རྫོགས་པའི་བྱང་ཆུབ་ལ་བརྟེན་པའི། ། འབྱུང་པོ་བསྟན་ལ་མངོན་དགའ་བ། །གང་སུ་རྡོ་རྗེའི་སྤྱན་ལྡན་ཀུན། །དཀྱིལ་འཁོར་བདེ་མཆོག་འབྱུང་བ་ཡི། །དཀྱིལ་འཁོར་འདྲི་བར་བགྱིད་ལགས་པས། །བདག་དང་དེ་བཞིན་སློབ་མ་ལ། །རྗེས་སུ་བརྩེ་བ་ བསྐྱེད་དུ་གསོལ། །སྲད་བུ་ཡེ་ཤེས་ལྔ་ལྡན་ཞིང་། །ཉི་ཤུ་རྩ་ལྔར་རྣམ་དབྱེ་བས། །ཆོས་ཀུན་ངོ་བོ་ཉིད་ཀྱིས་ནི། །སྲད་བུ་ཕན་ཚུན་བསྒྲིལ་བར་བྱ། །སྒྲུབ་པོས་ཡི་གེ་ཧཱུྃ་བརྗོད་དེ། །བདུད་རྩི་ལྔས་ནི་བྱུག་པར་བྱ། ། དཀྱུས་སུ་འཁོར་ལོའི་ཉིས་འགྱུར་ལ། །སྦོམས་སུ་སྒོ་ཡི་ཉི་ཤུ་ཆ། །ཛཿགསུམ་བརྗོད་ནས་ལྟེ་བར་ནི། །གཡོན་པའི་ཁུ་ཚུར་གྱིས་བཟུང་ནས། །བློ་ལྡན་ནམ་མཁར་ཐིག་གདབ་སྟེ། །དེ་བཞིན་ས་ལའང་གདབ་པར་བྱ། ། 86-1-168b གསར་ཞིང་མཛེས་པར་ལྡན་པ་དང་། །ཚད་ལྡན་གཙང་མའི་སྲད་བུ་ཡིས། །དཔལ་ལྡན་ལྷན་སྐྱེས་འབྱུང་དཀྱིལ་འཁོར། །ཤེས་རབ་ཅན་གྱིས་ཐིག་གདབ་བྱ། །ཁྲུ་ཕྱེད་ལ་སོགས་ནས་བརྩམས་ནས། །ཇི་སྲིད་ ཁྲུ་ནི་བརྒྱ་ཡི་བར། །དང་པོར་ཚངས་པའི་ཐིག་ཡིན་ཏེ། །གཉིས་པ་ལ་ནི་ཟུར་ཐིག་གདབ། །ནུབ་དང་ལྷོ་ཡི་གནས་སུ་ནི། །སློབ་དཔོན་ངེས་པར་ཡང་དག་གནས། །ཤར་དང་བྱང་གི་ཕྱོགས་གནས་སུ། །སློབ་མ་གནས་ཏེ་ མཉམ་གཞག་པས། །དང་པོར་བཞི་འགྱུར་བདག་ཉིད་དུ། །རེའུ་མིག་གཅིག་ནི་ཐིག་གདབ་བྱ། །དེ་ནས་བརྒྱད་འགྱུར་བདག་ཉིད་དུ། །རེའུ་མིག་གཅིག་གི་ཐིག་རབ་གདབ། །གཞན་ཡང་བརྒྱད་འགྱུར་ཉིད་དུ་ནི། །རེའུ་མིག་ གཅིག་ནི་ཐིག་གདབ་བྱ། །དེ་ནས་གཞན་ཡང་ཉིས་འགྱུར་ཉིད། །རེའུ་མིག་གཅིག་ནི་ཐིག་རབ་གདབ། །དེ་ནས་བཞི་འགྱུར་ཉིད་དུ་ནི། །རེའུ་མིག་གཅིག་ནི་ཐིག་གདབ་བྱ། །གཞན་ཡང་ཉིས་འགྱུར་ཉིད་དུ་ནི། །རེའུ་མིག་ གཅིག་གི་ཐིག་རབ་གདབ། །དེ་ནས་མཁས་པས་བཞི་འགྱུར་ཉིད། །རེའུ་མིག་གཅིག་ནི་ཐིག་གདབ་བྱ། །དེ་ནས་གཉིས་འགྱུར་བདག་ཉིད་ཏེ། །རེའུ་མིག་གཉིས་ནི་ཐིག་གདབ་བྱ། །དེ་ནས་ཕྱེད་ནི་རིམ་གཉིས་བྲེ། ། འདི་ནི་དཀྱིལ་འཁོར་ཐིག་ཡིན་ནོ། །ཐིག་སྐུད་མཚན་མ་དྲུག་བཅུ་བཞི། །དཀྱིལ་འཁོར་ཐིག་གི་མཚན་ཉིད་དེ། །འཁོར་ལོའི་ཕྱི་རོལ་མཐར་ཐུག་པར། །ཆོ་ག་གསུངས་བཞིན་ཐིག་གདབ་བྱ། །རིན་ཆེན་ ལྔ་ཡི་ཕྱེ་མ་འམ། །ཡང་ན་འབྲས་ལ་སོགས་པ་སྟེ། །དཀར་དང་སེར་དང་དེ་བཞིན་དམར། །ལྗང་གུ་ནག་པོའང་དེ་བཞིན་ཏེ། །སློབ་དཔོན་དབང་ལྡན་ཕྱོགས་སུ་ནི། །སོང་སྟེ་མཉམ་པར་བཞག་ནས་སུ། ། ལེགས་སྦས་གཡོན་པའི་ཁུ་ཚུར་གྱིས། །རི་མོ་ལྔ་ནི་དགྱེ་བར་བྱ། །ཕན་ཚུན་བར་དུ་ནས་རེ་ཙམ། །ཤོང་བའི་ཚད་དུ་བྲི་བ་སྟེ། །རི་མོ་སྦོམས་ན་ནད་དུ་འགྱུར། །ཕྲ་བས་ནོར་ནི་ཉམས་པར་འགྱུར། །ཡོན་པོས་ 86-1-169a འདིར་ནི་རྩོད་པར་འགྱུར། །ཆད་པས་འཆི་བ་འབྱུང་བར་འགྱུར། །ཤར་ཕྱོགས་སུ་ནི་དཀར་པོ་ཆེ། །ལྷོར་ནི་སེར་པོ་ཡང་དག་ལྡན། །ནུབ་ཀྱི་ཆ་ནི་དམར་པོ་སྟེ། །བྱང་དུ་མར་གད་ཡང་དག་ལྡན། ། དབུས་ཀྱི་ས་ཡི་ཆ་ཉིད་ནི། །ཨིན་དྲ་ནཱི་ལ་འོད་འབར་བའོ། །གྲྭ་ཡི་ཆ་ནི་ཐམས་ཅད་དང་། །སྒོ་ཁྱུད་ཀྱི་ནི་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་གྱིས་སྤྲས་པར། །མཉམ་བར་གཞག་སྟེ་ཡང་དག་བྲི། །རྡོ་རྗེ་ ར་བའི་ནང་དུ་ནི། །དུར་ཁྲོད་བརྒྱད་ཀྱིས་བརྒྱན་པ་སྟེ། །གཏུམ་དྲག་དེ་བཞིན་ཚང་ཚིང་དང་། །རྡོ་རྗེ་འབར་བ་ཀེང་རུས་ཅན། །དབང་ལྡན་དུ་ནི་མི་བཟད་བཞད། །བྱིན་ཟ་རུ་ནི་བཀྲ་ཤིས་མཆོག །མུན་པ་དྲག་པོ་བདེན་ བྲལ་དུ། །རླུང་ཕྱོགས་ཀི་ལི་ཀི་ལིའི་སྒྲ། །ཤར་གྱི་ཤིཪྵ་ཨ་ཤྭཏ་ཤིང་། །ཀང་ཀེལ་ཁྱད་པར་ཙཱུ་ཏའི་ཤིང་། །བ་ཊཱཊ་དེ་བཞིན་ཀ་རཉྫ། །ལ་ཊཱ་པར་ཀ་ཏི་པཱར་ཐི་དབང་པོ་དེ་བཞིན་སྦྱིན་བྱེད་དང་། །ཀླུ་ཡི་དབང་དང་གཤིན་རྗེའི་ བདག །དབང་ལྡན་དེ་ནས་བྱིན་ཟ་དང་། །སྲིན་པོའི་དབང་པོ་རླུང་གི་བདག །བཱ་སུ་ཀི་དང་འཇོག་པོ་ཉིད། །ཀར་ཀོ་ཊ་དང་པད་མ་ཉིད། །པད་ཆེན་ཧུ་ལུ་ཧུ་ལུ་དང་། །རིགས་ལྡན་དང་ནི་དུང་སྐྱོང་ངོ་། །སྒྲོགས་པ་ དང་ནི་ཆེར་སྒྲོགས་དང་། །དྲག་དང་གཡོ་དང་བརྟན་དེ་བཞིན། །གང་བ་དང་ནི་དེ་བཞིན་འབེབས། །གཏུམ་པ་འདི་དག་སྤྲིན་དབང་ཕྱུག །གཞན་ཡང་སྣ་ཚོགས་དུ་མ་ཡི། །ཁྭ་དང་འུག་པ་བྱ་རྒོད་དང་། ། ལྕེ་སྤྱང་ལྕེ་སྤྱང་མོ་དང་ནི། །འོལ་པ་དང་ནི་འོལ་པ་མོ། །སེང་གེའི་གདོང་དང་སྟག་གི་གདོང་། །དྲག་ཅིང་འཇིགས་པའི་གདོང་ཅན་མ། །སྦྲུལ་ནི་བ་ལང་མགོ་ཅན་དང་། །གདོང་གཉིས་ལ་སོགས་ཕྱོགས་སུ་ རྒྱུ། །ཀེང་རུས་དང་ནི་མདུང་གཉིས་ཕུག །འཕྱང་དང་ཕྱེད་ཚིག་པ་དང་མགོ། །ཐོད་པ་བྱིན་པ་མགོ་རྡུམ་དང་། །གཙིགས་པའི་མགོ་དང་རུས་པ་དང་། །རིགས་འཛིན་གྲུབ་པ་སྣ་ཚོགས་དང་། །དམ་ཚིག་སྤྱོད་པའི་ 86-1-169b རྣལ་འབྱོར་པ། །རྣལ་འབྱོར་མ་ཡི་ཚོགས་རྣམས་དང་། །གནོད་སྦྱིན་རོ་ལངས་སྲིན་པོ་སོགས། །ཀི་ལི་ཀི་ལའི་སྒྲ་ཆེན་བདག །དངོས་གྲུབ་རྫུ་འཕྲུལ་ཡང་དག་པར། །ཐོབ་པའི་སློབ་དཔོན་གྱི་ནི་ཚོགས། ། དུར་ཁྲོད་དབུས་སུ་བལྟ་བར་བྱ། །འདི་ནི་དཀྱིལ་འཁོར་གྱི་ཐིག་གདབ་པའི་མཚན་ཉིད་བསྟན་པའི་རིམ་པ་ཕྱེ་བ་སྟེ་བཅུ་བདུན་པའོ།། །། དེ་ནས་སློབ་དཔོན་མཚན་ཉིད་ནི། །ཡང་དག་རབ་ཏུ་བཤད་ པར་བྱ། །ཞི་ཞིང་དུལ་བའི་ཆ་ལུགས་ཅན། །སེམས་ཅན་ཀུན་རབ་མི་འཇིགས་སྟེར། །སྔགས་དང་རྒྱུད་ཀྱི་རབ་སྦྱོར་ཤེས། །བསྟན་བཅོས་རིག་ཅིང་སྙིང་རྗེར་ལྡན། །སེམས་ཅན་ཀུན་ལ་བུ་བཞིན་བལྟ། །ཐམས་ཅད་ དུ་ནི་སྙན་པར་སྨྲ། །སྦྱིན་ལ་སོགས་ལ་རྟག་ཏུ་དགའ། །བསམ་གཏན་རྣལ་འབྱོར་མངོན་པར་བརྩོན། །ཀུན་ལ་མི་འཚེ་བདེན་པར་སྨྲ། །སྙིང་རྗེ་དང་ནི་ཕན་སེམས་ལྡན། །མཉམ་སེམས་དང་ནི་ཕྱག་རྒྱ་ལྡན། ། སེམས་ཅན་རྣམས་ཀྱི་མགོན་གྱུར་ཞིང་། །སེམས་ཅན་བསམ་པའི་ཁྱད་པར་ཤེས། །མགོན་མེད་པ་ནི་རྣམས་ཀྱི་གཉེན། །དབང་པོ་ཡོངས་སུ་རྫོགས་པའི་ལུས། །གཟུགས་དང་ལྡན་ཞིང་ལྟ་ན་སྡུག །དབང་ བསྐུར་དོན་གྱི་དེ་ཉིད་ཤེས། །ཚིག་གསལ་ཡོན་ཏན་རྒྱ་མཚོ་སྟེ། །རྟག་པར་རྒྱུན་དུ་གནས་བརྟེན་པ། །དེ་ནི་སློབ་དཔོན་རིག་པར་བྱ། །སློབ་མ་རིགས་བཟང་ཆོས་ལ་སྤྲོ། །སློབས་དཔོན་གྱིས་ནི་ཡང་དག་བསྡུ། །སྙིང་རྗེ་མེད་ ཅིང་ཁྲོ་དང་གདུག །ཁེངས་དང་བརྐམ་ཆགས་རྣམ་གཡེངས་ཅན། །དྲག་དང་རྨོངས་དང་སྙོམ་ལས་ཅན། །གཞན་གྱི་སྲོག་ལ་སྙིང་བརྩེ་མེད། །གཞན་གྱི་ནོར་ལ་སྲེད་པ་ནི། །བླ་མས་རྟག་ཏུ་སྤང་བར་བྱ། །བརྟན་ཞིང་ དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ཞིང་གཡོ་སྒྱུ་མེད། །མི་དགེ་བཅུ་ནི་ཡོངས་སུ་སྤངས། །སེམས་ཅན་རྣམས་ལ་བྱམས་པར་ལྟ། །འབར་བའི་མེ་དང་དུག་བཞིན་དུ། །གཞན་གྱི་ནོར་ལ་མི་རེག་ཅིང་། །རྟག་པར་རྒྱུན་ 86-1-170a དུ་བླ་མ་མཆོད། །དམ་ཆོས་ལྟ་བར་སྤྲོ་བ་དང་། །རྟག་ཏུ་སྦྱིན་པ་ལ་སོགས་དགའ། །འཇིག་རྟེན་ཕ་རོལ་མངོན་པར་འདོད། །དེ་དག་སློབ་མར་རབ་བསྔགས་ཏེ། །དཀྱིལ་འཁོར་དགེ་བ་བསྟན་པར་ བྱ། །ཐལ་མོ་སྦྱར་བ་བྱས་ནས་ནི། །གུས་པའི་ཡིད་ཀྱིས་གསོལ་གདབ་བྱ། །རྣལ་འབྱོར་མ་མཆོག་ཁ་སྦྱོར་བའི། །དཔའ་ཆེན་ཁྱོད་བདག་སྟོན་པ་བས། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་ བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །དཔའ་བོ་དཔའ་མོའི་དབང་མོ་དང་། །དེ་བཞིན་ཕག་མོ་ཧེ་རུ་ཀ །གསང་བའི་གནས་སོགས་ཡང་དག་དགང་། ། ལུས་ལ་རྣམ་གནས་བཤད་དུ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་མཛོད། །བུ་ཚུར་ཐེག་པ་ ཆེན་པོ་ཡི། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བཤད་པར་བྱ། །རྡོ་རྗེ་གསང་སྔགས་མཐུ་ཡིས་ནི། །མཉམ་མེད་ཡེ་ཤེས་ཡང་དག་འཐོབ། །དེ་བས་ཀུན་མཁྱེན་ ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །བླ་མ་མཆོད་དང་དེ་བཞིན་བྱམས། །སངས་རྒྱས་ལ་གུས་འགྲོ་ལ་བརྩེ། །རྩ་བའི་ལྟུང་བ་ཡོངས་སྤང་ཞིང་། །སྦོམ་པོའི་ལྟུང་བའང་རྣམ་པར་སྤངས། ། སེམས་ཅན་རྣམས་ནི་བསྟེན་པར་བྱ། །ཐེག་པ་དམན་ལ་འདོད་མི་བྱ། །མ་རྒལ་བ་རྣམས་བརྒལ་བར་གྱིས། །མ་གྲོལ་བ་རྣམས་གྲོལ་བར་གྱིས། །འཁོར་བའི་སྡུག་བསྔལ་གྱིས་དཀྲུགས་པའི། །སེམས་ ཅན་དབུགས་ནི་དབྱུང་བར་གྱིས། །བསླབ་པ་དེ་དག་ཡང་དག་ལྡན། །སློབ་མ་རྣམས་ནི་ལྷག་གནས་བྱ། །ཆོ་ག་ཇི་བཞིན་ཁྲུས་དང་ནི། །བསང་བྱས་སོ་ཤིང་སྦྱིན་པར་བྱ། །སྲད་བུ་དམར་པོས་ཁྱད་པར་དུ། ། 86-1-170b དཔུང་པར་བཅིངས་ཏེ་རྟག་ཏུ་བསྲུང་། །ཡི་གེ་དྷཱི་ཡི་སྔགས་བཟླས་པའི། །ཀུ་ཤ་དེ་ལ་རབ་ཏུ་སྦྱིན། །རྨི་ལམ་དགེ་དང་མི་དགེ་བརྟག །སྐུ་གསུང་ཐུགས་ཀྱི་སྡོམ་པའང་སྦྱིན། །ཡོན་དང་ལྷན་ཅིག་མཉམ་ལྡན་པའི། ། མེ་ཏོག་སིལ་མ་རབ་གཟུང་ནས། །དེར་ནི་གདོང་གཡོགས་བཅིངས་ནས་སུ། །དཀྱིལ་འཁོར་དུ་ནི་རབ་ཏུ་གཞུག །སྐྱེ་བ་སྔོན་བསག་སྡིག་པ་རྣམས། །དཀྱིལ་འཁོར་མཐོང་བས་བྱང་བར་འགྱུར། །ཀྱེ་ཁྱོད་ སུ་ཞེས་དྲི་བྱ་ཞིང་། །བདག་ནི་སྐལ་བཟང་ཞེས་ཀྱང་སྨྲ། །དམ་ཚིག་ཆུ་དང་མནའ་བསྒག་དང་། །མེ་ཏོག་དཀྱིལ་འཁོར་དོར་བ་སྟེ། །གང་དང་གང་དུ་མེ་ཏོག་བབས། །དེ་དང་དེ་ཡི་རིགས་སུ་འགྱུར། །ཆུ་དང་ཅོད་ པན་རྡོ་རྗེ་དང་། །དྲིལ་བུ་དང་ནི་མིང་དབང་བསྐུར། །དེ་བཞིན་གཤེགས་ལྔའི་བདག་ཉིད་དབང་། །བརྟུལ་ཞུགས་དང་ནི་ལུང་བསྟན་ཉིད། །རྗེས་གནང་དང་ནི་དབུགས་དབྱུང་དང་། །ཕྱིར་མི་ལྡོག་པའང་སྦྱིན་བྱ་ སྟེ། །གདུགས་དང་གདན་དང་རིག་པ་སོགས། །རྡོ་རྗེ་དྲིལ་སོགས་ཡང་དག་ལྡན། །སློབ་དཔོན་དབང་བསྐུར་ཡང་དག་རྫོགས། །བུམ་པ་ལས་ནི་བྱུང་བའོ། །གཉིས་པ་གསང་བ་མཆོག་ཡིན་ཏེ། །གསུམ་ པ་ཤེས་རབ་ཡེ་ཤེས་ཡིན། །བཞི་པ་དེ་ལྟར་ཡང་དེ་བཞིན། །དབང་བསྐུར་འདི་དག་ཡང་དག་ལྡན། །དེ་ནི་དམ་ཚིག་ཅན་ཤེས་བྱ། །གསང་བ་མཆོག་གི་དཀྱིལ་འཁོར་དུ། །མཆོག་ཏུ་རབ་ཞུགས་མཐོང་བས་ ན། །དེང་ཁྱོད་སྡིག་པ་ཐམས་ཅད་ལས། །རྣམ་གྲོལ་བཟུང་པོར་གྱུར་པས་གནས། །སངས་རྒྱས་ཀུན་གྱིས་མཉམ་གསུངས་པའི། །རྗེས་གནང་མཆོག་ཏུ་དབུགས་དབྱུང་བ། །དངོས་གྲུབ་དམ་ཚིག་སྣོམ་ པ་ནི། །འདི་དག་རྟག་ཏུ་བསྲུང་བར་གྱིས། །སློབ་མ་དད་པའི་སྟོབས་ཀྱིས་ནི། །བླ་མའི་ཞབས་ལ་ཕྱག་བཙལ་ནས། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་བགྱི་ཞེས་སྨྲ་བར་བྱ། །དེ་ནས་དེ་བཞིན་ 86-1-171a གཤེགས་གསུངས་པའི། །སྣ་ཚོགས་རྒྱན་དང་ན་བཟའ་སོགས། །ཁྱད་པར་དུ་ནི་རང་གི་ལུས། །བླ་མ་ལ་ནི་ཡོན་དུ་དབུལ། །དབང་བསྐུར་གཙོ་བོ་ཐོབ་པས་ནི། །བྱ་བ་བྱས་པའི་ བློ་ཆེན་གྱིས། །གཞན་ཡང་རབ་དགས་འདི་སྐད་དུ། །སྨྲ་ཞིང་མཇུག་ནི་རྫོགས་པར་བྱ། །དེང་དུ་བདག་ཚེ་འབྲས་བུ་ཡོད། །བདག་གི་གསོན་པ་འབྲས་བུར་བཅས། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། ། སངས་རྒྱས་སྲས་པོར་བདག་གྱུར་ཏོ། །སྦྱིན་སྲེག་གིས་ནི་རྫོགས་བྱ་ཞིང་། །དགེ་འདུན་ལ་ནི་སྟོན་མོ་དྲང་། །དེ་ནས་ཚོགས་ཀྱི་འཁོར་ལོ་བྱ། །ནད་པའམ་མགོན་མེད་རྣམས་ལའང་སྦྱིན། །ཕྱི་ནས་མན་ ངག་ཇི་བཞིན་དུ། །དམ་ཚིག་སྤྱོད་པ་ལ་བརྩོན་པས། །སྣོད་དུ་བྱས་པའི་རྒྱུན་གྱིས་ནི། །འཁོར་ལོ་ལ་སོགས་བསྒོམ་པའི་རིམ། །ཡང་དག་མན་ངག་ཕུན་ཚོགས་པས། །དངོས་གྲུབ་འགྱུར་གྱིས་ གཞན་དུ་མིན། །འདི་ནི་དབང་བསྐུར་བའི་རིམ་པར་ཕྱེ་བ་སྟེ་བཅྭ་བརྒྱད་པའོ།། །། དེ་ནས་འཆི་བར་ངེས་པ་ཡི། །མཚན་ཉིད་མཆོག་ཏུ་བཤད་པར་བྱ། །རང་གི་ལུས་སམ་ཕྱི་རོལ་གྱི། །ལྟས་ནི་མཁས་པས་ བརྟག་པར་བྱ། །རྐང་འཐིལ་དག་ཏུ་ཕུག་སྙམ་དང་། །གང་ཚེ་ལྟེ་བར་ཕུག་སྙམ་འགྱུར། །དེ་ཚེ་ཉིན་ཞག་གསུམ་ཕ་རོལ། །ལྔ་ཡི་གོང་དུ་འགྲོ་བར་འགྱུར། །བཤང་དང་གཅི་བའི་དུས་དག་ཏུ། །དུས་མཚུངས་ སྦྲིད་པ་བྱུང་གྱུར་ན། །ལོ་གཅིག་ན་དུས་དེ་ཉིད་ཀྱི། །དུས་ཚོད་ལ་ནི་འཆི་ཞིང་བརླག །མཚན་གཉིས་མཉམ་པར་སྦྱོར་བ་ཡི། །བར་དང་ཐ་མར་སྦྲིད་པ་ནི། །དུས་མཚུངས་བྱུང་ན་དེ་ཡི་ཚེ། །ཟླ་བ་ན་ནི་ངེས་པར་འཆི། །སྙིང་ག་ རྐོག་མའི་དབུས་དག་དུ། །དུས་མཚུངས་གལ་ཏེ་ཟུག་གཟེར་གྱུར། །ཅི་སྟེ་ཆོས་ལ་མི་བརྟེན་ན། །ཟླ་བ་ཕྱེད་དང་གཉིས་ན་འཆི། །གལ་ཏེ་མིག་གཡོན་འབྲས་བུ་ཡི། །གཟུགས་བརྙན་མེ་ལོང་ལ་མ་མཐོང་། །ཅི་སྟེ་ཟློག་ 86-1-171b པར་མི་བྱེད་ན། །ཞག་བདུན་ན་ནི་ངེས་པར་འཆི། །རྣ་རྩ་དང་ནི་སྨིན་མའི་དབུས། །སྤྱི་བོའི་རྩེ་མོར་ཟུག་པ་སྟེ། །བཞི་པོ་མཚུངས་པར་ཟུག་གྱུར་ན། །དེ་ཚེ་འཕྲལ་དུ་འཆི་བར་འགྱུར། །གློ་བུར་དུ་ནི་ཚོ་གྱུར་ཅིང་། ། རིད་དང་ཁྲོ་དང་འཇིགས་པས་འཁྲུགས། གལ་ཏེ་ཆོས་ནི་མ་བསྟེན་གང་། །དེ་ནི་ལོ་གཅིག་དག་ན་འཆི། །ཡར་ངོ་ཡི་ནི་ཚེས་གཅིག་ལ། །གལ་ཏེ་ཁུ་བ་ནག་པོར་མཐོང་། །དེ་ཚེ་ཟླ་བ་དྲུག་ན་འཆི། །དམར་པོས་ ནད་ཀྱིས་འདེབས་པར་སྟོན། །མིག་ལས་རྟག་ཏུ་འཛག་པ་དང་། །གཟུགས་མཐོང་བ་ཡང་རྣམ་འཁྲུལ་དང་། །མེ་ལོང་ངམ་ནི་ཚུར་གང་ཞིག །རང་གི་གྲིབ་མ་མ་མཐོང་དང་། མཚན་མོའི་ཚེ་ན་དབང་པོ་འི་གཞུ། ། ཉིན་པར་སྐར་མའི་དཀྱིལ་འཁོར་མཐོང་། །སྤྲིན་མེད་པར་ནི་ལྷོ་ཕྱོགས་སུ། །རྟེན་པའི་གློག་འགྱུ་མཐོང་བ་དང་། །ཉིན་པར་གྲིབ་མའི་ལམ་དང་ནི། །དེ་བཞིན་སྐར་མདའ་ལྷུང་བ་མཐོང་། །ངང་པ་བྱ་རོག་རྨ་བྱ་ནི། ། གཅིག་ཏུ་འདྲེས་པ་མཐོང་བ་དང་། །ཟླ་བ་གཉིས་དང་ཉི་མ་གཉིས། །དེ་བཞིན་རང་གི་མགོ་བོ་འབར། །ཤིང་རྩེ་རི་ཡི་རྩེ་ལ་ནི། །དྲི་ཟའི་གྲོང་ཁྱེར་མཐོང་བ་དང་། །ཡི་དགས་ཤ་ཟ་འཇིགས་རུང་བ། །གཞན་དག་ ཀྱང་ནི་མཐོང་བ་དང་། །གློ་བུར་དུ་ནི་རབ་འདར་དང་། །ཡང་དང་ཡང་དུ་བརྒྱལ་བ་དག །དེ་ཡིས་གཅིག་ཅིག་མཐོང་གྱུར་ནའང་། །ཟླ་བ་གཅིག་གིས་འཆི་བར་འགྱུར། །ཟླ་བ་ར་རི་མེད་པ་དང་། །ཉི་མ་འོད་དང་བྲལ་བ་དང་། ། མཚན་མོ་ཉི་མ་ཉིན་པར་ནི། །ཟླ་བ་དེ་བཞིན་རང་མིག་འབར། །སྐར་མ་རི་རབ་དག་གི་ཚད། །རྒྱ་མཚོ་ཆུ་བོ་ལྟ་བུ་དང་། །ཁུ་བ་དང་ནི་བཤང་གཅི་རྣམས། །དུས་མཚུངས་པར་ནི་འབབ་འགྱུར་ན། །གལ་ཏེ་ཆོས་ལ་མ་ བརྟེན་ན། །ཟླ་བ་ཕྱེད་ན་འཆི་བར་འགྱུར། །དེར་ཡང་ཉིན་མོ་གྲིབ་མ་ནི། །སྐྱེ་བོའི་གཟུགས་ཅན་བལྟ་བྱ་སྟེ། །དེ་ཡི་མགོ་བོ་མ་མཐོང་ན། །ལོ་གཅིག་གི་ནི་ནང་དུ་འཆི། །ལག་པ་གཡོན་པ་མ་མཐོང་ན། །བུ་དང་ཆུང་མ་ 86-1-172a ངེས་བརླག་འགྱུར། །ལག་པ་གཡས་པ་མ་མཐོང་ནའང་། །ཕ་དང་བུ་སོགས་ཚེགས་ཆེན་འཆི། །གཅིན་ནི་རྒྱུན་ལྔར་འགྱུར་བ་དང་། །གཡོན་ནས་འཁོར་ཞིང་དྲི་ང་དང་། །སྐྱུར་བ་ལ་སོགས་ གཅིན་བྱུང་ན། །ཟླ་དྲུག་ནང་དུ་འཆི་བར་འགྱུར། །གང་ཞིག་གི་ནི་རྨི་ལམ་མཐར། །བྱེ་མའམ་ཐལ་བའི་ཕུང་པོ་འམ། །ལྷ་ཁང་ངམ་ནི་མཆོད་སྡོང་མཛེག །དེ་ནི་སྔོན་བཞིན་འཆི་བར་འགྱུར། །གལ་ཏེ་བོང་ བུའམ་སྤྲེའུ་ཞོན་ནས། །གྲོག་མཁར་ཕྱག་དར་ཕུང་པོ་ལ། །མངོན་མཛེག་ལྷོ་ཕྱོགས་འགྲོ་བར་ནི། །གང་གིས་རྨི་ལམ་མཐར་མཐོང་ན། །བུད་མེད་གང་ཞིག་གོས་གནག་ཅིང་། །མདོག་གནག་མི་ནི་འདོད་སྤྱོད་ པ། །དེ་ནི་དུས་མཚན་ཡིན་ཞེས་བྱ། །གཤིན་རྗེའི་ལྟོ་བར་འགྲོ་བར་འགྱུར། །བྱ་རྒོད་ལྕེ་སྤྱང་ཁྱི་དང་ཁྭ། །དྲེད་དང་ཡི་དགས་ཤ་ཟ་ཡིས། །ཟ་བར་རྨི་ལམ་མཐོང་ན་ནི། །ལོ་གཅིག་ན་ནི་ངེས་པར་འཆི། །གོས་ནི་ དམར་པོས་གཡོགས་པ་དང་། །ཕྲེང་བ་དམར་པོས་བརྒྱན་པ་དང་། །ཏིལ་མར་གྱིས་བསྐུས་རྨི་ལམ་མཐོང་། །ཟླ་བ་དྲུག་ན་གསོན་མི་འགྱུར། །མན་ངག་ཇི་བཞིན་ལྡན་པ་ཡིས། །འཆི་བ་བླུ་བར་འགྱུར་བ་སྟེ། ། དེ་ཉིད་ཀྱིས་ནི་འཆི་ལས་རྒྱལ། །ཆོས་ཀྱིས་འཆི་ལས་རྒྱལ་བ་སྟེ། །རྫོགས་པའི་བྱང་ཆུབ་རིམ་སྒྲུབ་པས། །དེ་བས་ཆོས་ནི་མཆོག་ཏུ་བསམ། །གཞན་ཡང་བསྒོམ་པའི་ཁྱད་པར་ནི། །མཛེས་པས་ཡང་དག་ བཤད་པར་བྱ། །དབུགས་ནི་སྐད་ཅིག་འཆད་པ་དང་། །སྣ་ཚོགས་ལྟས་ནི་ཡང་དག་མཐོང་། །འཐོར་དང་དགང་བའི་སྦྱོར་བ་ཡིས། །ལུས་ཀྱི་དཀྱིལ་འཁོར་སྦྱང་བར་བྱ། །འཆི་བའི་དུས་ལ་ཡང་དག་བབ། །འཕོ་བའི་ རྣལ་འབྱོར་མཆོག་བྱ་སྟེ། །བུ་ག་དགུར་ནི་སོན་པའི་རྩ། །པུ་རི་ཀས་ནི་དགང་བར་བྱ། །རེ་རྩེ་ཀས་ནི་དབུགས་མནན་བྱ། །ཀུམ་པ་ཀས་ནི་བསྡམ་བྱས་ཏེ། །བུ་གའི་སྒོ་ནི་སྦྱང་བར་བྱ། །རབ་ཏུ་ཞི་བས་ཞི་བར་འགྱུར། ། 86-1-172b རྣམ་ཤེས་དབྲོག་པའི་སྦྱོར་བ་དང་། །གཞན་ཡང་ཕ་རོལ་བགྲོད་པ་ལ། །ཨཱ་ལི་ཀཱ་ལི་མཉམ་ལྡན་པར། །མཁས་པ་ཡིས་ནི་སྦྱར་བར་བྱ། །སྙིང་གར་ཡི་གེ་ཧཱུྃ་སྦྱར་ཏེ། །ཡི་གེ་ཕྱེད་དང་གཉིས་པོ་ནི། །འོག་དང་སྟེང་དུ་གཞག་ པར་བྱ། །དེ་ཡི་འོག་གི་ཆར་རླུང་གི། །ས་བོན་འོག་དུ་བལྟས་པའོ། །རླུང་གི་ས་བོན་གཉིས་བྱས་ཏེ། །རྣལ་འབྱོར་ལྡན་པས་ཁ་སྦྱར་བྱ། །ཉི་ཤུ་རྩ་གཅིག་རིམ་པ་ཡིས། །ཡི་གེ་ཕྱེད་དང་གཉིས་སྔགས་བརྗོད། །རྣམ་ཤེས་ བཞོན་པ་རླུང་ཡིན་ཏེ། །གང་དང་གང་དུ་བགྲོད་པ་ཡི། །རླུང་གི་སྒོར་ནི་བསམ་བྱས་ན། །གྲོལ་བའི་དངོས་གྲུབ་སྟེར་བྱེད་པའོ། །མཆོག་དང་ཐ་མའི་དབྱེ་བ་ནི། །བཤད་ཀྱིས་གསང་བའི་བདག་པོ་ཉོན། །ལྟེ་བས་འདོད་ཁམས་ བདེ་འགྲོ་སྟེ། །ཐིག་ལེ་ལས་ནི་གཟུགས་ཅན་ལུས། །སྟེང་ནས་གཟུགས་མེད་ཁམས་སུ་སྟེ། །དེ་ནི་བདེ་བར་འགྲོ་བྱེད་པའོ། །སྣ་ལས་གནོད་སྦྱིན་རྣམས་སུ་འགྱུར། །རྣ་བ་ལས་ནི་མི་འམ་ཅི། །ལྷ་མོ་གལ་ཏེ་མིག་ ལས་ནི། །མི་ཡི་རྒྱལ་པོར་འགྱུར་བ་ཡིན། །ཁ་ཡི་སྒོ་ལས་ཡི་དགས་རྣམས། །གཅི་ལས་དེ་བཞིན་དུད་འགྲོའོ། །བཤང་ལམ་ནས་ནི་དམྱལ་བར་འགྲོ། །གྲོལ་བ་ལས་ནི་གཞན་དུ་འགྲོ། །དུས་ལ་བབ་ན་འཕོ་བྱ་ཡི། ། དུས་མིན་ལྷ་རྣམས་གསོད་པར་འགྱུར། །ལྷ་རྣམས་བསད་པ་ཙམ་གྱིས་ནི། །མི་ནི་དམྱལ་བར་འཚེད་པར་འགྱུར། །དེས་ན་མཁས་པས་འཆི་བ་ཡི། །མཚན་མ་ཡང་དག་ཤེས་པར་བྱ། །འདི་ནི་འཆི་བའི་ལྟས་བལྟ་བ་དང་ འཕོ་བའི་རྣལ་འབྱོར་རིམ་པར་ཕྱེ་བ་སྟེ་བཅུ་དགུ་པའོ།། །། དེ་ནས་དེ་ཕྱིར་དུས་བཞི་ཡི། །ཚད་ནི་ཡང་དག་རབ་བཤད་བྱ། །གང་ཞིག་རྣམ་པར་ཤེས་ཙམ་གྱིས། །བསྐལ་པ་མྱུར་དུ་ཤེས་འགྱུར་བའོ། །ཉི་ཁྲི་དང་ནི་ བརྒྱད་སྟོང་དང་། །ས་ཡ་ཕྲག་གཅིག་བདུན་འབུམ་སྟེ། །དེ་དག་ལ་ནི་རྫོགས་ལྡན་གྱི། །བསྐལ་པ་ཞེས་ནི་གྲགས་པར་བཤད། །རྫོགས་ལྡན་གསུམ་ལྡན་གཉིས་མཚམས་སུ། །དེ་བཞིན་སྟོང་ཕྲག་བརྒྱད་ཡིན་ནོ། ། 86-1-173a ས་ཡ་ཕྲག་གཅིག་འབུམ་ཕྲག་གཉིས། །དགུ་ཁྲི་དང་ནི་དྲུག་སྟོང་སྟེ། །གསུམ་ལྡན་བསྐལ་པ་ཞེས་གྲགས་པ། །དེར་ནི་མཁས་པས་ཤེས་པར་བྱ། །གསུམ་ལྡན་གཉིས་ལྡན་བར་ མཚམས་སུ། །སྟོང་ཕྲག་དྲུག་ནི་ཤེས་པར་བྱ། །དྲུག་ཁྲི་དང་ནི་བཞི་སྟོང་དང་། །འབུམ་ཕྲག་བརྒྱད་ནི་གཉིས་ལྡན་ཏེ། །བསྟན་བཅོས་ཀུན་ལས་བསྡུས་ནས་ནི། །གཉིས་ལྡན་བསྐལ་པར་ཡང་དག་གྲགས། །གཉིས་ ལྡན་རྩོད་པའི་བར་མཚམས་སུ། །དེ་བཞིན་སྟོང་ཕྲག་བཞི་ཡིན་ཏེ། །སུམ་ཁྲི་དང་ནི་ཉིས་སྟོང་དང་། །བཞི་འབུམ་རྩོད་དུས་ཤེས་པར་བྱ། །རྩོད་དུས་རྫོགས་ལྡན་གཉིས་མཚམས་སུ། །སྟོང་ཕྲག་དག་ནི་བཞི་དང་ ལྡན། །དེ་རྣམས་དུས་ཞེས་གྲགས་པ་སྟེ། །འགྲུབ་པར་འདིར་ནི་ཐེ་ཚོམ་མེད། །གླིང་བཞི་པ་ཡི་དངོས་པོ་ནི། །མགོན་པོ་ཡིས་ནི་བཤད་དུ་གསོལ། །ཤར་གྱི་ལུས་འཕགས་སྒྲ་མི་སྙན། །དེ་བཞིན་ནུབ་ཀྱི་བ་ལང་སྤྱོད། ། གླིང་ནི་གསུམ་པོ་དེ་དག་རྣམས། །འབྲས་བུའི་ས་བར་ཡང་དག་གནས། །འཛམ་བུའི་གླིང་དུ་ལེགས་སྐྱེས་པ། །དངོས་གྲུབ་ས་བར་ཤེས་པར་བྱ། །གླིང་གསུམ་པོར་ནི་སྐྱེ་བ་ཡི། །འབྲས་བུ་འབྱུང་བའི་བསོད་ ནམས་གནས། །འཛམ་བུའི་གླིང་པས་གྲོལ་བ་དང་། །དངོས་གྲུབ་ཉིད་ནི་སྒྲུབ་པ་སྟེ། །དེ་དག་སྔོན་གྱི་སངས་རྒྱས་ཀྱིས། །གསུངས་པའི་གླིང་དུ་ཤེས་པར་བྱ། །འདི་ནི་དུས་བཞི་པོ་ངེས་པར་བསྟན་པའི་རིམ་པར་ ཕྱེ་བ་སྟེ་ཉི་ཤུ་པའོ།། །། དེ་ནས་སྦྱོར་བ་ཕ་རོལ་སོན། །མཆོག་ནི་ཡང་དག་རབ་བཤད་བྱ། །སྒྲུབ་པོ་དངོས་གྲུབ་རྒྱུ་ཉིད་ཀྱིས། །གང་གི་དངོས་གྲུབ་མཐར་བགྲོད་པའོ། །ཐུན་མོང་རྣལ་འབྱོར་རྒྱུད་ རྣམས་སུ། །གསང་བ་རྣམ་པར་མ་བཤད་པ། །དངོས་གྲུབ་རྣམས་ལས་མཆོག་དངོས་གྲུབ། །བརྟུལ་ཞུགས་རྣམས་ལས་མཆོག་བརྟུལ་ཞུགས། །བླ་མ་དམ་པ་བསྙེན་བཀུར་ནས། །བླ་མེད་རྒྱུད་ནི་མང་ཐོས་ཏེ། ། 86-1-173b དེ་ཉིད་ཇི་བཞིན་བླ་མ་ཡི། །ཞལ་ལས་ཐོས་ནས་རྟག་ཏུ་བསྒོམ། །ནོར་དང་ཆུང་མ་དེ་བཞིན་སྲོག །སྦྱིན་པ་ཉིད་དུ་གཏང་བར་བྱ། །མདུད་པ་འདི་གསུམ་ལས་གྲོལ་ན། །རྟག་ཏུ་སྤྱོད་པ་སྤྱད་པར་འགྱུར། །སྤྲོ་བ་ཆེན་པོས་ རིག་པ་བཟླས། །དེ་བཞིན་བདེན་པར་སྨྲ་ལ་དགའ། །དམ་བཅས་པ་ལ་རབ་གནས་ཏེ། །ཇི་ལྟར་དད་པས་སྔོན་དུ་བརྩམ། །འདོད་དང་ཁྲོ་བ་འཇིགས་པ་དང་། །སྲེད་དང་གཏི་མུག་ང་རྒྱལ་སྤང་། །སློབ་མ་བརྟག་དང་བཤད་ དེ་བཞིན། །གཞུང་རྣམས་བསྡུ་བ་རྟག་ཏུ་སྤང་། །གཙང་དང་མི་གཙང་དག་བྱེད་དང་། །བཏུང་དང་བཏུང་མིན་བརྟག་མི་བྱ། །སྨད་དང་བསྟོད་ལ་ཁྲོ་བ་དང་། །མངོན་པའི་ང་རྒྱལ་རྣམ་པར་སྤང་། །རྟག་ཏུ་མི་ཆགས་ དགའ་མེད་པར། །ཐམས་ཅད་ལ་ནི་མཉམ་པར་གནས། །སྦྱིན་སྲེག་མེད་ཅིང་མཆོད་པ་མེད། །ཕྲེང་བ་མེད་ཅིང་བཟླས་པ་མེད། །ཉི་མ་གཟའ་དང་སྐར་མ་དང་། །ཚེས་གྲངས་ཀྱང་ནི་བརྟག་མི་བྱ། །བདག་གཞན་བདག་ ཉིད་གཟུགས་ཀྱིས་ནི། །ཐེ་ཚོམ་མེད་པར་གནས་པར་བྱ། །འདོད་པ་མེད་པར་མི་སྤྱད་དེ། །ཀུན་ལ་འདོད་པ་ཅུང་ཟད་སྤྱད། །སྟག་གི་ལྤགས་པ་གོས་སུ་བྱས། །ཕྱག་རྒྱ་ལྔས་ནི་རྣམ་པར་བརྒྱན། །ཤེས་རབ་ ཐབས་བདག་རྣལ་འབྱོར་པས། །ཧེ་རུ་ཀ་དཔལ་རྣམ་པར་བསྒོམ། །ཀུན་དུ་བཟང་པོའི་སྤྱོད་པ་ཡིས། །ཡིད་ནི་བདེ་བར་གནས་པར་བྱ། །གྲོང་དུ་མཚན་མོ་གཅིག་གནས་ཤིང་། །གྲོང་ཁྱེར་དུ་ནི་ལྔར་གནས་བྱ། ། ཡིད་དང་རྗེས་མཐུན་སྦྱོར་བ་ཡིས། །ས་ཡི་སྟེང་དུ་གནས་པར་བྱ། །ཡང་ན་རླུང་ཞེས་བྱ་བ་ཡི། །སྤྱོད་པ་བདེ་ཞིང་དགའ་བར་སྤྱད། །རྟག་ཏུ་གྲོགས་པོ་མེད་པར་རྒྱུ། །གཅིག་པ་ཡིད་ནི་རྩེ་གཅིག་པས། །སྨྱོན་ པའི་བརྟུལ་ཞུགས་ལ་བརྟེན་ནས། །ལོ་མ་རླུང་གིས་བསྐྱོད་བཞིན་འཁྱམ། །དུར་ཁྲོད་དམ་ནི་མཚན་གཅིག་གམ། །ཤིང་གཅིག་གམ་ནི་ནགས་ཚལ་ལམ། །རི་ཡི་རྩེ་འམ་ཆུ་བོའི་འགྲམ། །རྒྱ་མཚོ་ཆེན་པོའི་འགྲམ་ 86-1-174a ཡང་རུང་། །བསྐྱེད་མོས་ཚལ་ལམ་རི་ཕུག་གམ། །ཁང་བཟངས་སམ་ནི་ཁང་སྟོང་ངམ། །བཞི་མདོ་དང་ནི་སྒོ་མདུན་ནམ། །དེ་བཞིན་རྒྱལ་པོའི་ཕོ་བྲང་སྒོར། །གདོལ་པའི་གནས་སམ་ ཕྱུགས་ལྷས་སམ། །བཟོ་ཡི་ཁང་པར་སྦས་པས་གནས། །ཚོང་སྲང་དོར་བའི་མེ་ཏོག་ཕྲེང་། །མེ་ཏོག་རྙིང་པ་གང་ཅིའང་རུང་། །དུར་ཁྲོད་མཚན་གཅིག་མེ་ཏོག་ཕྲེང་། །དེ་དག་གིས་ནི་ལུས་རབ་མཆོད། །རང་གི་ མགྲིན་པར་མེ་ཏོག་ཕྲེང་། །ཁྱད་པར་དུ་ནི་ཚངས་སྐུད་དང་། །སྐ་རགས་དག་ཀྱང་བཅིང་བར་བྱ། །རྐང་པ་གཉིས་ལ་རྐང་གདུབ་བྱ། །སྨྲ་བ་བཟླས་པའི་བདག་ཉིད་གྲགས། །ལག་པ་བསྐྱོད་པ་ཕྱག་རྒྱ་སྟེ། ། རྣམ་པར་མི་རྟོག་རབ་སྦྱོར་བས། །རྣལ་འབྱོར་པ་ནི་ཅི་བདེར་གནས། །དོགས་པ་ཐམས་ཅད་རྣམ་སྤངས་ཏེ། །སྒྲུབ་པོས་སེང་གེ་བཞིན་དུ་སྤྱད། །ཡང་ན་གཡོ་མེད་བརྟུལ་ཞུགས་ལ། །བརྟེན་ནས་རྣལ་འབྱོར་ སྤྱོད་པ་སྤྱད། །སྐྱེད་མོས་ཚལ་ལམ་ཁྱིམ་སྟོང་གནས། །གྲོང་དམན་ངན་པའི་ཁྱིམ་དུ་ནི། །ཇི་སྲིད་ནུས་པ་ཐོབ་དེ་སྲིད། །མི་སྨྲའི་སྦྱོར་བས་གནས་པར་བྱ། །ཇི་ལྟར་གཉིད་ལོག་འགྲོ་དང་འདུག །སད་དམ་ ཡང་ན་མ་སད་པའམ། །ཅི་རྙེད་པ་ཙམ་ཟ་བ་དང་། །མི་བཀྲེས་པ་ནི་བཟང་པོར་གནས། །གལ་ཏེ་སློངས་མོས་གནས་པས་ན། །ལག་པའི་སྣོད་དུ་ཟ་ཞིང་གནས། །རྣམ་པར་མི་རྟོག་རང་བཞིན་གྱིས། །འདིར་ ནི་འགྲུབ་འགྱུར་ཐེ་ཚོམ་མེད། །གསུམ་པོ་དེ་དག་ནང་ནས་ནི། །གང་འདོད་བརྟུལ་ཞུགས་ལ་བརྟེན་ནས། །ཅུང་ཟད་ནུས་པ་རབ་ཐོབ་ནས། །ཇི་ལྟར་འདོད་པའི་སྤྱོད་པ་སྤྱད། །ལུས་ནི་སྦྱིན་པར་བྱིན་ནས་སུ། ། ཕྱི་ནས་སྤྱོད་པ་ཡང་དག་བརྩམ། །སྤྱོད་པས་རྒྱུ་བའི་རྣལ་འབྱོར་པ། །ངེས་པར་དྲི་མ་མེད་འགྱུར་པ། །འདི་ལ་འཁྲུལ་བར་མི་བྱ་སྟེ། །སངས་རྒྱས་རྫུ་འཕྲུལ་བསམ་མི་ཁྱབ། །འདི་ནི་སྤྱོད་པ་ངེས་པར་བསྟན་པའི་རིམ་ 86-1-174b པར་ཕྱེ་བ་སྟེ་ཉི་ཤུ་རྩ་གཅིག་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ། །རྣལ་འབྱོར་རྒྱུད་ཀྱི་ངེས་པ་དང་། །རྣལ་འབྱོར་མ་ཡི་རྒྱུད་ཀྱི་ཚད། །བཤད་ཀྱིས་གསང་བའི་བདག་པོ་ཉོན། །རྣལ་འབྱོར་རྒྱུད་རྣམས་ ཀྱི་ནི་ཚད། །བྱེ་བ་ཕྲག་ནི་དྲུག་ངེས་ཏེ། །དེ་བཞིན་རྣལ་འབྱོར་མ་རྒྱུད་གྲགས། །བྱེ་བ་ཕྲག་ནི་བཅུ་དྲུག་གྲངས། །ཐེག་ཆེན་ལས་གཞན་མདོ་སྡེ་རྣམས། །དུང་ཕྱུར་ཕྲག་བརྒྱད་གསུངས་པ་ཡིན། །དེ་བཞིན་ཕ་རོལ་ ཕྱིན་པའི་ཚུལ། །ས་ཡ་དང་ནི་དུང་ཕྱུར་ལྔ། །འདི་དག་ཐམས་ཅད་ཐུབ་དབང་པོ། །སྐུ་གསུམ་བདག་ཉིད་ཅན་གྱིས་གསུངས། །བདེ་བར་གཤེགས་པས་བསྟན་པའོ། །འདུལ་བའི་གནས་ལ་སོགས་བ་ཀུན། ། ཉན་ཐོས་བདག་ཉིད་ལ་བསྟན་པའོ། །སྣ་ཚོགས་མདོ་སྡེའི་རྣམ་བཤད་ཆེ། །བྱང་ཆུབ་སེམས་དཔའི་བསྟན་པའོ། །རྣལ་འབྱོར་རྣལ་འབྱོར་མ་ཡི་རྒྱུད། །གསང་བ་སངས་རྒྱས་སྤྱོད་ཡུལ་ཏེ། །ཤེས་རབ་ཐབས་ བདག་རྣལ་འབྱོར་གྱིས། །བདེ་བ་ཆེན་པོ་བསྒོམ་པ་ཡིས། །ཆོས་དང་ལོངས་སྤྱོད་རྫོགས་སྤྲུལ་པའི། །སངས་རྒྱས་མྱུར་དུ་ཐོབ་པའི་ཕྱིར། །སེམས་ཅན་བསོད་ནམས་དམན་རྣམས་ལ། །ལྷ་ཡི་བདག་ཉིད་ཅན་ གྱིས་གསུངས། །དེ་ནས་གཞན་ཡང་རབ་གནས་ཀྱིས། །ཆོ་ག་ཕ་རོལ་སོན་བཤད་བྱ། །སྔར་བཤད་མཚན་ཉིད་དང་ལྡན་པ། །སློབ་དཔོན་དུ་ནི་ཡོངས་སུ་བརྟག །ལུགས་མའམ་མངོན་པར་འདུ་བྱས་པའི། ། སྐུ་གཟུགས་ལ་སོགས་པ་རྣམས་ནི། །རབ་གནས་དོན་དུ་ས་སྦྱང་ཞིང་། །བླ་རེ་རྒྱལ་མཚན་བ་དན་རྣམས། །རྒྱན་ཅིང་ས་ནི་ཡོངས་སུ་གཟུང་། །སྐུ་གཟུགས་སམ་ནི་གླེགས་བམ་མམ། །བྲིས་སྐུ་ཡོངས་སུ་ རྫོགས་པ་རྣམས། །མདུན་རོལ་དུ་ནི་གཞག་པར་བྱ། །དཀྱིལ་འཁོར་འཁོར་ལོ་ནམ་མཁར་གནས། །ཉེར་སྤྱོད་ལྔ་ཡིས་ཡང་དག་མཆོད། །ས་མ་ཡ་སྟྭྃ་ས་མ་ཡ་ཧོ། ལན་གསུམ་དུ་ནི་བརྗོད་པར་བྱ། །ཇི་ལྟར་ 86-1-175a རྫོགས་པའི་སངས་རྒྱས་ཀུན། །དགའ་ལྡན་ཡང་དག་བཞུགས་ནས་ནི། །ལྷ་མོ་སྒྱུ་འཕྲུལ་ལྷུམས་འཇུག་ལྟར། །དེ་བཞིན་འདིར་ནི་བཞུགས་སུ་གསོལ། །ཆེ་གེ་ཞེས་བྱའི་དོན་དུ་ནི། ། བྱང་ཆུབ་སེམས་ནི་ཡོངས་འཕེལ་ཕྱིར། །མེ་ཏོག་ལ་སོགས་འདི་བཞེས་ཏེ། །མགོན་པོ་འདིར་ནི་རྟག་བཞུགས་མཛོད། །ཚིག་འདིས་དེ་བཞིན་གཤེགས་པ་རྣམས། །ལྷག་པར་གནས་པར་བྱས་ནས་ནི། ། མཁས་པ་ཡིས་ནི་བསྟོད་བྱས་ནས། །ཡུངས་ཀར་གྱིས་ནི་བསྐོར་ནས་སུ། །ལན་གསུམ་དུ་ནི་སྦྱང་བར་བྱ། །དྲི་ཞིམ་ལྡན་པའི་མར་གྱིས་བྱུག །འདག་ཆིལ་གྱིས་ནི་ཁྲུས་ཀྱང་བྱ། །སླར་ཡང་བུམ་པ་སོ་སོ་ ཡིས། །སྐུ་གཟུགས་རྣམས་ནི་ཁྲུས་ཀྱང་བྱས། །ཕྱི་ནས་ནམ་མཁར་གནས་པ་ཡི། །དཀྱིལ་འཁོར་འཁོར་ལོ་བཅོམ་ལྡན་འདས། །ལུགས་མ་སོགས་ལ་རབ་གཞུག་བྱ། །ཡུལ་ཆོས་ལ་སོགས་ཇི་བཞིན་དུ། ། ལས་བཅུ་ཡིས་ནི་བྱ་བ་བྱ། །སྤྱན་ནི་དབྱེ་བ་བྱས་ནས་སུ། །རྡོ་རྗེ་སྤྱན་ནི་བྱིན་གྱིས་བརླབ། །དེ་བཞིན་མེ་ཏོག་སྤོས་མར་མེ། །བྱུག་པ་ཞལ་ཟས་དེ་བཞིན་ཏེ། །དེ་ལྟར་ལས་ནི་ཀུན་བྱས་ཕྱིར། །སྦྱིན་སྲེག་ལས་ཀྱིས་ རྫོགས་པར་བྱ། །ལྷ་ཀུན་ཞལ་ནི་མ་ཡིན་བས། །མཁས་པས་རབ་ཏུ་གནས་པར་བྱ། །རབ་གནས་ཡང་དག་རྫོགས་དུས་སུ། །བསྟོད་དང་བཀྲ་ཤིས་བརྗོད་བྱ་ཞིང་། །མྲི་དང་ག་སོགས་སིལ་སྙན་སྒྲ། །ཇི་ལྟར་ རྙེད་པས་རབ་ཏུ་མཆོད། །སྟོན་མོ་དང་ནི་ཡོན་འབུལ་བས། །སྐྱེ་བོ་ཚིམ་ཞིང་རྒྱས་པར་བྱ། །རྒྱས་པས་སྐྱེ་བོ་སྐལ་བ་བཟང་། །བཀྲ་ཤིས་ཞི་བར་བཅས་འགྱུར་ཏེ། །ཞི་བའི་སྦྱོར་བ་ལ་སྨོད་པ། །སྡུག་བསྔལ་ སྣ་ཚོགས་འཚེ་བར་འགྱུར། །ཇི་ལྟར་རབ་ཏུ་མི་གནས་ལྷ། །རབ་ཏུ་གནས་པར་བྱ་བར་ནུས། །སློབ་མ་དང་བས་གསོལ་འདེབས་བས། །བསོད་ནམས་ཕྱིར་ནི་བྱ་བ་སྟེ། །རྣམ་རྟོག་མེད་པའི་རང་བཞིན་གྱིས། ། 86-1-175b རབ་གནས་ལྷ་ནི་བཞུགས་པ་ཡིན། །འཇིག་རྟེན་སྐྱོང་བའི་ལྷ་ལ་སོགས། །གང་ཚེ་རྟག་ཏུ་གནས་གྱུར་པ། །མཆོད་དང་མཆོད་བྱ་མཉམ་ལྡན་པར། །དེ་ཚེ་ལྷ་ཡང་ཡང་དག་བཞུགས། །འདི་ནི་ལྷ་རྣམས་ རབ་ཏུ་གནས་པའི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་གཉིས་པའོ།། །། དེ་ནས་མེ་ཡི་ལས་སོགས་པའི། །མཚན་ཉིད་ཡང་དག་བཤད་པར་བྱ། །ས་ནི་སྦྱང་བ་བྱས་རྗེས་ལ། །མེ་ཐབ་དག་ནི་བྱ་བ་སྟེ། །སོར་ བརྒྱད་པ་ནས་བརྩམས་ནས་ནི། །ཇི་སྲིད་ཁྲུ་ནི་སྟོང་གི་བར། །སོར་བརྒྱད་པས་ནི་དགྲ་རྣམས་གསོད། །སོར་བཅུས་དེ་བཞིན་རྒྱས་པ་སྟེ། །བཅུ་གཉིས་སོར་གྱིས་དབང་དང་དགུག །བཅུ་བཞིས་དེ་བཞིན་ཞི་བའོ། ། ཐབ་ཁུང་སོར་ནི་བཅུ་དྲུག་པས། །རིགས་ནི་མངོན་པར་འཕེལ་བར་བྱེད། །སོར་ནི་བཅྭ་བརྒྱད་བདག་ཉིད་ཀྱིས། །ཡུལ་དང་བ་ལང་རིགས་འཕེལ་འགྱུར། །ཐབ་ཁུང་སོར་ནི་ཉི་ཤུ་པས། །ཡམས་ཀྱི་ནད་ནི་ཞི་བར་ བྱེད། །འདི་དག་ཐབ་ཀྱི་ངེས་པ་སྟེ། །བསྲེག་བྱའི་རྫས་ཀྱི་ཚད་རྣམས་ནི། །ལས་དང་རྗེས་སུ་མཐུན་བྱ་བར། །མཁས་པ་ཡིས་ནི་ཤེས་པར་བྱ། །རྒྱ་ཡི་ཚད་ཀྱི་ཆ་གསུམ་གྱི། །ཆ་གཉིས་ཟབས་སུ་བརྐོ་བྱ་སྟེ། ། མེ་ཐབ་དག་ནི་ཐམས་ཅད་ཀྱི། །བརྐོ་བའི་ཐུན་མོང་མཚན་ཉིད་དོ། །ཐབ་ཁུང་གི་ནི་བརྒྱད་ཆ་ཡིས། །ཁ་ཁྱེར་ཉིད་ནི་མཐོ་བར་བྱ། །ཁ་ཁྱེར་དཔངས་ཀྱི་ཕྱེད་ཚད་ཉིད། །དེ་ཉིད་དུ་ནི་དམའ་བར་སྦྱར། །ཇི་ལྟར་ཕྱི་རོལ་ དམའ་བའི་ཚད། །དེ་བཞིན་ཁ་ཁྱེར་ནང་ཉིད་དོ། །དེ་ཡི་ཕྱི་ཡི་ཁ་རན་ཡང་། །དཔངས་ཀྱི་ཚད་ནི་ཇི་བཞིན་བྱ། །ཐབ་ཁུང་ནང་གི་ཁྱད་པར་དུ། །རྡོ་རྗེ་ཡིས་ནི་མཚན་པར་བྱ། །དཀར་དང་སེར་དང་དམར་བ་ དང་། །དེ་བཞིན་གནག་དང་ལྗང་བ་སྟེ། །ཇི་ལྟར་ལས་ཀྱི་རྗེས་འགྲོ་བས། །ཐབ་ཀྱི་ཁ་དོག་མཚན་ཉིད་ཡིན། །འོན་ཀྱང་ལས་ཀུན་བྱེད་པའི་ཐབ། །ཞི་བའི་ཐབ་ཀྱི་ཁྱད་པར་མཚུངས། །ཁ་ཁྱེར་པད་མའི་རྣམ་པར་ཏེ། ། 86-1-176a དམའ་བ་རྡོ་རྗེའི་ཕྲེང་བས་བསྐོར། །དེ་ཡི་ཕྱི་རོལ་ཁ་ཁྱེར་ནི། །གྲུ་བཞི་ཁ་ཁྱེར་དཔངས་ཚད་བྱ། །ཞི་ལ་ཟླུམ་པོའི་རྣམ་པ་སྟེ། །ཤར་བལྟས་ཁ་དོག་དཀར་པོར་འགྱུར། །རྒྱས་པ་ལ་ནི་གྲུ་བཞི་སྟེ། ། བྱང་དུ་བལྟས་པས་སེར་པོས་བྱ། །བསྐྲད་དང་མངོན་པར་སྤྱོད་པ་ལ། །ཟླ་བ་ཕྱེད་པ་ནུབ་བལྟས་བྱ། །དབྱེ་དང་གསད་པའི་ལས་ལ་ནི། །ཟུར་གསུམ་ལྷོར་ནི་བསྟས་ཏེ་བྱ། །དབང་དང་དགུག་དང་དབྱེ་བ་གསུམ། ། ཁ་དོག་དམར་པོ་ཟུར་གསུམ་པའོ། །མནན་དང་རྨོངས་པའི་ལས་ལ་ནི། །བདེན་བྲལ་དུ་ནི་བལྟས་ཏེ་བྱ། །བསྐྲད་ལ་དུད་པའི་མདོག་ལྟ་བུ། །དེ་བཞིན་རླུང་ཕྱོགས་བལྟས་ཏེ་བྱ། །རིམ་གྱིས་གདུངས་སོགས་ དམན་པའི་ལས། །རྟག་ཏུ་མེ་ཕྱོགས་བལྟས་ཏེ་བྱ། །ལྷ་དང་གདན་དང་མདོག་རྣམས་ནི། །ལས་ཀྱི་གཟུགས་ཀྱིས་འགྱུར་བ་ཡིན། །ཡི་གེ་ཧཱུྃ་གི་སྦྱོར་བ་ཡིས། །ཕྱག་གཉིས་པ་ཡི་རྣམ་པར་བསྒོམ། །སྐད་ཅིག་ རྣམ་པས་གསང་སྔགས་བརྗོད། །སྐད་ཅིག་རྣམ་པས་ལྷའི་བདག་ཉིད། །རྒྱས་ལ་དགའ་བའི་སེམས་ཀྱིས་བྱ། །ཞི་ལ་དགའ་བའི་སེམས་ཀྱིས་བྱ། །དབང་ལ་རྗེས་ཆགས་སེམས་ཀྱིས་སོ། །ཁྲོ་བའི་ སེམས་ཀྱིས་གསང་བ་སྟེ། །རྣམ་འགྱུར་དྲག་པོའི་སེམས་ཀྱིས་ནི། །བསྐྲད་པ་དང་ནི་མངོན་སྤྱོད་འགྱུར། །མཆོད་ཡོན་ཞབས་ལ་བསིལ་སོགས་གཞག །དེ་ནས་མེ་ནི་སྤྱན་དྲང་བྱ། །རང་སྙིང་ ཆུ་སྐྱེས་ཧཱུྃ་ཡིག་ལས། །རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ། །ཡིག་གསུམ་ལས་བྱུང་གཞུའི་རྣམ་པ། །དེར་དབུས་རྃ་གྱི་ས་བོན་ལས། །ཁ་དོག་དམར་པོ་མཛེས་པའི་ཞལ། །དབྱུག་གུ་རིལ་བ་སྤྱི་བླུགས་ གཡོན། །གཡས་ཀྱིས་བགྲང་ཕྲེང་མི་འཇིགས་སྦྱིན། །གསུས་འཕྱང་རལ་པའི་ཅོད་པན་ཅན། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་ནི། །སྔགས་པ་མཁས་པས་བལྟ་བར་བྱ། །ཨོཾ་ཛ་ཧཱུྃ་གི་ཡི་གེས་ནི། །ཐབ་ 86-1-176b ཁུང་ལོགས་སུ་བལྟ་བྱ་སྟེ། །བསང་གཏོར་འཐོར་འཐུང་མཆོད་ཡོན་སོགས། །བྱིན་ནས་ཐབ་ཀྱི་དབུས་སུ་གཞག །དམ་ཚིག་སེམས་དཔའ་བསམས་ནས་ནི། །ཡེ་ཤེས་སེམས་དཔའ་གཞུག་པར་བྱ། ། མེ་ཏོག་སྤོས་དང་མར་མེ་དང་། །དེ་བཞིན་དྲི་དང་ཞལ་ཟས་མཆོད། །ལག་གཉིས་པུས་མོའི་ནང་གཞག་སྟེ། །དགང་གཟར་དང་ནི་བླུགས་གཟར་བཟུང་། །ཨོཾ་ཨགྣ་ཡེ་སྭཱ་ཧཱ་ཞེས་པས། དགང་བླུགས་ བདུན་ནམ་གསུམ་བྱིན་ན། །དེ་ནས་མེ་ནི་ཚིམ་གྱུར་པས། །མི་འཇིགས་པ་ནི་ཆེན་པོ་སྟོན། །མེ་ཏོག་སོ་རྩི་ན་བཟའ་སོགས། །བསྟོད་པས་ཀྱང་ནི་མཉེས་བྱ་སྟེ། །དེ་ནས་འཐོར་འཐུང་བྱིན་ནས་ནི། །མེ་ནི་ཡང་ དག་གནས་པར་བསམ། །ཨོཾ་བོ་དྷི་བྲི་ཀྵཱ་ཡ་སྭཱ་ཧཱ། ཨ་ཤྭཏ་ཐ་ཡིའོ། །ཨོཾ་བཛྲ་ལ་ཏཱ་ཡ་སྭཱ་ཧཱ། བླག་ཤ་ཡིའོ། །ཨོཾ་བཛྲ་ཡ་ཛྙཱ་ཡ་སྭཱ་ཧཱ། ཨུ་དུམ་བ་རའི་འོ། །ཨོཾ་བཛྲ་ཀུ་བེ་རཱ་ཡ་སྭཱ་ཧཱ། ཤིང་ལོ་ཅན་རྣམས་ཀྱིའོ། །ཨོཾ་སརྦ་པཱ་པྃ་ད་ཧ་ན་བཛྲཱ་སྭཱ་ཧཱ། ཏིལ་རྣམས་ཀྱིའོ། །ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས་མ་གྲུགས་པ་རྣམས་ཀྱིའོ། །ཨོཾ་སརྦ་སམ་པ་དེ་སྭཱ་ཧཱ། ཞོ་དང་ཟས་ཀྱིའོ། ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དུར་བའི་འོ། །ཨོཾ་ཨ་པྲ་ཏི་ཧ་ཏེ་བཛྲཱ་ཡ་སྭཱ་ཧཱ། ཀུ་ཤ་རྣམས་ཀྱིའོ། །དེ་ནས་སྙིང་གའི་པད་མའི་གདན་ལ་རང་གི་ལྷའི་ས་བོན་དང་། །མཚན་མ་ཡོངས་སུ་གྱུར་པ་ལས་ རྫོགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་རྣམ་པར་བསྒོམ་པར་བྱ་སྟེ། དེ་ནས་དམ་ཚིག་གི་འཁོར་ལོ་ལ་ཡེ་ཤེས་ཀྱི་འཁོར་ལོ་གཞུག་པར་བྱའོ། །མེ་ཡི་སྙིང་གའི་དབུས་སུ་ནི། །སྐད་ཅིག་རྣམ་པས་ རྣམ་པར་བསམ། །བསང་གཏོར་འཐུར་འཐུང་སོགས་མཆོད་དང་། །མཆོད་ཡོན་ཞབས་བསིལ་བསྟོད་པས་མཆོད། །རང་ལྷའི་ས་བོན་བཟླས་པ་ཡིས། །ཐེ་ཚོམ་མེད་པར་སྦྱིན་སྲེག་བྱ། །ལྷ་རྣམས་སོ་སོར་ 86-1-177a ཕུལ་ནས་ནི། །ཕྱི་ནས་ཅི་འདོད་སྦྱིན་སྲེག་བྱ། །གསུམ་དང་བདུན་དང་ལྷག་པར་ནི། །ཇི་སྲིད་བརྒྱད་སྟོང་བར་དེ་བཞིན། །ཇི་ལྟར་ལས་ཀྱི་རྗེས་མཐུན་པར། །མཁས་པ་ཡིས་ནི་སྦྱིན་སྲེག་བྱ། ། དེ་བཞིན་ཞུ་བའི་རྫས་ཀུན་ནི། །དེ་ལྟར་མེ་ཡི་ཞལ་དུ་དབུལ། །ཡམ་ཤིང་དང་ཀུ་ཤ་ལ་སོགས་པ་ནི་འོད་ཀྱི་དཀྱིལ་འཁོར་ལའོ། །ཞལ་ཟས་དང་འཐོར་འཐུང་ལ་སོགས་པ་ནི་ཕྱག་ཏུའོ། །མེ་ཏོག་ནི་དབུ་ལའོ། ། བདུག་པ་ནི་འོད་ལའོ། །བྱུག་པ་ནི་ཐུགས་ཀར་རོ། །བསང་གཏོར་ནི་སྐུ་ལའོ། །ཞབས་བསིལ་ནི་ཞབས་ལའོ། །མར་མེ་མཆོད་ཡོན་ཞལ་ཟས་རྣམས། །རིམ་པ་བཞིན་དུ་མདུན་དུ་དབུལ། །སྔར་བཤད་ ཆོ་ག་ཇི་ལྟ་བས། །དཀྱིལ་འཁོར་མཆོག་ནི་གཤེགས་སུ་གསོལ། །འཇིག་རྟེན་སྦྱིན་སྲེག་ཡང་དག་རྫོགས། །གལ་ཏེ་འཇིག་རྟེན་འདས་སྦྱིན་བསྲེག །ཉིན་མོ་འཇིག་རྟེན་སྦྱིན་བསྲེག་ཏེ། ། དེ་བཞིན་མཚན་མོ་འཇིག་རྟེན་འདས། །རྣལ་འབྱོར་རྣལ་འབྱོར་མ་རྣམས་འདུས། །བཟའ་དང་བཏུང་བའི་ཁྱད་པར་དང་། །ཅ་ཅོའི་སྒྲ་ཡི་སྤྲོ་བ་ཆེ། །གླུ་དང་གར་གྱི་དགའ་བདེ་བ། །རང་གི་ ལྷ་ཡི་རྣལ་འབྱོར་གྱིས། །དེར་ནི་ཙ་རུའི་སྦྱིན་སྲེག་བྱ། །མངོན་འདོད་བྱ་བ་གསོལ་བཏབ་ན། །འགྲུབ་འགྱུར་འདིར་ནི་ཐེ་ཚོམ་མེད། །ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་ དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །ཇི་ལྟར་བདེ་བར་བཞུགས་སུ་གསོལ། །གང་ཡང་ཚངས་པ་ལ་སོགས་པའི། །ལྷའམ་འབྱུང་པོ་གང་ཞིག་ལ། །དང་པོར་སྦྱིན་སྲེག་ སྦྱིན་པར་བྱ། །ཨོཾ་ན་མཿས་མན་ཏ་བུད་དྷ་ནཱྃ། ཨ་མུ་ཀ་སྱ་ཤཱན་ཏིང་ཀུ་རུ་སྭཱ་ཧཱ། མངོན་འདོད་བྱ་བ་གསོལ་བཏབ་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །དེ་ནས་སྔགས་པ་མཉམ་གཞག་ཅིང་། ། 86-1-177b མཁས་པས་མདོག་དང་སྒྲ་དང་ནི། །དྲི་དང་འབར་བའི་དབྱིབས་བརྟགས་ཏེ། །དེ་ལྟར་མེ་ཡི་དགེ་མི་དགའ། །ལྟས་ནི་ཉེ་བར་མཚོན་པར་བྱ། །མཻ་ནི་རྩེ་མོ་གཅིག་ཏུ་འབར། །ཕུན་སུམ་ཚོགས་པ་ཀུན་བྱེད་པའོ། ། རྩེ་མོ་གཉིས་རབ་མི་གཡོ་བར། །མཚུངས་པར་འབར་ན་བར་མར་ཤེས། །རྩེ་མོ་བཞི་ནི་མཉམ་དུ་འབར། །རྒྱས་ཤིང་དངོས་གྲུབ་བརྟན་པར་གནས། །ཀུན་ད་ཟླ་བ་ལྟ་བུའི་མདོག །སྣུམ་ཞིང་བཻ་དུརྱ་ཡི་འོད། ། དྲི་མེད་མེ་ནི་དུ་བ་མེད། །ནད་མེད་རིགས་ནི་འཕེལ་བར་བྱེད། །ཟླ་བ་ཆུ་ཤེལ་ནོར་བུའི་འོད། །ཁ་བ་ཡི་ནི་མདོག་ལྟ་བུ། །ནོར་བུ་པ་ཥུ་རཱ་གའི་མདོག །སྡིག་པ་ཐམས་ཅད་འཇིག་བྱེད་ཡིན། །མེ་ཏོག་བན་དུ་ཀ་ ལྟ་བུ། །ཛ་བའི་མེ་ཏོག་གི་ནི་མདོག །བཙོ་མ་གསེར་གྱི་མདོག་ལྟ་བུ། །དབང་ཕྱུག་རྒྱལ་སྲིད་རབ་ཏུ་སྟེར། །ཙམ་པ་པད་མ་ཨུཏྤལ་དྲི། །ཨུ་ཤི་ར་དང་མཱ་ལ་ཏི། །ཤི་དྷ་གན་དྷའི་དྲི་མཚུངས་པ། །ག་པུར་ ཨ་ཀ་རུ་ཡི་དྲིས། །དགེ་ཞིང་གནས་ཀྱི་བདག་པོ་མཆོག །པི་ཝང་རྒྱུད་མངས་རྫ་རྔ་དང་། །དུང་དང་ཟངས་དུང་ལྟར་སྒྲ་སྙན། །ཤིན་དུ་ཟབ་པའི་སྒྲ་སྙན་པའི། །མེ་མཐོང་བདེ་བ་འབྱུང་བར་བྱེད། །དཔལ་བེའུ་ གདུགས་དང་དུང་ལྟ་བུ། །གང་ཞིག་རྩེ་གསུམ་བུམ་པའི་དབྱིབས། །རྒྱལ་མཚན་རྔ་ཡབ་རྡོ་རྗེ་བཟང་། །གཡུང་དྲུང་རྟ་དང་གླང་པོའི་དབྱིབས། །སྒྲ་མེད་གཡས་སུ་འཁྱིལ་པ་དང་། །མེ་ལྕེ་གཅིག་འབར་དོན་ཆེར་སྟེར། ། འདི་དག་དགེ་བ་ཕུན་སུམ་ཚོགས། །ཚེ་དང་ནད་མེད་རབ་སྟེར་བའི། །གཡོ་ཞིང་མདུན་གྱི་ཕྱོགས་སུ་འབར། །རྩེ་གསུམ་དུ་བའི་ཚོགས་མང་དང་། །འཁོར་ཞིང་མེ་སྟག་དང་བཅས་པ། །རྣམ་པར་འཕྲོ་བས་ ནད་འཕེལ་བྱེད། །མེ་གང་ཡང་ཡང་རབ་ཏུ་འདར། །ཡང་ཡང་རྩུབ་པར་རྒོད་པ་དང་། །ཡང་ཡང་གཡོན་དུ་འཁོར་བ་དང་། །ཡང་ཡང་ས་ལ་མེ་ལྕེ་རེག །ཐིག་ལེ་ནག་པོ་སོལ་བའི་མདོག །མྱུར་དུ་རིགས་ནི་ 86-1-178a ཟད་འགྱུར་ཞིང་། །གང་ཞིག་རྒྱལ་པོའི་དྲུང་གནས་པའི། །སྡེ་དང་བདག་པོ་འཇོམས་པར་སྟོན། །མདོག་མེད་དུ་བའི་མདོག་ལྟར་གནག །མདོག་ལྗང་སྣ་ཚོགས་མདོག་རྩུབ་པ། །བླ་ཀྵ་ཡ་ དང་འབྲུ་མར་མདོག །འདིས་ནི་དོན་རྣམས་ཉམས་པར་བྱེད། །རོའི་དྲི་ཉ་ཡི་དྲི་ལྟར་ངན། །ཆུ་སྐྱེས་སྲོག་ཆགས་དྲི་དང་ལྡན། །ཇི་སྟེ་མེ་ནི་འདི་ལྟར་མཐོང་། །གཙོ་བོ་རྣམ་པར་ལྟུང་ཞེས་སྟོན། །ཙེག་ཙེག་ བཅས་པའི་སྒྲ་འབྱུང་ཞིང་། །ཧུར་ཧུར་གྱི་ནི་སྒྲ་གང་ལྡན། །སིམ་སིམ་གྱི་ནི་སྒྲ་བདག་ཉིད། །རྡོ་རྗེའི་སྒྲས་ནི་དོན་ཉམས་བྱེད། །མདུང་དང་རལ་གྲི་མདའ་དང་སྦྲུལ། །རྔ་མོ་བ་ལང་མགོ་འདྲ་གང་། །འཇིགས་ པའི་རྣམ་པ་འདི་ལྟར་མཐོང་། །དེའི་མདུན་བཟོད་པར་མཛོད་ཅིག་ཅེས། །འདི་ལྟར་ལན་གསུམ་བརྗོད་ནས་ནི། །ཡོན་བདག་ཁྱིམ་དུ་ཞི་བདེ་དང་། །བདེ་ལེགས་ཆོ་གའི་རིམ་པ་བྱ། །དེ་ནས་གཞན་ཡང་སྦྱིན་སྲེག་བྱ ། ཡན་ལག་ཀུན་འབྱུང་འབྲས་རབ་བཤད། །ས་དང་ས་བཞི་ཞིང་བྱས་པའི། །ཐབ་ཀྱི་ཡན་ལག་ཡོན་བདག་རྒྱས། །མར་གྱིས་འབྱོར་པ་ཐམས་ཅད་བྱེད། །ཡམ་ཤིང་གཟི་བརྗིད་རྣམ་འཕེལ་བའོ། །བུད་ཤིང་ལྷག་ པར་དཔའ་བར་བྱེད། །ཀུ་ཤས་ཐམས་ཅད་སྲུང་བར་བྱེད། །ཡུངས་ཀར་དཀར་པོས་ཞི་བར་བྱེད། །འབྲས་ཀྱིས་རྒྱས་པར་བྱེད་པར་བཤད། །ཏིལ་གྱིས་སྡིག་པ་འཇོམས་རིག་བྱ། །སོ་བས་ནོར་དང་འབྲུ་ རྣམས་འགུགས། །མ་ཥས་སྟོབས་ནི་ཆེན་པོར་བྱེད། །ནས་ཀྱིས་རླུང་གི་ཤུགས་རབ་སྟེར། །དུར་བས་ཚེ་ནི་འཕེལ་བར་བྱེད། །གྲོ་ཡིས་ནད་ནི་འཇོམས་པར་བྱེད། །འོ་མ་སྦྲང་རྩིས་ཤེས་རབ་འཕེལ། ། ལག་པན་གྱིས་ནི་བདེ་ཀུན་སྟེར། །མེས་ནི་འདོད་དོན་དངོས་གྲུབ་སྟེ། །རབ་འདོད་ལྷས་ནི་གྲོལ་བར་སྩོལ། །ལྷག་མ་ལས་ཀྱི་རྗེས་མཐུན་པར། །ཞི་སོགས་ལས་བྱས་ཤེས་པར་བྱ། །དགང་གཟར་ཤེས་རབ་ 86-1-178b བླུགས་གཟར་ཐབས། །དེ་གཉིས་སྦྱར་བ་གཉིས་མེད་བསྒོམ། །དེ་ལས་ངེས་འབྱུང་མར་གྱི་རྒྱུན། །ཡེ་ཤེས་ཆེན་པོའི་བདུད་རྩིར་འདོད། །རྒྱུ་དང་མི་རྒྱུའི་བདག་ཉིད་ཀྱི། །མེ་ནི་དེ་ཡིས་ཡང་དག་མཆོད། །འདི་ལྟར་ སྦྱིན་སྲེག་གང་བྱེད་ལ། །སྐལ་བཟང་དངོས་གྲུབ་རབ་ཏུ་སྟེར། །འདི་ནི་སྦྱིན་སྲེག་ངེས་པར་བསྟན་པའི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་གསུམ་པའོ།། །། དེ་ནས་ལས་ནི་རབ་འབྱམ་འབྱུང་། །དངོས་ གྲུབ་སྣ་ཚོགས་གོ་འཕང་སྔགས། །སྣ་ཚོགས་ལས་ཀྱི་འབྲས་འབྱུང་བ། །ཡང་དག་པར་ནི་རབ་ཏུ་བཤད། །ཨོཾ་ན་མཿ་ཤྨ་ཤཱ་ན་བཱ་སཱི་ནི། མ་ཧཱ་ཀཱ་ལ་ཨ་ནུ་ཙཱ་ར་ཡ། ཏད་ཡ་ཐཱ། ཨོཾ་ཙ་ལ་པྲ་ཙ་ལ། ལཱ་ལ་ལཱ་ལ་ཡ། དེ་བ་ལི་བྃ་གྃ་སྭཱ་ཧཱ། བསྙེན་པ་ཁྲི་བྱས་ཏེ། མཚན་ཕྱེད་ན་ལིང་ག་བཟུང་ལ་ཇི་སྲིད་འོངས་ཀྱི་བར་དེ་སྲིད་དུ་བཟླས་པར་བྱ་སྟེ་གོང་བུ་དགུག་པའོ། །ཨོཾ་ཙ་མུནྜེ་དྷུ་མ་ཀེ་ཤི། དྷུ་མ་བིདྱུ་ཛྫི་ཧྭེ། ཧ་ན་ཧ་ན། པ་ཙ་པ་ཙ། དེ་བ་དཏྟྃ་ཨཱ་ན་ཡ་སྭཱ་ཧཱ། རྐང་པ་གཡོན་པའི་མཐིལ་དུ་སེན་རྩེས་རི་རབ་བྲིས་ལ། དེའི་ནང་གི་ཟུར་གྱི་ཆ་ལ་ཡི་གེ་ཧྲཱིཿབཞི་དབུས་སུ་སྔགས་ཀྱི་ཚིག་བྲིས་ཏེ། །གནོན་ཅིང་བཟླས་ན་དབང་དུ་བྱེད་པའི་མཆོག་ ཡིན་ནོ། །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ན་ད་ཧ་པ་ཙ་བི་དྷྭྃ་ས་ཡ་ཡོ་སཽ་མཱ་ར་ཡ་ཧཱུྃ་ཕཊ། གྲོག་མཁར་གྱི་ས་བའི་རྣམ་པ་ལྔ་དང་བསྲེས་པ་ལས་མཐོ་གང་ཙམ་གྱི་བཱ་སུ་ཀི་བྱས་ཏེ། ཀ་ར་བི་རའི་ལྕུག་མས་ཆུ་གཏོར་ཞིང་། གུ་གུལ་གྱིས་བར་མ་ཆད་པར་བདུགས་ཏེ། དཀར་གསུམ་གྱི་གཏོར་མ་བྱིན་ན་ཉི་མ་བདུན་ན་ཆུའི་རྒྱུན་འབེབས་པར་བྱེད་དོ། །ཅི་སྟེ་མི་འབེབས་ན་ཉི་མ་བདུན་པ་ལ་དུམ་བུ་དུམ་བུར་བྱས་ཏེ་བུམ་པར་བཅུག་ཏེ་ ཆུ་བོ་ལ་སྐུར་ནས་ཆར་འབེབས་པར་འགྱུར་རོ། །ཆར་དབབ་པའི་གོ་ཆའོ། །ཨོཾ་ག་ག་ཨ་རི་ག་ག་སྭཱ་ཧཱ། སྔགས་འདིས་གདོང་བཀྲུས་ཏེ། རྡོ་བ་ལ་ལན་བདུན་བཟླས་བ་བྱས་ན་སུ་ཡང་རུང་བའི་སྒོའི་བུ་གར་བཅུག་ན་ཁ་བཅིང་བ་ 86-1-179a བྱེད་པར་འགྱུར་རོ། །ཨོཾ་མཱུ་ཀཱ་ཏིཥྛན་ཏེ་མཱུ་ཀཱ་གཙྪན་ཏི་མུ་ཀཱ་ཀཱ་ཌྷན་ཏི་ལཱྃ་ག་ལཱྃ། མཱུ་ཀཱ་ནཱྃ་མཱུ་ཏྲ་པཱུ་རི་ཥེ་ཎ། དེ་བ་དཏྟ་སྱ་མུ་ཁྃ་བན་དྷཱ་མི་སྭཱ་ཧཱ། ཁྱུ་མཆོག་གི་ཅི་བ་ས་ལ་མ་ལྷུང་བ་བླངས་ཏེ། གང་སུ་ཡང་རུང་བའི་བུ་གར་གཞུགས་པ་བྱས་ན་ཐ་སྙད་བརྗོད་པའི་ཁ་བཅིང་བར་འགྱུར་ཏེ། བཀླགས་པས་འགྲུབ་པའོ། །ཨོཾ་ན་མོ་ནི་ཁཱ་བཻ་ར་བཱ་ཡ། ཙི་རི་ཙི་རི་ཀི་རཱི་ཏ་རཱུ་པེ་ན། མུ་ཥི་ཀཱ་ནཱྃ་ཏུཎྜྃ་བན་དྷཱ་མི། མར་ཀྐ་ཊོ། ཤྲིྃ་གཱ་ལ་སརྦྦཽ་བཱ་རཱ་ཧཱ་དཱི་ནཱྃ། སི་རི་སི་རི། ཁི་ལི་ཁི་ལི་སྭཱ་ཧཱ། སྔགས་འདིས་ལག་པ་ཡ་གཅིག་གམ། རྔོ་བ་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ནས་ཁྱིམ་མམ། ཞིང་ངམ་ ལྡུམ་རའི་ཟུར་བཞིར་རྡོ་བ་བཅུག་ན་ཉེ་བར་འཚེ་བ་མེད་པར་འགྱུར་རོ། །ཡང་ན་དུག་དང་། ལན་ཚ་དང་། སྐེ་ཚེ་དང་། ཡུངས་ཀར་དང་། ལ་ཕུག་གི་ས་བོན་དང་། དྷ་དུ་རའི་ས་བོན་དང་ནག་པོ་ཆེན་པོའི་ས་བོན་གྱི་རྫས་ འདི་དག་མ་ཧེ་དང་ཕག་པ་དང་ལྕེ་སྤྱང་རྣམས་ཀྱི་ཁྲག་དང་བསྲེས་ཏེ། ཡང་དག་པར་སྦྱར་ནས་བཅུ་བཞིའི་ཉི་མ་ལ་མེ་ཏོག་དང་། བདུག་པ་ལ་གཏོར་མ་བྱས་ཏེ། དེའི་རྗེས་ལ་ལག་པ་གཡས་པས་ཡང་དག་པར་ གཟུང་སྟེ། གཡོན་པས་སྡིགས་མཛུབ་བྱས་ནས་ཁྲོ་བོའི་ངག་གིས་བཟླས་ཏེ། ཕྱོགས་བཞིར་སྦས་ན་མཚམས་བཅད་པ་དང་ར་བ་བྱས་པར་འགྱུར་རོ། །ཨོཾ་ཧྲཱིཾ་བྲཱིཾ་ཧཱུྃ་ཕཊ་བི་ཊ་བི་ཊ་སྭཱ་ཧཱ། སྔགས་འདི་བ་ལང་གི་ཅི་བ་ ལ་མངོན་པར་སྔགས་ཏེ་ཆུའི་གནས་སུ་བཅུག་ན་ཞོ་རྣམས་རྣམ་པར་ཆུད་ཟོས་པར་འགྱུར་ཏེ། འོ་མ་གཏོར་བས་ནི་གྲོལ་བར་འགྱུར་རོ། །ཨོཾ་རེ་བན་ཏ་སྭཱ་མི་ནེ། ཏྲཻ་ལོ་ཀྱཱ་དྷི་པ་ཏ་ཡེ། ཀུ་རུ་ཀུ་རུ། གཙྪ་གཙྪ། བྷ་ཀྵ་ཡ་བྷ་ཀྵ་ཡ། ནེ་ཏྲ་རོ་གཱ་སི་རི་སི་རི། ནཱ་ཤ་ཡ་ནཱ་ཤ་ཡ་ཧཱུྃ་ཕཊ་ཕཊ་ཧྲཱིཾ་ཧྲཱིཾ་སྭཱ་ཧཱ། མིག་ནད་ལ་བྱ་བ་པའི་སྔགས་སོ། །ཨོཾ་ཨ་རུ་ཎེ་ཧཱུྃ་ཕཊ་སྭཱ་ཧཱ། ཆུ་ལ་ཡོངས་སུ་བཟླས་ཏེ། མིག་བཀྲུས་ན་མིག་ནད་འཇོམས་ 86-1-179b པར་འགྱུར་རོ། །སྨན་པ་ལའི་རྩ་བ་དུམ་བུ་བདུན་དུ་བྱས་ཏེ། ལག་པ་ལ་བཅིངས་ན་རིམས་འཇོམས་པར་འགྱུར་རོ། །ཨ་བཱ་མརྒའི་རྩ་བ་བཅིངས་ན་རིམས་ཉིན་བཞི་པ་འཇོམས་པར་འགྱུར་རོ། །ཤིང་སཔྟ་བརྞ་བླངས་ཏེ། སྒོ་རྩའམ་ལམ་དུ་སྦས་ན་ཆང་རྣམ་པར་ཉམས་པར་འགྱུར་ཏེ། བཏོན་ན་ནི་གྲོལ་བར་འགྱུར་རོ། །ཨོཾ་ན་མ་ཤྩནྚ་ཨང་ཀུ་ཤ་ཀུ་ལུ་ཀུ་ལུ་སྭཱ་ཧཱ། ཕུག་རོན་གྱི་བྲུན་དང་ལྷམ་བུ་ཆུ་གཤེར་དང་སྟང་ཟིལ་དང་གུ་གུལ་དང་། ཤིང་ཚ་དང་། ཆུ་སྲིན་སེན་མོ་དང་རུ་རྟ་དང་གསེར་ཤིང་གི་འབྲས་བུ་སྟེ། འདི་རྣམས་དེ་བཞིན་དུ་བུ་རམ་དང་སྦྱར་ལ་སྤོས་སུ་བྱས་ཏེ། ཟོང་གི་སྣོད་ཐམས་ཅད་ལ་གདུགས་ན་ཚོང་པ་རྣམས་རྙེད་པ་བཟང་བར་འགྱུར་རོ། ། ཨོཾ་ན་མོ་བྷ་ག་བ་ཏི་སུསྐ་མུ་ཁི་ཙ་མུཎྜེ་ཙི་རི་མི་རི་པཱ་ཏ་ཀེ། ཨ་མུ་ཀྃ་བ་ཤ་མཱ་ན་ཡ་སྭཱ་ཧཱ། རུསྟ་ཤུ་ཐག་དབང་པོའི་ནས། །ཡུངས་ཀར་ཏ་ཀ་རའི་མེ་ཏོག །སུག་སྨེལ་དེ་བཞིན་ཀླུའི་མེ་ཏོག །སརྫ་ར་ས་ཆ་མཉམ་བྱས། ། དེ་དག་གིས་ནི་རྫས་ལ་བདུགས། །ཚོང་ནི་མྱུར་དུ་འོང་བར་འགྱུར། །ཡི་གེ་ཡ་གཉིས་ཁ་སྦྱར་བྱས། །དབུས་སུ་མིང་ནི་སྦྱར་བྱས་ཏེ། །རླུང་གིས་ཁྱེར་བའི་ཤིང་ལོ་གཟུང་། །དེ་ཡི་ལོ་མ་ལ་བྲི་བྱ། །ཁྭ་ཡི་སྒྲོ་ཡི་སྨྱུ་གུ་དང་། ། སྣག་ཚ་དུག་དང་སྐེ་ཚེ་དང་། །དུར་ཁྲོད་སོལ་བ་མཉམ་ལྡན་པས། །ལེགས་པར་བསངས་ཏེ་བྲིས་ནས་མཆོད། །སྐག་དང་མིག་དམར་ཉིན་མོ་ལ། །ཚུབ་མའི་རླུང་ལ་ཕྱར་བ་འམ། །ཆུ་བོའི་རྒྱུན་ལ་བསྐུར་བྱས་ན། ། དགྲ་ནི་སྐྲོད་པ་ཉིད་དུ་འགྱུར། །མཚན་མོ་གཅིག་པའི་སར་མཚན་མོ་སོང་སྟེ། ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ། ཞེས་པ་བདག་ཉིད་ཆེན་པོས་སྔགས་བཟླས་པར་བྱ་སྟེ། བསྐྲད་པའི་རབ་ཏུ་སྦྱོར་བའོ། །བའི་ལྕི་བ་ས་ལ་མ་ལྷུང་ བ་ལས་སོར་བཅུ་དྲུག་པའི་གཟུགས་བརྙན་བྱས་ཏེ། དུར་ཁྲོད་ཀྱི་རས་ལ་མིང་མངོན་པར་བྲིས་ལ། དེའི་ནང་དུ་བཅུག་སྟེ། ཁྲོ་བ་དང་བཅས་པས་དེའི་ཁ་ཟན་གྱིས་བཀག་ལ། རོའི་སྐྲའི་སྲད་བུས་དཀྲིས་ཏེ། ཡང་ཁྲོ་ 86-1-180a བས་ལན་བདུན་བཟླས་པའི་གཏུན་ཤིང་གིས་དེའི་ཁར་བསྣུན་པར་བྱས་ན་མནན་པར་འགྱུར་རོ། །ལག་པ་གཡོན་པ་ལ་སྡོང་རོས་ཀྱིས་གཟུགས་བརྙན་བྲིས་ཏེ། མར་མེའི་རྩེ་མོ་ལ་གདུང་ན། དབང་དུ་བྱེད་ པའི་ཆོ་གའོ། །རླུང་གི་ཕྱོགས་སུ་མཎྜལ་ཉེ་བར་བྱུགས་ཏེ། གྲོ་གའི་འདབ་མ་ལ་ལྷས་བྱིན་གྱི་མིང་དང་སྤེལ་བ་བྲིས་ལ་ཟན་གྱི་གོང་བུའི་དབུས་སུ་བཅུག་སྟེ། བྱ་རོག་ལ་བྱིན་ན་བསྐྲད་པར་འགྱུར་རོ། །རྫ་མཁན་གྱི་ལག་ པ་ཕྱིས་པའི་འཇིམ་པ་ལ་སྣོད་བྱས་ཏེ། སྟོང་རྩ་བརྒྱད་ཡོངས་སུ་བཟླས་ནས། དབུགས་མི་འབྱིན་པར་ཆུའི་ནང་དུ་གཞག་ན་གྲོང་བརྟན་པར་འགྱུར་རོ། །དེ་ནས་དགྲ་གསད་པར་འདོད་ན་སྤྲ་ཚིལ་ལམ་བག་ཟན་ལས་གཟུགས་ བརྙན་བྱས་ལ་ཆོས་གོས་ཀྱི་རས་ཀྱིས་གཟུགས་བརྙན་དེའི་གདོང་ནས་བརྩམས་ཏེ་རྐང་པའི་བར་དུ་དཀྲིས་ལ་ལེགས་པར་སྦས་ཏེ། དེའི་སྟེང་དུ་ལག་པ་གཞག་ལ་མིང་དང་སྤེལ་བའི་སྔགས་སྟོང་དུ་གཅིག་གིས་མ་ ཚང་བ་བཟླས་ནས། ལྷའི་ཁང་པའི་ཕྱོགས་གཅིག་ཏུ་གཞག་སྟེ། སྙིང་གར་སེང་ལྡེང་གི་ཕུར་བུ་བཏབ་ལ། ཕུར་བུའི་སྟེང་དུ་དུས་གསུམ་དུ་ཆུ་ཚན་བླུགས་ཤིང་ཁྲོ་བས་ཡོངས་སུ་བཟླས་ན་བརླག་པར་འགྱུར་རོ། ། ཡུངས་ཀར་ལྔ་རྣམས་ཁྲག་དང་བསྲེས་པ་དང་། འབྲུ་མར་ཚ་བ་དང་བྷ་ལ་ཏ་ཀ་བསྲེས་པ་དང་། །ལྕགས་ཀྱི་ཕྱེ་མ་རྣམས་བསྲེས་ཤིང་སྦྱར་ཏེ། དགྲའི་མིང་ནས་བཟུང་ནས་སྦྱིན་སྲེག་སྟོང་ཕྲག་གཅིག་བྱས་ན་དེ་སྐད་ ཅིག་ལ་གསོད་པར་འགྱུར་རོ། །ཡུངས་སེར་སྐྱ་ཁྲག་དང་བསྲེས་པ་དང་། འབྲུ་མར་ཚྭ་དང་། བྷ་ལ་ཏ་ཀ་བསྲེས་ལ་དགྲའི་མིང་ནས་གཟུང་ནས། དུར་ཁྲོད་ཀྱི་མེ་ལ་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་བསྒྲུབ་བྱ་ བརྗེད་བྱད་ཀྱིས་གསོད་པར་འགྱུར་ཏེ། ཁྲག་སྐྱུག་པར་འགྱུར་ཞིང་རིམས་སམ་གཟེར་ནད་ཀྱིས་འཆི་བར་འགྱུར་རོ། །དུར་ཁྲོད་ཀྱི་ཐལ་བ་ལས་དགྲའི་གཟུགས་བརྙན་བྱས་རྐང་པ་གཡོན་པས་མནན་ལ། སྐྲ་གྲོལ་ 86-1-180b ཞིང་ཁྲོས་པས་ལྷར་བལྟས་ཏེ། གང་གི་མིང་ནས་གཟུང་ནས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་དགྲ་མྱུར་དུ་འཆི་བར་འགྱུར་རོ། །ཏིལ་དམར་པོ་དང་མེ་ཏོག་པྲི་ཡང་ཀུ་མར་དང་བསྲེས་ཏེ། ལན་བརྒྱད་སྟོང་སྦྱིན་སྲེག་ བྱས་ན་མཆོག་ཏུ་སྐལ་པ་བཟང་པོར་འགྱུར་རོ། །ཏིལ་དཀར་པོ་དང་འབྲས་དཀར་པོ་མར་དང་བསྲེས་པས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་ནོར་དང་འབྲུ་འཕེལ་བར་འགྱུར་རོ། །ཐམས་ཅད་དུ་བླ་མ་དང་བྲལ་བས་ནི་མ་ ཡིན་ནོ། །ཀ་ར་བི་རའི་མེ་ཏོག་གཉིས། །དེ་བཞིན་དུ་ནི་ཙན་དན་གཉིས། །རུ་སྟ་ཤིང་ཚ་ཡུང་བ་སེར། །མེ་ཏོག་ཤིང་དང་ཡུང་བ་གནག །དེ་བཞིན་དུ་ནི་ཨུཏྤལ་གསུམ། །པད་མའི་གེ་སར་དེ་བཞིན་ཏེ། །པྲི་ཡང་ཀུ་དང་ མེ་ཏོག་བརྒྱ། །དེ་བཞིན་དོན་གྲུབ་དཀར་པོ་དང་། །ནིར་གུན་ཊི་དང་འབྱུང་པོའི་སྒྲ། །གིའུ་ཝང་གེ་སར་ཚ་བ་གསུམ། །དེ་བཞིན་ཆུ་ཡི་ས་བོན་ཏེ། །ལྡོང་རོས་དང་ནི་འབྲས་བུ་གསུམ། །ནིམ་པའི་ལོ་མ་ཨུ་ཤི་ར། །ཀ་རཉྫ་ཡི་ འབྲས་ས་བོན། །ཤིང་ཀུན་བྷལླཱ་ཏ་ཀ་སྟེ། །འདི་ལྟར་ཉི་ཤུ་རྩ་ལྔ་ནི། །ཆ་མཉམ་དུ་ནི་བྱས་ནས་སུ། །རྒྱལ་དང་ཉི་མ་ལ་སྦྱར་ནས། །བ་ཡི་རྣམ་ལྔ་དང་བཏགས་ཏེ། །ཅི་འདོད་རི་ལུ་བྱས་ནས་ནི། །ཉི་མ་ལ་ནི་ བསྐམ་པར་བྱ། །མར་ངོའི་ཚེས་བརྒྱད་ཁྱད་པར་ལ། །མཆོག་ཏུ་སྨྱུང་བར་གནས་གྱུར་པས། །རང་འདོད་ལྷ་ཡི་མདུན་དུ་ནི། །བརྒྱད་སྟོང་དུ་ནི་བཟླ་བར་བྱ། །ཆོ་ག་འདི་ལྟར་སྔར་བྱས་ནས། །རབ་གནས་སྦྱིན་ སྲེག་གིས་རྫོགས་བྱ། །བཅང་དང་མིག་སྨན་བྱུག་པ་དང་། །མགོ་ལ་སྔར་ནི་སྦྱར་བྱས་ན། །དེ་ཡི་མོད་ལ་སྐྱོན་ཀུན་ལས། །གྲོལ་བར་འདིར་ནི་ཐེ་ཙོམ་མེད། །བྱིས་པ་རྣམས་ཀྱི་མགོ་ལ་བསྐུས་ན་བྱིས་པའི་གདོན་ ལས་ཡོངས་སུ་གྲོལ་བར་འགྱུར་རོ། །གདུག་པའི་གདོན་གྱིས་ཟིན་པ་ལ་བདུག་པར་བྱས་ན་རབ་ཏུ་གྲོལ་བར་འགྱུར་རོ། །རིམས་ཐམས་ཅད་ལ་མགོ་ལ་བྱུག་པ་བྱས་ན་རིམས་མེད་པར་འགྱུར་རོ། །མང་པོའི་དབུས་སུ་རྩོད་པའི་ 86-1-181a ཚེའམ་རྒྱལ་པོའི་སྒོར་འགྲོ་བ་ན། དཔྲལ་བར་བྱུགས་ན་དེ་རྒྱལ་བར་འགྱུར་རོ། །སྐྲའི་རྩེ་མོ་ལ་བྱུགས་ན། བུད་མེད་དབང་དུ་འགྱུར་བས་གཞོན་ནུ་མ་རྣམས་འཛིན་ཅིང་སྐལ་པ་བཟང་པོར་འགྱུར་རོ། ། བུད་མེད་བུ་མི་ཕྱིན་པ་རྣམས་ཀྱི་ལྟེ་བ་དང་སྐྱེ་གནས་སུ་བྱུགས་ན་མྱུར་དུ་འབྱུང་བར་འགྱུར་རོ། །མཛེའི་ནད་ཐམས་ཅད་ལ་བ་ལང་གི་ཆུ་དང་ལྷན་ཅིག་འཐུངས་ན་བདེ་ལེགས་སུ་འགྱུར་རོ། །མངལ་མི་ཆགས་པ་རྣམས་ ལ་དཔྱིད་ཀྱི་དུས་སུ་བའི་རྣམ་ལྔ་དང་ལྷན་ཅིག་འཐུངས་ན་མངལ་ཆགས་ཤིང་བུ་དང་ལྡན་པར་འགྱུར་རོ། །ཁྲག་གིས་གཟེར་བ་ལ་འབྲས་ཀྱི་ཆུ་དང་ལྷན་ཅིག་འཐུངས་ན་ཟུག་གཟེར་རབ་ཏུ་ཞི་བར་འགྱུར་རོ། །མིག་ན་བ་ལ་ མགོ་ལ་བྱུགས་ན་མིག་ནད་འཇོམས་པར་འགྱུར་རོ། །མཆེ་བའི་དུག་གིས་ཟིན་པ་ལ་མཆིལ་མས་བསྐུས་ན་དུག་མེད་པར་འགྱུར་རོ། །རྟག་ཏུ་བཅངས་ན་སེང་གེ་དང་སྟག་དང་དོམ་ལ་སོགས་པ་ནགས་ཀྱི་བདག་ པོ་རྣམས་དང་། སྡིགས་པ་དང་རྟ་བླ་མོ་ལ་སོགས་པ་དང་། གདོན་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར་ཏེ། ཐམས་ཅད་དུ་བསྲུང་བའི་མཆོག་དང་སྐྱེ་བོ་ཐམས་ཅད་ལ་སྡུག་པ་དང་སྐལ་པ་ བཟང་པོར་འགྱུར་རོ། །འདི་ནི་ལས་རབ་འབྱམ་གྱི་སྨན་གྱི་རབ་ཏུ་སྦྱོར་བ་ངེས་པར་བསྟན་པའི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་བཞི་པའོ།། །། དེ་ནས་གཞན་ཡང་བཅུད་ལེན་གྱི། །ཆོ་ག་མཆོག་ ནི་ཡང་དག་བཤད། །གང་ཞིག་རྣམ་པར་ཤེས་ཙམ་གྱིས། །ལུས་ནི་རྒྱས་པའི་མཚན་ཉིད་འགྱུར། །ཟླ་བ་སི་ཧླ་གླ་རྩི་དང་། །སྨན་དང་ཙན་དན་སེར་པོ་སྟེ། །སོ་སོ་འམ་ནི་ལྷན་ཅིག་གིས། ། རྒས་དང་འཆི་བ་བླུ་བྱེད་པའོ། །རིགས་སྔགས་ལས་བྱུང་མཆོག་ཡིན་ཏེ། །རང་རིགས་ལས་བྱུང་འབྲིང་དུ་འདོད། །ཐ་མལ་བུད་མེད་ལས་བྱུང་དམན། །རྒན་དང་བྱིས་པའི་རྣམ་པར་སྤང་། ། 86-1-181b མདོག་ནག་ལུས་ནི་རབ་ཏུ་བཟུང་། །གཞོན་ཞིང་སྐྲ་ནི་སྣུམ་པ་དང་། །མིག་འབྲས་ནག་ཅིང་དྲི་ཞིམ་གང་། །དེ་ཡི་མེ་ཏོག་རབ་སྔགས་ཏེ། །མར་གྱི་ངོ་ཡི་དུས་ འཚལ་ནི། །མངོན་འདོད་དངོས་གྲུབ་ཐམས་ཅད་སྟེར། །ཡར་ངོར་འཛག་པ་མི་སྔགས་ཏེ། །རྒས་པ་ལ་སོགས་བྱེད་པ་ཡིན། །ཐོག་མ་ཐ་མ་རྣམས་སྤངས་པ། །དག་པའི་ཤེས་དང་ མཚུངས་ཤིང་དག །རི་དགས་ལྟེ་བ་རབ་སྔགས་ཏེ། །མཛེས་པའི་གླ་རྩི་ཡང་དག་བླང་། །བསད་པར་གྱུར་པ་ཡང་དག་གཙོ། །མཆོག་གི་སྨན་ནི་གཟུང་བར་བྱ། །འོ་མའི་སྟོན་མོ་ སོགས་སྐྱེས་པའི། །ཙན་དན་སེར་པོ་ཡང་དག་གཟུང་། །མར་ནི་གསུམ་སྟེ་མགོ་སྐྱེས་དང་། །སྦུབས་ལས་སྐྱེས་དང་ཤ་སྐྱེས་སོ། །མགོ་སྐྱེས་མར་ནི་མཆོག་ཡིན་ཏེ། ། སྦུབས་ལས་བྱུང་བ་བར་མ་ཡིན། །ཤ་ལས་བྱུང་བ་ཐ་མ་སྟེ། །བཅུད་ཀྱིས་ལེན་གྱིས་ཆོ་ག་མཆོག །ཟླ་བས་ལུས་ནི་རྒྱས་པར་བྱེད། །ཏུ་རུ་སྐས་ནི་ཐམས་ཅད་སྲུང་། །རི་ དགས་ལྟེ་བས་ནད་འཇོམས་ཏེ། །སྨན་གྱིས་ཞི་བར་བྱེད་པ་ཡིན། །རྟག་ཏུ་བཞི་མཉམ་གྱུར་པ་ནི། །སྔ་དྲོའི་དུས་སུ་རྒྱུན་དུ་བསྟེན། །ཟླ་བས་རླུང་ནི་རྒྱུ་བ་ན། །ཟླ་བའི་ རྒྱུ་བ་བཏུང་བར་བྱ། །ཉི་མའི་རླུང་ནི་རྒྱུ་བ་ན། །ཉི་མས་ཉི་མ་བཏུང་བར་བྱ། །རྫས་འདི་དག་ནི་མཉམ་སྦྱར་བྱས། །རྟག་ཏུ་སྣར་ནི་བླུགས་པར་བྱ། །ཟླ་བ་དྲུག་ཏུ་སྦྱར་བྱས་ན། ། རྟག་པའི་ཚེ་ནི་འཕེལ་བར་འགྱུར། །སྣ་སྒོ་གཡོན་དུ་རབ་བླུགས་ན། །ལས་ནི་ཡོངས་སུ་དག་གྱུར་པས། །ཡར་ངོ་ཟླ་བ་ཇི་བཞིན་དུ། །ནད་ཀུན་མེད་ཅིང་འཚོ་བར་འགྱུར། ། 86-1-182a གནག་དང་སེར་བ་དང་བྲལ་ཞིང་། །དྲི་མ་དྲི་མེད་རྣམ་པར་སྤངས། །དང་བའི་ཆུ་ལྟར་གྱུར་གང་ལ། །སྐྱོན་བཞི་དང་ནི་རྣམ་བྲལ་བའོ། །རབ་མཛེས་དྲི་མ་མེད་ ཅིང་དགེ། །ཅུང་ཟད་ཤེལ་དང་མཚུངས་པའི་འོད། །དག་པའི་ཤེལ་ལྟར་གྱུར་པ་ཉིད། །ལུས་ནི་བཅིང་བའི་མཆོག་ཡིན་ཏེ། །ཉ་དང་ཤ་དང་དེ་བཞིན་ཆང་། །བུད་མེད་ཉལ་པོ་ རྣམ་པར་སྤང་། །བརྟན་ཞིང་དུལ་ལ་སྦས་པ་ཡིས། །རང་གི་ལུས་ནི་ཡོངས་སུ་བསྲུངས། །སློབ་མ་དད་ལྡན་ལྷན་གཅིག་སྐྱེས། །དབེན་པའི་ཕུག་ཏུ་རབ་ཞུགས་དེར། ། མྱོས་བྱས་གཏོར་མ་མཉམ་ལྡན་པས། །ལྷ་རྣམས་ལ་ནི་མཆོད་པར་བྱེད། །རང་གིས་ལྷག་པའི་ལྷར་སྦྱོར་བས། །སྔགས་ནི་རྒྱུན་མི་འཆད་པ་བཟླས། ། སྦྱིན་དང་བསོད་ནམས་བྱ་བ་བྱ། །སློབ་མ་རྣམས་ནི་ཚིམས་པར་བྱ། །ཁ་ན་མ་ཐོ་མེད་པའི་གནས། །རྙེད་ནས་བགེགས་མེད་བྱས་ཏེ་གནས། །བདེ་བའི་སྟན་ རབ་ཐོབ་ནས་སུ། །བློ་དང་ལྡན་པས་སྨྲ་མི་བྱ། །ཇི་སྲིད་ཉི་མ་བདུན་གྱིས་བར། །རང་ལུས་ཡང་དག་དག་པར་བྱ། །དེ་རྗེས་ལོ་ནི་ བཅུ་སོགས་ཀྱི། །བར་དུ་ལས་ནི་བསྟེན་པར་བྱེ། །དངོས་གྲུབས་དུས་སུ་ལོ་གཉིས་ཀྱང་། །མཁས་པས་རྟགས་པར་ཡང་དག་བསྲུངས། །ལོ་བཅུ་ གཉིས་ནི་ཡང་དག་རྫོགས། །གཉེར་མ་སྐྲ་དཀར་རྣམ་པར་སྤངས། །སྣ་ཚོགས་ནད་ལས་རྣམ་པར་གྲོལ། །ཟླ་བ་སྐར་མ་ཡོད་པར་འཆོ། ། 86-1-182b ལྷ་དང་ལྷ་མིན་མི་རྣམས་ཀྱིས། །བུད་མེད་རྣམས་ལ་ཡིད་འོང་འགྱུར། །རྫས་ནི་ལྔ་པོ་འདིས་རྣམས་ཉིད། །རྟག་པར་རྒྱུན་དུ་བཟའ་ཞིང་བཏུང་། །ལས་འདི་ དག་ནི་ཡང་དག་རྫོགས། །འདོད་པའི་དངོས་གྲུབ་རབ་ཏུ་འཇུག །འདོད་འཇོའི་བ་དང་མཉམ་པའི་ལུས། །མཁའ་སྤྱོད་དངོས་གྲུབ་ཐོབ་པར་འགྱུར། ། སོ་ཕག་ཚོས་འགྱུར་ལྡག་གུ་དང་། །ནིར་གུན་ཐི་དང་བལ་གུལ་ནེ། །སྨྱོ་བྱེད་འདབ་དང་ནིརྱ་ས། །གླ་རྩི་ཙན་དན་ལྡན་པ་དང་། །བཱ་ལི་ ཀ་དང་ཙོ་རར་ལྡན། །རང་གིས་ལུས་ནི་དྲིལ་བྱས་ན། །ནད་རྣམས་ཀུན་ལས་རྣམ་གྲོལ་ཞིང་། །དུག་མེད་མདངས་དང་ལྡན་པར་འགྱུར། །འབྲས་བུ་ གསུམ་དང་ཙན་དན་གྱིས། །ཕྱེ་མར་བཅས་དང་གླ་རྩི་ནི། །བསིལ་དང་ལྷན་ཅིག་ལོ་གཅིག་འཐུངས། །ནད་མེད་རྒས་པའང་མེད་པར་འགྱུར། །འབྲས་བུ་གསུམ་དང་ ཙན་དན་ཕྱེ། །གླ་རྩི་ལྷན་ཅིག་བསྟེན་བྱས་ཏེ། །ཟོས་ན་ཟླ་བ་དྲུག་ཙམ་གྱིས། །ཚེ་རིང་གཟུགས་དང་ལྡན་པར་འགྱུར། །གླ་རྩི་འབྲས་བུ་གསུམ་དང་བཅས། །རྡོ་ཡི་སྣོད་དུ་ ཡང་དག་བཞག །གྲངས་ཏེ་གང་གིས་རྟག་འཐུངས་ན། །རྒས་དང་ནད་མེད་ཡང་དག་འབྱུང་། །ཙན་དན་ཀ་སའི་སྨ་ན་གསུམ། །མིག་གང་གིས་ནི་ཟླ་དྲུག་ཟོས། ། དེ་ལ་འདོད་པའི་དངོས་གྲུབ་ནི། །འབྱུང་བར་འདིར་ནི་ཐེ་ཚོམ་མེད། །འདི་ནི་བཅུད་ཀྱིས་ལེན་གྱིས། ཆོ་ག་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་ལྔ་པའོ།། །། དེ་ནས་གཞན་ཡང་མྱོས་བྱེད་དང་། ། 86-1-183a བཙོ་བ་ཡང་དག་རབ་བཤད་བྱ། །རྒྱུད་རྣམས་ཀུན་ཏུ་གསང་ཆོ་ག །ཇི་བཞིན་གཞན་ལ་བརྗོད་མི་བྱ། །བདུད་རྩི་བསྐྱེད་པའི་ཆེད་དུ་ནི། །བཤད་ཀྱིས་གནོད་སྦྱིན་ བདག་པོ་ཉོན། །ཡེ་ཤེས་རྡོ་རྗེ་མན་ད་རར། །གྲགས་ཏེ་མཁའ་དབྱིངས་འོ་མའི་མཚོ། །འོ་མའི་རྒྱ་མཚོ་མཛེས་པ་ཡི། །བདུད་རྩི་བསྲུབས་པ་ཙམ་གྱིས་ནི། །དེ་ལས་སྐྱེས་པའི་ལྷ་མོ་ཚང་། ། བུ་མོ་འདོད་པའི་གཟུགས་ཅན་མ། །ཉི་མ་འཆར་ཀའི་མདོག་འདྲ་ཞིང་། །རྒྱ་སྐྱེགས་ཁུ་བ་ལྟ་བུ་འདོད། །རིན་ཆེན་ཀུན་ཀྱིས་བརྒྱན་པའི་ལུས། །པད་མའི་མདོག་དང་མཚུངས་པའི་འོད། ། ཡི་གེ་ལས་བྱུང་བའི་སྐུ། །མཛེས་པའི་ཕྱག་ནི་བཅྭ་བརྒྱད་སྟེ། །ལྷ་མོ་སྣ་ཚོགས་བཅུད་འཛིན་ཅིང་། །འཇིག་རྟེན་གསུམ་པོ་དབང་བསྡུད་མ། །གཡས་པས་རལ་གྲི་མདའ་ལྕགས་ ཀྱུ། །ཐོད་པ་རྡོ་རྗེ་རྒྱལ་མཚན་དང་། །དེ་བཞིན་མུ་ཏིག་ཕྲེང་དྲིལ་བུ། །དགུ་པས་མཆོག་ནི་རབ་སྟེར་བའོ། །གཡོན་པའི་ཕྱག་གིས་ཕུབ་དང་གཞུ། །ཞགས་པ་དང་ནི་ཁ་ཊྭཱྃ་ག ། རིལ་པ་སྤྱི་བླུགས་མདུང་དང་ནི། །ཐོ་བ་པི་ཝང་བགྲང་ཕྲེང་བཅས། །གཞོན་ཞིང་ལང་ཙོ་ཕུན་སུམ་ཚོགས། །ལྷ་མོ་མཛེས་པའི་སྤྱན་གསུམ་ཅན། ། མན་དཱ་ར་ཡིས་དབུས་ཕྱུང་ནས། །ཆུ་བོ་ཀུན་དུ་གྱུར་ནས་ནི། །འོ་མའི་རྒྱ་མཚོ་ཞེས་བྱ་བར། །མར་དང་སྦྲང་རྩིའང་ ལྟ་བུར་འབབ། །ཞི་བའི་བཏུང་བའང་ལྷ་མོ་དེས། །རྡོ་རྗེ་རྣམས་སྣང་མཛད་གཟུགས་གནས། ། 86-1-183b རྣམ་སྣང་མཛད་མའི་སྐུའི་དབུས་སུ། །ཧེ་རུ་ཀ་ནི་ཞུ་བར་འགྱུར། །དཔའ་བོ་ཀུན་དང་མཉམ་སྦྱོར་བའི། །མཁའ་འགྲོ་མ་ཡི་དྲ་མཆོག་བདེ། །ཐམས་ཅད་རོ་གཅིག་འགྱུར་བ་ཡི། །བདུད་རྩི་ དྲག་པོའི་གཟུགས་ཅན་མ། །འཕྲོག་དང་བྱ་བ་ལོངས་སྤྱོད་ལ། །དེ་ཕྱིར་སྙིང་པོ་བདུད་རྩི་ཡིན། །དེ་བཞིན་ཐབ་ནི་ཆོས་འབྱུང་གྲགས། །གླུམ་ནི་བདུད་རྩིར་བསྒྲགས་པ་སྟེ། །ཆང་གང་རྡོ་རྗེ་རྣལ་འབྱོར་མ། །གང་ཞིག་དྲེགས་ ཏེ་ཧེ་རུ་ཀ །མདོག་ནི་པད་མའི་དབང་ཕྱུག་བདག །གང་ཞིག་དྲི་དེ་རིན་ཆེན་འབྱུང་། །རོ་གང་དོན་ཡོད་གྲུབ་པ་སྟེ། །གང་ཞིག་རླུང་གི་ཤུགས་བདག་ཉིད། །ཚད་མེད་པ་ལ་ཡེ་ཤེས་ཅི། །རྣམ་ཤེས་ཀྱང་ནི་ཅི་ཞིག་འགྱུར། །རྣམ་ ཤེས་ཡེ་ཤེས་ཕུན་ཚོགས་པས། །ཆང་གིས་འགྲོ་ཀུན་རྨོངས་པར་འགྱུར། །གནས་དང་ཞིང་དང་ཚན་དྷོ་ཧ། །འདུས་པ་དང་ནི་དུར་ཁྲོད་དུ། །མཆོད་བྱ་མཆོད་བྱེད་འབྲེལ་པ་ཡིན། །བདུད་རྩི་མཆོད་ཡོན་མཆོག་ཡིན་ཏེ། ། རྒྱུད་དང་རྒྱུད་གཞན་གསུངས་པ་ཡི། །བཀྲ་ཤིས་བདེ་བའི་དགའ་བའོ། །མཚུན་གྱི་ལྷ་དང་མི་རྣམས་དང་། །བག་མ་བླང་དང་མཆོད་སྦྱིན་ལས། །མཁས་པས་མཆོད་སྦྱིན་དག་ལའང་སྟེ། །རྒྱལ་རིགས་གཡུལ་ངོར་འཇུག་ པ་དང་། །རྗེའུ་རིགས་བཀྲ་ཤིས་དོན་དུ་སྟེ། །དམངས་རིགས་རྣམས་ནི་དངོས་གྲུབ་སྒྲུབ། །རང་བྱུང་མཆོད་པའི་དུས་དག་ལ། །ཡུན་རིང་བཤད་པའི་སྤྱོད་ཡུལ་དང་། །རབ་གནས་སྦྱིན་སྲེག་དུས་དག་ཏུའམ། །གནས་ རྣམས་རྒྱུ་བའི་སྤྱོད་ཡུལ་དུ། །རྣལ་འབྱོར་མ་རྣམས་སྤྱན་དྲངས་ཏེ། །མཆོད་གནས་གསང་སྔགས་བསྒྲུབ་དེའི་དུས། །འདི་ལྟར་སྣ་ཚོགས་ཤེས་བྱས་ནས། །དེ་ཡི་སྐྱོན་རྣམས་མི་རྟག་གོ། །དབང་དུ་བྱ་བ་བཤད་པར་བྱ། ། གསང་བ་པ་ཡི་བདག་པོ་ཉོན། །བླ་མ་དཔའ་བོ་རྣལ་འབྱོར་མ། །མཆོད་ཅིང་རྗེས་སུ་སྤྱད་པར་བྱ། །ཨོཾ་ཨཱ་ཧཱུྃ་ཞེས་བྱ་སྔགས་ཀྱིས། །རྟག་ཏུ་བྱིན་གྱིས་བརླབ་པར་བྱ། །ཧ་ཧོཿཧྲཱི་ཞེས་བྱ་སྔགས་སོགས་ཀྱིས། །སྦྱང་བ་དང་ནི་རྟོགས་ 86-1-184a བྱ་སྟེ། །ཡི་གེ་ཧས་ནི་ཁ་དོག་འཕྲོག །ཧོ་ཡི་དྲི་ནི་འཇོམས་པ་སྟེ། །ཡི་གེ་ཧྲཱི་ཡིས་ནུས་པའང་བཅོམ། །བདུད་རྩི་རྣམ་པར་བསྟེན་པར་བྱ། །ལྷ་གསུམ་ལ་སོགས་དང་བྲལ་བར། །ཅི་སྟེ་དམ་ཚིག་ཅན་ གྱིས་འཐུངས། །དེ་ལས་དུག་འགྱུར་ཐེ་ཚོམ་མེད། །སྔགས་ཀྱི་དངོས་གྲུབ་མི་སྐྱེའོ། །སུ་ཞིག་ཆང་གིས་མྱོས་འགྱུར་བ། །དེ་ལ་བགེགས་ནི་མང་པོ་འབྱུང་། །སྔགས་པ་ཆང་གིས་རྣམ་འགྱུར་བས། །འདོད་ལ་བརྐམ་ཞིང་ འཁྲིག་པར་སྲེད། །དགོད་ཅིང་གླུ་ནི་དེ་བཞིན་ལེན། །ཐབ་མོ་ལ་སྤྲོ་རྣམ་པར་འཁྲུལ། །སྨོད་ཅིང་ཉམས་པར་བྱེད་པས་ཀྱང་། །ངུ་འབོད་དམྱལ་བར་འཚེད་པར་འགྱུར། །རྣལ་འབྱོར་མ་རྣམས་ཁྲོས་ནས་ནི། །དེ་ལ་ནད་དང་མྱ་ངན་ འཇིགས། །འཇིགས་པར་བྱེད་པས་རྣམ་གཙེས་ནས། །སྡིག་ཅན་དམྱལ་བར་འཁྲིད་པར་འགྱུར། །བླ་མ་ལ་འཁུ་བླ་མ་སྨོད། །སེམས་ཅན་འཁུ་ལ་སྦྱིན་མི་བྱ། །བདུད་རྩི་དེ་ཉིད་དུག་དེ་ཉིད། །དངོས་གྲུབ་སྒྲུབ་པ་ འབྲས་བུ་མེད། །སྔགས་པས་འདི་དག་སྤང་བར་ནི། །སྔོན་གྱི་སངས་རྒྱས་རྣམས་ཀྱིས་གསུངས། །ཙ་རུའི་བཟའ་བར་ལྡན་པ་དང་། །ཆོ་གར་ཡང་དག་ལྡན་པས་སྤྱད། །རྣལ་འབྱོར་རྣལ་འབྱོར་མའི་འདུས་པ། ། ཆོ་གར་གསུངས་བཞིན་མི་སླུ་སྟེ། །དངོས་པོ་ཐམས་ཅད་མཉམ་པས་ན། །སྐལ་དང་སྐལ་མིན་བརྟག་མི་བྱ། །དེས་ན་འདུས་པ་ཞེས་གསུངས་ཏེ། །དངོས་གྲུབ་དང་ནི་རྗེས་གནང་ཐོབ། །ཤེས་རབ་བློ་དང་སྟོབས་དང་ནི། ། བདེ་དང་སྐལ་བཟང་འབྲས་སྟེར་བ་སྟེ། །དབང་ཕྱུག་བརྒྱད་ཀྱི་ཡོན་ཏན་ཀུན། །བླ་མེད་འབྲས་བུ་ཐོབ་པར་འགྱུར། །རྫས་སྐྱེས་དེ་བཞིན་རྩ་བ་སྐྱེས། །གོ་ཌྷི་པེཥྚི་ཆང་གི་རིགས། །ཤིང་སྐྱེས་དེ་བཞིན་བུར་ཤིང་སྐྱེས། ། ས་སྟེང་གང་དག་སྐྱེས་རྣམས་ཏེ། །མའི་རྣམ་པ་ལྔར་བཤད་དེ། །པེཥྚི་རྣམ་པ་བརྒྱད་དུ་བརྗོད། །གོ་ཊཱི་རྣམ་པ་བདུན་ཡིན་ཏེ། །རིམ་པ་འདི་དག་ཤེས་པར་བྱ། །རྣོ་དང་ཁ་དང་ཚ་བ་དང་། །མངར་དང་འཇམ་པར་སྐྱེ་བ་སྟེ། །སྣ་ 86-1-184b ཚོགས་ཡུལ་དུ་རྣམ་སྐྱེས་ནས། །ཆང་གི་མིང་དུ་རབ་ཏུ་གྲགས། །ཆུ་ལ་དགའ་བོ་བཱ་སུ་ཀི། །དེར་ནི་གདན་དུ་བསྒོམ་བྱ་སྟེ། །མེ་ཏོག་དང་ནི་གུར་ཀུམ་བདུག །གཏོར་མ་བྱིན་ནས་བརྩམ་པར་བྱ། །ཆོ་ག་རྫོགས་པས་བྱས་ན་ ནི། །མྱོས་བྱེད་མཆོག་ནི་སྐྱེ་བར་འགྱུར། །གང་ཚེ་གྲུབ་པའི་ཆང་སེམས་པས། །ཉིན་རེ་ཉིན་རེ་བྱ་བ་ཡིན། །སྦྱོར་བ་འདི་ནི་མཆོག་ཏུ་མཛེས། །གྲུབ་པའི་མྱོས་བྱེད་ཡིད་དགའ་བ། །ཤྲི་གྲོའི་སྨན་ནི་ཞོ་གཉིས་དང་། ། སྐྱུ་རུ་ར་ཡང་ཆ་བཅུ་དང་། །དེ་བཞིན་ཆུ་ནི་བྲེ་གང་ཉིད། །ཕོ་བ་རིས་ནི་དྲུག་བཅུ་གསུམ། །བུ་རམ་སྲང་ནི་གཅིག་གཟུང་སྟེ། །འདི་དག་གཅིག་ཏུ་སྦྱར་བྱས་པ། །འདི་ནི་གྲུབ་པའི་ཆང་ཞེས་བརྗོད། །ཉི་མའི་འོད་ལ་བཙོ་བར་བྱ། ། སྐྱུ་རུ་ར་ཡི་མྱོས་བྱེད་དོ། །དྷ་ཏ་ཀ་ཡི་མེ་ཏོག་བཟུང་། །ཙཱུ་ཏའི་མེ་ཏོག་སོ་བ་དང་། །མ་ལ་ཡ་དང་ས་རི་བ། །རྡོ་དྲེག་ཤྲི་ཀུ་བལ་ཀ་ལྃ། །འདི་དག་ཆ་ནི་མཉམ་པ་འམ། །བཞི་ཆ་རུ་ནི་རབ་ཏུ་བརྟག །ཆུ་སྲང་སུམ་བཅུ་རྩ་གཉིས་ དང་། །བུ་རམ་སྲང་ནི་བརྒྱད་དུ་འགྱུར། །ཉི་མ་གསུམ་དུ་ཆང་འདི་ཉིད། །འབྱུང་བ་རུ་ནི་ཤེས་པར་བྱ། །མེ་ཏོག་དྷཱ་ཏ་ཀའི་ཆང་ངོ་། །པ་ཏྲ་ཀ་དང་ཕོ་བ་རིས། །བཙོད་དང་ནཱ་ག་གེ་སར་གཟུང་། །ད་ཌཱིམ་འབྲས་བུ་དེ་བཞིན་ཚ། ། པི་པི་ལིང་དང་འོ་མར་བཅས། །གུ་རམ་སྲང་ནི་གཅིག་ཉིད་དེ། །ཆུ་ནི་བདུན་འགྱུར་སྦྱིན་པར་བྱ། །མྱོས་བྱེད་དྲི་ནི་ཞིམ་པ་དང་། །བསིལ་བའི་བདག་ཉིད་དུ་ནི་འགྱུར། །པ་ཏྲ་ཀའི་ཆང་ངོ་། །ཤིང་ཚ་ཨེ་ལ་ན་ལ་ད། །ལགས་ མཐོང་ཏམ་ལ་རུ་པ་ཏི། །ཤ་ཀ་ར་དང་ལྷན་ཅིག་སྦྱར། །མཁས་པས་གཅིག་ཏུ་བསྲེས་བྱས་ལ། །ཉི་མའི་འོད་ལ་ལན་བདུན་བཙོ། །གྲུབ་པའི་ཆང་ནི་བླ་ན་མེད། །ཁ་ར་ཡི་ཆང་ངོ་། །ཤྲི་གུའི་རྩ་བ་ལས་བྱུང་ཆུ། །སྦྲང་རྩི་ དང་ནི་ལྷན་ཅིག་ལྡན། །མཁས་པས་རྫས་ནི་དག་བྱའི་ཕྱིར། །ཆ་བརྒྱད་དུ་ནི་རབ་ཏུ་སྦྱིན། །སྦྲང་རྩི་ལྷག་པར་སྦྱར་ལ་བཙོ། །དེར་ཡང་འབྲས་བུ་གསུམ་གུར་ཀུམ། །གླ་རྩི་དང་ནི་ག་བུར་དང་། །གན་ད་པ་ཏྲ་ཨ་ག་རུ། །དབྱེ་བས་ 86-1-185a རབ་ཏུ་སྦྱར་བྱ་སྟེ། །ཐམས་ཅད་བརྒྱད་ཆར་ཕྱེ་ནས་ནི། །དབྱེ་བའི་དོན་དུ་སྦྱར་བར་བྱ། །ཉིན་ཞག་བཞིར་ནི་ཁྱད་པར་དུ། །འབྲུ་ཡི་དབུས་སུ་གཞག་པར་བྱ། །ཆང་ནི་སྨིན་པར་གྱུར་པ་ན། །མྱངས་ ན་གླ་རྩིའི་དྲིར་འགྱུར་རོ། །སོ་བྷཉྫ་ནའི་ཤུན་པ་དང་། །སྦྲང་རྩི་བཞི་འགྱུར་འགྲུབ་པར་འགྱུར། །དབྱེ་བ་གཉིས་པར་ག་བུར་དང་། །གླ་རྩི་ཛཱ་ཏི་ཕ་ལར་བཅས། །རི་དགས་དྲེགས་པར་བཅས་པས་ནི། །ཆང་ནི་དྲི་མ་མེད་པར་ འགྱུར། །དྷཱ་ད་ཀ་ཡི་མེ་ཏོག་དང་། །བཱ་ལིའི་ཕྱེད་དང་སྦྲང་རྩིར་བཅས། །དེ་ལ་སླར་ཡང་མཚན་ཉིད་འདིས། །བཞི་ཆས་ལྷག་པས་འགྲུབ་པར་འགྱུར། །གན་དེ་པ་ཏྲ་སྲང་ཕྱེད་ནི། །བརྒྱ་ཆ་དང་ནི་སྦྱར་བར་བྱ། །འདི་ལྟར་འདི་ཉིད་ སྒྲུབ་པ་ཡིས། །ཟླ་རེ་ཟླ་རེར་སྦྱར་བར་བྱ། །སྣ་ཚོགས་ཆང་གི་དབྱེ་བ་ནི། །ཡུལ་དང་རྗེས་མཐུན་གྱུར་ཞེས་བྱ། །འདི་ལྟར་ཆང་གི་དབྱེ་བ་ནི། །རྒྱུད་དང་རྒྱུད་གཞན་ལས་ཤེས་བྱ། །མྱོས་བྱེད་ལས་གཞན་མཆོད་པ་མེད། ། མར་མེ་སྦྱིན་སྲེག་ཆོག་མ་ཡིན། །བླ་མ་དང་བྲལ་ཆོས་མེད་དེ། །ཆོས་དང་བྲལ་བས་འགྲོ་བ་མེད། །མྱོས་བྱེད་ལས་གཞན་དམ་ཚིག་ནི། །གར་ཡང་འབྱུང་བར་འགྱུར་མ་ཡིན། །བདག་ཉིད་བསོད་ནམས་དབང་གིས་སམ། །ལ་ལར་བླ་མ་མཉེས་པས་རྙེད། ། འདི་ནི་མྱོས་བྱེད་རིངས་པར་བསྟན་པའི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་དྲུག་པའོ།། །། དེ་ནས་གཞན་ཡང་སྔགས་བཏུ་བའི། །ཆོ་ག་མཆོག་ནི་རབ་ཏུ་བཤད། །ས་ཡི་ཆ་ནི་ཡིད་འོང་བར། །དྲི་ཡི་ཆུ་ནི་ཉེ་བར་བྱུག ། དབེན་པའི་གནས་སུ་ལེགས་སྦས་ཏེ། །མེ་ཏོག་སྤོས་ཀྱིས་ཉམས་དགར་བྱ། །སྔགས་པ་ཙ་རུའི་བཟའ་བ་སྤྱད། །དེ་བཞིན་བདུད་རྩི་བཏུང་བར་སྤྱད། །རང་གི་ལྷག་པའི་ལྷར་སྦྱོར་བས། །སྔོན་དུ་གཏོར་མ་སྦྱིན་བྱ་སྟེ། ། མཁའ་འགྲོ་མ་ཀུན་མཉམ་སྦྱོར་བས། །སློབ་དཔོན་ལེགས་པར་མཉམ་བཞག་པས། །གྲུ་གསུམ་དཀྱིལ་འཁོར་མཉམ་དགའ་བ། །རི་མོ་གསུམ་གྱིས་ཕྱི་རོལ་བསྐོར། །ཆོས་འབྱུང་སྐྱེད་མོས་ཚུལ་ཆེན་པོ། ། 86-1-185b སྣ་ཚོགས་མེ་ཏོག་གིས་རྣམས་མཛེས། །དེར་ནི་ཨཱ་ལི་ཀཱ་ལི་དབྱེ། །སྡེ་ཚན་བརྒྱད་པོ་རིམ་བཞིན་བྲི། །འདོད་པ་དྲག་པོ་དེ་བཞིན་ཉིད། །ཐུབ་པ་མདའ་དང་གཟུགས་མེད་ཉིད། །རེའུ་མིག་བཞི་བཅུ་རྩ་དགུར་ ནི། །མན་ངག་བཞིན་དུ་དགོད་པར་བྱ། །ཨ་སོགས་ཡི་གེ་ནས་བརྩམས་ཏེ། །ཡི་གེ་ཧ་ཡི་བར་དུ་སྔགས། །གཡས་བསྐོར་རྣམ་པར་སྦྱར་བར་ནི། །གསང་བའི་བདག་པོས་ཤེས་པར་གྱིས། ། རེའུ་མིག་དང་པོའི་ལྔ་པ་གཟུང་། །དེར་ནི་རེའུ་མིག་བཅུ་པ་ཉིད། །སྟེང་དུ་ཡང་དག་སྦྱིན་པར་བྱ། །རེའུ་མིག་དགུ་པའི་གསུམ་པ་ཡིས། །སྟེང་དུ་ཐིག་ལེར་རྣམ་པར་བརྒྱན། །རེའུ་མིག་བདུན་པའི་དང་པོར་ གཟུང་། །མི་ཡིས་ས་བོན་འོག་ཏུ་བརྒྱན། །དང་པོ་ཡི་ནི་བཞི་པ་ཡིས། །བརྒྱན་པ་འདོད་པ་མོ་ཡི་མཆོག །བདུན་པའི་གཉིས་པའི་ཡི་གེ་གཟུང་། །རེའུ་མིག་དང་པོའི་བཅུ་གཅིག་བླང་། །རེའུ་མིག་ དགུ་པའི་ལྔ་པ་གཟུང་། །ཡི་གེ་ཨུ་ཡིས་འོག་ཏུ་བརྒྱན། །རེའུ་མིག་བདུན་པའི་བཞི་པ་གཟུང་། །རེའུ་མིག་དང་པོའི་བཅུ་གཅིག་པ། །མགོ་བོ་ལ་ནི་བརྒྱན་པར་བྱ། །རེའུ་མིག་དགུ་པའི་ལྔ་པ་ གཟུང་། །དང་པོའི་ལྔ་པས་འོག་ཏུ་བརྒྱན། །རེའུ་མིག་ལྔ་པའི་ལྔ་པ་གཟུང་། །རེའུ་མིག་བདུན་པའི་བཞི་པ་བླང་། །རེའུ་མིག་བཅུ་གཅིག་པས་བརྒྱན་ཅིང་། །ལྔ་པ་ཡི་ནི་འོག་ཏུ་བརྒྱན། ། རེའུ་མིག་དགུ་པའི་གསུམ་པ་ཡི། །སྟེང་བུ་ཐིག་ལེས་རྣམ་པར་བརྒྱན། །ལན་གཉིས་སུ་ནི་བཟླས་པར་བྱ། །རེའུ་མིག་ལྔ་པའི་གཉིས་པ་གཟུང་། །རེའུ་མིག་གི་ནི་བཅུ་གཅིག་པའི། །བཞི་པ་དང་ནི་ཡང་ དག་ལྡན། །སྙིང་པོའི་སྔགས་ནི་རྟག་བཟླས་ན། །དངོས་གྲུབ་ཡོན་ཏན་ཀུན་གྱི་གནས། །རེའུ་མིག་དག་ནི་བདུན་པ་ཡི། །ཡི་གེ་བཞི་པ་གཟུང་བར་བྱ། །རེའུ་མིག་དག་ནི་དགུ་པ་ཡི། །ལྔ་པ་ཡིས་ནི་འོག་ཏུ་བརྒྱན། ། 86-1-186a དང་པོའི་བཞི་བས་རྣམ་པར་བརྒྱན། །བདུན་པ་ཡི་ནི་བདུན་པ་ཡིས། །ལོགས་སུ་ཐིག་ལེ་གཉིས་སྦྱིན་བྱ། །རེའུ་མིག་དག་ནི་བདུན་པ་ཡི། །ཡི་གེ་བཞི་པ་གཟུང་བྱ་སྟེ། །ལན་གཉིས་སུ་ནི་བཟླས་ པར་བྱ། །སླར་ཡང་ཡི་གེ་དེ་ཉིད་གཟུང་། །དབྱངས་ཀྱི་ལྔ་པས་འོག་ཏུ་བརྒྱན། །རེའུ་མིག་དགུ་པ་གསུམ་པ་ཡིས། །ཐིག་ལེ་ཡིས་ནི་རྣམ་པར་བརྒྱན། །ལན་གཉིས་སུ་ནི་བཟླས་པར་བྱ། །རེའུ་མིག་དག་ནི་ ལྔ་པ་ཡི། །ཡི་གེ་གཉིས་པ་གཟུང་བར་བྱ། །རེའུ་མིག་བཅུ་གཅིག་བ་དག་གི། །བཞི་པ་ཉིད་ནི་གཟུང་བར་བྱ། །སྔོན་དུ་ཕྱག་འཚལ་སྦྱིན་པར་བྱ། །རྟག་པར་རྒྱུན་དུ་བཟླས་ན་ནི། །སྐལ་བཟང་དངོས་གྲུབ་བྱེད་པའོ། ། རེའུ་མིག་དག་ནི་བདུན་པ་ཡི། །ཡི་གེ་གཉིས་པ་ཡང་དག་གཟུང་། །བཅུ་གཅིག་དང་པོའི་ཡི་གེ་ནི། །མེ་ཡི་བུས་ནི་འོག་ཏུ་བརྒྱན། །བདུན་པའི་གཉིས་པའི་ཡི་གེ་གཟུང་། །དབྱངས་ནི་བཅུ་གཅིག་པ་ཡིས་བརྒྱན། ། རེའུ་མིག་དག་ནི་དགུ་པ་ཡི། །ཡི་གེ་ལྔ་པ་ཡང་དག་གཟུང་། །དབྱངས་ནི་བཅུ་གཉིས་པ་ཡིས་བརྒྱན། །བདུན་པའི་དང་པོའི་ཡི་གེ་ནི། །ཡང་དག་མཆོག་གི་གོ་འཕང་གཟུང་། །རེའུ་མིག་དག་ནི་ལྔ་པ་ཡི། ། ཡི་གེ་བཞི་པ་ཡང་དག་གཟུང་། །དབྱངས་ཀྱི་བཞི་བས་བརྒྱན་པའོ། །རེའུ་མིག་དག་ནི་དགུ་པ་ཡི། །ཡི་གེ་བཞི་པ་གཟུང་བར་བྱ། །དབྱངས་ཡིག་བཅུ་གཅིག་པ་ཡིས་བརྒྱན། །བདུན་པའི་བཞིའི་ཡི་གེ་གཟུང་། ། དབྱངས་ཀྱི་ལྔ་པས་མཛེས་པར་བྱ། །དགུ་པ་ཡིས་ནི་གསུམ་པ་ཡིས། །དེ་བཞིན་མགོ་ལ་མཛེས་པར་བྱས། །དེ་ནི་ལན་གཉིས་བརྗོད་པར་བྱ། །ཡི་གེ་མཆོག་ནི་གྲོལ་བ་སྟེ། །ལྔ་པའི་ཡི་གེ་གཉིས་ པ་གཟུང་། །རེའུ་མིག་བཅུ་གཅིག་པ་ཡི་ནི། །བཞི་པ་ཉིད་ནི་སྦྱར་བར་བྱ། །རེའུ་མིག་དག་ནི་བདུན་པ་ཡི། །ཡི་གེ་གསུམ་པ་གཟུང་བར་བྱ། །རེའུ་མིག་དག་ནི་དགུ་པ་ཡི། །ཡི་གེ་བདུན་པས་འོག་ཏུ་བརྒྱན། །དབྱངས་ 86-1-186b ཡིག་གཉིས་པས་བརྒྱན་པར་བྱ། །རེའུ་མིག་དག་ནི་བདུན་པ་ཡི། །ཡི་གེ་བཞི་པ་བསྡུ་བར་བྱ། །དབྱངས་ཀྱི་གཉིས་པས་བརྒྱན་པའོ། །ཐོག་མར་ཡང་ནི་གསལ་བྱེད་སྦྱིན། །མཁའ་འགྲོ་མ་ཡི་སྙིང་དགའ་བ། །རྟག་ ཏུ་བསྒོམ་ཞིང་བཟླས་བྱས་ན། །དངོས་གྲུབ་ཀུན་གྱི་མཆོག་རབ་སྟེར། །ཐོག་མར་ཡི་གེ་ཨོཾ་སྦྱིན་བྱ། །བདུན་པའི་གསུམ་པ་ཡང་དག་གཟུང་། །དབྱངས་ཀྱི་ལྔ་པས་ཡང་དག་བརྒྱན། །རེའུ་མིག་དག་ནི་དགུ་པ་ཡི། །ཡི་གེ་ གཉིས་པ་གཟུང་བར་བྱ། །དེ་ཉིད་ལ་ནི་གསུམ་པ་ཡིས། །མགོ་ལ་རྒྱན་དུ་བྱས་པ་ཡིན། །རེའུ་མིག་དག་ནི་ལྔ་པ་ཡི། །ཡི་གེ་བཞི་པ་ཡང་དག་བླང་། །དབྱངས་ཀྱི་གསུམ་པས་བརྒྱན་པའོ། །རེའུ་མིག་དག་ནི་བདུན་པ་ ཡི། །ཡི་གེ་གསུམ་པ་གཟུང་བར་བྱ། །དབྱངས་ཡིག་ལྔ་པས་ཡང་དག་བརྒྱན། །རེའུ་མིག་དག་ནི་དགུ་པ་ཡི། །ཡི་གེ་གཉིས་པ་གཟུང་བྱ་སྟེ། །དེ་ཉིད་ལ་ནི་གསུམ་པས་བརྒྱན། །རེའུ་མིག་དག་ནི་བདུན་པ་ཡི། ། ཡི་གེ་གསུམ་པ་གཟུང་བར་བྱ། །དབྱངས་ཡིག་ལྔ་པས་འོག་ཏུ་སྦྱར། །དགུ་པའི་གསུམ་པའི་ཡི་གེ་ཡིས། །ཐིག་ལེ་རུ་ནི་བརྒྱན་པ་ཡིན། །དེ་ནི་རིམ་བཞིན་གཉིས་སུ་བཟླས། །རེའུ་མིག་དག་ནི་ལྔ་པ་ཡི། །ཡི་གེ་གཉིས་པ་ཡང་ དག་བླང་། །རེའུ་མིག་དག་ནི་བཅུ་གཅིག་པའི། །བཞི་པའི་ཡིག་སྦྱར་མཆོག་དབང་ཕྱུག །རེའུ་མིག་གཅིག་གི་ཡི་གེ་གཟུང་། །དབྱངས་ཀྱི་བདུན་པ་འོག་ཏུ་སྦྱིན། །རེའུ་མིག་དག་ནི་བདུན་པ་ཡི། །ཡི་གེ་མཉམ་པ་ཡང་དག་བླང་། ། རེའུ་མིག་དག་ནི་ལྔ་པ་ཡི། །ཡི་གེ་བཞི་པ་སྦྱར་བས་མཛེས། །སྔགས་ནི་ལན་གཉིས་བརྗོད་པར་བྱ། །རེའུ་མིག་དག་ནི་བདུན་པ་ཡི། །ཡི་གེ་བཞི་པ་གཟུང་བར་བྱ། །དབྱངས་ནི་ལྔ་པས་འོག་ཏུ་སྦྱར། །ཟླ་བ་ཕྱེད་པ་ཐིག་ལེས་བརྒྱན། །དེ་ཡི་ ཚིག་ནི་ལན་གཉིས་བརྗོད། །རེའུ་མིག་དག་ནི་ལྔ་པ་ཡི། །ཡི་གེ་གཉིས་པ་གཟུང་བར་བྱ། །རེའུ་མིག་དག་ནི་བཅུ་གཅིག་པའི། །བཞི་པ་སྦྱར་བས་བདེ་མཆོག་སྟེར། །གསལ་བྱེད་དང་པོར་ཡང་དག་གཞག །རེའུ་མིག་གཅིག་གི་ 86-1-187a ཡི་གེ་གཟུང་། །དབྱངས་ཀྱི་བདུན་པས་སྦྱར་བར་བྱ། །རེའུ་མིག་དག་ནི་བདུན་པ་ཡི། །ཡི་གེ་བཞི་པ་གཟུང་བར་བྱ། །རེའུ་མིག་དག་ནི་ལྔ་པ་ཡི། །བཞི་པ་ཡིས་ནི་སྦྱར་བར་བྱ། །དབྱངས་ཡིག་གཉིས་པས་རྣམ་པར་བརྒྱན། ། རེའུ་མིག་ལྔ་པའི་དང་པོ་གཟུང་། །རེའུ་མིག་དྲུག་པའི་དང་པོ་བླང་། །ཚིག་ནི་ལན་གཉིས་བརྗོད་པར་བྱ། །རེའུ་མིག་དག་ནི་བདུན་པ་ཡི། །ཡི་གེ་བཞི་པ་གཟུང་བར་བྱ། །དབྱངས་ཀྱི་ལྔ་པས་འོག་ཏུ་སྦྱར། །ཟླ་བ་ཕྱེད་པ་ཐིག་ལེས་བརྒྱན། ། ཐམས་ཅད་ལན་གཉིས་བརྗོད་པར་བྱ། །རེའུ་མིག་དག་ནི་ལྔ་པ་ཡི། །ཡི་གེ་གཉིས་པ་གཟུང་བར་བྱ། །རེའུ་མིག་དག་ནི་བཅུ་གཅིག་པའི། །བཞི་པས་སྦྱར་བ་དབང་ཕྱུག་མཆོག །ཐོག་མར་གསལ་བྱེད་ཡང་དག་སྦྱར། ། ཡི་གེ་མཆོག་ནི་སྒྲུབ་པར་བྱེད། །རེའུ་མིག་བཅུ་གསུམ་པ་ཉིད་ཀྱི། །དབྱངས་ཡིག་དང་པོ་གཟུང་བར་བྱ། །དབྱངས་ཡིག་གཉིས་པར་སྦྱར་བར་འགྱུར། །རེའུ་མིག་དག་ན་ལྔ་པ་ཡི། །ཡི་གེ་བཞི་པ་གཟུང་ནས་ནི། །བཞག་ པས་གོ་འཕང་མཆོག་ཏུ་འགྱུར། །རེའུ་མིག་དག་ནི་དགུ་པ་ཡི། །ཡི་གེ་བཞི་བཟུང་མཆོག་དབང་ཕྱུག །རེའུ་མིག་དག་ནི་བདུན་པ་ཡི། །ཡི་གེ་བཞི་པ་གཟུང་བར་བྱ། །དབྱངས་ཀྱི་བཅུ་གསུམ་པ་ཡིས་ནི། །མགོ་བོ་ལ་ནི་བརྒྱན་ པར་འགྱུར། །མཁས་པས་བདུན་པའི་བདུན་པ་ནི། །ལོགས་སུ་ཐིག་ལེ་གཉིས་སུ་གཞག །རེའུ་མིག་དག་ནི་བདུན་པ་ཡི། །ཡི་གེ་གཉིས་པ་གཟུང་བར་བྱ། །དབྱངས་ཀྱི་གསུམ་པས་སྤྱི་བོར་བརྒྱན། །རེའུ་མིག་དག་ནི་ དགུ་པ་ཡི། །ཡི་གེ་བརྒྱད་པ་བླང་བར་བྱ། །དེ་ཉིད་ཀྱི་འོག་བཞི་པ་སྦྱིན། །དབྱངས་ཀྱི་གཉིས་པ་སྦྱར་བར་བྱ། །ཡི་གེ་མཆོག་ནི་ཡིན་པར་བརྗོད། །རེའུ་མིག་དག་ནི་དགུ་པ་ཡི། །ཡི་གེ་ལྔ་པ་གཟུང་བར་བྱ། །དབྱངས་ནི་གཉིས་པས་ མཛེས་པར་བྱ། །རེའུ་མིག་བདུན་པའི་དང་པོ་ནི། །གཞག་པས་དངོས་གྲུབ་ཐམས་ཅད་སྟེར། །རེའུ་མིག་དག་ནི་བདུན་པ་ཡིན་ཡི་གེ་བཞི་པ་བླང་བར་བྱ། །དབྱངས་ནི་ལྔ་པ་སྦྱར་བྱ་སྟེ། །ཟླ་བ་ཕྱེད་པ་ཐིག་ལེས་བརྒྱན། །ལན་གཉིས་བརྗོད་པ་མཆོག་ 86-1-187b དབང་ཕྱུག །ལྔ་པའི་ཡི་གེ་གཉིས་པ་གཟུང་། །རེའུ་མིག་བཅུ་གཅིག་པ་ཉིད་ཀྱི། །བཞི་པ་ཡིས་ནི་སྦྱར་བྱ་སྟེ། །ཡང་དག་གོ་འཕང་མཆོག་ཡིན་ནོ། །བླ་མའི་མན་ངག་ལམ་གྱིས་ནི། །སྔགས་བཏུ་བ་ནི་ཤེས་པར་བྱ། །ཡང་དག་བསྟན་དང་ རྣམ་བྲལ་བའི། །གླེགས་བམ་བཀླགས་ཙམ་གྱི་སྔགས་ལ། །བསྐལ་པ་བྱེ་བ་བརྒྱ་རུ་ཡང་། །དངོས་གྲུབ་གོ་འཕང་འབྱུང་མི་འགྱུར། །ཚེས་བཅུ་ཡི་ནི་དུས་དག་ལ། །སྣ་ཚོགས་མེ་ཏོག་ལ་སོགས་དང་། །བཟའ་དང་བཏུང་བ་མཉམ་ལྡན་པས། ། རྡོ་རྗེ་རྣལ་འབྱོར་མ་མཆོད་བྱ། །སྔགས་ཉིད་རྣལ་འབྱོར་མ་ཡི་གཟུགས། །རྣལ་འབྱོར་མ་ཉིད་སྔགས་ཀྱི་གཟུགས། །ཅི་སྟེ་གོ་འཕང་མཆོག་ཐོབ་ན། །དེ་དག་དབྱེ་བར་མི་བྱའོ། །ཅི་སྟེ་དངོས་གྲུབ་མཆོག་འདོད་ན། །སྲོག་ནི་ཡོངས་སུ་གཏོང་ཡང་སླ། །འཆི་ བར་མཉམ་པར་འགྲོ་ཡང་སླའི། །རྟག་ཏུ་དམ་ཚིག་བསྲུང་བར་བྱ། །འཇིག་རྟེན་གསུམ་པོ་རྒྱུ་མི་རྒྱུའི། །འགྲོ་ཀུན་གཡོན་ལས་བྱུང་བས་ན། །རྣལ་འབྱོར་མ་རྟག་གཡོན་ལ་སྤྱོད། །རྐང་པ་གཡོན་པ་མངོན་དུ་འདོར། །རྐང་པ་གཡོན་གྱིས་ མཆོད་པར་བྱ། །གཡོན་པ་ཡིས་ནི་ཚིམ་དང་ཟ། །རིགས་ལྔ་ལ་ནི་ཀུན་སྤྱོད་པ། །རིགས་གཅིག་ཏུ་ནི་རྣམ་པར་བརྟག །ཀུན་རྟོག་ཀུན་ལས་རྣམ་གྲོལ་ཞིང་། །གཉིས་པ་ཐམས་ཅད་རྣམ་པར་སྤངས། །བླ་མ་སངས་རྒྱས་བླ་མ་ཆོས། ། བླ་མ་དགེ་འདུན་དེ་བཞིན་ཏེ། །སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །དེའི་ཕྱིར་སངས་རྒྱས་གོ་འཕང་ནི། །འདོད་པས་བླ་མ་མཉེས་པར་བྱ། །འདི་ནི་སྔགས་བཏུ་བའི་ཆོ་ག་རིམ་པར་ཕྱེ་བ་སྟེ་ ཉི་ཤུ་རྩ་བདུན་པའོ།། །། དེ་ནས་དེ་ཕྱིར་སྦྱིན་སྲེག་གི། །ལས་ཀྱི་ཁྱད་པར་རབ་བཤད་བྱ། །སྒྲུབ་པོས་རྒྱལ་སྲིད་ཆེད་དུ་ནི། །སྔགས་ནི་སྟོང་ཕྲག་བཅུ་རུ་བཟླས། །སྔར་བཤད་པ་ཡི་ཆོ་ག་ཡིས། །སྦྱིན་སྲེག་ལས་ནི་བརྩམ་པར་ བྱ། །བསྒྲུབ་བྱའི་མིང་དང་རྣམ་སྤེལ་ཏེ། །ཤ་ཆེན་འོ་མར་སྦྱར་བ་ཡིས། །རྣམ་རྟོག་མེད་པས་སྦྱིན་སྲེག་བྱས། །ཡོངས་རྫོགས་རྒྱལ་པོ་ཉིད་དུ་འགྱུར། །བ་ལང་མི་དང་ལྕེ་སྤྱང་ཤ །ཆང་དང་འོ་མར་མཉམ་སྲེས་པས། །བསྲེགས་ 86-1-188a བླུགས་མཆོག་ནི་སྦྱིན་བྱས་ཏེ། །རྟག་ཏུ་འབུམ་གཅིག་སྦྱིན་སྲེག་བྱས། །གྲོང་ཁྱེར་མཆོག་ནི་ཐོབ་འགྱུར་ཏེ། །དཔལ་ལྡན་རྒྱལ་པོ་ཆེན་པོར་འགྱུར། །ཚེར་མའི་མེ་ནི་རབ་སྦར་ལ། །དུག་ཁྲག་འབྲུ་མར་ཚ་བ་དང་། ། དེ་བཞིན་སྐྲ་དང་ཕུབ་མར་ལྡན། །མི་ཡི་རུས་པས་སྦྱིན་སྲེག་བྱ། །སྐྲ་གྲོལ་ཁྲོས་པའི་དབང་གྱུར་པས། །ལྷོ་ཕྱོགས་ཁ་བལྟས་གཅེར་བུ་འམ། །སྔགས་པ་གོས་ནི་ནག་པོ་གྱོན། །དྲག་པོའི་ལས་ལ་ཉི་ཕྱེད་དམ། །མཚན་ ཕྱེད་ན་སྟེ་གདོལ་པའི་མེར། །བསྒྲུབ་བྱའི་མིང་དང་སྦྱར་བའི་སྔགས། །ང་རོ་དྲག་པོས་བརྗོད་བྱ་ཞིང་། །རྩེ་གཅིག་སེམས་ཀྱིས་སྦྱིན་སྲེག་བྱས། །དཔུང་བཅས་སྟོབས་ཀྱང་བརླག་འགྱུར་ན། །གཞན་རྣམས་ལ་ནི་སྨོས་ ཅི་དགོས། །དེ་ནས་སྟོབས་ཀྱིས་དྲེགས་པ་ཡི། །དགྲ་བོ་བསྐྲད་པ་ཤེས་པར་བྱ། །རླུང་གི་ཕྱོགས་སུ་ཁ་བལྟས་ཏེ། །ཤ་ཟའི་མེ་ནི་རབ་སྦར་ལ། །ཁྭ་ཡི་གཤོག་པ་ཞག་ནིམ་། །ནིར་ཡ་ས་ཡི་འབྲུ་མར་བསྲེས། །ལས་ ནི་མཚན་མོ་བདུན་སྦྱར་ན། །ཐེ་ཚོམ་མེད་པར་སྐྲོད་པར་འགྱུར། །དབྱེ་བའི་ལས་ཞེས་གྲགས་པ་ནི། །སྨྱོ་བྱེད་ཤིང་ལ་མི་སྦྱར་ལ། །གསང་སྔགས་རིག་པས་ནིམ་པ་ཡི། །ལོ་མ་སྦྲུལ་གྱི་ཤུན་པར་བཅས། །ཁྲ་དང་འུག་པའི་ ཚང་སྲེས་ཏེ། །བརྒྱ་རྩ་བརྒྱད་ནི་སྦྱིན་སྲེག་བྱས། །འཇིག་རྟེན་ཐམས་ཅད་འབྱེད་འགྱུར་ཏེ། །སྙིང་སྡུག་སྐྱེ་བོའི་གཉེན་གྱིས་སྤང་། །དེ་ནས་དགུག་པ་བཤད་པར་བྱ། །ལི་ཁྲི་མཚུངས་པའི་འདི་བསྒོམས་ཏེ། །བསྒྲུབ་བྱ་གཅེར་བུ་རླུང་ཕྱོགས་ནས། ། སྟེང་བལྟས་གཡོ་བར་དམིགས་ནས་སུ། །སྟན་ལ་རོལ་པའི་གནས་པས་གནས། །གསང་སྔགས་ཡི་གེ་ཛ་བཟླས་ཏེ། །ཞགས་པ་ལྕགས་ཀྱུ་རབ་སྦྱོར་བས། །བསྒྲུབ་བྱའི་སྙིང་གི་པད་མར་དབུག །སྐྱེ་གནས་པད་མ་དབུག་བྱས་ན། །ངེས་ པར་ཁམས་གསུམ་དབང་དུ་འགྱུར། །ཐོད་པ་དུམ་བུ་གཅིག་པ་འམ། །མ་ཆག་སྡུག་ཅིང་མཛེས་པ་ལ། །བསྒྲུབ་བྱའི་གཟུགས་ནི་རྣམ་པར་བྲི། །དེ་ནས་བསྒྲུབ་བྱའི་མིང་བརྗོད་དེ། །དྷ་དུ་ར་ཡི་ཤིང་ཉིད་དང་། །ཀ་ར་བཱི་ར་ཁྲག་ཏུ་ནི། །ཡང་དག་སྦྱར་བས་སྦྱིན་ 86-1-188b སྲེག་བྱ། །གྲོ་ག་ལ་ནི་བསྒྲུབ་བྱའི་གཟུགས། །རང་ཁྲག་གིའུ་ཝང་བསྲེས་པས་བྲི། །བསྒྲུབ་བྱ་གོས་ཀྱིས་གཡོགས་ནས་ནི། །གསང་སྔགས་བཟླ་ཞིང་སྦྱིན་སྲེག་བྱ། །སྔགས་ཀྱི་ང་རོར་བཅས་ལུས་ཀྱིས། །མེ་ཏོག་རེ་རེ་རབ་གཟུང་ནས། ། ཉི་མ་བདུན་དུ་སྦྱིན་སྲེག་བྱས། །གང་ཞིག་ཡིད་ལ་འདོད་པ་འགུག །དེ་ནས་གཞན་ཡང་བཤད་པར་བྱ། །ཙན་དན་དམར་པོའི་ཤིང་ལས་ནི། །གཟུགས་བརྙན་བྱས་ནས་རང་ཁྲག་དང་། །གི་ཝང་ གིས་ནི་མིང་བྲིས་ཏེ། །དེ་བཞིན་བསྒྲུབ་བྱའི་སྙིང་གར་གཞུག །ཆ་བ་གསུམ་གྱིས་ལུས་ལ་བྱུག །ཟངས་མའི་ཁབ་ཀྱིས་དབུག་བྱ་བ། །སྙིང་ག་ལྟེ་བ་གསང་བ་སྟེ། །བསྒྲུབ་བྱའི་ གནས་གསུམ་དུ་ནི་དབུག །གང་ཞིག་ཡིད་ལ་འདོད་པ་དེ། །མཚན་ཕྱེད་ནས་ནི་འགུགས་པར་འགྱུར། །གསེར་མདོག་ཅན་གྱི་བཙག་གིས་སྐྱེ་གནས་ཀྱི་མཚན་མངོན་པར་ བྲིས་ལ་དེའི་སྟེང་དུ་ལག་པ་གཡོན་པས་བཀབ་ནས་བརྒྱ་རྩ་བརྒྱད་བཟླ་བར་བྱ་སྟེ་གང་གི་མིང་ནས་བརྗོད་དེ་སྔགས་བཟླས་ན། སྐད་ཅིག་དེ་ཉིད་ལ་འོང་བར་འགྱུར་རོ། །ཚུབ་མས་ཁྱེར་ བའི་ཤིང་ལོ་བླངས་ལ་ཁྭའི་སྒྲོ་རྩ་དང་། །མཆི་མས་བསྒྲུབ་བྱའི་མིང་བྲིས་ཏེ། །གྱེན་དུ་ལངས་པའི་ཚུབ་མ་ལ་བསྐུར་ན། །དེའི་མོད་ལ་སྐྲོད་པར་འགྱུར་རོ། །སྤྲེའུ་ཡི་ རུས་པ་ལ་སོར་དྲུག་པའི་ཕུར་པ་བྱས་ཏེ། །སྔགས་ལན་བདུན་མངོན་པར་བཟླས་ནས། །གང་གིས་སྒོར་སྦས་པ་དེའི་རིགས་རྒྱུད་ཆད་པར་འགྱུར་རོ། །བ་ལང་གླང་པོ་དང་ རྟ་དང་བོང་བུ་དང་རྔ་མོ་དང་། མ་ཧེའི་གནས་རྣམས་སུ་སྦས་ན་དེ་དག་བརླག་པར་འགྱུར་རོ། །ཡི་དགས་ཀྱི་གོས་མ་ལྷུང་བ་བླངས་ལ་མར་ཁུ་ཆེན་པོ་དང་ལྷན་ཅིག་ཞ་ཉེའི་སྣོད་དུ་ 86-1-189a སྤར་ཏེ། མར་ངོའི་བཅུ་བཞིའི་ཁྱད་པར་ལ། །སྙིང་པོའི་སྔགས་བཟླས་ཞིང་། མིག་སྨན་དབབ་པ་བྱས་ལ་མིག་ལ་བྱུགས་པ་དེས་མཁའ་ འགྲོ་མ་ཐམས་ཅད་མཐོང་བར་འགྱུར་རོ། །ཨོཾ་བྷཱུ་ཏ་ལིང་གེ་སྭཱ་ཧཱ། མེ་དབལ་ལ་བྱབ་པའི་སྔགས་སོ། །གླང་པོ་ཆེའི་ལྕི་བ་བླངས་ཏེ། རུས་སྦལ་གྱི་ཁོག་པའི་ནང་དུ་ གཞག་ལ་ཁྱིམ་དུ་བདུག་པར་བྱིན་ན་འདིས་ནི་འདྲེ་ཤིག་ལ་སོགས་པ་ཡང་ངེས་པར་རབ་ཏུ་ཞི་བར་འགྱུར་རོ། །ཨོཾ་ཨུ་ད་ཀེ་མ་ཤ་ཀཱ་ཛཱ་ཏཱ། །ཨུ་ཏ་ཀ་ས་ བྷ་པཱ། ཏེ་ཤཾ་དུ་ན་རྣ་ཤྩ་བཀྵན་ཤྩ། །ཨིན་ཏྲོ་བན་ཌ་ཏི་མ་ཧཱ་བ་ལ། །མ་ཤ་ཀཱ་ཨི་ནྡྲ་པཱ་ཤ་བརྡྷཿ། །ཨི་ནྡྲ་པ་ཤག་ཏཱ་ག་ཙྪནྟེ། །སཱུཡྱོ་ད་ཡ་སྭཱ་ཧཱ། །བཞི་ མདོའི་རྡོ་ཡི་དུམ་བུ་བླངས། །འདི་ཡི་ལན་ནི་ཉི་ཤུ་བཟླས། །ཕྱོགས་བཞི་རུ་ནི་གཞག་པར་བྱ། །སྦྲང་བུ་མཆུ་རིངས་བཟློག་བྱས་པས། །ཡིད་ཅན་རྣམས་ནི་བདེ་བར་འགྱུར། ། བདེ་བས་ཆོས་ནི་ཐོབ་འགྱུར་ཏེ། །ཆོས་ཀྱིས་ཀྱང་ནི་བླ་མེད་འགྱུར། །འདི་ནི་སྦྱིན་སྲེག་གི་ཆོ་ག་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །། དེ་ནས་དེ་ ཉིད་ཇི་བཞིན་དོན། །སྒོམ་པ་ཡང་དག་རབ་བཤད་བྱ། །སྒོམ་པ་དངོས་མེད་རང་བཞིན་ཏེ། །དངོས་མེད་སྤྲོས་དང་བྲལ་བ་ཡིན། ། །རང་རིག་བདག་ཉིད་ཅན་གྱི་ལས། །སྒོམ་ པ་འང་སྒོམ་དུ་མེད་པའོ། །གཅིག་དང་དུ་མ་རྣམ་བྲལ་འདིའི། །སྐད་ཅིག་དེ་ཉིད་རབ་ཏུ་སྐྱེ། །ཡེ་ཤེས་འདི་ནི་རང་རིག་པ། །ངག་གི་སྤྱོད་ཡུལ་ལས་འདས་ཤིང་། ། 86-1-189b ཀུན་མཁྱེན་ཡེ་ཤེས་དེ་ཡི་དངོས། །རྨད་དུ་བྱུང་བའི་རྣམ་པར་སྐྱིས། །སྲིད་པ་ཐམས་ཅད་དངོས་མེད་མཉམ། །ཡངས་ཤིང་གཏིང་དཔག་དཀའ་བ་སྟེ། །རྒྱུ་དང་རྣམ་པར་བྲལ་བ་ནི། ། ལྷན་ཅིག་སྐྱེས་པའི་སྣང་བརྙན་ཙམ། །རང་བཞིན་གྱིས་ནི་འོད་གསལ་བ། །རྣམ་པར་སྦྱང་པའི་སྤྱོད་ཡུལ་འདས། །ཁ་ན་མ་ཐོ་མེད་ཅིང་ཞི། །ངེས་པར་བསྐུལ་ དུ་མེད་པ་སྟེ། །བརྗོད་དུ་མེད་ཅིང་བགྲང་དུ་མེད། །སྟོང་པ་ཉིད་ཀྱི་རྣམ་པ་ནི། །དངོས་པོ་ཀུན་གྱི་རང་བཞིན་གནས། །སྒྲ་སོགས་ཡོན་ཏན་ཀུན་རྣམས་བྲལ། ། འདི་ནི་སངས་རྒྱས་བདེ་འབྱུང་བའོ། །བྱང་ཆུབ་གནས་ནི་དཔེ་མེད་པ། །གང་ཞིག་འགྲོ་ལ་རྣམས་གནས་པ། །ལ་ལར་ངེས་ནི་མ་བཤད་དེ། །སོ་སོར་ མཉམ་པའི་དེ་ཉིད་ནི། །རྒྱལ་བ་ཡིས་ནི་གསུངས་པ་ཡིན། །གཉིས་པའི་རྣམ་པ་ལས་འདས་གསལ་བར་རིག་ཅིང་སྐལ་པ་བཟང་། །སྣ་ཚོགས་ནམ་ མཁའི་དཀྱིལ་ཁྱབ་རོ་ནི་ཡང་དག་རྫོགས་པའི་སྟོབས། །ཐམས་ཅད་སེམས་ཀྱི་ནང་སོན་སྣ་ཚོགས་རྣམ་པའི་གཟུགས་འཕྲོ་བ། ། འཇིག་རྟེན་གསུམ་པར་ནམ་མཁར་ཐིམ་ལྟར་ཡིད་ལ་སྣང་བར་འགྱུར། །རྣམ་ཀུན་གཅིག་པའི་བདེ་མཆོག་གིས། །རང་བཞིན་ ལྷན་ཅིག་སྐྱེས་ཞེས་བརྗོད། །རྣམ་ཀུན་མཆོག་ལྡན་མཚན་ཉིད་ཀྱིས། །དེ་ཉིད་དཀྱིལ་འཁོར་ཤེས་པར་བྱ། །རྩ་ཀུན་མཁའ་འགྲོ་མ་ 86-1-190a རྣམས་ཏེ། །སྐྱེ་མཆེད་ཡན་ལག་དཀྱིལ་འཁོར་ཡིན། །ཐམས་ཅད་རོ་གཅིག་ཐོབ་པ་ཡིས། །ཧེ་རུ་ཀ་དཔལ་རང་ བཞིན་རྒྱས། །སྣང་བ་མེད་ཅིང་ཐོགས་པ་མེད། །གནས་མེད་ལུས་པ་མེད་པ་སྟེ། །དངོས་པོ་ཀུན་གྱི་རང་བཞིན་ཕྱིར། །དངོས་པོ་ཀུན་ ལ་རྟག་ཏུ་གནས། །རྣལ་མ་ཉིད་དུ་ཤེས་བྱ་སྟེ། །གང་ལ་སྒོམ་པའང་རྣལ་མ་ཉིད། །ངོ་བོ་ཉིད་ཀྱིས་དགའ་བྱས་པས། །འདི་ནི་རང་བྱུང་འཆར་བའོ། ། དེ་བས་བསམ་མི་ཁྱབ་བསམ་པས། །སྣ་ཚོགས་གཅིག་ཏུ་ཤེས་པར་བྱ། །གང་ལ་དངོས་དང་དངོས་མེད་ཀྱི། །བྱེ་བྲག་རྣམ་སྤངས་བདག་ཉིད་ནི། ། དགའ་བའི་བདག་ཉིད་བརྟན་གསལ་བས། །ནམ་མཁའི་མཐའ་ཀླས་ཁྱབ་པར་ནི། །བདག་ཉིད་ཆེན་པོ་རྟོགས་པར་བྱ། །རྣམ་པ་སྣ་ཚོགས་ དྲི་མེད་པའི། །དཀྱིལ་འཁོར་དག་ནི་འཕྲོ་བར་སྣང་། །ལྷན་ཅིག་སྐྱེས་དགའ་བཞི་པའི་མིང་། །བདེ་བ་ཀུན་གྱིས་གནས་དེ་ ཡིན། །ཡང་དག་དེ་ཉིད་རིག་པ་ལ། །འདིར་ནི་ཐབས་མེད་ཤེས་རབ་མེད། །སྒྲུབ་པོ་ས་གསུམ་དཀྱིལ་འཁོར་ནི། །རྣམ་རྟོགས་ ཉིད་དུ་ཤེས་པར་བྱ། །ཆོས་དང་ལོངས་སྤྱོད་རྫོགས་སྤྲུལ་པ། །བདེ་བ་ཆེན་པོ་ཞེས་པའི་རིམ། །བདེ་བ་ཆེན་པོ་རང་བཞིན་གྱིས། ། 86-1-190b འཁོར་ལོ་བཞི་པོ་མཉམ་པ་ཡིན། །རྟག་ཏུ་དངོས་པོ་ཐམས་ཅད་ལ། །སྒྲུབ་པོས་ཆགས་པ་མེད་པར་སྤྱད། །འཁོར་བའི་འདམ་གྱི་དབུས་སུ་ནི། ། གོས་མེད་མྱ་ངན་འདས་པའོ། །མཛེས་པའི་ཡོན་ཏན་ལེགས་འཐོབ་པ། །ཡེ་ཤེས་ལྡན་ཞིང་བརྩོན་འགྲུས་ལྡན། །དེ་ནས་བླ་མའི་སྐྱེ་བོ་ལ་གུས་ སངས་རྒྱས་དང་ནི་མཉམ་ལྟ་ཞིང་། །རྒྱལ་བའི་ཆོས་ནི་ཤིན་དུ་རྟོགས་ཤིང་བརྟན་ལ་ལེགས་པར་རབ་དང་བ། །དེ་འདིར་སྣོད་དུ་གྱུར་པ་ ཡིན་ཕྱིར་དེ་ལ་བཀའ་དྲིན་སྦྱིན་པར་བྱ། །དེ་ནས་གཟུགས་སོགས་དབྱེར་མེད་ཅིང་། །ཁམས་གསུམ་གཅིག་ཏུ་ཤེས་པས་ན། ། རྒྱུན་མི་འཆད་པར་བསྒྲུབ་པོ་དེས། །དགའ་བས་ཀྱང་ནི་མཆོད་ཆེན་བྱའི། །ཇི་སྲིད་བྱང་ཆུབ་ཚོགས་ལྡན་པ། །དེ་སྲིད་དྲི་མ་མེད་ཉིད་འགྱུར། ། བསྒྲུབ་པོ་ཐབས་དང་ཤེས་རབ་དག །བླ་མེད་འབྲས་བུ་ཐོབ་པར་འགྱུར། །འདི་ནི་དེ་ཁོ་ན་ཉིད་བསྟན་པའི་རིམ་ པར་ཕྱེ་བ་སྟེ་ཉི་ཤུ་རྩ་དགུ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ། །རི་མོའི་ལྷ་ཡི་གཟུགས་རྣམས་ ཀྱིས། །སྐུ་ཡི་ཚད་ཀྱི་མཚན་ཉིད་ནི། ། 86-1-191a གསང་བ་པོ་ཡི་བདག་པོ་ཉོན། །ཚངས་པའི་རི་མོ་སོགས་གཟུགས་ཀྱི། །ཆ་ལྔ་ཡང་ནི་གདན་ཡིན་ནོ། །དུམ་བུ་གསུམ་ཅན་སྐུ་ལུས་ཀྱི། །ཆ་མཉམ་པས་ནི་ཞལ་བྱས་ཏེ། །ཞལ་ ནི་བཅུ་གཉིས་ཆ་ཡིན་ནོ། །མགྲིན་པ་སོར་ནི་བཞི་པ་སྟེ། །མཁས་པས་སྐྲ་མཚམས་དབུས་དང་ནི། །སྙན་གཉིས་ལ་ཡང་དེ་ཉིད་སྦྱར། །དཔྲལ་བ་ཞལ་དང་ཤངས་ཀྱི་ཚད། །ཆེ་གསུམ་ཞལ་གྱི་དཀྱིལ་འཁོར་རོ། །སྨིན་མའི་ དབུས་དང་ཞལ་གྱི་སྟེང་། །སྤྱན་གྱི་ཞིང་ཡང་སོར་གཉིས་སོ། །དེ་དག་དཀྱུས་ནི་སོར་བཞི་ཡི། །ཚད་ཉིད་དུ་ནི་ཤེས་པར་བྱ། །མགྲིན་པའི་རྩ་བའི་དུས་ཀྱི་ཚད། །དཔང་པ་གཉིས་ཀྱིའང་ཆ་ཡིན་ནོ། །ཐམས་ཅད་དུ་ནི་ཐུགས་ཀ་དང་། ། ལྟེ་བའི་གནས་ཀྱི་ཚད་གཅིག་གོ། །ནུ་མའི་བར་གྱི་ཚད་ཀྱི་ནི། །ནུ་མ་དཔུང་པའི་བར་གྱི་ཚད། །ལག་ངར་གཉིས་ཀྱི་ཚད་ཀྱིས་ནི། །དཔུང་པ་གཉིས་ཀྱིའང་ཚད་དེ་ཉིད། །བརླ་དང་བྱིན་པའི་མཚམས་སུ་ནི། །སོར་བཞི་བ་དང་ ཡང་དག་ལྡན། །པུས་མོའི་ལྷ་ང་སོར་བཞིའི་ཚད། །ཞབས་ཀྱི་བོལ་གྱིའང་དེ་ཉིད་དོ། །ཆ་ནི་བཅུ་གཉིས་ཚད་ཀྱིས་ནི། །ལྷ་ཡི་སྐུ་གཟུགས་བྲི་བར་བྱ། །ལྷག་མ་སོར་ནི་བཞི་པ་སྟེ། །གདན་ནི་གཙོ་བོའི་བརྒྱད་ཆ་ཡིན། ། གདན་གྱི་དགུ་ཆ་ཉིད་ཀྱིས་ནི། །སོར་ནི་གཉིས་གཉིས་བྱ་བ་སྟེ། །ཟླ་བའི་དཀྱིལ་འཁོར་སྙིང་པོར་ནི། །ཕྱག་མཚན་ན་བཟའ་ལ་སོགས་བྱ། །ཟབ་མོ་རྡོ་རྗེ་ཅན་གྱི་ལྷ། །ཆ་ནི་བཅུ་གཉིས་མཚན་ཉིད་དོ། །དམན་པའི་ཆ་ སོགས་ཆ་རྣམས་ནི། །ཉེ་བར་མཛེས་བཞིན་ལེགས་པར་བྲི། །དེར་ཡང་ཞལ་གྱི་ཚད་མཚུངས་པའི། །ཕྱག་གཉིས་ཅུང་ཟད་བྲི་བར་བྱ། །སོར་གཉིས་དོར་བར་བྱས་ནས་ནི། །ཞི་བའི་ལྷ་ནི་བྲི་བར་བྱ། །དེར་ཡང་ཞལ་ནི་ མཐོ་གང་ཚད། །བྱས་ཏེ་ཕྱག་ནི་རྟག་མཛེས་བྲི། །ཡན་ལག་ཉིང་ལག་ཐམས་ཅད་ལ། །སོར་ནི་གཉིས་གཉིས་དོར་བར་བྱ། །ཁྲོ་བོ་ཁྲོ་མོའི་དབང་ཕྱུག་མ། །བྲན་ཕོ་བྲན་མོ་ཅི་བགྱིད་མ། །དྲག་ཅིང་འཇིགས་པའི་གཟུགས་ 86-1-191b རྣམས་ནི། །ཆ་བཅུ་པར་ནི་རྣམ་པར་བྲི། །ཡིད་དུ་འོང་བའི་རང་གཟུགས་ནི། །ཆ་དགུ་པར་ནི་མངོན་པར་བྲི། །དཀྱིལ་འཁོར་འཁོར་ལོའི་ལྷ་རྣམས་ནི། །རིམ་བཞིན་རིམ་གྱིས་སྦྱར་བར་བྱ། །དབུས་ཀྱི་རྡོ་རྗེ་རྒྱལ་པོ་ནི། །མཚན་ ཉིད་གཅིག་ཏུ་རྣམ་པར་བྲི། །ཀོས་ཀོ་མགྲིན་པ་བྱིན་པ་རྣམས། །གསུམ་པོ་རིང་ན་སྐྱོན་ཆེན་པོ། །སྔགས་པ་བདག་ཉིད་ངེས་པར་ནི། །གནས་ལས་ཉམས་ཤིང་བསྐྲད་པར་འགྱུར། །ཤངས་དང་སྙན་དང་ཕྱག་སོར་ རྣམས། །གསུམ་པོ་ཐུང་ན་སྐྱོན་ཆེན་པོ། །དངོས་གྲུབ་ངེས་པར་འཇོམས་པ་དང་། །དེ་བཞིན་དཔལ་ཡང་ཉམས་པར་འགྱུར། །བྱིན་པ་ཞལ་དང་འཁུར་ཚོས་ཏེ། །གསུམ་པོ་སྦོམ་པ་སྐྱེ་ཆེན་པོ། །སྒྲུབ་ པོ་བདག་ཉིད་ངེས་པར་ཡང་། །དཔལ་ལས་རིང་ཞིང་བདུད་བགེགས་འབྱུང་། །འགྲམ་པ་བྲང་དང་རྩིབ་ལོགས་ཏེ། །གསུམ་པོ་ཞོམ་ན་སྐྱོན་ཆེན་པོ། །དོན་ནི་ཉམས་པར་འགྱུར་བ་དང་། །འདིར་ནི་བགེགས་འབྱུང་ ཐེ་ཙོམ་མེད། །ནུ་མ་སྙན་དང་དཔྲལ་བ་རྣམས། །གསུམ་པོ་ཡོ་ན་སྐྱོན་ཆེན་པོ། །སྒྲུབ་པ་པོ་ཉིད་མྱུར་བར་ནི། །དགྲ་ཡི་རྩོད་པས་གདུང་བར་འགྱུར། །བརླ་དང་དཀུ་དང་ནམ་ཚོང་གཉིས། །གསུམ་པོ་ཉམ་ན་སྐྱོན་ ཆེན་པོ། །ཆོམ་རྐུན་རྣམས་ཀྱིས་འཇིགས་པ་དང་། །འཆི་བར་འགྱུར་བར་ཐེ་ཚོམ་མེད། །སྙན་དང་མཆུ་དང་དཔྲལ་བ་དང་། །ཤངས་ཉམས་སྤྱན་ནི་ཡོ་གྱུར་ན། །སྔགས་པ་བདག་ཉིད་ངེས་པར་ཡང་། །སྣ་ཚོགས་ བགེགས་འབྱུང་འཆི་བར་འགྱུར། །གྱེན་དུ་གཟིགས་ཤིང་དབུགས་བསྐྱོད་ཚུལ། །གདན་ལས་ཡོ་ཞིང་བསྐྱོད་ལྟ་བུས། །རང་གི་གནས་ལས་རྟག་འཕོ་ཞིང་། །དོན་རྣམས་འཇོམས་པ་ཉིད་དུ་འགྱུར། ། མགྲིན་པ་ནམ་ཚོང་ལ་སོགས་སྐུའི། །སྐྱོན་ནི་གྲངས་མེད་ཞིག་ཏུ་གྲགས། །འདིར་ནི་སྤྱན་ཚོགས་ཡོ་བ་འམ། །ཕྱག་རྒྱ་ཕྱག་མཚན་ནོར་གྱུར་ན། །མྱ་ངན་ 86-1-192a སྡུག་བསྔལ་གྱིས་རབ་གདུང་། །སྣ་ཚོགས་སྐྱོན་སོགས་བརྟག་པར་བྱ། །རྒྱབ་ཡོལ་གདུགས་དང་གདན་རྣམས་ཏེ། །གསུམ་པོ་ཆུང་ཞིང་དོག་པོའི་སྐྱོན། །མཛའ་བོས་མི་སྙན་བརྗོད་པ་དང་། །དཔལ་ཉམས་འཆི་བར་ གྱུར་པ་ཡིན། །སྐྱོན་ནི་འདི་དག་སྐྱོན་ཆེན་པོ། །མཁས་པས་ལེགས་པར་བལྟ་བར་བྱ། །དུལ་ཞིང་བཟོ་རྣམས་ཀུན་ཤེས་ལ། །ཆོ་ག་མཐོང་ཞིང་མཉམ་གཞག་པས། །མཚན་ཉིད་ཐམས་ཅད་ཡོངས་རྫོགས་ཤིང་། །གཟུགས་ མཛེས་པས་ནི་བྲི་བར་བྱ། །ཞི་ལ་ཞི་བའི་ཚུལ་གྱི་སྐུ། །དྲག་ལ་དྲག་ཅིང་འཇིགས་བྱེད་པ། །དཔའ་ལ་དཔའ་ཞིང་ང་རྒྱལ་སྐུ། །སྒེག་པ་ལ་ནི་བཞད་པའི་ཞལ། །མཚན་ཉིད་འདི་ལྟར་མཚོན་ནས་ནི། །སྔགས་པ་རྣམས་ཀྱིས་བྲི་སྐུ་བྲི། ། སྔགས་པ་ལས་ནི་དང་པོ་པས། །གཟུགས་བརྙན་ལ་སོགས་བྱ་བ་སྟེ། །བྲིས་སྐུ་སྒྲུབས་ན་མྱུར་བར་ནི། །དངོས་གྲུབ་རྒྱ་ཆེན་ཐོབ་པར་འགྱུར། །འདི་ནི་རི་མོ་ལ་སོགས་པའི་སྐུའི་མཚན་ཉིད་ངེས་པར་བསྟན་པའི་རིམ་པར་ཕྱེ་བ་སྟེ་ སུམ་བཅུ་པའོ།། །། དེ་ནས་རྣལ་འབྱོར་མའི་མཚན་ཉིད། །དགེ་བ་ཡང་དག་རབ་བཤད་བྱ། །མཁའ་འགྲོ་མ་ནི་པད་མ་ནི། །ལཱ་མ་ཧསྟི་ནི་ཉིད་འགྱུར། །ཁཎ་ཌ་རོ་ཧེ་ཤང་ཀི་ནི། །གཟུགས་ཅན་ཙི་ཏྲི་ཎི་ཉིད་འགྱུར། ། རིགས་ནི་བཞི་པོ་རང་དངོས་སུ། །མཁས་པ་ཡིས་ནི་བརྟག་པར་བྱ། །པད་མ་ནི་ཡི་མཚན་ཉིད་བཤད། །བཞིན་ནི་དཀྱིལ་འཁོར་ལྟ་བུ་སྟེ། །སྣ་ནི་ཏིལ་གྱི་མེ་ཏོག་མཚུངས། །སེན་མོ་ཟངས་འདྲ་རུས་སྦལ་རྒྱབ། །རྐང་པའི་མཐིལ་ནི་ མཉམ་པར་གནས། །ནུ་མ་ཏ་ལའི་འབྲས་བུ་བཞིན། །དེ་བཞིན་བ་སྤུ་འཁྱིལ་པ་དང་། །ཁྲོ་གཉེར་གསུམ་ཅན་སྐྱེ་གནས་མཆོག །དེ་ཡི་བྲང་ཡང་ཤིན་དུ་མཛེས། །གླང་ཆེན་མྱོས་པ་ལྟ་བུའི་འགྲོས། །པད་མའི་དྲི་ལྡན་ངང་པའི་ དབྱངས། །རེག་བྱ་པད་མ་ལྟ་བུ་སྟེ། །པད་མའི་བཅིང་བ་འདོད་བསྟེན་བྱ། །སྐྲ་དང་ནུ་མ་ནས་གཟུང་ནས། །མཆུ་ནི་སོ་ཡིས་བཙིར་བར་བྱ། །བྷ་གར་སོར་མོ་གཞུག་དེ་ལྟར། །པད་མ་ནི་ལ་འདོད་པར་བྱ། །དེ་ནས་ཧསྟི་ནི་མཚན་ཉིད། ། 86-1-192b དེ་བཞིན་ཡང་དག་བཤད་པར་བྱ། །ཆང་གི་དྲི་ཅན་བྱིན་པ་སྦོམ། །སྣ་ཡོན་བ་སྤུ་འཁྱིལ་པ་ཡང་། །འདོད་པས་མྱོས་ཤིང་སྲེད་པ་དང་། །ལུས་ནི་སྦོམ་ཞིང་མི་སྲུན་བ། །ཨུ་ར་སྥོ་ཊའི་བཅིང་བ་ཡིས། །དེ་ལ་རོལ་བར་བྱ་བ་སྟེ། །རི་ལུའི་ རྣམ་པ་ཧསྟི་ནི། །མགོར་ནི་སོར་མོས་བསྣུན་བྱ་ཞིང་། །དྲག་ཏུ་འཁྱུད་ཅིང་ནུ་མ་མཉེ། །ཁ་ལ་རེག་ཅིང་སོ་གདབ་བྱ། །མཁས་པས་སེན་མོས་དྲང་བར་བྱ། །བཞད་ཀྱི་ང་རོ་ཧསྟི་ནི། །གླུ་དང་རོལ་མོ་མངོན་པར་དགའ། །མཚན་ཉིད་འདི་དག་ཡང་ དག་ལྡན། །ཧསྟི་ནིར་ནི་ཤེས་པར་བྱ། །ཤང་ཀི་ནི་ཡང་བཤད་བྱ་སྟེ། །སྐྲ་རིང་སྣ་ཡང་རིང་བ་སྟེ། །ཧ་ཅང་སྐེམ་མིན་སྦོམ་པ་མིན། །ནུ་མ་ན་རང་ཀའི་འབྲས་མཚུངས། །ཞོ་དང་འོ་མའི་སྟོན་མོར་དགའ། །ལག་པ་གཡོན་པས་སྐྲ་ནས་ནི། ། བཟུང་བས་དགའ་བ་བསྐྱེད་བྱ་ཞིང་། །སོ་ཡིས་མཆུ་ནི་བཙིར་བར་བྱ། །ཤིན་དུ་དགའ་བས་དྲག་པར་ནི། །གཞིབ་དང་སྙིང་གར་སེན་མོས་བྲུད། །བོང་བུ་ཡི་ནི་དྲི་ལྡན་དང་། །བ་ལང་ལྕེ་ལྟར་རྩུབ་པ་སྟེ། །བྱ་རོག་སྒྲ་ཅན་ཤང་ཀི་ནི། །མཚན་ ཉིད་འདི་དག་ཡང་དག་ལྡན། །རྟག་ཏུ་ཤང་ཀི་ནི་ཞེས་བཤད། །དེ་ནས་ཙི་ཏྲི་ཎི་ཡང་བཤད། །ལུས་ཐུང་དེ་ཡི་བྲང་རྣམས་མཛེས། །ནུ་མ་དཔལ་འབྲས་ལྟ་བུ་སྟེ། །ཤིན་ཏུ་ཁྲོ་ཞིང་ངོ་ཚ་སྤངས། །རྟག་ཏུ་རྩོད་པ་ལ་དགའ་ཞིང་། །བྱིན་ པ་ཕྲ་ཞིང་གན་རྐྱལ་ཉལ། །མཆུ་འཕྱངས་ཕུག་རོན་གྱི་ནི་སྐད། །ཤ་ཡི་དྲི་དང་ལྡན་པ་དང་། །དཔུང་པ་རྒྱས་པ་ཙི་ཏྲི་ཎི། །དགའ་བས་རོལ་པ་བཤད་བྱ་སྟེ། །ཐོག་མར་ལག་པས་བྷ་ག་བཙིར། །འོ་བྱ་ནུ་མ་མཉེ་བ་དང་། །མགོ་ལ་ སོར་མོས་བསྣུན་བྱ་ཞིང་། །ལུས་ནི་བསྐུམ་པས་དགའ་བ་དང་། །དྲག་པ་ཉིད་དུ་འཁྱུད་པར་བྱ། །མཆུ་ནི་འཇིབ་ཏུ་གཞུག་པར་བྱ། །སྡེབ་སྦྱོར་ཚིགས་བཅད་ལས་བཤད་པའི། །མཚན་ཉིད་འདི་དག་ཡང་དག་ལྡན། །ཙི་ཏྲྀ་ཎི་ཏི་ གཟུགས་ཅན་འགྱུར། །དེ་ནས་གཞན་ཡང་འཕོ་བ་ཡི། །དབྱེ་བའི་མཚན་ཉིད་ཡང་དག་བཤད། །ཕྱི་ཡི་འཕོ་བ་རགས་པ་སྟེ། །ནང་གི་བདག་ཉིད་ཕྲ་བར་བཤད། །སྤྱི་བོར་བདེ་ཆེན་འཁོར་ལོ་སྟེ། །པད་མ་འདབ་མ་བཞི་བ་ 86-1-193a ནི། །ཕྲ་བ་བྱང་ཆུབ་སེམས་ཀྱི་གནས། །ཐམས་ཅད་བརྟེན་པའི་གཟུགས་ཡིན་པས། །བྱང་ཆུབ་སྙིང་པོའི་ངོ་བོ་ཉིད། །ས་བོན་གྱུར་པའི་ཕྱི་རོལ་དུ། །པད་མ་འདབ་མ་སུམ་བཅུ་གཉིས། །དེ་ཡི་དབུས་ཀྱི་ ཡི་གེ་ཧ། །འོག་ཏུ་བལྟས་པ་བདེ་བ་འཛག །བྱང་ཆུབ་སེམས་བདག་ཟླ་བ་ནི། །ཆ་ནི་བཅྭ་ལྔའི་བདག་ཉིད་ཅན། །རྟག་ཏུ་བདེ་བ་ཆེན་པོར་འབབ། །རྣལ་འབྱོར་མ་ནི་ཆ་བཅུ་དྲུག །དེ་ཡི་ལོགས་ནི་གཉིས་པོ་རུ། །ལ་ལ་ནཱ་ དང་ར་ས་ནཱ། །ཨཱ་ལི་ཀཱ་ལི་རང་གི་དངོས། །རྒྱུ་དང་འབྲས་བུའི་རང་བཞིན་གྱིས། །དགའ་བ་བཞི་ཡི་གཟུགས་ཅན་མ། །ལྷན་ཅིག་སྐྱེས་དགའི་རང་བཞིན་དང་། །གཉིས་མེད་མཆོག་གི་དབང་ཕྱུག་མ། །ཀུན་རྫོབ་ཀུན་ དེ་ལྟ་བུ་སྟེ། །དོན་དམ་བདེ་བའི་གཟུགས་ཅན་མ། །སངས་རྒྱས་བྱང་ཆུབ་སེམས་རྣམས་ཀྱི། །རྟེན་དེ་རྡོ་རྗེ་འཛིན་པའོ། །མགྲིན་པར་ལོངས་སྤྱོད་འཁོར་ལོ་སྟེ། །དམར་པོ་འདབ་མ་བཅུ་དྲུག་པ། །དེ་ཡི་དབུས་སུ་ཡི་གེ་ ཨོཾ། །དེ་ཡི་སྟེང་གི་ལྕེའུ་ཆུང་གི། །བུ་གའི་ལམ་ནས་བདུད་རྩི་ནི། །རྒྱུན་མི་འཆད་པར་འབབ་པ་ཡིན། །སྙིང་གར་ཆོས་ཀྱི་འཁོར་ལོ་སྟེ། །སྣ་ཚོགས་པད་མ་འདབ་མ་བརྒྱད། །དེ་ཡི་དབུས་སུ་ཡི་གེ་ཧཱུྃ། །འོག་ཏུ་བལྟས་ པས་གནས་པ་སྟེ། །དེའི་སྟེང་ཕྲ་བའི་པད་མ་ནི། །ཚངས་པའི་གནས་ཀྱི་རྣམ་པ་འདྲ། །དེ་ཡི་དབུས་ཀྱི་རྣམ་ཤེས་ནི། །རྟག་ཏུ་འཆར་བ་ཐམས་ཅད་ཁྱབ། །རང་བྱུང་ཡེ་ཤེས་ཀྱི་ནི་རྟེན། །རྣམ་ཤེས་མཆོག་གི་དབང་ཕྱུག་གོ། ། ལྟེ་བར་པད་མ་མདོག་སྔོན་པོ། །འདབ་མ་དྲུག་བཅུ་རྩ་བཞི་པ། །དེ་ཡི་དབུས་ཀྱི་ཡི་གེ་ཨོཾ། །ནོར་བུ་བཞིན་དུ་འབར་བ་ཡིན། །དེ་འོག་ཕྲ་བའི་པད་མ་ནི། །མདུད་པའི་གནས་སུ་གཞག་པར་བྱ། །སྟོང་ཕྲག་བདུན་ བཅུ་རྩ་གཉིས་ཀྱི། །རྟེན་དང་རྩ་བར་བརྗོད་པ་ཡིན། །ཤེས་རབ་རང་བཞིན་ལ་ལ་ནཱ། །ཐབས་ནི་ར་ས་ནཱ་རུ་གནས། །དེ་དག་དབུས་སུ་སོན་ལྷ་མོ། །ཨོཾ་ཡིག་སྣ་ཚོགས་གཟུགས་ཅན་མ། །ལྷ་མོ་སྐུ་བཞིའི་ 86-1-193b བདག་ཉིད་ཅན། །དངོས་གྲུབ་ཐམས་ཅད་རབ་སྩོལ་མ། །ཀུན་ལ་བདེ་ཆེན་རབ་སྩོལ་ལ། །རྟག་ཏུ་ཡང་དག་བདག་ཕྱག་འཚལ། །དངོས་པོ་གང་དང་གང་གིས་ནི། །མི་རྣམས་ཡིད་ནི་ཡང་དག་སྦྱོར། །དེས་དེའི་བདག་ཉིད་ འགྱུར་ལྷ་མོ། །སྣ་ཚོགས་གཟུགས་ཅན་ནོར་བུ་བཞིན། །ཤེས་རབ་མེ་ཡིས་བསྐྱོད་པས་ཡུལ་གྱི་དངོས་པོ་རྣམ་པར་དཔྱད་ན་རྒྱུན་དང་བྲལ། །གཏུམ་མོ་འབར་ཞིང་རྣམ་པར་འཕྲོ་བས་དྲི་མ་མེད་ཉིད་ཡང་དག་རིག་ཅིང་གསལ། ། ཕུང་པོའི་རྣམ་པར་རྟོག་པ་བསྲེགས་ཤིང་དམིགས་པ་མེད་པའི་རང་རིག་འཛག་པ་དང་། །དངོས་པོ་ཐམས་ཅད་མཉམ་ཉིད་བདུད་རྩི་ནམ་མཁའ་ཁྱབ་ཅིང་ཡང་དག་གོ་འཕང་ལྡན། །དེ་ནས་གཞན་ཡང་ཐིག་ལེའི་ གཟུགས། །འཕོ་བ་ཡང་དག་བཤད་པར་བྱ། །ཡར་ངོའི་ཚེས་གཅིག་ནས་གཟུང་ནས། །ཇི་སྲིད་ཉ་ཡི་བར་དུ་སྟེ། །ཡར་ངོ་ཡི་ནི་ཚེས་གཅིག་ལ། །རྐང་པའི་སོར་མོ་ཡི་གེ་ཨ། །ཚེས་གཉིས་བྱིན་པར་ཡི་གེ་ཨཱ། །ཚེས་གསུམ་ བརླ་ལ་ཡི་གེ་ཨི། །བཞི་པ་སྐྱེ་གནས་ཡི་གེ་ཨཱི། །ལྔ་པ་ལྟེ་བར་ཡི་གེ་ཨུ། །དྲུག་པ་སྙིང་ཀར་ཡི་གེ་ཨཱུ། །བདུན་པ་ནུ་མར་ཡི་གེ་ལི། །བརྒྱད་པ་མགྲིན་པར་ཡི་གེ་རྀ། །དགུ་པ་ལག་མཐིལ་ཡི་གེ་ལཱྀ། །བཅུ་པ་འཁུར་ཚོས་ཡི་ གེ་རཱྀ། །བཅུ་གཅིག་མིག་ཏུ་ཡི་གེ་ཨེ། །བཅུ་གཉིས་སྣ་རྩར་ཡི་གེ་ཨཻ། །བཅུ་གསུམ་དཔྲལ་བར་ཡི་གེ་ཨོ། །བཅུ་བཞི་འཚོག་མར་ཡི་གེ་ཨཽ། །ཉ་ལ་སྤྱི་གཙུག་གཡས་གཡོན་དུ། །ཡི་གེ་ཨྃ་ཨཿའི་ངོ་བོ་ཉིད། །མར་ངོའི་ ཚེས་གཅིག་ནས་གཟུང་སྟེ། །ཇི་སྲིད་གནམ་སྟོང་གི་ནི་བར། །དེ་ཉིད་ཀྱིས་ནི་འཕོ་བར་འགྱུར། །གཡོན་པར་ཨཱ་ལི་ཟླ་བ་སྟེ། །ཕྲ་བ་ཡི་ནི་རང་བཞིན་ཉིད། །གཡས་པར་ཀཱ་ལྀའི་ཉི་མ་སྟེ། །རགས་པ་ཡི་ནི་རང་བཞིན་ནོ། །བྱང་ཆུབ་ སེམས་བདག་དབྱེ་བ་ཡིས། །དེ་བཞིན་འཕོ་བ་བཅུ་དྲུག་ཡིན། །ཐུན་ཕྱེད་ཀུན་སྤྱོད་དབྱེ་བ་ཡིས། །འཕོ་བ་བཅུ་དྲུག་དག་ཏུ་བཤད། །ཟླ་བ་འཛིན་དང་ཉི་མ་འཛིན། །ཐིག་ལེ་འགོག་དང་ནམ་མཁའ་འགོག །འདི་དག་དང་ནི་ཡང་དག་ 86-1-194a ལྡན། །འཕོ་བ་བཅུ་དྲུག་ཤེས་པར་བྱ། །རྣམ་པར་མི་རྟོག་བདེ་བ་ཆེ། །མངོན་འདོད་ཡེ་ཤེས་ཀྱི་ནི་གཟུགས། །འདི་ནི་དགའ་ཞིང་བདེ་བའི་ཁྱིམ། །སྒོ་ཡི་ཐེམ་སྐས་དང་མཚུངས་པའོ། །འདི་ནི་རྣལ་འབྱོར་མ་ བཞི་དང་། འཁོར་ལོ་བཞི་ཡི་རིམ་པ་དང་། བྱང་ཆུབ་ཀྱི་སེམས་འཕོ་བ་བསྟན་པའི་རིམ་པར་ཕྱེ་བ་སྟེ་སོ་གཅིག་པའོ།། །། དེ་ནས་གཏོར་མའི་དེ་ཉིད་ནི། །ཇི་བཞིན་གསལ་བར་རབ་ཏུ་བཤད། །དཀྱིལ་འཁོར་སྦྱིན་སྲེག་ བཟླས་པ་དང་། །རབ་གནས་དང་ནི་ཞི་རྒྱས་དང་། །དབང་དང་བསྐྲད་དང་བསད་པ་དང་། །འབྱུང་པོ་གནོད་སྦྱིན་མོ་སྒྲུབ་དང་། །གནས་ཀྱིས་སྒྲུབ་པའི་དུས་དག་སྟེ། །ལས་རྣམས་ཀུན་ལ་མཆོག་ཡིན་ནོ། །ཆང་དང་གཏོར་མ་མེད་པར་ནི། ། ལས་རྣམས་མྱུར་དུ་འགྲུབ་མི་འགྱུར། །དེས་ན་གཏོར་མ་རབ་བསྔགས་ཏེ། །སྔོན་གྱི་སངས་རྒྱས་རྣམས་ཀྱིས་གསུངས། །དང་པོར་བདེ་མཆོག་ཕྱག་གཉིས་པའི། །ལྷ་ཡི་རྣམ་པའི་རྣལ་འབྱོར་ལྡན། །བསྲུང་བ་གཉིས་ཀྱིས་ཡང་ དག་བསྲུངས། །ཧཱུྃ་གི་སྒྲ་ནི་བསྒྲགས་པར་བྱ། །ཉི་ཤུ་རྩ་བཞིའི་གནས་ཀྱིས་ནི། །ལུས་ཀྱི་ཡན་ལག་བརྒྱན་པར་བྱ། །སྐད་ཅིག་རྣམ་པའི་རྣལ་འབྱོར་ཀྱིས། །སྐད་ཅིག་གི་ནི་གསང་སྔགས་བརྗོད། །དང་པོར་རེ་ཤིག་བཟའ་བ་ དང་། བཏུང་བ་དང་། སྟོན་མོ་ལ་སོགས་པ་མདུན་དུ་ཡང་དག་པར་གཞག་ལ་རྣམ་པར་སྦྱང་བར་བྱ་སྟེ། དེ་ལ་མདུན་དུ་ཡི་གེ་ཡྃ་ལས་རླུང་གི་དཀྱིལ་འཁོར་དེའི་སྟེང་དུ་ཡི་གེ་རྃ་ལས་བྱུང་བའི་མེའི་དཀྱིལ་འཁོར། དེར་ཡྀ་ གེ་ཨ་དཀར་པོ་ལས་བྱུང་བའི་པད་མའི་སྣོད་ཐོད་པ་གསུམ་གྱི་སྒྱེད་པུ་ལ་གནས་པ། དེའི་དབུས་ཀྱི་བཟའ་བ་ལ་སོགས་པ་རྣམས་ལ། ཨོཾ་ཨྃ་ཏྲྃ་ཁྃ་ཧཱུྃ། ལཱྃ་མཱྃ་པཱྃ་ཏཱྃ་བཱྃ་གྱི་ཡི་གེ་ལས་བྱུང་བའི་བདུད་རྩི་ལྔ་དང་། སྒྲོན་ མ་ལྔའི་གཟུགས་རྫོགས་པར་བྱིན་གྱིས་བརླབས་ལ། །རླུང་གིས་བསྐྱོད་པས་མེ་རབ་ཏུ་སྤར་ཏེ། བསྐོལ་བས་ས་བོན་གྱི་ཡི་གེ་ལ་སོགས་པ་བཞུ་སྟེ། ཉི་མ་འཆར་ཀ་ལྟ་བུའི་བཅུད་ཀྱི་གཟུགས་སུ་བལྟས་ལ། དེའི་སྟེང་དུ་ 86-1-194b དངུལ་ཆུའི་མདོག་ཅན་གྱི་ཧཱུྃ་ལས་བྱུང་བའི་ཁ་ཊྭཱྃ་ག་དཀར་པོ་བདུད་རྩིའི་རང་བཞིན་ཅན་ཐུར་དུ་བལྟས་བ་རྣམ་པར་ཞུ་བར་བསམས་ཏེ། དེ་བཅུད་ཀྱི་རང་བཞིན་དུ་རོ་གཅིག་པར་གྱུར་པར་བལྟས་ལ། ཨཱ་ལི་ཀཱ་ལི་ཡོངས་སུ་གྱུར་པ་ལས་ ཨོཾ་ཨཱཿཧཱུྃ་གི་ཡི་གེ་བརྩེག་མར་ཡོངས་སུ་གནས་པ་སྟེ་དེ་དག་ལས་དཀྱིལ་འཁོར་གྱི་འཁོར་ལོའི་ལྷ་རྣམས་སྤྲོས་ལ་འགྲོ་བའི་དོན་བྱས་ཏེ། མཉེམ་པར་སྦྱོར་བ་སྔོན་དུ་འགྲོ་བས་ཞུ་བར་གྱུར་ཅིང་ཇི་ལྟ་ཇི་ལྟ་བའི་ས་བོན་ལ་རབ་ཏུ་བཅུག་སྟེ། ཡི་གེ་གསུམ་ཅི་འདོད་པར་བརྗོད་པས་བྱིན་གྱིས་བརླབ་པར་བྱའོ། །མཛུབ་མོ་མདུད་བྱས་གུང་མོ་ངེས་པར་སྦྱར། །མཐེ་བོ་རྡོ་རྗེ་བརྟན་པར་རབ་ཏུ་སྦྱར། །དེ་ནི་དཔྲལ་བའི་དབུས་སུ་རབ་གཞག་ནས། །བསྐོར་ཞིང་བསྐོར་བས་ཀུན་དུ་བསྐོར་ བར་བྱ། །རྐང་པ་མནན་ཅིང་སྟེང་དུ་བལྟ། །གྱེན་དུ་ཕཊ་ཀྱི་སྒྲ་སྒྲོགས་ཤིང་། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། །དཔའ་བོ་རྣལ་འབྱོར་མ་རྣམས་འགུགས། །དེ་ནས་ཡང་ལག་པ་གཡས་པ་དང་གཡོན་པ་ བསྐོར་བར་བྱ་སྟེ། ས་མ་ཡ་སྟྭྃ། ས་མ་ཡ་ཧ་ས་མ་ཡ་ཧོཿ། ཞེས་པ་ལན་གསུམ་བརྗོད་ཅིང་། གཡས་དང་གཡོན་དུ་བསྐོར་ཞིང་བསྐོར་བས། མཆོད་བྱ་དང་མཆོད་བྱེད་ཀྱི་དབྱེ་བ་མེད་ཅིང་ཤིན་དུ་གྲོལ་བ་སྔོན་དུ་འགྲོ་ བ་ཡིས། མཁའ་འགྲོ་མའི་དྲ་བའི་བདེ་བ་དམ་པས་ལྷ་རྣམས་ལ་མཆོད་པར་བྱས་ཏེ། ཤར་དུ་ཨིན་དྲ་ས་པ་རི་བཱ་རཱྃ་ཨཱ་ཀར་ཥ་ཡ་ཛཿ། ལྷོར། ཡཱ་མ་ས་པ་རི་བཱ་རཱ་ན་ཨཱ་ཀར་ཥ་ཡ་ཛཿ། ནུབ་ཏུ་བ་རུ་ཎ་ས་པ་རི་བཱ་རཱ་ན་ཨཱ་ ཀར་ཥ་ཡ་ཛཿ། བྱང་དུ་ཀུ་བེ་ར་ས་པ་རི་བཱ་རཱ་ན་ཨཱ་ཀར་ཥ་ཡ་ཛཿ། དབང་ལྡན་དུ་མ་ཧཱ་བྷཱུ་ཏ་ས་པ་རི་བཱ་རཱ་ན་ཨཱ་ཀར་ཥ་ཡ་ཛཿ། མེར་ཨགྣི་ས་པ་རི་བཱ་རཱ་ན་ཨཱ་ཀར་ཥ་ཡ་ཛཿ། བདེན་བྲལ་དུ་རཱཀྵས་ས་པ་རི་བཱ་རཱ་ན་ཨཱ་ཀར་ཥ་ཡ་ ཛཿ། རླུང་དུ་བཱ་ཡུ་དེ་བ་ཏཱ་ས་པ་རི་བཱ་རཱ་ན་ཨཱ་ཀར་ཥ་ཡ་ཛཿ། སྟེང་དུ་ཙན་དྲ་སཱུརྱ་བྲཧྨ་ཨཱརྱ་དེ་བ་ཏཱ་ས་པ་རི་བཱ་རཱ་ན་ཨཱ་ཀར་ཥ་ཡ་ཛཿ། ས་འོག་ཏུ་བཻ་མ་ཙི་ཏྲཱི་པྲཱི་ཐི་ཝཱི་དེ་བ་ཏཱ་ས་པ་རི་བཱ་རཱ་ན་ཨཱ་ཀར་ཥ་ཡ་ཛཿ། ཛཿཧཱུྃ་བྃ་ཧོཿ སན་ཏྲྀ་ 86-1-195a པཱ་ཏ་སརྦྦ་དེ་བ་ཏཱ་སཱ་དྷ་ཀཱ་སྱ་ཤཱནྟིཾ་ཀུ་རུ། པུཥྚིཾ་ཀུ་རུ། སརྦ་ཀརྱཱན་སིང་དྷིར་བྷ་བ་ཏེ། ཡ་ཐཱ་སུ་ཁེ། ཨོཾ་ཀ་ར་ཀ་ར། ཀུ་རུ་ཀུ་རུ། བན་དྷ་བན་དྷ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། ཧྲཽཾ་ཧྲཽཾ། ཧྲཿཧྲཿ། ཕེཾ་ཕེཾ། ཕཊ་ཕཊ། ད་ཧ་ད་ཧ། པ་ཙ་པ་ཙ། བྷ་ཀྵ་བྷ་ཀྵ། བ་ས་རུ་དྷི་ར་ཨན་ཏྲ་མཱ་ལཱ་བ་ལྃ་བི་ནེ་གྲིཧྞ་གྲིཧྞ་སཔ་ཏ་པཱ་ཏཱ་ལ་ག་ཏ་བྷུ་ཛྃ་ག་སརྦ་མ་བཱ་ཏརྫ་ཡ་ཏརྫ་ཡ། ཨཱ་ཀཌ་ཌྷྱ་ཨཱ་ཀཌ་ཌྷྱ། ཧྲཱིཾ་ཧྲཱིཾ། ཛྙོྃ་ཛྙཽཾ། ཀྵྨཱྃ་ཀྵྨཱྃ ། ཧཱྃ་ཧཱྃ། ཧིྃ་ཧིྃ། ཧཱུྃ་ཧཱུྃ། ཀྀ་ལི་ཀྀ་ལི། སྀ་ལི་སྀ་ལི། ཧྀ་ལི་ཧྀ་ལི། དྷྀ་ལི་དྷྀ་ལི་ཧཱུྃ་ཧཱུྃ་ཕཊ། ཅེས་བྱ་བ་འདི་ལན་ཅིག་བརྗོད་པས་བཅོམ་ལྡན་འདས་ཤེས་རབ་དང་བཅས་པ་དང་། མཁའ་འགྲོ་མ་ལ་སོགས་པ་ནས་གཤིན་རྗེ་འཇོམས་མའི་མཐར་ ཐུག་པ་རིམ་བཞིན་དུ་བསྐོར་བ་བྱས་ཏེ། ཨོཾ་ཨ་རལླི་ཧོཿ ཛཿཧཱུྃ་བྃ་ཧོཿ། བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭྃ་དྲི་ཤྱ་ཧོཿཞེས་བྱ་བ་འདིས་ལན་ཅིག་གམ་གཉིས་སམ་གསུམ་འམ་བཞིའམ་ལྔར་བརྗོད་དེ་དབུལ་བར་བྱའོ། །དེ་ནས་ཉེ་རེག་ དང་། སོ་རྩི་ལ་སོགས་པ་ཕྱག་ཏུ་ཕུལ་ལ་པད་མའི་ལག་བསྐོར་སྔོན་དུ་འགྲོ་བས་ཡང་དག་པར་མཆོད་དེ་བསྟོད་ནས་དེ་སྲིད་དང་ཞི་བ་མཉམ་པས་ཆགས་པ་བཅོམ་ཞིང་ཡང་དག་རྟོག་པ་འཇོམས། །ཁྱེད་ཀྱིས་དངོས་པོ་ཐམས་ཅད་ མཁའ་དང་མཉམ་པའི་བདག་ཉིད་གཟིགས་པར་ལྡན། །མགོན་པོ་ཐུགས་རྗེའི་ཆུ་ཡི་ལྗིད་ཀྱིས་བརླན་པར་འགྱུར་བའི་ཐུགས་ཀྱི་ཆུས། །བདག་ལ་མཛོད་ཅིག་ལྷ་མོ་རྣམས་ཀྱིས་ཤིན་དུ་རྗེས་བརྩེར་མཛད་དུ་གསོལ། །ཞེས་ བྱ་བ་འདིས་དངོས་གྲུབ་བླང་བར་བྱའོ། །དེ་ནས་དུར་ཁྲོད་བརྒྱད་ཀྱི་ཕྱོགས་སྐྱོང་ལ་སོགས་པ་རྣམས་ལ་སྔོན་བཞིན་བསྐོར་བར་བྱས་ཏེ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ། རཱཀྵ་ས། བྷཱུ་ཏ། པྲེ་ཏ། པི་ཤཱ་ཙ། ཨུ་ན་མཱ་ད། ཨ་པ་སྨ་ར། ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡཿ ཨི་མཱ་བ་ལིཾ་གྲིཧྞ་ཏུ། ས་མ་ཡ་རཀྵན་ཏུ། མ་མ་སརྦྦ་སི་དྷི་མྨེ་པྲ་ཡ་ཙྪན་ཏུ། ཡ་ཐཻ་བྃ། ཡ་ཐཻཥྚྃ། བྷུན་ཛ་ཐ། པི་བ་ཐ། ཛ་གྷྲ་ཐ། མཱ་ཏི་ཀྲ་མ་ཐ། མ་མ་སརྦྦ་ཀཱརྱ་སེཏྶུ་ཁཾ་བི་ཤུད་དྷ་ཡེ། ས་ཧཱ་ཡི་ཀཱ་ 86-1-195b བྷ་བན་ཏུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། རྐང་པ་བརྒྱད་ཀྱི་སྔགས་ཀྱིས་ཡང་དག་པར་བསྟོད་ལ་མངོན་པར་འདོད་པའི་དངོས་གྲུབ་བླང་བར་བྱ་ཞིང་བརྡའི་ལག་པས་བརྡ་བསྟན་པར་བྱ་སྟེ། ཨོཾ་ཡོ་ག་ཤུད་དྷཱཿ་སརྦྦ་དྷརྨྨཱཿཡོ་ག་ཤུདྡྷོ྅་ ཧྃ། ཞེས་བྱ་བ་བརྗོད་ཅིང་པད་མ་བསྐོར་བའི་ཕྱག་རྒྱས་མཉེས་པར་བྱའོ། །ཉེ་བར་བསྡུ་བའི་ཕྱག་རྒྱ་མི་ཕྱེད་པར་འཁྱུད་པ་སྔོན་དུ་འགྲོ་བས་མཐེ་བོ་དང་སྲིན་ལག་སེ་གོལ་བརྡབ་པར་བྱ་སྟེ། ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ ཀུན་མཛད། །རྗེས་སུ་མཐུན་པར་དངོས་གྲུབ་སྩལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །ཇི་ལྟར་བདེ་བར་བཞུགས་སུ་གསོལ། །ཨོཾ་བཛྲ་མུཿ ཞེས་བརྗོད་པས་གཤེགས་སུ་གསོལ་བར་བྱའོ། །དཀྱིལ་འཁོར་ པའི་ལྷ་རྣམས་ཐམས་ཅད་བདག་ཉིད་ལ་གཞུག་པར་བྱའོ། །དེའི་རྗེས་ལ་ལྷག་མའི་གཏོར་མ་བསྡུ་བས་དམ་ཚིག་བསྒྲུབ་པ་བསྟན་པར་བྱ་སྟེ། ཁ་ནི་མྱོས་བྱེད་ཀྱིས་བཀང་ནས། །འབར་བའི་ཕྱག་བཅིང་བར་བྱ། །ཧཱུྃ་གི་སྒྲ་ནི་དྲག་པོ་ ཡིས། །ལྷག་མའི་སྣོད་དུ་སྦྱིན་པར་བྱ། །མེ་ཏོག་སྤོས་ལ་སོགས་བྱིན་པས། །མཉེས་བྱས་སྔགས་ནི་བརྗོད་པར་བྱ། །ཨོཾ་སརྦྦ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨུཙྪིཥྚ་བ་ལིཾ། ཨུཙྪིཥྚ་བྷཀྵ་ཀེ་བྷྱཿསྭཱ་ཧཱ། སྙིང་རྗེ་ལ་སོགས་ཉམས་ལྡན་ པས། །དེ་བཞིན་བཀྲ་ཤིས་གླུ་བླང་བྱ། །རྣམ་ཀུན་དོན་ནི་ཡོངས་དག་ཅིང་། །རྣམ་པ་མེད་པའི་བདེ་བ་ཆེ། །སྒྲུབ་པོ་ཤེས་རབ་ཐབས་བདག་ཉིད། །ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར། །འབྱོར་ན་ཉི་མ་རེ་རེ་འམ། །དེ་ བཞིན་ཟླ་བའམ་ལོ་རེར་ནི། །རྫོགས་པའི་བྱང་ཆུབ་སེམས་ཀྱི་གཟུགས། །དེ་བཞིན་ཉིད་དུ་ཡོངས་སུ་བསྔོ། །སྦྱིན་པ་ལ་སོགས་ཐམས་ཅད་ཀྱིས་ནི་འགྲོ་བ་ཡིད་ཀྱི་འདོད་པ་མཆོག་ནི་ཀུན་རྫོགས་མཛད། །ཧེ་རུ་ཀ་དཔལ་མཁའ་ འགྲོ་མ་སོགས་རྣམ་རྟོག་གཏི་མུག་གྲོང་ཁྱེར་ཐམས་ཅད་ཕྱེ་མར་བརླགས། །གང་ཞིག་འཁོར་ལོ་རབ་ཏུ་བསྐོར་བའི་བླ་མ་རྒྱལ་བའི་ཡེ་ཤེས་འབྱུང་གནས་ཐར་སྦྱིན་མཛད། །དེ་ནི་སྙིང་རྗེ་ཆེན་པོའི་དབང་གྱུར་འཕགས་པ་རྣམས་ཀྱི་རྟག་ཏུ་ 86-1-196a མྱུར་བར་བཀྲ་ཤིས་ཡིན། །འདི་ནི་གཏོར་མའི་མཆོད་པ་བསྟན་པའི་རིམ་པར་ཕྱེ་བ་སྟེ་སོ་གཉིས་པའོ།། །། དེ་ནས་ཡེ་ཤེས་འབྱུང་བ་ཡི། །དངོས་གྲུབ་སྡོམ་པ་བཤད་པར་བྱ། ། སྣ་ཚོགས་ཚུལ་གྱི་ཐབས་རྣམས་ནི། །དངོས་གྲུབ་རྣམས་ཀྱི་རྒྱུ་ཡི་མཆོག །ཕྱི་དང་ནང་དུ་བཅས་པའི་ལུས། །ནམ་མཁའ་ལྟ་བུར་དྲི་མ་མེད། །འདི་ལྟར་བདག་ཉིད་མཁའ་མཚུངས་པར། །རྟག་ཏུ་གྲོལ་བའི་བདག་ཉིད་མཐོང་། ། ལུས་མེད་ཐོག་མ་ཐ་མ་མེད། །སྒྲ་ལ་སོགས་པའི་ཡོན་ཏན་བྲལ། །གཉིས་པ་ལས་ནི་རྣམ་གྲོལ་བ། །རྣམ་པ་ཀུན་ཏུ་ཅིར་ཡང་གནས། །དངོས་མེད་དངོས་པོ་ལ་བརྟེན་ནས། །བརྟེན་པ་མེད་པར་དངོས་པོར་བྱ། །ཡིད་ མེད་ཡིད་ནི་བྱས་ནས་སུ། །ཅུང་ཟད་ཙམ་ཡང་མི་བསམ་མོ། །སྟན་ལ་གནས་ནས་བླ་མ་ཡི། །བརྒྱུད་པར་བརྟན་པར་བྱས་ནས་ནི། །དེ་བཞིན་མཁའ་དང་མཚུངས་པ་ཡི། །རོ་གཅིག་སེམས་ནི་བསྒོམ་པར་བྱ། ། བསམ་གཏན་གཟུགས་ལས་རྣམ་པར་གྲོལ། །རྟོག་གེའི་སྦྱོར་བ་རྣམ་པར་སྤངས། །སེམས་བྱུང་སེམས་སུ་བརྟན་གྱུར་པ། །འགྲོ་བའང་རང་བཞིན་ཚུལ་དེ་བཞིན། །མཁའ་མཚུངས་ནམ་མཁའ་ཡང་དག་གནས། ། ཤེལ་གྱི་ནོར་བུ་དག་པ་བཞིན། །ཐོག་མ་ཐ་མ་མེད་པའི་གཟུགས། །སྤྲོས་བྲལ་དབང་པོའི་སྤྱོད་ཡུལ་མིན། །འགྱུར་བ་མེད་ཅིང་སྣང་བ་མེད། །ཐམས་ཅད་སྟོང་པ་ཉོན་མོངས་མེད། །འགྲོ་བའི་སྒྲོན་མ་སྲིད་པ་ཡི། ། འཆིང་བ་འཇོམས་ཤིང་ཚིག་བརྗོད་བྲལ། །ཡིད་ཀྱིའང་སྤྱོད་ཡུལ་མ་ཡིན་ཏེ། །གཉིས་ལྡན་རྣམ་གྲོལ་ཉོན་མོངས་མེད། །དོན་དམ་གྲོལ་བ་རབ་སྩོལ་བའི། །འཕོ་མེད་དེ་ཉིད་ལ་ཕྱག་འཚལ། །ཇི་ལྟར་དེ་ཉིད་ལ་རེག་ནས། ། བསམ་པ་ཀུན་ཀྱིས་བསམ་དུ་མེད། །གང་ཚེ་བསམ་དུ་མེད་སེམས་པ། །དེ་ཚེ་བསམ་གྱིས་མི་ཁྱབ་འགྱུར། །སེམས་ཅན་ཇི་བཞིན་བསམ་མེད་དེ། །བསམ་མེད་ཇི་བཞིན་རྒྱལ་བའང་དེ། །གང་ཕྱིར་བསམ་བྲལ་ 86-1-196b སངས་རྒྱས་ཀྱིས། །བསམ་པ་འདི་ནི་རབ་ཏུ་བཤད། །བསམ་གྱིས་མི་ཁྱབ་སེམས་དེ་ལ། །བསམ་པ་ཀུན་ཀྱི་བགྲོད་ལས་འདས། །སྣ་ཚོགས་རྟོག་པའི་རྟོག་པ་མེད། །ཆགས་མེད་བདེ་བ་ཆེན་པོ་སྟེ། །རྣམ་པ་ཐམས་ཅད་ ཀྱི་ནི་མཆོག །དབང་པོ་ཀུན་འདས་རྣམ་པ་མེད། །དངོས་དང་དངོས་མེད་བདག་ཉིད་དེ། །དངོས་དང་དངོས་མེད་རྣམ་པར་སྤངས། །བེམས་པོ་མིན་ཕྱིར་བདག་ཉིད་རིག །མི་ཤེས་རྣམ་པར་མི་མཐོང་བའོ། །གཟུགས་ མེད་གར་ཡང་མི་གནས་པ། །འགྱུར་བ་མེད་ཅིང་བརྟན་པའོ། །དངོས་པོ་མེད་པའི་ཆོས་རྣམས་ལ། །བླང་དང་དོར་བ་གང་ལ་ཞིག །བླང་བྱ་དང་ནི་དོར་བྱ་ཡི། །ཆོས་ཀུན་རྨི་ལམ་ཇི་བཞིན་ནོ། །དགའ་བ་ཡོངས་སུ་ཤེས་ པ་ཡིས། །ཤེས་རབ་ཕ་རོལ་ཕྱིན་པ་མཆོག །དགའ་བའི་འབྲས་བུ་ལ་གནས་པ། །འདི་ནི་དངོས་མེད་བྱང་ཆུབ་བོ། །གཉིས་པོ་རོ་གཅིག་དབྱེར་མེད་པ། །དགའ་བའི་བདེ་བ་ཆེན་པོ་ཉིད། །ཤེས་རབ་སྙིང་རྗེའི་དབྱེ་བ་ནི། ། སྒྲོན་མ་དང་ནི་འོད་ཟེར་བཞིན། །འདི་གཉིས་མི་ཕྱེད་བདག་ཉིད་ནི། །རོ་གཅིག་དངོས་པོའི་སེམས་ཡིན་ནོ། །ཤེས་རབ་ཐབས་ནི་མཉམ་སྦྱོར་བས། །རྫོགས་པའི་བྱང་ཆུབ་སྒྲུབ་བྱེད་པ། །དེ་ཉིད་ལ་ནི་བླ་མེད་པའི། ། སངས་རྒྱས་ཀུན་རྣམས་རབ་ཏུ་བཞུགས། །རིག །གང་ཞིག་གནས་པ་རྡོ་རྗེ་སེམས། །ཇི་སྲིད་རྫོགས་པའི་བྱང་ཆུབ་རྒྱུར། །བདེ་བས་སྡོམ་པས་བྱས་ན་ནི། །སྒྲུབ་པོས་བདེ་མཆོག་རྫོགས་བར་དུ། །དེ་སྲིད་དེ་ནི་མྱོང་བར་འགྱུར། ། མཛེས་པའི་སྒྱུ་མ་རྣམ་འཕྲུལ་དག་ལ་དེ་ཤེས་ཇི་བཞིན་ཉིད། །དགའ་དང་སྐྱོ་བ་ཐམས་ཅད་མཉམ་པ་ཉིད་དུ་རབ་ཏུ་སྦྱར། །འཇིགས་པར་བྱེད་པའང་མེད་ཅིང་བདེ་བ་འབྱུང་བའང་ཡོད་མ་ཡིན། །དེ་ཉིད་ཀྱིས་ནི་སྒྲུབ་བོ་དེ་བཞིན་ ཉིད་བདག་རྗེས་སུ་འགྲོ། །ཨེ་མའོ་བདེ་ཆེན་འདོད་པ་ཡིས། །ས་གསུམ་པོ་ནི་གང་བ་སྟེ། །ཨེ་མའོ་ཞི་བའི་བདེ་བ་འབབ། །སྣ་ཚོགས་མངོན་པར་བྱང་ཆུབ་རྒྱས། །ཨེ་མའོ་བདེ་བའི་བདེ་ཆེན་པོ། །ཨེ་མའོ་ཇི་ 86-1-197a ལྟར་ཇི་ལྟར་བཟའ། །ཨེ་མའོ་ལྷན་སྐྱེས་བདག་ཉིད་ཆེ། །ཆོས་རྣམས་ཀུན་གྱི་ངོ་བོ་ཉིད། །འགྲོ་བ་ཆུ་ཡི་ཟླ་བ་བཞིན་དུ་མཐོང་བ་དང་། །ཐོས་པ་བྲག་ཆ་དང་ནི་མཚུངས་པར་ཡང་དག་འཇུག ། སེམས་ཀྱང་མྱ་ངན་སྨིག་རྒྱུ་ལྟ་བུར་བལྟ་བྱ་ཞིང་། །འདི་ལྟར་བཟའ་དང་བཏུང་བ་ནམ་མཁའ་ལྟ་བུ་སྟེ། །དྲི་ནི་ནམ་མཁའི་མེ་ཏོག་མཚུངས་པར་མནམ་བ་དང་། །ཡིད་ནི་ཉི་མ་ཟླ་བ་བཞིན་དུ་ཁྱབ་པར་བྱ། །ཡང་དག་གནས་ དེའང་རི་རབ་དང་ནི་མཚུངས་པ་ཡིན། །གཞོན་ནུ་མ་ཡི་རྨི་ལམ་དེ་བཞིན་དམིགས་པར་བྱ། །ཐ་སྙད་དག་ནི་སྒྱུ་མ་མིག་འཕྲུལ་ལྟ་བུར་བགྲོད། །འདི་དག་ཇི་བཞིན་ལྷན་སྐྱེས་བདེ་འབྱུང་དེ་བཞིན་ཏེ། །སྲིད་པ་རང་བཞིན་བྲལ་ ཞིང་བསམ་གྱིས་མི་ཁྱབ་གཟུགས། །རྟག་ཏུ་འཆར་བ་བདེ་གཤེགས་ལམ་མཆོག་ཕྱག་འཚལ་བསྟོད། །མཆོད་པ་ཐམས་ཅད་ཡོངས་སྤངས་ཏེ། །བླ་མ་མཆོད་པ་ཡང་དག་བརྩམ། །དེ་མཉེས་པས་ནི་ ཀུན་མཁྱེན་པའི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །བླ་མེད་མཛད་པའི་སློབ་དཔོན་ནི། །རྡོ་རྗེ་སེམས་དཔའ་རབ་མཆོད་ན། །དེ་ཡི་བསོད་ནམས་མ་བྱས་ཅི། །དཀའ་ཐུབ་མ་བསྟེན་ཅི་ཞིག་ཡོད། ། འཇིགས་དང་སྡིག་པ་སྤངས་པ་དང་། །བདེ་བ་དང་ནི་ལྡན་པ་ཉིད། །དམ་ཚིག་སྤྱོད་པ་སྲུང་བྱེད་པ། །དེ་ལ་རིམ་པ་རབ་བསྟན་བྱ། །ཧེ་རུ་ཀ་དཔལ་མངོན་བརྗོད་རྒྱུད། །ཀློག་གམ་འཆང་ ངམ་བྲིས་ནས་ནི། །དངོས་གྲུབ་རྫུ་འཕྲུལ་སྐལ་བཟང་དང་། །བྱང་ཆུབ་སེམས་དཔའ་འང་ཐོབ་པར་འགྱུར། །དཔའ་བོ་ཀུན་དང་མཉམ་སྦྱོར་བའི། །མཁའ་འགྲོ་མ་ཡི་དྲ་བ་ སྡོམ། །དཔལ་སྡོམ་འབྱུང་བའི་རྒྱུད་ལ་ནི། །གང་ཚེ་སྒོམ་ཞིང་སེམས་བྱེད་ན། །ལོངས་སྤྱོད་ཆེ་ཞིང་བདེ་བ་ཆེ། །དབུལ་བའི་སྡུག་བསྔལ་འཇོམས་པར་འགྱུར། །མོས་པ་དུ་མའི་ 86-1-197b སེམས་ཅན་ལ། །སྤྱོད་པ་སྣ་ཚོགས་སྟོན་མཛད་དེ། །སྣ་ཚོགས་ཚུལ་གྱིས་འདུལ་བ་ལ། །ཐབས་ཀྱང་ཡང་དག་བསྟན་པ་ཡིན། །ཟབ་མོའི་ཆོས་ནི་བསྟན་པ་ལ། །གང་ཞིག་མོས་པར་མ་གྱུར་ཀྱང་། ། སྨད་པ་དག་ཏུ་མི་བྱ་སྟེ། །སྟོང་ཉིད་སྙིང་རྗེ་མི་ཕྱེད་པའི། །ཆོས་ཉིད་ཐམས་ཅད་བསམ་མི་ཁྱབ། །སངས་རྒྱས་རོལ་པ་བསམ་མི་ཁྱབ། །མཁའ་འགྲོ་མ་ཡི་ཚོགས་བརྟན་པའི། །ཧེ་རུ་ ཀ་དཔལ་ཡང་དག་སྦྱོར། །སེམས་ཅན་མོས་པས་འཇུག་པ་རྣམས། །དེ་དག་ཀུན་ལ་དགའ་བ་སྟེ། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །ཧེ་རུ་ཀ་དཔལ་གོ་འཕང་གནས། ། འདི་ནི་རིམ་པར་ཕྱེ་བ་སྟེ་སོ་གསུམ་པའོ།། །།དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་རྒྱུད་ཆེན་པོ་འབུམ་ཕྲག་གསུམ་པ་ལས་ལྷན་ཅིག་སྐྱེས་པ་འབྱུང་བའི་རྟོག་པ་ལས་བཏུས་པ། རྣལ་འབྱོར་མ་ཐམས་ཅད་ཀྱི་གསང་བ་བཀླགས་པས་འགྲུབ་པ། དཔལ་སྡོམ་པ་འབྱུང་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྫོགས་སོ།། །།ཤེས་རབ་དམན་ཞིང་སྦྱངས་པ་ཆུང་མོད་ཀྱི། །རྒྱུད་ཀྱི་ གཞུང་ལ་དད་པ་བརྟན་སྐྱེས་པས། །རང་དོན་ཙམ་དུ་བསྒྱུར་བ་གང་ལགས་པ། །འཕགས་དང་མཁས་པ་རྣམས་ཀྱིས་བཟོད་པ་མཛོད། ། རྒྱ་གར་གྱི་མཁན་པོ་གཞན་ལ་ཕན་ པ་མཐའ་ཡས་དང་། བོད་ཀྱི་ལོ་ཙྪ་བ་རྒྱུས་བན་དེ་སྨོན་ལམ་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ། གཏན་ལ་ཕབ་པའོ། །སླར་ཡང་ཡོངས་སུ་རྫོགས་པའི་པཎྜི་ཏ་ཆེན་པོ་ཤྲཱི་བ་ན་རཏྣའི་རྒྱ་ དཔེ་ལ་གཏུགས་ནས་ལོ་ཙྪ་བ་གཞོན་ནུ་དཔལ་གྱིས་ཀྱང་ཞུས་སོ།། །། 86-1-198a ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཧེ་རུ་ཀཱ་བྷྱུ་ད་ཡ་ནཱ་མ། བོད་སྐད་དུ། དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། ། དེ་ནས་ཡང་དག་བཤད་བྱ་བ། །མཆོག་ཏུ་རྨད་བྱུང་ གསང་བ་ནི། །གང་ཞིག་མིས་ནི་ཡང་དག་རིག །སྒྲུབ་པོ་དངོས་གྲུབ་ཐོབ་པར་འགྱུར། །ཚེས་གྲངས་མེད་ཅིང་སྐར་མའང་མེད། །སྨྱུང་བ་མེད་པར་བརྗོད་བྱ་སྟེ། །དག་པ་དང་ནི་མི་གཙང་མེད། །མི་སྨྲ་ཆུ་ཡི་བྱ་བ་མེད། ། དུས་དང་ཚོད་ལས་རྣམ་པར་གྲོལ། །གཙང་སྦྲའི་སྤྱོད་པ་རྣམ་པར་སྤངས། །དེ་ཡིས་གྲོང་པའི་ཆོས་མི་སྤྱད། །རྩོད་ལྡན་དུས་སུ་དངོས་གྲུབ་འགྱུར། །རྫོགས་ལྡན་ཡོན་ཏན་གཅིག་འགྲུབ་སྟེ། །དེ་བཞིན་གསུམ་ལྡན་ཡོན་ཏན་གཉིས། ། གཉིས་ལྡན་ཡོན་ཏན་གསུམ་དུ་གསུངས། །རྩོད་ལྡན་ཡོན་ཏན་བཞི་ཉིད་དེ། །དངོས་གྲུབ་ཉིད་དུ་ཐེ་ཚོམ་མེད། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་འཇུག་པའི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་དང་པོའོ།། །། དེ་ནས་གཞན་ནི་རབ་བཤད་བྱ། །རྒྱུད་རྣམས་ཀུན་དུ་སྦས་པ་སྟེ། །དཔལ་ལྡན་ཁྲག་འཐུང་རྒྱུད་ཆེན་དུ། །འདོད་པའི་དོན་ཀུན་སྒྲུབ་པར་བྱེད། །ས་ཡི་ཆ་མཉམ་ཡིད་འོང་བར། །དྲི་ཡི་ཆུ་ཡིས་ཉེར་བྱུགས་ཏེ། །སྣ་ཚོགས་སྦེས་ནི་ ཡིད་འོང་དང་། །མེ་ཏོག་སྣ་ཚོགས་གཅལ་དུ་བཀྲམ། །གཙང་ཞིང་དབེན་པའི་ས་ཕྱོགས་སུ། །སྔགས་ཤེས་པས་ནི་བསྲུང་བར་བྱ། །ཕྱོགས་ནི་བཅིང་བར་བྱ་བའོ། །དེ་ལྟར་ཆོ་ག་ཡང་དག་ལྡན། །མཁས་པས་དགོད་བྱ་དགོད་ པར་བྱ། །སེམས་ནི་ཤིན་དུ་དགའ་བ་ཡིས། །ཀུན་ནས་ཀུན་དུ་ཆོ་ག་བསམ། །བུད་མེད་ཕྱག་རྒྱ་གེ་སར་བཅས། །དང་པོ་ཚེག་དྲག་རྗེས་དབྱངས་དང་། །རིང་དང་ཐུང་བར་རབ་ཏུ་གྲགས། །གྲུ་གསུམ་གཉིས་ནི་ཡང་དག་ ལྡན། །དེ་བཞིན་མ་ནིང་བཞི་པོ་དང་། །བུད་མེད་སྐྱེས་བུ་རྣམ་པ་བཞི། །དེ་བཞིན་གཉིས་པ་དང་པོའི་དབྱངས། །རིང་དང་ཐུང་བར་ཤེས་བྱ་སྟེ། །དབྱངས་ཀྱི་ཕྱི་མོ་དགོད་པར་བྱ། །དབྱངས་ཀྱི་སྡེ་ནི་དང་པོར་དགོད། །ལྕེ་རྩའི་ 86-1-198b དབྱངས་ནི་གཉིས་པར་དགོད། །ཚེག་དྲག་དབྱངས་ནི་གསུམ་པར་རོ། །དབུས་སུ་པད་མ་བཞི་པར་རོ། །ལྔ་པ་ཏ་ཡི་སྡེ་ཚན་ཏེ། །དྲུག་པ་པ་ཡི་སྡེ་ཚན་ཡིན། །ཨན་ཏསྠ་ནི་བདུན་པར་འདོད། །དྲོ་བའི་ཡི་གེ་བརྒྱད་པ་སྟེ། ། མཐའ་མ་རུ་ནི་བསྡུས་པ་ཡིན། །དེ་ལྟར་རིག་ཅིང་རྣམ་ཤེས་པས། །སྔགས་ཀྱི་གཙོ་བོ་ཉིད་ནི་བཏུ། །བཀོད་པ་ལས་ནི་སྔགས་བཏུས་པས། །མྱུར་དུ་དངོས་གྲུབ་འབྲས་བུ་འཐོབ། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་ སྔགས་དགོད་པའི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་གཉིས་པའོ།། །། དེ་ནས་སྔགས་ཀྱི་ཆོ་ག་བཤད། །འདོད་པའི་དངོས་གྲུབ་བསྒྲུབ་པའོ། །གང་གིས་རྣམ་པར་ཤེས་ཙམ་གྱིས། །སྒྲུབ་པོས་དངོས་གྲུབ་ཐོབ་འགྱུར་ བའོ། །ལྔ་པ་ཡི་ནི་ལྔ་པ་དང་། །དྲུག་པ་ཡི་ནི་ལྔ་པ་ཉིད། །དེ་ཉིད་ཀྱི་ནི་བཞི་པ་དང་། །གཉིས་པ་ཡི་ནི་གསུམ་པ་དང་། །ཨན་ཏསྠ་ཡི་བཞི་པ་ཉིད། །ལྔ་པ་ཡི་ནི་དང་པོ་དང་། །ཨན་ཏསྠ་ཡི་བཞི་པ་ཉིད། །དེ་ཉིད་ཀྱི་ནི་གཉིས་པ་དང་། ། ཨུཥྨ་ཎ་ཡི་དང་པོར་བརྗོད། །ཨན་ཏསྠ་ཡི་དང་པོ་ཉིད། །དྲུག་པ་ཡི་ནི་ལྔ་པ་དང་། །ཨུཥྨ་ཎ་ཡི་བཞི་པ་ཉིད། །གཉིས་པ་ཡི་ནི་དང་པོ་དང་། །ཨན་ཏསྠ་ཡི་གསུམ་པ་ཉིད། །གཉིས་པ་ཡི་ནི་གསུམ་པ་དང་། །ཨུཥྨ་ཎ་ཡི་ གསུམ་པ་ཉིད། །ལྔ་པ་ཡི་ནི་ལྔ་པ་དང་། །དྲུག་པ་ཡི་ནི་བཞི་པ་དང་། །ཨན་ཏསྠ་ཡི་དང་པོར་བརྗོད། །གསུམ་པ་ཡི་ནི་གསུམ་པ་དང་། །བཞི་པ་ཡི་ནི་དང་པོར་བརྗོད། །དྲུག་པ་ཡི་ནི་ལྔ་པ་ཉིད། །དེ་བཞིན་དུ་ནི་བཅུ་བདུན་ པ། །ཉི་ཤུ་རྩ་བདུན་པ་ནི་མཆོག །དེ་བཞིན་སུམ་བཅུ་རྩ་གཉིས་པ། །ཉི་ཤུ་རྩ་བདུན་མཆོག་ཉིད་དང་། །ཨན་ཏསྠ་ཡི་དང་པོར་བརྗོད། །ལྔ་པ་ཡི་ནི་གསུམ་པ་དང་། །ཨུཥྨ་ཎ་ཡི་གཉིས་པ་ཉིད། །བཅུ་བདུན་པ་ནི་མཆོག་ ཉིད་དོ། །ཨན་ཏསྠ་ཡི་གཉིས་པ་དང་། །དེ་བཞིན་དུ་ཡང་གསུམ་པའོ། །དེ་ནས་བཅུ་དགུ་པ་ཡི་མཆོག །དྲུག་པ་ཡི་ནི་གཉིས་པ་ཉིད། །ཨུཥྨ་ཎ་ཡི་གཉིས་པ་དང་། །སུམ་བཅུ་རྩ་གཅིག་དེ་ནས་བླང་། །དྲུག་པ་ཡི་ནི་ལྔ་པ་དང་། ། 86-1-199a ཡང་ནི་བཅྭ་བརྒྱད་པ་ཉིད་དང་། །ཨན་ཏསྠ་ཡི་དང་པོར་བརྗོད། །ཨུཥྨ་ཎ་ཡི་གསུམ་པ་དང་། །དེ་ཉིད་ཀྱི་ཡང་བཞི་པ་ཉིད། །དེ་བཞིན་དུ་ཡང་གསུམ་པ་ཉིད། །དྲུག་པ་ཡི་ནི་བཞི་པ་དང་། །གསུམ་པ་ཡི་ནི་གསུམ་ པ་ཉིད། །དྲུག་པ་ཡི་ནི་བཞི་པ་དང་། །ཨུཥྨ་ཎ་ཡི་གསུམ་པ་ཉིད། །ཨན་ཏསྠ་ཡི་གཉིས་པ་དང་། །དེ་ཉིད་ཀྱི་ནི་དང་པོ་ཉིད། །དྲུག་པ་ཡི་ནི་དང་པོ་དང་། །ཨན་ཏསྠ་ཡི་གཉིས་པ་ཉིད། །འདི་ལྟར་དྲོ་བའི་དང་པོ་དང་། །དྲུག་ པའི་དང་པོར་བརྗོད་པར་བྱ། །ཨུཥྨ་ཎ་ཡི་དང་པོ་ཉིད། །དེ་བཞིན་དྷྱ་ཡིག་རྣལ་འབྱོར་མ། །ལྔ་པ་ཡི་ནི་དང་པོ་དང་། །ཨུཥྨ་ཎ་ཡི་དང་པོར་བརྗོད། །ཨན་ཏསྠ་ཡི་གསུམ་པ་ཉིད། །དེ་བཞིན་དུ་ནི་བཅྭ་བརྒྱད་པ། །བཞི་པ་ཡི་ནི་དང་ པོ་དང་། །གཉིས་པ་ཡི་ནི་གསུམ་པ་ཉིད། །ལྔ་པ་ཡི་ནི་བཞི་པ་དང་། །ཨན་ཏསྠ་ཡི་གཉིས་པ་ཉིད། །བཞི་པ་ཡི་ནི་ལྔ་པ་དང་། །བྱཱ་ཡི་ཡི་གེ་དང་པོར་བརྗོད། །དེ་ནས་ཉི་ཤུ་པ་ཉིད་དང་། །དེ་བཞིན་ཉི་ཤུ་རྩ་བཞི་མཆོག །ལྔ་པ་ཡི་ ནི་ལྔ་པ་དང་། །དྲུག་པ་ཡི་ནི་ལྔ་པ་ཉིད། །ཨན་ཏསྠ་ཡི་གཉིས་པར་བརྗོད། །ལྔ་པ་ཡི་ནི་བཞི་པ་དང་། །ཨན་ཏསྠ་ཡི་དེ་བཞིན་ཉིད། །དེ་ཉིད་ཀྱི་ནི་དང་པོ་དང་། །དྲུག་པ་ཡི་ནི་ལྔ་པ་ཉིད། །དྲོད་ཀྱི་སྡེ་ཚན་བཞི་པ་དང་། །ལྔ་ པ་ཡི་ནི་བཞི་པ་ཉིད། །འདི་ལྟར་དྲུག་པའི་ལྔ་པ་དང་། །ལྔ་པ་ཡི་ནི་ལྔ་པ་དང་། །དེ་བཞིན་མཁས་པས་བཅུ་བདུན་པ། །ཨན་ཏསྠ་ཡི་གཉིས་པ་དང་། །དེ་ཉིད་ཀྱི་ཡང་བཞི་པ་ཉིད། །དྲུག་པའི་དང་པོའང་བརྗོད་པར་བྱ། ། དྲོད་ཀྱི་སྡེ་ཚན་གཉིས་པ་དང་། །ཨན་ཏསྠ་ཡི་དང་པོར་བརྗོད། །ཀ་ར་ཀ་ར། ཀུ་རུ་ཀུ་རུ། བྷན་དྷ་བྷན་དྷ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། ཧྲཽཾ་ཧྲཽཾ། ཧྲཿཧྲཿ། ཕཻྃ་ཕཻྃ། ཕཊ་ཕཊ། ད་ཧ་ད་ཧ། པ་ཙ་པ་ཙ། བྷ་ཀྵ་བྷ་ཀྵ། བ་ས་རུ་ དྷི་ར་མཱ་ལཱ་བ་ལྃ་བི་ནེ། གྲིཧྞ་གྲིཧྞ། སཔ་ཏ་པཱ་ཏ་ལ། ག་ཏཱ་བྷུ་ཛྃ། གྃ་སརྦྦྃ་བཱ་ཏརྫྫ་ཡ་ཏརྫྫ་ཡ། ཨཱ་ཀཌ་ཌྷ་ཡ་ཨཱ་ཀཌ་ཌྷ་ཡ། །། ཀྵྨཱྃ་ཀྵྨཱྃ། ཧཱྃ་ཧཱྃ། ཧཱྃ་ཧཱྃ། ཧཱུྃ་ཧཱུྃ། ཀི་ལི་ཀི་ལི། སི་ལི་སི་ལི། ཧི་ལི་ཧི་ལི། དྷི་ལི་དྷི་ལི། 86-1-199b ཧཱུྃ་ཧཱུྃ། ཨོཾ་གྱི་ཡི་གེ་དང་པོ་སྟེ། །ཧཱུྃ་ཕཊ་ཡི་གེ་ཐ་མར་སྦྱར། །རྩ་བའི་སྔགས་སུ་རབ་ཏུ་གྲགས། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས། ཡི་གེ་བཏུ་བའི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་གསུམ་པའོ།། །། སྙིང་ པོ་འདིར་ནི་བཤད་པར་བྱ། །འདོད་པའི་དོན་ཀུན་སྒྲུབ་བྱེད་པའོ། །ཁམས་གསུམ་རྣམ་རྒྱལ་ཞེས་བྱ་བས། །ཆོས་དོན་འདོད་དང་ཐར་བར་སྐྱེལ། །དྲོད་ཀྱི་སྡེ་ཚན་གསུམ་པ་ལ། །དབྱངས་ཀྱི་ལྔ་པ་སྦྱར་བར་བྱ། །དང་པོ་རུ་ནི་ཡོངས་ སུ་གྲགས། །དྲུག་པ་ཡི་ནི་ལྔ་པ་ལ། །དེ་ཉིད་ཀྱི་ནི་བཞི་པས་ནི། །འོག་གི་ཆར་ནི་རྣམ་པར་བརྟག །ལྔ་པ་ཡི་ནི་ལྔ་པ་ལ། །དབྱངས་ཡིག་གསུམ་པར་སྦྱར་བ་ཡིན། །དྲོད་ཀྱི་སྡེ་ཚན་གསུམ་པ་ལ། །དབྱངས་ཡིག་ལྔ་པར་ ཡང་དག་ལྡན། །བཞི་པ་རུ་ནི་ཡོངས་སུ་གྲགས། དྲུག་བ་ཡི་ནི་ལྔ་པ་ལ། དེ་ཉིད་ཀྱི་ནི་བཞི་པས་ནི། འོག་གི་ཆར་ནི་རྣམ་པར་བརྟག ། ལྔ་པ་ཡི་ནི་ལྔ་པ་ལ། དབྱངས་ཡིག་གསུམ་པ་སྦྱར་བ་ཡིན། དྲོད་ཀྱི་སྡེ་ཚན་ གསུམ་པ་ལ། དབྱངས་ཡིག་ལྔ་པར་ཡང་དག་ལྡན། །བཞི་པ་རུ་ནི་ཡོངས་སུ་གྲགས། །དྲུག་པ་ཡི་ནི་ལྔ་པ་ལ། །དེ་ཉིད་ཀྱི་ནི་བཞི་པས་ནི། །འོག་གི་ཆར་ནི་ཐེ་ཚོམ་མེད། །དྲོད་ཀྱི་སྡེ་ཚན་བཞི་པ་ལ། །དབྱངས་ཡིག་ ལྔ་པ་ཡང་དག་ལྡན། །སྟེང་དུ་ནཱ་ད་སྦྱར་བ་ནི། །དྲུག་པ་རུ་ནི་ཡོངས་སུ་གྲགས། །དྲུག་པ་ཡི་ནི་གཉིས་པ་དང་། །བཞི་པའི་དང་པོར་བརྗོད་པར་བྱ། །དང་པོ་ཡི་ནི་ཚིག་རྐང་སྟེ། །དངོས་གྲུབ་ཀུན་གྱི་འབྲས་བུ་སྟེར། །གཅིག་ མ་ཚང་བའི་ཉི་ཤུ་ལ། །མེ་ཡི་བུས་ནི་དབྱེ་བར་བྱ། །དབྱངས་ཡིག་གསུམ་པར་ཡང་དག་ལྡན། །དང་པོ་རུ་ནི་ཡོངས་སུ་གྲགས། །དྲོད་ཀྱི་སྡེ་ཚན་བཞི་པ་ལ། །ལྔ་པའི་ལྔ་པ་ཡང་དག་ལྡན། །ལན་གཉིས་སུ་ནི་ཡོངས་སུ་གྲགས། ། དྲོད་ཀྱི་སྡེ་ཚན་བཞི་པ་ལ། །བཅྭ་ལྔ་པ་ཡིས་བརྒྱན་བྱས་ཏེ། །བཞི་པའི་མཐའ་དང་ཡང་དག་ལྡན། །ལྔ་པ་རུ་ནི་ཡང་དག་གྲགས། །དྲུག་པ་ཡི་ནི་གཉིས་པ་དང་། །བཞི་པ་ཡི་ནི་དང་པོ་སྟེ། །ཐམས་ཅད་མཚན་ཉིད་ 86-1-200a ཡང་དག་སྟེར། །ཚིག་རྐང་གཉིས་པར་བརྗོད་པའོ། །གཉིས་པ་ཡི་ནི་གསུམ་པ་ལ། །མེ་ཡི་ས་བོན་ཡང་དག་གནས། །དབྱངས་ཡིག་གསུམ་པ་ཡང་དག་ལྡན། །དང་པོ་རུ་ནི་ཡོངས་སུ་གྲགས། ། དྲོད་ཀྱི་སྡེ་ཚན་བཞི་པ་ལ། །ལྔ་པའི་ལྔ་པ་ཡང་དག་ལྡན། །དབྱངས་ཡིག་གཉིས་པར་སྦྱར་བ་སྟེ། །དྲུག་པ་ཡི་ནི་དང་པོ་དང་། །དེ་ལྟར་ཡང་ནི་གཉིས་ལྡབ་བོ། །དྲོད་ཀྱི་སྡེ་ཚན་བཞི་པ་ལ། །བཞི་པའི་མཐའ་དང་ཡང་དག་ ལྡན། །དེ་ནས་བཅྭ་ལྔ་པ་ཡིས་བརྒྱན། །དྲུག་པ་ཡི་ནི་གཉིས་པ་དང་། །བཞི་པ་ཡི་ནི་དང་པོ་དང་། །ཚིག་རྐང་གསུམ་པར་བརྗོད་པ་ཡིན། །འདོད་པའི་དོན་ཀུན་བསྒྲུབ་པའོ། །དང་པོ་ཡི་ནི་གཉིས་པ་དང་། །ལྔ་པ་ ཡི་ནི་ལྔ་པ་དང་། །ཨིན་ཏསྠ་ཡི་དང་པོ་དང་། །དྲོད་ཀྱི་སྡེ་ཚན་བཞི་པ་ལ། །དབྱངས་ཡིག་བཅུ་གསུམ་ཡང་དག་ལྡན། །མཆོག་ཏུ་དགེ་ཞིང་དམ་པའོ། །གཅིག་མ་ཚང་བའི་ཉི་ཤུ་དང་། །ཨན་ཏསྠ་ཡི་བཞི་པ་ལ། །དབྱངས་ ཡིག་གཉིས་པ་ཡང་དག་ལྡན། །ཐིག་ལེ་ཡིས་ནི་སྟེང་དུ་བརྒྱན། །ཨན་ཏསྠ་ཡི་བཞི་པ་དང་། །ཉི་ཤུ་རྩ་བཞི་པ་ཉིད་ལ། །མེ་ཡི་བུས་ནི་རྣམ་པར་དབྱེ། །དྲོད་ཀྱི་སྡེ་ཚན་བཞི་པ་ལ། །ལྔ་པ་ཡིས་ནི་ཡང་དག་བརྒྱན། །སྟེང་དུ་ སྟོང་པས་རྣམ་པར་བརྒྱན། །དྲུག་པ་ཡི་ནི་གཉིས་པ་དང་། །བཞི་པ་ཡི་ནི་དང་པོ་སྟེ། །འདི་རྣམས་རྐང་པ་བཞི་པ་ཡིན། །འདོད་པའི་དོན་ཀུན་སྒྲུབ་པ་པོ། །བཞི་པ་ཡི་ནི་སྔགས་འདི་དག །མ་བྱུང་འབྱུང་བར་མི་འགྱུར་ རོ། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་སྙིང་པོའི་སྔགས་བཏུ་བའི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་བཞི་པའོ།། །། དེ་ནས་སྔགས་རྣམས་འདི་དག་ནི། །དཔའ་བོ་རྣམས་ལ་སྦྱར་བྱ་བ། ། རྣལ་འབྱོར་མ་ནི་རྣམས་ཡིན་ཏེ། །སྔགས་ཀྱི་ཆོ་ག་ཤེས་པས་བཟླས། །གཉིས་མེད་དངོས་གྲུབ་རྣལ་འབྱོར་མ། །གཉིས་པ་ཡི་ནི་ཡི་གེ་ལ། །དབྱངས་ཡིག་བཅུ་གསུམ་པར་ནི་ལྡན། །དྲུག་པའི་ཡི་གེ་བྱེ་བྲག་ཏུ། །དབྱངས་ 86-1-200b ཡིག་བཅུ་གཅིག་པས་ནི་ལྡན། །བདུན་པར་ཡོངས་སུ་གྲགས་པས་ནི། །དབྱངས་ཡིག་བཞི་པས་ལྡན་པ་ཡིན། །ཡི་གེ་བརྒྱད་པ་དག་ལ་ནི། །དབྱངས་ཡིག་བཅུ་གཉིས་ཡང་དག་ལྡན། །ཡི་གེ་བཅུ་གཉིས་པ་དག་ནི། ། དབྱངས་ཡིག་གཉིས་པས་རྣམ་པར་དབྱེ། །ཡི་གེ་བཅུ་གཉིས་དག་ལ་ནི། །དབྱངས་ཡིག་གཉིས་པས་ལྡན་བྱས་ཏེ། །དྲུག་པའི་དང་པོ་ཉིད་ཀྱིས་ནི། །འོག་གི་གནས་སུ་རབ་ཏུ་བརྟག །ཡི་གེ་བཅུ་བཞི་པ་དག་ནི། །དབྱངས་ཡིག་ གཉིས་པ་དག་དང་ལྡན། །དགེ་ཞིང་མཆོག་ཏུ་ཕན་པ་ཡིན། །ཡི་གེ་བཅྭ་ལྔ་པའི་མཚན་ཉིད། །དབྱངས་ཡིག་གསུམ་པར་ལྡན་བྱ་སྟེ། །ལྔ་པ་ཡི་ནི་ལྔ་པས་ནི། །འོག་གི་ཆ་རུ་ཡང་དག་ལྡན། །དེ་བཞིན་ཡི་གེ་བཅུ་དྲུག་ཉིད། ། སྟེང་དུ་ནཱ་དས་སྦྱར་བ་ཡིན། །ཡི་གེ་བཅུ་བདུན་པ་ཉིད་ལ། །དབྱངས་ཡིག་གསུམ་པས་ཡང་དག་ལྡན། །ཡི་གེ་བཅྭ་བརྒྱད་པ་ལ་ནི། །དབྱངས་ཡིག་གཉིས་པས་ཡང་དག་ལྡན། །ཡི་གེ་ཉི་ཤུ་གཅིག་པ་ནི། །དབྱངས་ཡིག་ གཉིས་པར་ཡང་དག་ལྡན། །ཡི་གེ་ཉི་ཤུ་རྩ་གསུམ་པ། །དབྱངས་ཡིག་ལྔ་པས་མཉམ་པར་ལྡན། །དབྱངས་ཡིག་བཅུ་གསུམ་པར་ལྡན་པ། །ཡི་གེ་ཉི་ཤུ་རྩ་བཞི་ཡིན། །གཉིས་པ་ཡི་ནི་དང་པོ་ཡིས། །ཉི་ཤུ་རྩ་ལྔ་པ་ དང་ལྡན། །མཁས་པས་རྟག་ཏུ་ལྡན་པས་ནི། །ཉི་ཤུ་རྩ་དྲུག་པ་ལ་བརྗོད། །དབྱངས་ཡིག་གཉིས་པས་ལྡན་པ་རུ། །མཚོན་བྱེད་གཉིས་ནི་མཚོན་པར་བྱེད། །ཡི་གེ་ཉི་ཤུ་རྩ་བརྒྱད་པ། །དེ་བཞིན་བཅྭ་ལྔ་པས་ནི་མཚོན། ། གཅིག་མ་ཚང་བའི་སུམ་བཅུ་ལ། །བཞི་པའི་དང་པོ་སྦྱར་བ་དང་། །དབྱངས་ཡིག་གཉིས་པ་ཡང་དག་ལྡན། །མེ་དང་ཡང་དག་ལྡན་པར་བྱ། །དབྱངས་ཡིག་གཉིས་མས་ལྡན་པ་ནི། །སུམ་བཅུ་རྩ་གཅིག་ཡི་གེ་ཡིན། ། སུམ་བཅུ་རྩ་གཉིས་ཡི་གེ་ལ། །དབྱངས་ཡིག་བཅུ་གསུམ་པས་ནི་ལྡན། །སུམ་བཅུ་རྩ་གསུམ་ཡི་གེ་ལ། །ཉི་མའི་ཡིས་ནི་རབ་ཏུ་དབྱེ། །སྔགས་རྣམས་ཀུན་ནི་གསལ་བ་སྟེ། །དེ་ལྟར་ཐེ་ཙོམ་མེད་པ་ཡིན། །སུམ་ 86-1-201a བཅུ་རྩ་བཞི་ཡི་གེ་ལ། །དབྱངས་ཀྱི་བཞི་པས་ལྡན་པ་སྟེ། །གོ་འཕང་མཆོག་ཏུ་དགེ་བ་ཡིན། །དབྱངས་ཀྱི་ལྔ་པས་ལྡན་པ་ནི། །དེ་བཞིན་སུམ་བཅུ་རྩ་བདུན་ཡིན། །སུམ་བཅུ་རྩ་བརྒྱད་ཡི་གེ་ལ། ། དབྱངས་ཀྱི་གཉིས་པས་ལྡན་པར་བྱ། །དངོས་གྲུབ་ཐམས་ཅད་རྣམ་པར་ངེས། །དེ་བཞིན་བཞི་བཅུ་རྩ་བཞི་ལ། །ཉི་མ་ཡིས་ནི་སྦྱར་བ་ཡིན། །བཞི་བཅུ་རྩ་གསུམ་ཡི་གེ་ལ། །དབྱངས་ཀྱི་ལྔ་པས་སྦྱར་བར་བྱ། ། དེ་ཡང་དགེ་བའི་མཆོག་ཡིན་ནོ། །བཞི་བཅུ་རྩ་ལྔ་རབ་གསུངས་པ། །དབྱངས་ཡིག་གཉིས་པས་ལྡན་པར་བྱ། །དེ་ལྟར་ཉིད་དུ་ཐེ་ཙོམ་མེད། །དབྱངས་ཀྱི་ལྔ་པས་ལྡན་པ་ནི། །དེ་བཞིན་བཞི་བཅུ་རྩ་དྲུག་པའོ། ། བཞི་བཅུ་རྩ་བདུན་པ་ཉིད་ལ། །དབྱངས་ཀྱི་གཉིས་པས་མཉམ་པར་བྱ། །དེ་བཞིན་ལྔ་བཅུ་རྩ་གཅིག་ལ། །དབྱངས་ཀྱི་ལྔ་པས་སྦྱར་བར་བྱ། །འདིས་ནི་ཐར་པ་གྲུབ་པ་ཉིད། །དབྱངས་ཀྱི་གཉིས་པས་ལྡན་པ་ནི། །མཁས་པས་ ལྔ་བཅུ་རྩ་གཉིས་བརྗོད། །དབྱངས་ཡིག་བཅུ་གསུམ་པར་ལྡན་པ། །ལྔ་བཅུ་རྩ་གསུམ་ཡི་གེ་ཡིན། །ལྔ་བཅུ་རྩ་དྲུག་ཡི་གེ་ལ། །དབྱངས་ཀྱི་དྲུག་པར་ལྡན་པ་ཡིན། །གཅིག་མ་ཚང་བའི་དྲུག་བཅུ་ལ། །ཨན་ཏསྠ་ ཡི་བཞི་པར་སྦྱར། །དབྱངས་ཀྱི་གཉིས་པ་སྦྱར་བར་བྱ། །སྟེང་དུ་ནཱ་དས་རྣམ་པར་བརྒྱན། །དབྱངས་ཀྱི་གཉིས་པས་ལྡན་པ་ནི། །དྲུག་བཅུ་རྩ་གཅིག་པ་ལ་སྦྱར། །དབྱངས་ཀྱི་གསུམ་པས་ལྡན་པ་ནི། །དྲུག་ བཅུ་རྩ་གཉིས་བྱེ་བྲག་གོ། །དབྱངས་ཡིག་བཅུ་གཅིག་ལྡན་པ་ནི། །དྲུག་བཅུ་རྩ་གསུམ་མཁས་པས་བརྗོད། །དབྱངས་ཡིག་ལྔ་པས་སྦྱར་བ་ནི། །ཡི་གེ་དྲུག་བཅུ་རྩ་བཞི་པའོ། །དེ་བཞིན་དྲུག་བཅུ་རྩ་ལྔ་ལ། །མེས་ ནི་ངེས་པར་སྦྱར་བར་བྱ། །དངོས་གྲུབ་ཐམས་ཅད་ཅེས་བྱ་བ། །འཛིན་པ་རུ་ནི་ཐེ་ཚོམ་མེད། །དབྱངས་ཀྱི་གསུམ་པས་ལྡན་པ་ནི། །དྲུག་བཅུ་རྩ་དྲུག་ཕྱེ་བ་ཡིན། །རིགས་དང་རིགས་མིན་རབ་བསྒྲུབ་པའོ། ། 86-1-201b དབྱངས་ཀྱི་གཉིས་པས་ཡང་དག་ལྡན། །དྲུག་བཅུ་རྩ་བདུན་བཤད་པ་ནི། །དཔའ་བོ་མཆོད་པ་ཞེས་ནི་བྱ། །ཨན་ཏསྠ་ཡི་བཞི་པ་ཡིས། །དྲུག་བཅུ་རྩ་བརྒྱད་རབ་ཏུ་གྲགས། །བདུན་བཅུ་རྩ་གཅིག་ཡི་གེ་ལ། ། དབྱངས་ཀྱི་གཉིས་པར་ལྡན་པར་བྱས། །བདུན་བཅུ་རྩ་བཞི་ཡི་གེ་ལ། །དེ་བཞིན་དབྱངས་ཡིག་གཉིས་པས་ལྡན། །མཚོན་ཆ་རུ་ནི་རབ་ཏུ་གྲགས། །བདུན་བཅུ་རྩ་ལྔ་པ་ཉིད་ལ། །དབྱངས་ཀྱི་དྲུག་པས་སྦྱར་ བ་ཡིན། །དེ་ལྟར་དུ་ནི་གྱུར་པ་ཡིན། །བདུན་བཅུ་རྩ་དྲུག་ཡི་གེ་ལ། །དབྱངས་ཀྱི་གཉིས་པས་ལྡན་བྱས་ཏེ། །མི་ཡི་བུས་ནི་རྣམ་པར་དབྱེ། །ལྔ་པའི་བཞི་པས་སྦྱར་བར་བྱ། །བདུན་བཅུ་རྩ་བདུན་ཡི་གེ་ལ། ། དབྱངས་ཡིག་གཉིས་པས་ལྡན་པ་ཡིན། །བདུན་བཅུ་རྩ་བརྒྱད་མཁས་པས་བརྗོད། །བརྒྱད་བཅུ་རྩ་གཅིག་དེ་བཞིན་མཆོག །དབྱངས་ཀྱི་ལྔ་པས་སྦྱར་བ་ཡིན། །བརྒྱད་བཅུ་རྩ་གཉིས་ཡི་གེ་ལ། ། དབྱངས་ཀྱི་གཉིས་པར་སྦྱར་བར་བྱ། །ཆོས་དོན་འདོད་དང་ཐར་པ་སྟེ། །དཔའ་བོ་རྣམས་ལ་ཕན་འདོད་པས། །རིག་པའི་རྒྱལ་པོ་ཞེས་བཤད་དོ། །དཔལ་ཁྲག་མཐུང་མངོན་པར་འབྱུང་བ་ལས་སྔགས་ བཏུ་བའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་དངོས་གྲུབ་གསང་ཆེན་གྱི། །དེ་ཡི་སྙིང་པོ་ཉེ་སྙིང་པོ། །སྔགས་ཀྱི་ཆོ་ག་ཤེས་པས་གསང་། །ཟབ་པ་རྒྱ་མཚོ་ཆེན་པོ་བཞིན། །ལྔ་བཅུ་པ་ཡི་དགུ་སྟེང་ དུ། །སུམ་བཅུ་རྩ་གསུམ་གནས་པ་སྟེ། །བཅྭ་ལྔ་པས་ནི་རྣམ་པར་བརྒྱན། །དབྱངས་ཀྱི་བཞི་པས་ཡང་དག་ལྡན། །དངོས་གྲུབ་ཀུན་གྱི་གཞི་ཡིན་ནོ། །རྣལ་འབྱོར་སྙིང་ལ་ཚད་མེད་པའོ། །ཡི་གེ་ རེ་རེ་གཉིས་གཉིས་ལ། །དེ་བཞིན་དབྱངས་ནི་བཅུ་གཉིས་ལྡན། །མཁའ་འགྲོ་ཆེན་མོ་ལམ་རྣམས་ཀྱི། །ཀུན་ཏུ་ཡོངས་སུ་བཟློག་པ་ཡིན། །ཉེ་བའི་སྙིང་པོ་བརྗོད་པས་འགྲུབ། །རྣལ་འབྱོར་རྒྱུད་ལས་ 86-1-202a རྙེད་དཀའ་བའི། །ཕོ་ཉ་ཡི་ནི་དངོས་གྲུབ་པའོ། །ལྷན་ཅིག་སྐྱེས་པའི་དངོས་གྲུབ་ནི། །རིམ་དང་རིམ་པ་མེད་པས་སྐྱེ། །ཁྲག་འཐུང་རྒྱུད་ལས་གཞན་དུ་མིན། །རྣལ་འབྱོར་ཕྱག་རྒྱ་མཆོག་ ཡིན་ཏེ། །ཡེ་ཤེས་ཟླ་བ་མཆོག་ནི་བཏུ། །ཁ་ཟས་མཆོག་ནི་བཟའ་བྱ་སྟེ། །འདི་ནི་བསྟན་བཅོས་ངེས་པ་ཡིན། །དཔལ་ཁྲག་འཐུང་མངོན་པར་འབྱུང་བའི་རྒྱུད་ལས་སྔགས་བཏུ་བའི་ལེའུ་ཞེས་བྱ་བ་སྟེ་དྲུག་པའོ།། །། དེ་ནས་གཞན་ཡང་མདོར་བསྡུས་པ། །བརྡ་ཡི་ཆོ་གའི་མཚན་ཉིད་དག །རྣལ་འབྱོར་པས་ནི་རྟག་བསྒྲུབས་ན། །གྲོལ་བའི་དངོས་གྲུབ་སྐྱེ་བར་འགྱུར། །དབང་ཆེན་དང་ནི་མེ་ཏོག་གིས། ། དེ་བཞིན་བདུད་རྩི་བསྐྱེད་པར་འགྱུར། །ཞོ་དང་འོ་མར་ལྡན་པ་ཡིས། །བཅུད་ལེན་མཆོག་ཏུ་ཕན་པའོ། །དཀྱིལ་འཁོར་འཁོར་ལོ་ཞེས་བརྗོད་ལ། །ཐམས་ཅད་ཀུན་གྱི་འདུས་པ་ནི། །ཚོགས་ཀྱི་འཁོར་ལོ་མཆོག་ ཡིན་ཏེ། །ཐམས་ཅད་མཛའ་བས་མཉམ་པར་འགྲོ། །མ་དང་སྲིང་མོ་ཆུང་མ་དང་། །བུ་མོ་དག་ནི་བཀུག་ནས་སུ། །རྣལ་འབྱོར་རྗེས་སུ་འཇུག་པར་བྱ། །འདི་རྣམས་ལངས་ནི་སྦྱང་བྱ་སྟེ། །ཆོས་མ་ཡིན་ པར་མི་འགྱུར་རོ། །སྔགས་ཀྱི་རྒྱལ་པོ་འདི་དག་ནི། །ལན་གཅིག་བཟླས་པས་བུད་མེད་རྣམས། །ཕོ་ཉ་རྣམས་ནི་འགུགས་པར་བརྗོད། །།ཨོཾ་སརྦྦ་བཛྲ་ཀཱ་མི་ནི། སརྦྦ་བྷ་ཀྵ་ཤོ་དྷ་ཡ་གུ་ཧྱ་བཛྲཱི་ཎི་ཧཱུྃ་སྭཱ་ཧཱ། བུད་མེད་ཀྱིས་ནི་ཡོངས་བསྐོར་ནས། །ཇི་ལྟར་བདེ་བ་ལོངས་སྤྱོད་ཅིང་། །སངས་རྒྱས་ལ་འབུལ་མཆོད་པར་བྱ། །དངོས་གྲུབ་ཐོབ་པ་ཞེས་སུ་བརྗོད། །དཔལ་ལྡན་རྡོ་རྗེ་བཅོམ་ལྡན་ལ། །མགོ་བོར་ཐལ་མོ་སྦྱར་ ནས་ནི། །གཏོར་མའི་ཆོ་ག་ཀུན་གྱིས་མཆོད། །གཡས་དང་གཡོན་པའི་ལག་གཉིས་ཀྱིས། །འགྱིང་དང་བཅས་པའི་གར་བྱའོ། །རྣལ་འབྱོར་པ་ཡིས་ཐམས་ཅད་མཆོད། །བསོད་ནམས་ཆེན་པོ་སོགས་པ་ 86-1-202b ཡིན། །དེ་ལྟར་མཆོད་པ་ཙམ་གྱིས་ནི། །ཡང་དག་དངོས་གྲུབ་རིམ་པས་འཐོབ། །གང་ཞིག་ཕྱག་རྒྱ་ཆེ་མི་མཆོད། །དེ་བཞིན་གཤེགས་པ་ལ་མཆོད་པ། །ངལ་བ་དོན་མེད་ཡོངས་སུ་བསྟེན། །དེ་ཡིས་འབྲས་བུ་ཐོབ་ མི་འགྱུར། །གལ་ཏེ་བདག་ཉིད་དངོས་གྲུབ་འདོད། །མཆོད་པས་དཔའ་བོ་མཆོད་པར་བྱ། །གང་ཞིག་ཕྱག་རྒྱ་ཆ་བ་དང་། །འདོད་པའི་དོན་ཀུན་སྒྲུབ་པ་པོ། །སྐྱེ་བ་སྟོང་ཕྲག་དུ་མ་རུ། །བྱོལ་སོང་སྐྱེ་གནས་སྐྱེ་བར་ འགྱུར། །དཔལ་ལྡན་ཁྲག་འཐུང་ཇི་ལྟ་བར། །ཡུལ་དུ་ངེས་པར་གནས་པ་སྟེ། །གཏུམ་མོ་སྦོམ་མོའི་གནས་དག་ལ། །དེ་ནི་ཡུལ་དུ་གྱུར་པ་ན། །དེ་ཡི་ཡུལ་དུ་གྱུར་པ་སྟེ། །གང་ཡང་དེ་ཡི་བུ་དང་གཉེན། །གང་ ཞིག་དཔའ་བོ་རྣམས་མཆོད་པ། །འདོད་པའི་དོན་ཀུན་སྒྲུབ་པ་པོ། །དེ་ནི་དགྲ་ལ་འཇིགས་པ་མེད། །རྒྱལ་བོའི་འཇིགས་པ་ལ་སོགས་མེད། །དུས་མིན་འཆི་བར་མི་འགྱུར་རོ། །མེ་དང་ངན་འགྲོའི་འཇིགས་ པ་མེད། །རྟག་ཏུ་ཕྱག་རྒྱ་མཆོད་པར་བྱ། །བསོད་ནམས་ལས་ནི་ཐོབ་པ་ཡིན། །དཔའ་བོ་རྟག་ཏུ་དེར་གནས་བདག །གུས་པས་མཆོད་པ་བཞེས་ནས་ནི། །རྣལ་འབྱོར་ཆེན་པོ་བཞུགས་པ་ཡིན། །དེ་ ནི་མཆོད་ཅིང་བསྙེན་པར་བྱ། །གསོན་པ་ཡི་ནི་དོན་ཆེད་དུ། །རྣལ་འབྱོར་གཞན་ལ་བརྟན་བྱས་ན། །ལོག་པར་ཡོངས་སུ་ལངས་ཤིང་ཟ། །དེས་ནི་འབྲས་བུ་མི་འཐོབ་བོ། །དཔའ་བོའི་རྗེས་སུ་གཟུང་བྱས་ན། ། རྩོད་པའི་དུས་སུ་དངོས་གྲུབ་ཐོབ། །དཔའ་བོ་གང་ཞིག་ཕྱག་རྒྱ་བྲལ། །སྒྲུབ་པོ་མཆོད་པར་བྱེད་པ་ནི། །ཕུབ་མ་འབྲུ་དང་མཚུངས་པ་སྟེ། །ས་སྟེངས་སུ་ནི་རྣལ་འབྱོར་པ། །ཆོམ་པོ་པ་རུ་གྱུར་པ་ཡིན། ། དཔལ་ལྡན་ཁྲག་འཐུང་རྣལ་འབྱོར་འཛིན། །བདག་ཉིད་མཆོད་པར་བྱེད་པ་ལ། །གྲོལ་བའི་ལམ་ནི་རྣམ་པར་སྟེར། །དཔལ་ལྡན་ཁྲག་འཐུང་རྣལ་འབྱོར་ཆེ། །གང་གིས་བཟུང་བར་བྱས་པ་ཡིན། །གང་ཞིག་ 86-1-203a གཉིས་མེད་མི་བསྟེན་པ། །ཤི་ནས་དམྱལ་བར་འགྲོ་བར་འགྱུར། །དེ་ལ་སྐྱོབ་པ་མེད་པ་ཡིན། །རྣལ་འབྱོར་མེད་པར་རྣལ་འབྱོར་འཆོས། །ཕྱག་རྒྱ་ལ་ནི་བགྲོད་འགྱུར་དང་། །ཡེ་ཤེས་མེད་ པར་ཡེ་ཤེས་ཚུལ། །དམྱལ་བར་འགྲོ་བར་ཐེ་ཚོམ་མེད། །དཔའ་བོ་ཐོད་པའི་ཕྲེང་བ་ཅན། །དེ་བཞིན་སྐུ་ལུས་དཀར་པོ་སྟེ། །སངས་རྒྱས་ནོར་བུའི་གཙུག་ཏོར་ཅན། །རྡོ་རྗེ་ཕག་མོ་གཡོན་དུ་བྱས། །དེ་ཡི་ཕྱག་ མཚན་ཁ་དོག་འཛིན། །ཐོད་པ་གཅིག་ནི་གདན་དག་ལ། །ས་དང་ནམ་མཁའ་ཉིད་དག་དང་། །གཉིས་པ་དག་དང་བཞི་པ་ནི། །དཔལ་ལྡན་ཁྲག་འཐུང་ཕྱག་ན་བསྣམས། །རྡོ་རྗེ་ཕག་མོ་གསུམ་པ་ཡིན། ། འགྲོ་བ་ཀུན་ནི་དེ་ལྟར་གནས། །ལྷ་དང་ལྷ་མིན་མིར་བཅས་དང་། །ས་ནི་ཐམས་ཅད་གདན་བྱས་ནས། །དེ་ནས་ལས་ནི་མཉམ་པར་བརྩམ། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་ཁ་ཟས་གཉིས་སུ་མེད་ པར་བསྒྲུབ་པ་ངེས་པའི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་བདུན་པའོ།། །། དེ་ནས་རྣལ་འབྱོར་མ་སྔགས་འདིས། །དངོས་གྲུབ་ཐམས་ཅད་རབ་སྟེར་བ། །ཇི་ལྟར་རིགས་པར་རབ་བཤད་བྱ། །དཔའ་ བོ་རྣལ་འབྱོར་གཉིས་མེད་དེ། །དེ་ལ་མི་ཡིས་མཆོད་པར་བྱ། །དཔའ་བོའི་སྔགས་ཀྱི་ཡིད་བསྒྲུབ་པའོ། །ཨོཾ་ན་མོ་བྷ་ག་བ་ཏི་བཛྲ་བཱ་རཱ་ཧི་བཾ། ཨཱརྱཱ་བཱ་རཱ་ཛི་ཏེ། ཏྲཻ་ལོཀྱ་མཱ་ཏེ་མ་ཧཱ་བིདྱ་ཤྭ་རི། སརྦྦ་བྷཱུ་ཏ་བྷ་ཡཱ་བ་ཧེ། མ་ཧཱ་བཛྲེ། བཛྲཱ་ཨཱ་ས་ནེ་ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ་བ་ཤཾ་ཀ་རི་ནེེ་ཏྲ་བྷྲཱ་མ་ཎི། ཤོ་ཥ་ཎི་རོ་ཥ་ཎི། ཀྲོ་དྷ་ནི་ཀ་རཱ་ལི་ནི། ཏྲཱ་ས་ནི་མཱ་ར་ཎི་པྲ་བེ་ད་ནི་ཨ་པ་རཱ་ཛ་ཡེ་བི་ཛ་ཡེ་ཛམ་བྷ་ནི། སྟྃ་བྷ་ནི། མོ་ཧ་ནི། བཛྲ་བཱ་རཱ་ཧི། མ་ཧཱ་ཡོ་གི་ནི་ ཀཱ་མེ་ཤྭ་རི་ཁ་གེ། ཏད་ཡ་ཐཱ་པྲོ་ཏྃ་གེ། པྲོ་ཏྃ་གེ་ཧ་ན་ཧ་ན། པྲཱ་ཎཱྃ་ཀིཾ་ཀི་ཎི་ཁིཾ་ཁི་ཎི། དྷུ་ན་དྷུ་ན། བཛྲ་ཧསྟེ་ཤོ་ཥ་ཡ་ཤོ་ཥ་ཡ། ཁ་ཊྭཱྃ་ག་ཀ་པཱ་ལ་དྷ་རི་ཎི། མ་ཧཱ་པི་ཤི་ཏ་མཱྃ་ས་ཤ་ཎི་མ་ནུ་ཥྱཱཾ་ཏྲ་པྲ་བྲྀཏྟེ་སཾ་ནི་དྷྱྃ་ན་ར་ཤི་ར་མཱ་ལཱ་གྲ་ཐི་ 86-1-203b ཏ་དྷྭ་རི་ནི། སུྃ་བྷ་ནི། སུམ་བྷེ་ཧ་ན་ཧ་ན། པྲཱ་ཎཱྃ་སརྦྦ་པཱ་པ་སཏྭཱ་སརྦྦ་པ་ཤུ་ནཱྃ། མ་ཧཱ་མྃ་སཙྪེ་ད་ནི་མཱུར་ཏི་དྃཥྚྲཱཾ་ཀ་རཱ་ལི་ནི། མ་ཧཱ་མུ་དྲེ་ཤྲཱི་ཧེ་རུ་ཀ་དེ་བ་སྱ། ཨ་གྲ་མ་ཧི་ཥི་ས་ཧ་སྲ་ཤི་རེ་ས་ཧ་སྲ་ཝཱ་ཧ་ཝེ་ཤ་ཏ་ས་ཧ་སྲ་ཨཱ་ན་ནེ། ཛྭ་ལི་ཏ་ཏེ་ཛ་སེ་ཛྭཱ་ལ་མུ་ཁི་པིཾ་ག་ལེ་ལོ་ཙ་ནེ། བཛྲ་ཤྭ་རཱི་རེ་བཛྲ་ཨཱ་ས་ནི། མི་ལི་ཏེ་ནི་མི་ལི་ཏེ་ཧེ་ཧེ་ཧ་ཧ་ཧཱུྃ་ཧཱུྃ་ཁ་ཁ་དྷུ་དྷུ། དྷུ་རུ་དྷུ་རུ། མུ་རུ་མུ་རུ། ཨ་དྭཻ་ཏེ། མ་ཧཱ་ཡོ་གི་ནཱི་པ་ཐི་ཏ། སིད་དྷི་དྲྃ་ཊྱོ་། ། ཧེ་ཧེ། ཧ་ཧ། བྷཱི་མེ་ ཧ་ས་ཧ་ས་བཱི་རེ། ཧཱྃ་ཧཱྃ། ཧོ་ཧོ། ཧཱུྃ་ཧཱུྃ། ཏྲཻ་ལོཀྱ། བི་ནཱ་ཤ་ནི། ཤ་ཏ་ས་ཧ་སྲ་ཀོ་ཊི། ཏ་ཐཱ་ག་ཏ་པ་རི་བཱ་ར་ཏེ་ཧཱུྃ་ཧཱུྃ་ཕཊ། སིང་ཧ་རཱུ་པེ་ཁ་ག་ཛ་རཱུ་པེ་གཿ། ཏྲཻ་ལོཀྱ་ཨུ་དྭ་རི། ས་མུ་དྲ་མེ་ཁ་ལི་གྲ་ས་གྲ་ས་ཧཱུྃ་ཧཱུྃ་ཕཊ། བཱི་རཱེ་དྭེ་ ཏེ་ཧཱུྃ་ཧཱུྃ་ཧ་ཧ་མ་ཧཱ་པ་ཤུ་མོ་ཧ་ནི། ཡོ་གི་ཤྭ་རི་སྟྭྃ་ཌཱ་ཀི་ནི། ལོ་ཀཱ་ནྃ་བནྡཱ་ནི་སཏྱ་པྲཏྱ་ཡ་ཀཱ་རི་ཎི་ཧཱུྃ་ཕཊ། བྷཱུ་ཏ་ཏྲཱ་ས་ནི། མ་ཧཱ་བཱི་རེ་པ་ར་མ་སིད་དྷེ། བིདྱེ་ཡོ་གི་ཤྭ་རི་ཕཊ། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དཔལ་ཁྲག་ འཐུང་མངོན་པར་འབྱུང་བ་ལས་དཔལ་རྡོ་རྗེ་ཕག་མོའི་རྩ་བའི་སྔགས་སུ་གསུངས་པའི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་བརྒྱད་པའོ།། །། དེ་ནས་རྡོ་རྗེ་ཕག་མོ་ཡི། །རྩ་བའི་སྔགས་ནི་ མཆོག་གྲུབ་པ། །ཧེ་རུ་ཀ་དང་ཕག་མོ་ནི། །མ་བྱུང་འབྱུང་བར་མི་འགྱུར་རོ། །འདི་དང་འདྲ་བའི་གསང་སྔགས་ནི། །འཇིག་རྟེན་གསུམ་ན་མེད་པ་སྟེ། །འབུམ་དང་འབུམ་ཕྲག་གསུམ་དུ་གསུངས། ། རྒྱུད་ཀྱི་སྙིང་པོ་མཐའ་དག་བསྡུས། །གང་གིས་ཆོ་ག་འདི་རྣམས་རིག །ཐམས་ཅད་གཏོང་བ་ལོ་མ་བཞིན། །བདག་གིས་ཕྱི་རུ་མ་བཟླས་ཀྱང་། །ལས་རྣམས་ཀུན་ནི་འགྲུབ་པའོ། །ཉོན་མོངས་ཀུན་ལས་ ངེས་པར་གྲོལ། །དངོས་གྲུབ་འབྲས་བུ་མྱུར་དུ་འཐོབ། །ཤེས་ཤིང་དྲན་བ་ཙམ་གྱིས་ནི། །དངོས་གྲུབ་ཐམས་ཅད་རབ་ཏུ་སྟེར། །དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག །དེ་ཉིད་མཆོག་ཏུ་མི་འགྱུར་བ། ། 86-1-204a ཀུན་ལ་ཁྱབ་པ་དེ་ཉིད་རྙེད། །དེ་ནི་ལུས་ཀུན་ལ་ནི་གནས། །དེ་ཉིད་སངས་རྒྱས་ཡེ་ཤེས་ཏེ། །དཔལ་ལྡན་ཧེ་རུ་ཀ་ཡིས་གསུངས། །སྔགས་འདི་དག་ནི་ཡང་དག་འབྱུང་། །གང་ཞིག་ལ་ལར་རབ་ཏུ་ གནས། །བསྟན་བཅོས་མཐའ་དག་ས་སྟེང་དུ། །གྲུབ་མཐའ་ངེས་པ་ཡང་དག་གནས། །འདི་ནི་ཤེས་པས་འགྲུབ་པ་སྟེ། །སྔགས་རྣམས་ཀུན་ནི་ཐེ་ཚོམ་མེད། །འཇིག་རྟེན་འདི་དང་ཕ་རོལ་དུ། །དེ་མེད་པར་ཡང་ དངོས་གྲུབ་མེད། །གྲུབ་མཐའ་རིག་བྱེད་མཐའ་དག་ནི། །སྙིང་པོ་གཅིག་ཏུ་རབ་གྲགས་པ། །བདག་ཉིད་ཀྱིས་ནི་འགྲུབ་པར་འགྱུར། །རྣལ་འབྱོར་བདག་ཉིད་གཉིས་མེད་ཟླས། །དངོས་གྲུབ་ཐམས་ཅད་ཐེ་ཚོམ་མེད། ། ལས་རྣམས་ཀུན་གྱིས་གོས་མེད་དེ། །རབ་འཕེལ་ཀུན་དུ་གཙོ་བོར་འགྱུར། །ལུས་རྣམས་ཀུན་ལ་རྣམ་པར་གནས། །དཔལ་ལྡན་ཁྲག་འཐུང་ལྷར་ཤེས་བྱ། །རིགས་རྣམས་ཀུན་ལ་ཀུན་ཏུ་སྤྱད། །ཁ་ཟས་ལ་ ནི་བརྟག་མེ་བྱ། །འདི་ནི་དོན་དམ་ཡེ་ཤེས་ཏེ། །འདི་ནི་གོ་འཕང་མཆོག་ཡིན་ནོ། །སྔགས་རྣམས་སྙིང་པོ་འདི་དག་ནི། །འཇིག་རྟེན་ཀུན་ལ་སྟེར་བ་ཡིན། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་རྡོ་རྗེ་ཕག་མོའི་ རྩ་བའི་སྔགས་ཀྱིས་ཐམས་ཅད་དག་པའི་ལེའུ་ཞེས་བྱ་བ་སྟེ་དགུ་པའོ།། །། དེ་ནས་སྔགས་འདི་ཐོབ་པ་ཡིས། །རང་འདོད་དཀྱིལ་འཁོར་བྱས་ནས་ནི། །རྡོ་རྗེ་ཕག་མོ་མ་དེ་གཞག ། རབ་ཏུ་འབད་པས་བཟླས་པ་བྱ། །རང་འབྱུང་རྡུལ་ནི་དམར་པ་ཡིས། །ཡུལ་ནས་རྙེད་པའི་རས་གཏུབ་ཅིང་། །བྱི་ལ་ཡི་ནི་རྟུག་པ་ཉིད། །དངོས་གྲུབ་འདོད་པས་སྤོས་སུ་བྱ། །བཅོམ་ལྡན་འདས་ཀྱིས་བྱིན་གྱིས་ རློབ། །སྤོས་བཟང་འདི་ནི་སྔགས་རིག་གོ། །རྡོ་རྗེ་ཕག་མོའི་ཕྱག་རྒྱ་ཡིས། །ཐོད་པ་ཁ་སྦྱར་བཅིང་བར་བྱ། །སྐྲ་ཡི་སྦྱིན་སྲེག་བརྗོད་པ་སྟེ། །དེ་ལྟར་མ་རྟོགས་མཉམ་བཤད་པའི། །དམ་ཚིག་རབ་ཏུ་བསྐྱང་བར་ 86-1-204b བྱ། །རྟག་ཏུ་ཕྱག་རྒྱ་མཆོད་བྱ་སྟེ། །རྟག་ཏུ་བཟའ་བཏུང་བྱ་བ་ཡིན། །འདི་ལྟར་སྔགས་ཞེས་བྱ་བ་ཡིན། །དངོས་གྲུབ་ཐམས་ཅད་རབ་ཏུ་སྟར། །ཆང་དང་བ་ལང་ཤ་བསྒོས་ཏ། །ལག་པ་གཡོན་པས་སྦྱིན་སྲེག་བྱ། ། ལྷ་རྣམས་ཀུན་དང་སྐར་མ་དང་། །ཀླུ་སོགས་སུམ་བཅུ་རྩ་གསུམ་གནས། །སངས་རྒྱས་ཀྱང་ནི་དབང་འགྱུར་ན། །ཕྲ་མོ་མི་རྣམས་སྨོས་ཅི་དགོས། །ལྕེ་ཡི་དྲི་མ་སོ་ཤིང་དང་། །དེ་བཞིན་རང་ལུས་དྲིས་ཕྱིས་ དང་། །མི་དང་ཨ་ལཀྟ་དག་གི། །སྦྱིན་སྲེག་དག་ནི་བྱས་པ་ཡིས། །འཇིག་རྟེན་གསུམ་ནི་དབང་དུ་འགྱུར། །རྡུལ་དང་རང་བྱུང་དམར་པོ་དང་། །ཁ་ཟས་སྐྱུགས་པའི་བཟའ་བ་དང་། །མི་ཡི་སྐྲ་དང་ཡང་དག་ ལྡན། །ལན་ཅིག་གིས་ནི་འགུགས་པའི་མཆོག །རང་ལུགས་མར་ནི་སྐྱུགས་པ་དང་། །རང་གི་སྐྲ་ཡིས་སྦྱིན་སྲེག་བྱ། །ནིམ་པའི་ཤིང་གིས་མེ་སྦར་བས། །ལན་ཅིག་གི་ནི་སྡང་བའི་མཆོག །བྱ་རོག་ སྒྲོ་ཡིས་སྦྱིན་སྲེག་བྱ། །སྨྱོ་བྱེད་མ་ལ་མཉམ་གཞག་པས། །ཚ་བའི་མར་ཁུས་ཡང་དག་ལྡན། །སྐད་ཅིག་ཙམ་གྱིས་གསད་དང་བསྐྲད། །སྟོང་ཕྲག་དགུ་རུ་དགང་བླུགས་དང་། །སྦྱིན་སྲེག་དག་ནི་བྱ་ བ་སྟེ། །དུས་མི་རིང་བར་རྒྱལ་པོ་འཐོབ། །གང་གིས་ཤ་ནི་བླུགས་པ་དང་། །མཁས་པས་དགང་བླུགས་བརྒྱ་ཕྲག་གིས། །དེ་ཡི་ཟླ་གསུམ་ནང་དུ་ནི། །སྐད་ཅིག་ཙམ་གྱིས་དབུལ་བ་ཟད། །གང་གིས་རྟག་ ཏུ་དྲན་པ་ཡིས། །སྐྱེ་བོ་ཀུན་ལ་སྡུག་པར་འགྱུར། །ཞག་ནི་ཉི་ཤུ་རྩ་གཅིག་གིས། །འགྲུབ་པར་འགྱུར་ཏེ་ཐེ་ཙོམ་མེད། །འདོད་པའི་ལྷ་འདྲ་བུད་མེད་མཆོག །མྱོས་ཤིང་སྨྱོ་བ་བསྟེན་པར་བྱ། །འདོད་པ་ ཤིན་ཏུ་རྒྱས་པ་ཡིས། །འཇིག་རྟེན་རྣམས་ལ་བརྩེ་བར་བྱ། །ས་སྟེངས་རྣམས་སུ་དངོས་གྲུབ་ཐོབ། །བུད་མེད་བྱེ་བས་ཡོངས་སུ་བསྐོར། །དཔལ་ལྡན་རྡོ་རྗེ་ཕག་མོ་དང་། །དཔལ་ལྡན་ཁྲག་འཐུང་མཉམ་སྦྱོར་ 86-1-205a ལ། །དཔའ་བོ་ཀུན་གྱིས་ཕྱག་བྱས་ནས། །འཇིག་རྟེན་གསུམ་དུ་དངོས་གྲུབ་སྟེར། །དམ་ཚིག་སྤྱོད་པ་བསྲུང་བར་བྱ། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་དཔལ་རྡོ་རྗེ་ཕག་མོའི་རྩ་བའི་ སྔགས་ཀྱི་སྦྱིན་སྲེག་གི་ཆོ་གའི་ལས་ཀྱི་ལེའུ་ཞེས་བྱ་བ་སྟེ། བཅུ་པའོ།། །། དེ་ནས་ལས་མཆོག་དམ་པ་དག །དཔའ་བོ་གཉིས་མེད་རྣལ་འབྱོར་ནི། །རྟག་ཏུ་འཁྱུད་པས་གསང་མཆོད་བྱ། །རྣལ་ འབྱོར་མས་ནི་མཆོག་སྟེར་འགྱུར། །སྒྲུབ་པ་པོས་ནི་ནུབ་ཀུན་དུ། །དེ་ནས་ཕོ་ཉ་མཆོད་པར་བྱ། །ཤ་ཟའི་རྩ་བ་ཁར་བཅུག་སྟེ། །ཇི་ཙམ་འདོད་པ་དེ་ཙམ་དུ། །རྟགས་ནི་ལས་སུ་འགྱུར་བ་སྟེ། །ས་ཡི་དབུ་ ནི་སྙིང་པོ་དག །ཏིལ་གྱིས་མར་ཁུར་བཙོས་ནས་ནི། །རྐང་པའི་མཐིལ་ལ་བྱུག་པར་བྱ། །དེ་ནས་རྟགས་སུ་གྱུར་པ་སྟེ། །པ་ཏ་དང་ནི་ཀ་ཊུ་དང་། །རོ་ཧ་ནི་དང་རྟ་ཡི་དྲི། །འདི་རྣམས་ཆ་ནི་མཉམ་བྱས་ཏེ། ། ཨརྒའི་འོ་མར་བཏགས་ནས་ནི། །ལིང་ག་ལ་ནི་བསྐུས་བྱས་ནས། །ཇི་ཙམ་ཚད་དུ་འདོད་པ་རུ། །དེ་ཙམ་ཚད་དུ་འདོད་པ་ཡིན། །མྱུར་དུ་ཆུ་ནི་དྲོན་མོ་ཡིས། །བསྐུས་ན་སྔ་མ་བཞིན་དུ་འགྱུར། །པད་མ་ དཀར་པོ་གེ་སར་དག །སྦྲང་རྩི་དག་དང་བཏགས་ནས་ནི། །ལྟེ་བ་ལ་ནི་བསྐུས་ནས་ནི། །རྟགས་ནི་བརྟན་པར་འགྱུར་བ་ཡིན། །པད་མ་དམར་པོ་གེ་སར་དང་། །ཏིལ་ནི་དཀར་པོ་དག་དང་ནི། །མ་ཧེའི་ མར་མི་མ་བསྐོལ་དང་། །དཔའ་བོ་གཅིག་པའི་རྩ་བ་དང་། །སྦྲང་རྩི་ལྷན་ཅིག་བཏགས་ནས་ནི། །ལྟེ་བ་ལ་ནི་བྱུགས་བྱས་ན། །དེ་སྲིད་རྟགས་ནི་འགྱེས་མི་འགྱུར། །རྡུལ་དང་ཡུང་བ་གཉིས་བླངས་ཏེ། ། བ་ཡི་དར་བ་བྲེ་དོ་ནི། །ཇི་སྲིད་བྲེ་གང་གྱུར་ཙམ་དུ། །དེ་སྲིད་བསྐོལ་བར་བྱས་པ་ཡིན། །དེ་ལྟར་བཏུང་བར་བྱས་པ་ནི། །ཉི་མ་བདུན་གྱིས་རྫོགས་པར་འགྱུར། །བཅུད་ལེན་སྦྱོར་བ་ཡང་དག་པ། ། 86-1-205b དཔའ་བོ་ཡིས་ནི་གསུངས་པའོ། །སྤྲེའུའི་མཆིལ་མ་བླང་བྱས་ཏེ། །ཕྱེ་མ་ཞིབ་མོར་བྱས་པ་དང་། །རང་གི་དཔའ་བོའི་སྒོ་ནས་ནི། །བྱུང་དང་ཡང་དག་ལྡན་བྱས་ནི། །དབང་དུ་བྱེད་པའི་མཆོག་ཡིན་ནོ། །རྡོ་རྗེ་ ཕག་མོ་བཟླས་བྱས་ཏེ། །ཡིད་ནི་གང་དང་གང་གནས་པ། །ལན་ཅིག་བཟླས་པའི་སྡིགས་འཛུབ་ནི། །ལག་པ་གཡོན་པ་བསྐོར་བྱས་ཏེ། །གང་དང་གང་ལ་བསམས་པ་སྟེ། །འཚོ་བ་གྲོ་དང་གསེར་དང་ ནི། །བཟའ་བའི་ཟས་དང་བཏུང་བ་དག །དེ་དག་ཐམས་ཅད་བླངས་ནས་ནི། །སྔགས་པའི་ཁྱིམ་ནི་ཡོངས་སུ་གང་། །ཁྲག་དང་རང་བྱུང་གཅིག་བྱས་ཏེ། །སྒྲུབ་པོས་རིག་པ་ལན་བདུན་བཟླས། །དེས་ནི་ མི་ལ་རེག་བྱས་ན། །རེག་པས་སྐྱེས་བུ་ཁྲག་འཛག་འགྱུར། །ལན་ཅིག་བཟླས་པའི་རིག་པ་འདིས། །ཆུས་ནི་ཡོངས་སུ་ཐར་བར་འགྱུར། །དེ་ལྟར་སེམས་ཅན་གང་གང་ནི། །ཁྲག་དང་ཁྲག་ཆེན་པོ་དག་ གིས། །སྐུད་བ་སྦགས་ཏེ་བཅིང་བར་བྱ། །ལན་བདུན་བཟླས་པ་དག་གིས་ནི། །དེ་གཟུགས་འཛིན་པར་ཐེ་ཙོམ་མེད། །ཀུན་དུ་ཆུ་ཡིས་གྲོལ་བར་འགྱུར། །བལྟས་པས་བུད་མེད་གཟུགས་བཟང་དང་། ། རྒྱལ་པོ་རྣམས་དང་ས་བདག་དག །སྒྲུབ་པོས་མཐོང་དང་མ་མཐོང་བ། །ཐམས་ཅད་འགུགས་པར་གྱུར་པ་སྟེ། །ལན་བདུན་མངོན་པར་བསྔགས་བྱས་ནས། །མདའ་ཡི་ཤུགས་ཀྱིས་འོང་བར་འགྱུར། ། ཉི་མ་བདུན་ན་ཐེ་ཙོམ་མེད། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་དཔལ་རྡོ་རྗེ་ཕག་མོའི་རྩ་བའྀ་སྔགས་ཀྱི་རྣལ་འབྱོར་གྱི་འདོད་པ་དང་། བཅུད་ཀྱིས་ལེན་དང་འགུགས་པའི་ཆོ་གའི་ལེའུ་ཞེས་བྱ་བ་ སྟེ་བཅུ་གཅིག་པའོ།། །། དེ་ནས་དངོས་གྲུབ་རྣལ་འབྱོར་ཆེ། །འཇིགས་པ་ཐམས་ཅད་རྣམ་སྤངས་ཏེ། །ཐང་ཀའི་གཟུགས་ཀྱི་རི་མོ་ནི། །སྔགས་པས་ཆོ་ག་བཞིན་དུ་བྲི། ། 86-1-206a རྣལ་འབྱོར་མ་ཡི་ལུས་གནས་པ། །བསྒྲུབ་པ་པོས་ནི་མཚན་པར་བྱ། །བཅུ་བཞི་དང་ནི་ཚེས་བརྒྱད་དམ། །ནག་པོའི་ཕྱོགས་ཀྱི་ཚེས་བཅུ་ལ། །རིག་པས་ནུབ་མོ་མཆོད་པར་བྱ། །སྒྲུབ་ པོས་དྲི་དང་མེ་ཏོག་དང་། །སྤོས་ནི་ཇི་ལྟར་གསུངས་པ་དང་། །དེ་བཞིན་ཡང་ནི་བཟའ་དང་བཏུང་། །མར་མེ་ཕྲེང་བ་དབུལ་བ་དང་། །དྲི་ཞིམ་སྤོས་ཀྱིས་མཆོད་པར་བྱ། །སྟན་གཅིག་ལ་ནི་གནས་ནས་ནི། ། ལྷ་ལ་མངོན་པར་ཁ་བལྟས་ནས། །སྔགས་པས་ཁ་ནི་ནུབ་ཏུ་བལྟ། །སྒྲུབ་པ་པོས་ནི་ཐང་ཀའི་གཟུགས། །ཞལ་བཞི་ཕྱག་ནི་བཞི་པ་དང་། །ཐོད་པ་དང་ནི་ཁ་ཊྭཱྃ་ག །མཛེས་པ་དག་ནི་གཟུང་བར་བྱ། ། ལག་པས་ཞགས་པ་ལྕགས་ཀྱུ་བཟུང་། །ཁ་དོག་ནག་པོ་འབར་བ་ཆེ། །ཐོད་པའི་ཕྲེང་བ་བཅིངས་པ་དང་། །སྟག་གི་ལྤགས་པས་བླ་གོས་བྱས། །སྟན་ལ་གཡས་བརྐྱང་བ་ཡིས་གནས། །རལ་པའི་ ཅོད་པན་ཟླ་ཚེས་བརྒྱན། །ཤིན་ཏུ་མཛེས་པའི་རུས་པས་བརྒྱན། །ཆོ་གས་ཡང་དག་བསྒོམ་བྱས་ནས། །དེ་ནས་ཕྲེང་བ་བླང་བར་བྱ། །སྟན་གཅིག་ལ་ནི་གནས་ནས་ནི། །དཔའ་བོ་ཆེན་པོ་འཇིགས་པ་ ཡིས། །མེ་འདྲའི་ལུས་ཀྱི་རིག་པ་བཟླས། །སྒྲུབ་པ་པོས་ནི་སྙིང་པོ་ནི། །མཚན་ནི་ཐོག་ཐག་བཟླས་པ་བྱ། །དང་པོའི་ཐུན་ལ་ཧ་ཧ་རྒོད། །སྤྱང་ཀི་ཡི་ནི་སྒྲ་སྒྲོགས་པ། །སྒྲུབ་པོ་གཡོག་དང་བཅས་པ་ཡིས། ། དེ་མཐོང་འཇིགས་པར་མི་བྱའོ། །གཉིས་པ་ཡི་ནི་ཐུན་དག་ལ། །ནམ་མཁའི་སྟེང་དུ་འབར་བར་མཐོང་། །མི་གཡོ་བས་ནི་བཟླས་པ་བྱ། །འགྲོ་བ་ཐམས་ཅད་ཟ་འདྲ་ཡང་། །སྲིན་པོའི་འཇིགས་པ་ འགྱུར་བའི་ཞལ། །ཐུན་གསུམ་པ་ལ་མཐོང་བ་ཡིན། །ལྷར་བཅས་ལྷ་མིན་མིར་བཅས་རྣམས། །ཐུན་བཞི་པ་ལ་འགྲུབ་པར་འགྱུར། །རྡོ་རྗེ་ཕག་མོ་མཆོག་སྟེར་ལག །དཔའ་བོ་ཆེན་པོ་ལེགས་སོ་ 86-1-206b ལེགས། །ང་ཡིས་མཆོག་ནི་སྦྱིན་ཞེས་སྨྲ། །མཆོག་ཏུ་ས་འོག་འགྲོ་བ་དང་། །རལ་གྲི་མིག་སྨན་འཁོར་ལོ་དང་། །ངག་གིས་ཐམས་ཅད་འགྲུབ་པ་དང་། །ཕྱག་རྒྱ་ཆེན་པོ་རྗེས་སུ་འགྲུབ། །ཕྱག་རྒྱ་གང་ གིས་སྒྲུབ་པ་པོ། །དངོས་གྲུབ་ཐམས་ཅད་ཕུན་སུམ་ཚོགས། །དཔལ་ལྡན་ཁྲག་འཐུང་དེས་མཆོད་བྱ། །ཕྱག་རྒྱའི་ཡིད་དང་ལུས་ངག་ལ། །ཕྱག་རྒྱའི་མཆོད་པས་མཆོག་ནི་ཡོད། །འདི་ནི་བསྟན་བཅོས་ ངེས་པ་ཡིན། །ཕྱག་རྒྱས་དངོས་གྲུབ་ཤེས་པ་སྟེ། །འཇིག་རྟེན་གསུམ་ན་ཡང་དག་གནས། །དཔའ་བོ་རྣལ་འབྱོར་མས་བཤད་པ། །མ་ལུས་ལུས་པ་མེད་པ་འགྲུབ། །དཔལ་ཁྲག་འཐུང་མངོན་པར་ འབྱུང་བ་ལས་ཕྱག་རྒྱ་ཆེན་པོ་བསྒྲུབ་པའི་ཐབས་ཀྱི་ཆོ་གའི་ལེའུ་ཞེས་བྱ་སྟེ་བཅུ་གཉིས་པའོ།། །། དེ་ནས་དགུག་པ་བཤད་པར་བྱ། །སྐྱེ་བ་བདུན་པས་དངོས་གྲུབ་སྟེར། །སྲིད་པར་དངོས་ གྲུབ་དཔའ་བོ་ཆེ། །ཐམས་ཅད་པས་ནི་ལུས་གནས་མཆོག །ཀུན་དུ་ལག་པ་བརྐྱང་བའི་མཐའ། །ཀུན་དུ་མིག་དང་སྤྱི་བོ་དང་། །ཀུན་དུ་ཁ་དང་རྣ་བ་ཡིས། །འཇིག་རྟེན་པ་རྣམས་བསྐོར་ཏེ་གནས། །དེ་ཕྱིར་ མྱུར་དུ་བསྒྲུབ་པར་བྱ། །གཉིས་མེད་ཡེ་ཤེས་སེམས་ཀྱི་ནི། །རང་གི་ལུས་ལ་ངེས་ཕྱུང་བ། །འོག་གི་ཆར་ནི་ཐེ་ཚོམ་མེད། །དེ་རུ་བསྒྲུབ་བྱ་ལ་ནི་གཞུག །རྩ་བའི་ལམ་ནས་རྣལ་འབྱོར་མ། ། ཕྱུགས་ཀྱི་ས་བོན་བླངས་ནས་ནི། །བདག་གི་ལུས་ལ་གཞུག་པར་བྱ། །རླུང་དང་མེ་ནི་ཡང་དག་འབྱུང་། །བསྒྲུབ་བྱའི་ལུས་ནི་བཟའ་བ་ཡིན། །མགྲིན་པ་ཞགས་པས་བཅིངས་ནས་ནི། །ལྷ་མོའི་ སྔགས་ཀྱིས་རྨོངས་བྱས་ཏེ། །ཐམས་ཅད་གུགས་པར་འགྱུར་བ་ཡིན། །སྒྲུབ་པ་པོ་ཡིས་སྔགས་ལུས་ཀྱིས། །བརྒྱལ་ཞིང་དྲན་མེད་རྨོངས་པ་མེད། །རྡོ་རྗེ་ཕག་མོས་ཤིན་དུ་རྨོངས། །དེ་ནི་རྟག་ཏུ་ 86-1-207a དབང་དུ་འགྱུར། །འོང་ཞིང་རྗེས་སུ་འོང་བར་འགྱུར། །དེ་ལྟ་ཉིད་དུ་བཀོད་ནས་ནི། །བསམ་གཏན་དག་དང་ཡང་དག་ལྡན། །བདག་ཉིད་ཆེན་པོས་བརྒྱ་བྱིན་དང་། །སྔོན་དུ་བརྒྱ་བྱིན་ ཆུང་མ་བཀུག །དེ་ནས་ཐབས་ནི་ཤེས་པར་བྱ། །ཁམས་གསུམ་དག་ནི་མ་ལུས་དང་། །རྒྱལ་བ་རྣམས་ཀྱང་དགུག་པར་བྱ། །ཀུན་དུ་ཐབས་ནི་ཕན་པའི་མཆོག །གང་ཞིག་རྒྱུད་རྣམས་ཀུན་དུ་སྦས། ། རྣལ་འབྱོར་སྔགས་ནི་གསུངས་པའོ། །བརྟུལ་ཞུགས་དང་ནི་བཟླས་པ་བྲལ། །སྨྱུང་བ་ཅུང་ཟད་མི་དགོས་ཏེ། །བསམ་གཏན་འདི་ཡིས་འགྲུབ་པར་འགྱུར། །འགྲོ་བ་བལྟ་ཞིང་རབ་ཏུ་སྦྱར། །དཔལ་ཁྲག་ འཐུང་མངོན་པར་འབྱུང་བ་ལས་སྐྱེ་བ་བདུན་པ་ལ་སོགས་པ་ཐམས་ཅད་དགུག་པའི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་བཅུ་གསུམ་པའོ།། །། དེ་ནས་དཀྱིལ་འཁོར་ཆོ་ག་བཤད། །དངོས་གྲུབ་ཐམས་ཅད་ རབ་སྟེར་བ། །འཁོར་ལོ་ཆེན་པོ་པད་མ་བཞིན། །དཔའ་བོ་གཉིས་མེད་རྣལ་འབྱོར་མ། །དཀྱིལ་འཁོར་རྒྱལ་པོ་མཐོང་བ་ཡིས། །དངོས་གྲུབ་ཅི་སྟེ་སྐྱེ་མི་འགྱུར། །རིང་པོ་ནས་ནི་ཐོས་པ་དང་། །རིང་ པོ་རྣམས་ནི་མིག་གིས་མཐོང་། །རྣལ་འབྱོར་མ་ཡིས་འདོད་ཆགས་དང་། །ཞེ་སྡང་རྣམས་ནི་སྤོང་བ་ཡིན། །གྲུ་བཞི་པ་ལ་སྒོ་བཞི་པ། །པད་མ་བཞི་ནི་ཡང་དག་ལྡན། །གྲུབ་པའི་སློབ་དཔོན་མཚན་ཉིད་ ལྡན། །དཀྱིལ་འཁོར་ཐིག་ནི་གདབ་པར་བྱ། །ས་ཡི་ཆ་མཉམ་ཡིད་འོང་བར། །ཟུག་རྔུ་ཐམས་ཅད་རྣམ་སྤངས་ཏེ། །ཚོན་སྣ་ལྔ་དང་ལྡན་པ་ཡིས། །དཀྱིལ་འཁོར་མཆོག་ནི་བྲི་བ་ཡིན། །དངོས་ གྲུབ་འདོད་པས་མཉམ་གཞག་པས། །ཕོ་ཉ་དག་ནི་མཆོད་པར་བྱ། །དཔའ་བོའང་མཆོད་པར་འགྱུར་བ་ཡིན། །དེས་ནི་རྡུལ་ཚོན་བསྒྲུབ་པར་བྱ། །རྡུལ་ཚོན་རྫོགས་པ་ཉིད་ཀྱིས་ནི། །འདོད་པའི་དོན་ཀུན་ 86-1-207b ཐར་པ་སྟེར། །མཐེ་ཆུང་གི་ནི་ཚད་ཙམ་དུ། །རྡུལ་ཚོན་ཡང་དག་བྲི་བྱ་སྟེ། །གལ་ཏེ་རེ་མིག་འདི་དག་ནི། །དམའ་དང་ཆད་དང་འཁྱོག་པོར་འགྱུར། །དམའ་བའི་རེ་གས་དངོས་གྲུབ་མེད། །འཁྱོག་པོས་ནད་ནི་ བྱེད་པ་སྟེ། །སློབ་དཔོན་སློབ་མ་གཉིས་ཀ་ནི། །རི་མོ་ཆད་པས་འཆི་བར་འགྱུར། །དེ་ལྟེར་རི་མོའི་མཚན་ཉིད་ལྡན། །ས་ཡི་དབུས་སུ་མཐོ་བ་བྲི། །ཤར་དང་བྱང་དག་དམའ་བས་ནི། །སྔགས་པས་དངོས་གྲུབ་ཐོབ་ པར་འགྱུར། །ཤར་དང་བྱང་དག་དམའ་བ་དང་། །དབུས་མི་མཐོ་བས་རྒྱལ་པོར་འགྱུར། །རིག་པ་འཛིན་པའི་གོ་འཕང་ངེས། །བྱང་མཐོ་བས་ནི་འཆི་བར་འགྱུར། །ཡང་ན་ནོར་ནི་བརླག་པར་འགྱུར། ། ཇི་ལྟར་སྔོན་གསུངས་ཤར་མཐོ་བས། །མྱུར་དུ་རིགས་ནི་ཟད་པར་འོང་། །ཇི་ལྟར་ས་ཡི་དབུས་དམའ་བས། །སྒྲུབ་པ་པོ་ནི་གསོད་པ་ཡིན། །དེ་ལྟར་རི་མོ་མཚན་ཉིད་ལྡན། །ས་ལ་དཀྱིལ་འཁོར་ཀུན་དུ་ བྲི། །ཁྲུ་གང་ཁྲུ་གཉིས་ཁྲུ་བཞི་འམ། །བརྒྱད་དམ་བཅུ་གཉིས་བཅུ་དྲུག་ཉིད། །སྟེང་དང་འོག་ཏུ་བརྟག་པ་མེད། །གལ་ཏེ་རྟོག་པ་མེད་ན་ནི། །སློབ་དཔོན་ཡེ་ཤེས་རྙེད་པར་དཀའ། །དམྱལ་བ་མི་བཟད་ པར་ནི་འགྲོ། །གང་ཞིག་དམན་པའི་མི་རུ་འགྱུར། །དེ་ནས་དགོད་པའི་ཆོ་ག་བཤད། །དཔའ་བོ་གཉིས་མེད་རྣལ་འབྱོར་མས། །དཔལ་ལྡན་རྡོ་རྗེ་ཁྲག་འཐུང་ལྷ། །དྲུག་བཅུ་རྩ་བཞིའི་འཁོར་གྱིས་བསྐོར། ། གཤིན་རྗེ་མ་དང་སྐྲག་བྱེད་མ། །ཙན་ཏི་ཀ་ནི་ཀུན་སྤྱོད་མ། །ནོར་མ་དཔའ་བོའི་བློན་པོ་དང་། །སྡུད་མ་འཇིགས་མ་བརྒྱད་པ་སྟེ། །དངོས་གྲུབ་ཐམས་ཅད་རབ་སྟེར་བའོ། །གཟུགས་ཅན་མ་དང་འོད་བྱེད་མ། ། ལཱ་མ་དང་ནི་རབ་འཕེལ་མ། །ས་པ་ལི་ཀ་སླར་ལྡོག་མ། །ཨི་ཧི་ཀ་དང་གར་དབང་ཕྱུག །བརྒྱད་པ་རུ་ནི་བརྗོད་པ་སྟེ། །རྣལ་འབྱོར་མ་ནི་ཡོངས་སུ་གྲགས། །ཁྲོ་གཉེར་མ་དང་མཆེ་གཙིགས་མ། ། 86-1-208a སྣ་ཆེན་མ་དང་བ་ལང་གདོང་། །དྲི་ཆེན་མ་དང་གླང་ཆེན་ལྟེ། །བ་ལང་རྣ་བ་གདོང་བཟངས་ཏེ། །རྣལ་འབྱོར་སྤྱོད་པར་གྱུར་པའོ། །དམར་བའི་གཏུམ་མོ་ཉིད་དང་ནི། །ས་ནི་ལྗང་གུ་ཉིད་དག་དང་། ། སྟོབས་ཆེན་དཔག་ཚད་གསུམ་མ་དང་། །རྩུབ་མོ་དང་ནི་བདེན་སྨྲ་མ། །ཞལ་ནི་ཤིན་དུ་མཛེས་མ་དང་། །ཐོད་པའི་དུམ་བུ་མ་དག་སྟེ། །འདི་རྣམས་སྙིང་རྗེའི་དངོས་གྲུབ་སྟེར། །སྔོན་གྱི་རྡོ་རྗེ་ཕག་མོ་ཉིད། །རང་ ཉིད་ཀྱི་ནི་རིག་པ་ཡིན། །རང་མིང་བརྗོད་པའི་སྔགས་དག་ལ། །དང་པོར་ཨོཾ་གྱི་ཡི་གེ་དང་། །ཧཱུྃ་ཧཱུྃ་ཕཊ་ཀྱིས་མཐའ་མར་སྦྱར། །འདོད་པའི་དོན་ཀུན་སྒྲུབ་པ་པོས། །དེ་ནི་རྟག་ཏུ་མཆོད་པར་བྱ། །དེ་ལྟར་ ཐམས་ཅད་ཐེ་ཙོམ་མེད། །སྲིང་མོ་དང་ནི་བུ་མོ་དང་། །ཆུང་མ་ཤིན་དུ་གཟུགས་བཟང་དང་། །རྟ་དང་གླང་པོ་བ་ལང་དང་། །ཞིང་དང་བྲན་ཕོ་བྲན་མོ་དང་། །རིན་ཆེན་རྣམས་ནི་དབུལ་བར་བྱ། །དེང་ནས་བརྩམས་ཏེ་ བདག་ཉིད་འབངས། །བདག་གི་ལུས་ནི་ཕུལ་བ་ལགས། །སློབ་མ་དག་ནི་མི་འཕུལ་ན། །དངོས་གྲུབ་རིང་བར་ཐེ་ཚོམ་མེད། །འཇིག་རྟེན་འདི་དང་ཕ་རོལ་ན། །དེས་ནི་དངོས་གྲུབ་མི་འཐོབ་བོ། །དཀྱིལ་འཁོར་ མཐོང་བ་ཉིད་ཀྱིས་ནི། །དངོས་གྲུབ་ཅི་སྟེ་སྐྱེ་མི་འགྱུར། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །འབད་པས་སློབ་དཔོན་དགྱེས་པར་བྱ། །དེ་ཡིས་དངོས་གྲུབ་མྱུར་དུ་འགྱུར། །དེ་བཞིན་གཤེགས་པའི་ལྷ་ཡིས་ནི། ། ཇི་ལྟ་བུ་རུ་གསུངས་པ་ཡི། །ཇི་ལྟ་བཞིན་དུ་རྡུལ་ཚོན་ལྔས། །དཀྱིལ་འཁོར་མཉམ་པར་བྲི་བར་བྱ། །གདོང་ནི་གོས་ཀྱིས་བཅིངས་བྱས་ཏེ། །ལྷོ་ཕྱོགས་སྒོར་ནི་དགུག་པར་བྱ། །མེ་ཏོག་སྙིམ་པས་གཏོར་བར་བྱ། །མེ་ ཏོག་གང་དུ་ལྷུང་བ་ཡི། །གནས་ལ་སོགས་པ་བསྟན་པར་བྱ། །ཨོཾ་ཤྲཱི་ཧེ་རུ་ཀཱ་ཡ་བིད་མ་ཧེ་བིདྱ་རཱ་ཛཱ་ཡ་དྷཱིཿམ་ཧེ་སྭཱ་ཧཱ། བདག་གིས་དཔའ་བོ་རབ་ཏུ་བསྐུལ། །བཀླགས་པས་ལས་ནི་ཐམས་ཅད་བྱེད། །འཆི་བའི་དུས་ཀྱི་དངོས་གྲུབ་ནི། ། 86-1-208b འཆི་བ་ལ་ནི་བརྗོད་པར་འགྱུར། །དངོས་གྲུབ་འདི་ཡི་བྱེ་བྲག་གིས། །ཉི་མ་གཅིག་གིས་དངོས་གྲུབ་ཆེ། །འཇིག་རྟེན་གསུམ་སྒྲུབ་བསྒོམ་པར་བྱ། །སྒྲུབ་པའི་དབང་པོ་ཆོ་ག་ཤེས། །དཔལ་ལྡན་ཧེ་རུ་ཀ་ཡི་ནི། །བརྟུལ་ཞུགས་ལ་ནི་ནུབ་ གསུམ་གནས། །ལྷ་ཡི་ལུས་སུ་སྐྱེ་བར་འགྱུར། །ལྷ་ཡི་ཡེ་ཤེས་མཐོང་འགྱུར་ཏེ། །དེ་བཞིན་ལྷ་ཡི་གཟུགས་སུ་འགྱུར། །རྩོད་པ་ཀུན་ལས་རྒྱལ་བ་དང་། །རྒས་དང་འཆི་བ་རྣམ་པར་སྤངས། །སངས་རྒྱས་བཞིན་དུ་ལྷ་མོ་བསྟེན། ། དཔའ་བོ་བཞིན་དུ་ས་ལ་རྩེ། །ཕྱག་རྒྱ་དང་ནི་བཅས་ཉིད་དུ། །ཉི་མ་གསུམ་གྱིས་འགྱུར་བ་ཉིད། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་ལྷ་དགོད་པ་དང་དབང་བསྐུར་བ་དང་། བླ་མ་མཆོད་པའི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ། བཅུ་ བཞི་པའོ།། །། དེ་ནས་དཀྱིལ་འཁོར་བཤད་པར་བྱ། །དབང་བསྐུར་འཁོར་ལོ་མཆོད་པ་ནི། །སློབ་མས་ཉི་མ་བཟང་པོ་འམ། །ཇི་ལྟར་དུ་ནི་ནུབ་མོ་ལའོ། །དེ་ནས་དཔའ་བོ་མཆོད་པར་བྱ། །སྟན་ཅིག་ལ་ནི་གནས་ ནས་ཀྱང་། །ཕོ་ཉ་མོ་ནི་བཅུ་དྲུག་ཉིད། །དཔའ་བོ་དང་ནི་གཉིས་མེད་གནས། །དཔལ་ལྡན་རྡོ་རྗེ་ཕག་མོ་ལ། །སུམ་བྷ་ནི་ཡི་རིག་པ་ཡི། །ཕྱོགས་བཞི་རུ་ནི་མཆོད་པར་བྱ། །དེ་ལྟར་རྣལ་འབྱོར་ཆེན་པོ་མཆོད། ། གཟུགས་བརྒྱད་པོས་ནི་རབ་ཏུ་བསྲུང་། །སྔགས་དང་ཕྱག་རྒྱ་ཡོངས་རྫོགས་ནས། །གཉིས་མེད་ཡེ་ཤེས་བརྩམ་པར་བྱ། །དམ་ཚིག་ཐམས་ཅད་བསྐྱང་བྱ་སྟེ། །འཇིག་རྟེན་གསུམ་ན་རྙེད་དཀའ་བ། །གཡོན་ནས་ སྐྱེས་པས་བྱེད་པ་ཡིན། །དམ་ཚིག་སྤྱོད་པའི་མཚན་ཉིད་དང་། །སྦྱོར་ཉིད་ཆོ་གའི་ཡེ་ཤེས་ནི། །དེ་ནི་ང་ཡིས་བཤད་ཀྱིས་ཉོན། །དབུགས་དབྱུང་མཆོག་གི་བར་དག་ནི། །དྲི་ཡི་ཆུ་དང་བཅས་པ་དང་། །རྟག་ཏུ་རི་ ལུ་བཟའ་བར་བྱ། །མཆོད་པའི་དུས་ཀྱི་བྱེ་བྲག་ལ། །ཕོ་ཉས་ལྷན་ཅིག་སྐྱེས་དངོས་གྲུབ། །དམན་པ་མཆོག་དང་འབྲིང་རྣམས་ཀྱི། །དེ་ཡིས་སྦྱོར་བས་དངོས་གྲུབ་འགྱུར། །འདོད་པའི་དོན་ཀུན་སྒྲུབ་པ་པོ། ། 86-1-209a དཔལ་ལྡན་ཧེ་རུ་ཀ་ལས་བྱུང་། །རང་བྱུང་མེ་ཏོག་ཉིད་དག་གིས། །ཆོ་ག་ཤེས་པས་ཀུན་དུ་སྤྱོད། །བཟླས་དང་བསམ་གཏན་མཆོད་པ་དང་། །མེ་ཏོག་གཅིག་དང་ཡང་དག་ལྡན། །བློ་ལྡན་གྱིས་ནི་ སྟོན་མོ་བསྒྲུབ། །མ་ལུས་སྣོད་གཉིས་འདུས་བྱས་ཏེ། །རྟོག་པ་མེད་པའི་ཤེས་རབ་ཆེ། །སྔགས་དང་རྒྱུད་ཀྱི་ཚུལ་གྱིས་ནི། །གང་ལྟར་ཇི་ལྟར་རྙེད་པ་ལ། །ཡིད་ཀྱིས་གུས་པས་མཆོད་པར་བྱ། །གཉིས་དང་ གཉིས་མེད་རྣལ་འབྱོར་བདག །མཁའ་ལྡིང་ཁ་བཞིན་བཏུང་བར་བྱ། །རིགས་ལྔ་གཅིག་ཏུ་ཡང་དག་འགྲུབ། །སྟོན་མོ་བཟང་པོ་བརྩམ་པར་བྱ། །རྟག་ཏུ་ནུབ་མོ་རྒྱ་ཆེ་བའི། །མཆོད་པ་བྱ་ཞིང་བརྩམ་པར་བྱ། །གནས་ དེར་མི་ཡི་ལས་ཀྱིས་ནི། །རྒྱུ་དང་མི་རྒྱུ་དཀྲུག་པར་བྱ། །རྣལ་འབྱོར་གང་གིས་མེ་ཏོག་གནས། །སྒྲུབ་པ་ཐམས་ཅད་སྤངས་པ་དང་། །བྱོལ་སོང་རྣལ་འབྱོར་མཆོག་ཏུ་འགྲུབ། །དམན་པ་འབྲིང་དང་མཆོག་རྣམས་ནི། ། ལྕེ་སྤྱང་གཉིས་སྐྱེས་མིག་ཆེན་དང་། །ཁྲུང་ཁྲུང་ས་ར་ས་དང་ཁྲ། །ཕོ་རོག་འུག་པ་བྱ་རྒོད་ཀྱིས། །དགང་བླུགས་ཀུན་གྱི་བྱེ་བྲག་གིས། །མཁའ་འགྲོ་མ་ལ་གཏོར་མ་སྦྱིན། །མཆོག་དང་དམན་པའི་དངོས་གྲུབ་སྟེར། ། དེ་ཡི་རྫས་ཀྱི་དངོས་གྲུབ་སྐྱེ། །དེ་བཞིན་མཐོང་དང་རེག་པ་དང་། །རྟག་ཏུ་འོ་དང་འཁྱུད་པ་དང་། །སྦྱོར་བའི་གནས་ཀྱི་བྱེ་བྲག་གིས། །ཇི་སྲིད་རྣལ་འབྱོར་ཚོགས་ཀྱིས་ནི། །དངོས་གྲུབ་ཀུན་གྱིས་བྱེད་པར་བརྗོད། ། སྔགས་ལས་འབྱུང་བ་སྦྱིན་པར་བྱ། །གཞན་དུ་ནམ་ཡང་མ་ཡིན་ནོ། །མ་དང་བུ་མོ་སྲིང་མོ་དང་། །ཆུང་མ་ཕོ་ཉ་མོར་གནས་པ། །གང་གིས་རྟག་ཏུ་སྔགས་སྟེར་བ། །དེ་ནི་དེ་ཡི་ཆོ་གར་བརྗོད། །དེ་ནས་བདག་གིས་ དམ་ཚིག་བཤད། །གཡོན་ནས་འབྱུང་བ་མཆོག་ཡིན་ནོ། །གང་ཞིག་མི་ཡི་བུ་མོ་ཐོབ། །ཧེ་རུ་ཀའི་སྔགས་ཀྱིས་ནི། །འདོད་པའི་དངོས་གྲུབ་ཐོབ་པར་འགྱུར། །རིང་པོ་ནས་ཀྱང་རྣམ་ཤེས་བྱ། །ཁྱིམ་འམ་ཞིང་ 86-1-209b ལ་རྣམ་གནས་ནས། །ཁྲག་འཐུང་རྣལ་འབྱོར་ལས་གཞན་མིན། །སློབ་དཔོན་རྣལ་འབྱོར་མ་ཡིན་ཏེ། །ཡིད་ཅན་གྱིས་ནི་རྒྱུད་འདི་རུ། །རྣལ་འབྱོར་ཐམས་ཅད་ཤེས་པར་བྱ། །གཞན་དུ་ནམ་ཡང་མ་ཡིན་ནོ། །སྔོན་ དུ་དད་པ་ལ་བརྟེན་ནས། །གུས་པ་ཡིས་ནི་མཆོད་པར་བྱ། །རྟག་ཏུ་མ་མོས་རྣམ་པར་གནས། །གཉིས་སུ་མེད་དང་ངོ་ཚ་མེད། །ཕྱག་རྒྱ་ཤིན་དུ་རྣལ་འབྱོར་ལྡན། །ཚུལ་ཁྲིམས་ཡང་དག་བརྗོད་པ་ཡིན། །སྐྱེ་ བའི་ཡུལ་ལས་སྐྱེས་པ་དང་། །དམ་ཚིག་ཡང་དག་བསྲུང་པ་ཡིན། །སེམས་ཀྱི་བདག་ཉིད་སྙིང་རྗེས་ཕན། །དམ་ཚིག་ཅན་ལ་ཁྲོ་མིན་ཏེ། །མ་གུས་པ་ལ་བཤད་མི་བྱ། །མཚན་མོ་ཐོག་ཐག་བཟླས་པ་བྱ། ། རྣལ་འབྱོར་མ་ལ་མཆོད་པར་བྱ། །བཅུ་དྲུག་གཉིས་མེད་རྒྱལ་པོའི་དོན། །ནུབ་མོ་རུ་ནི་དམ་ཚིག་སྟེ། །དཔའ་བོ་རྟག་ཏུ་གཅེར་བུ་ཡིན། །སྒྲུབ་པོས་སྔགས་དང་ཕྱག་རྒྱ་དང་། །ཕྱག་རྒྱ་ལྔ་དང་ཡང་དག་ལྡན། ། སྒྲུབ་པོ་ལས་ནི་མཉམ་པར་བརྩམས། །བདག་ཉིད་ཕོ་ཉ་མཆོག་ཀུན་དང་། །རྣལ་འབྱོར་གཉིས་མེད་གནས་ན་ནི། །དེ་ལས་འབྱུང་བའི་རྫས་ཀྱིས་བསྒྲུབ། །དེ་བཞིན་མཐོང་དང་རེག་པ་པོས། །ཉིན་མོ་རྟག་ཏུ་ གསང་བ་སྟེ། །རྟག་ཏུ་ནུབ་མོ་གསལ་བར་བྱ། །སྲོག་ཆགས་ལྤགས་པས་ཤམ་ཐབས་བྱ། །བདེ་བའི་དོན་དུ་བསྐྱོད་པར་བྱ། །སྒྲུབ་པ་པོ་ནི་དངོས་གྲུབ་ཉིད། །དག་པ་རྣམ་གསུམ་གྱིས་འགྲུབ་སྟེ། །དཔལ་ ལྡན་ཁྲག་འཐུང་གཉིས་མེད་གནས། །ཞལ་ནི་དཀར་གནག་དང་སྨྲ་དང་། །མི་སྨྲ་འི་དཀའ་ཐུབ་ལ་སོགས་སྤངས། །དང་པོ་ཡི་ནི་དག་པ་ཡི། །སྒྲུབ་ཐབས་ཀུན་གྱི་མཚན་ཉིད་དང་། །བྱོལ་སོང་ཟོས་པས་བསོད་ ནམས་སོག །གཉིས་པའི་དག་པ་བརྗོད་བྱ་བ། །ཟླ་བའི་ཆུ་ནི་འཐུངས་པ་ཉིད། །གསུམ་པ་གཉིས་མེད་བརྗོད་པའོ། །དཔལ་ལྡན་ཁྲག་འཐུང་མངོན་པར་འབྱུང་བ་ལས་ཚོགས་ཀྱི་དཀྱིལ་འཁོར་ལ་མཆོད་ 86-1-210a པ་དང་དབང་བསྐུར་བའི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་བཅྭ་ལྔ་པའོ།། །། དེ་ནས་སྡོམ་པ་བཤད་པར་བྱ། །རྣལ་འབྱོར་རྒྱུད་ལས་རྙེད་དཀའ་བ། །མ་ལུས་ལུས་པ་མེད་པ་འགྲུབ། །ཀུན་ གྱི་རྒྱལ་པོར་གྲགས་པ་སྟེ། །རྟག་ཏུ་ཕྱག་རྒྱ་བསྒྲུབ་པར་བྱ། །འདོད་པའི་དངོས་གྲུབ་འབྲས་དོན་དུ། །སྤུན་དང་སློབ་དཔོན་མཆོད་པར་བྱ། །དེ་ཉིད་གཉིས་མེད་རྣམས་གནས་སོ། །སྤུན་དང་བུ་དང་ལྷན་ཅིག་ཏུ། །བདེ་ དང་སྡུག་བསྔལ་ཀུན་དུ་འབྱུང་། །དེ་ལ་ཡེ་ཤེས་བསྟན་མི་བྱ། །སྔགས་རྣམས་སུ་ནི་འབྱིན་པ་ཡིན། །གཙང་ཞིང་དག་པ་བཟའ་བྱ་སྟེ། །རྟག་ཏུ་དམ་ཚིག་ཡན་ལག་གསང་། །སྔགས་ནི་སུ་ལའང་མི་སྦྱིན་ཏེ། ། མན་ངག་རྣམ་པར་ཉམས་མི་བྱ། །གང་གི་དོན་དུ་མན་ངག་རྣམས། །དམ་ཚིག་བསྲུང་བ་སྦྱིན་བར་བྱ། །རྟག་ཏུ་འཇིག་རྟེན་གཡོན་ལ་སྤྱོད། །རྐང་པ་གཡོན་པ་སྔོན་དུ་གཏང་། །ཡན་ལག་གཡོན་པ་བསྒྱུར་བར་བརྩོན། ། གཡོན་པས་མཛུབ་གཏོར་བྱས་ལ་བཏུང་། །ལག་པ་གཡོན་པས་བདག་ཉིད་མཆོད། །འདི་རུ་གཡོན་པས་འཁྱུད་པ་དང་། །གཡོན་པས་གུས་པར་མཆོད་པར་བྱ། །གཡོན་ནས་ཀུན་དུ་བལྟ་བ་ཉིད། །དེ་བཞིན་གཡོན་ པས་འགྲོ་བྱས་ན། །དངོས་གྲུབ་ཐམས་ཅད་རབ་ཏུ་སྟེར། །ཇི་ལྟར་བདག་ཉིད་གཡོན་པས་སྤྱོད། །གཡོན་པས་ཐར་པའི་མཚན་ཉིད་དེ། །ཅུང་ཟད་གསུངས་དང་མ་གསུངས་པ། །དཔལ་ལྡན་ཁྲག་འཐུང་གཡོན་ལ་ སྤྱོད། །སྒྲུབ་པོས་ས་སྟེངས་གནས་ནས་ནི། །བཟླས་དང་བརྟུལ་ཞུགས་བྲལ་བྱས་ཀྱང་། །གཡོན་པས་དངོས་གྲུབ་འགྱུར་བ་ཡིན། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་གཡོན་པའི་མཆོད་པ་དང་སྡོམ་པའི་ ཆོ་གའི་ལེའུ་ཞེས་བྱ་བ་སྟེ་བཅུ་དྲུག་པའོ།། །། དེ་ནས་རྣལ་འབྱོར་མ་ཡི་ནི། །ལྟ་བས་རིངས་པའི་ཆོ་ག་བཤད། །སྙིང་གོང་སྣ་རྩེར་བྱིན་གྱིས་བརླབ། །དེ་ལྟར་རླུང་ནི་གཡོ་མེད་པར། ། 86-1-210b སྙིང་གི་གོང་བུས་སྐེ་བཅིངས་ཏེ། །གཟུགས་བཟང་བ་ནི་མྱུར་དུ་འོ། །དེ་ནས་ཡི་དགས་མོ་བསྒྲུབ་པ། །སྐྱེ་གནས་ལ་ནི་གི་ཝང་གཞུག །སྔགས་པས་པད་མའི་སྟན་གནས་ཏེ། །བསམ་གཏན་བཟླས་པ་ཡང་དག་བརྩམ། ། སྐྱོ་ཞིང་ཀུན་དུ་ངུ་བར་འགྱུར། །ཐིག་ལེ་བྱས་ནས་གནས་པ་དང་། །རྒོད་ཅིང་དགྱེས་པ་ཉིད་དག་གོ། །དེ་ལྟར་གི་ཝང་དངོས་གྲུབ་ནི། །གསང་བའི་རྒྱུད་ལས་ངེས་པར་འབྱུང་། །ལྡོང་རོས་དང་ནི་མན་ཤིང་ལ། །བུ་མོ་ལ་ནི་ གཞུག་པར་བྱ། །སེར་ཞིང་ཟླུམ་པའི་མིག་ནས་ནི། །མཆི་མར་བཅས་ཤིང་རྟག་ཏུ་ངུ་། །འདི་རྣམས་ཀྱི་ནི་བཟླས་པར་གནས། །དེ་བཞིན་སྙིང་པོ་ཉེ་སྙིང་པོ། །རང་གི་སྲོག་བཞིན་ལེགས་པར་འཛིན། །དེ་ལྟར་དཔའ་ བོ་དངོས་གྲུབ་ཆེ། །རྒྱུད་འདི་རུ་ནི་ཐེ་ཚོམ་མེད། །རྩོད་པ་ཆེན་པོ་འབྱུང་བ་ལ། །ཡྃ་ཡིག་ཁ་དོག་སྔོན་པོ་ལ། །རླུང་གི་ཤུགས་ཀྱིས་བསྐོར་བར་བྱ། །འཁྲུགས་པ་ཆེན་པོ་གཞན་གྱི་སྡེ། །ཐམས་ཅད་རེངས་ཤིང་ བརླག་པར་བྱ། །ཚེག་དྲག་ཡི་གེས་མཚོན་ཆ་བྱ། །ཉོན་མོངས་མེད་པར་སྦྱར་བྱ་སྟེ། །དེ་མ་ཐག་ཏུ་ཐམས་ཅད་བརླག །དེ་ནི་མི་ཡི་སྡེ་ཀུན་ཏེ། །གང་ཞིག་ཅུང་ཟད་མཚན་མཆོག་གིས། །བྱ་བ་ལ་སོགས་ བྱེད་པ་ཡིན། །གཟའ་དང་དུག་དང་མེ་དང་དགྲ། །སེར་བ་རླུང་དང་མཚོན་ཆའི་ཆར། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་གཟུགས་བཟང་མ་བལྟ་བ་དང་གི་ཝང་དང་གཞན་གྱི་སྡེ་རེངས་པའི་ཆོ་གའི་ལེའུ་ཞེས་བྱ་ བ་སྟེ་བཅུ་བདུན་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ། །རོ་ལངས་ཀྱི་ནི་སྒྲུབ་པའི་ཐབས། །ཆོ་ག་ཡོངས་རྫོགས་རྣལ་འབྱོར་བདག །འགྲུབ་པར་འགྱུར་ཏེ་ཐེ་ཚོམ་མེད། །སྔགས་ པས་ཇི་ལྟར་རྙེད་པ་ཡི། །རོ་ནི་ནད་མེད་གས་པ་མེད། །དེ་ནི་བླངས་ཏེ་བསྒྲུབ་པར་བྱ། །རྣལ་འབྱོར་ཀུན་ལ་དངོས་གྲུབ་སྟེར། །བ་ནག་མིའི་འོ་མ་དང་། །སྲན་གྲེའུ་འབྲས་དང་ལྡན་པ་ཡི། །ཐུག་པ་རོའི་ཁ་རུ་ནི། ། 86-1-211a འཇིགས་པ་མེད་པར་བླུག་པར་བྱ། །ཇི་སྲིད་རོ་ནི་ལངས་ཀྱི་བར། །བདག་གིས་ཅི་བགྱི་ཞེས་ནི་སྨྲ། །རི་ལུ་མིག་སྨན་དངོས་གྲུབ་དང་། །མཆིལ་ལྷམ་རྒྱལ་པོ་རལ་གྲི་དང་། །སྦྱིན་དང་དགྲ་བོ་བརླག་ པ་དང་། །རྐང་དབྱུག་དང་ནི་བཅུད་ཀྱིས་ལེན། །དོན་མཆོག་གཅིག་ནི་བྱིན་ནས་ནི། །འགྲུབ་འགྱུར་གཞན་དུ་མ་ཡིན་ནོ། །དེ་ལྟར་ཆོ་གའི་རིམ་པ་ནི། །མཚན་ཉིད་ཀུན་ལ་བྲལ་གྱུར་ན། །སྡིག་པ་དང་ནི་ཡང་དག་ལྡན། ། དངོས་གྲུབ་རབ་ཏུ་བརླག་པར་འགྱུར། །རྟོག་པ་འདི་ཡི་ཆང་མ་རྣམས། །སྙིང་པོ་རུ་ནི་རབ་ཏུ་སྒྲོགས། །ཁྱབ་འཇུག་དྲག་པོ་དབང་པོ་དང་། །ཚངས་པ་ལ་སོགས་པ་དག་དང་། །བྱང་ཆུབ་སེམས་དཔའ་རྣམས་དང་ ནི། །དྲང་སྲོང་སྣ་ཚོགས་དག་པ་དང་། །ཀླུ་དང་དྲི་ཟ་ལྷ་རྣམས་ཏེ། །རོ་ལངས་ནམ་མཁའ་ལྡིང་ལ་སོགས། །དྲག་པོ་ལྷ་མིན་མི་འམ་ཅི། །ཤ་ཟ་དང་ནི་སྲིན་པོ་སོགས། །ཉི་མ་ཟླ་བ་སྐར་མ་བཅས། །འཇིག་རྟེན་སྐྱོང་ བ་བགེགས་ཀྱི་རྒྱལ། །མ་མོའི་དཀྱིལ་འཁོར་རྣལ་འབྱོར་མ། །མཁའ་འགྲོ་མ་ནི་སྣ་ཚོགས་དང་། །ལཱ་མ་དང་ནི་དུམ་སྐྱེས་མ། །གཟུགས་ཅན་མ་ནི་སླར་ལྡོག་མ། །འདོད་མ་སངས་རྒྱས་དབང་དང་ནི། །གྲུབ་པའི་ རིག་པ་འཛིན་པ་དང་། །གནོད་སྦྱིན་ཕོ་དང་གནོད་སྦྱིན་མོ། །ཕྱོགས་ཆེན་དཔའ་མོ་ཨུ་མ་ལ། །ཇི་ལྟར་བདེ་བར་རྩེ་ཞིང་རྩེ། །དེ་ནས་གྲུབ་པའི་དཔའ་བོ་ཆེ། །སྔགས་རྣམས་ཀྱིས་ནི་འདི་དག་གིས། །དེ་ལྟར་གྲུབ་པའི་ སྔགས་ཆེན་པོ། །རིག་པ་ཡིས་ནི་རྣལ་འབྱོར་སྐྱེ། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་རོ་ལངས་ཆེན་པོ་བསྒྲུབ་པའི་ཐབས་ལྷ་ཐམས་ཅད་དང་རྩེ་ཞིང་བདེ་བའི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་བཅྭ་ བརྒྱད་པའོ།། །། དེ་ནས་ཡང་དག་བཤད་བྱ་བ། །སྙིང་པོའི་སྔགས་སོགས་བཟླས་པ་ལ། །ཕྲེང་བའི་རིགས་དང་གྲངས་དག་དང་། །ཆོ་གས་རྣལ་འབྱོར་བཟླས་པ་བྱ། །ཤེལ་དང་ཉ་ཕྱིས་ 86-1-211b མུ་ཏིག་དང་། །རུ་རག་ཤ་ནི་མཛེས་པ་ཡིན། །རྡོ་རྗེའི་མིག་གིས་དངོས་གྲུབ་སྟེར། །པུ་དྲ་ཛ་བ་ཀུན་ལ་བཤད། །བོ་དེ་ཚེ་ནི་ཐམས་ཅད་བཤད་ཅེས་ཀྱང་ཟེར། །ནི་བར་ཏ་དང་ལུང་ཐང་དང་། །ཚེ་རིང་ནད་མེད་འཕེལ་བ་ཡིན། ། དབང་དུ་བྱེད་དང་ཞི་འདོད་དང་། །ནོར་འཕེལ་བ་ནི་བྱེད་པ་ཡིན། །བྱི་རུ་ཡིས་ནི་འཕེལ་བ་དང་། །རིན་ཆེན་ཕྲེང་བས་མཛེས་པ་ཡིན། །གསེར་གྱི་ཕྲེང་བ་དག་དང་ནི། །སྒྲུབ་པོས་རིན་ཆེན་ཕྲེང་བ་བསྲེས། །རྒྱལ་པོའི་དོན་དུ་ སྔགས་པས་བཟླས། །དཔལ་ནི་ཆེ་བ་ཉིད་དུ་ཐོབ། །དངོས་གྲུབ་ཐམས་ཅད་ཡོང་བ་དང་། །ས་ཡི་དབང་པོར་ཐེ་ཙོམ་མེད། །འབྱུང་པོའི་མཚན་ཉིད་དབང་དུ་བྱེད། །ནོར་རྣམས་འགུགས་པར་བྱེད་པའོ། །བྱ་རོག་སྒྲོ་ ཡིས་སྐྲད་པ་ཉིད། །བོང་བུ་ཡིས་ནི་སྡང་པའོ། །ཁྱི་དང་རྟ་ཡི་ཕྲེང་བ་ལ། །སྒྲུབ་པོས་མེ་ཏོག་གིས་ནི་མཆོད། །རོ་ཡི་སྐྲ་ཡི་སྐུད་པ་དང་། །བོང་བུའི་སྤུ་དང་ཡང་དག་ལྡན། །སྐུད་པ་འདི་ཡིས་སྡང་བ་དང་། །ཁྱི་ ཡི་སྤུ་དང་སྲེས་པས་ནི། །དངོས་གྲུབ་ཐམས་ཅད་བྱེད་པ་ཡིན། །གསེར་གྱི་སྐུད་པས་ཞི་བར་འགྱུར། །ཡང་ན་རས་ཀྱི་སྐུད་པ་ནི། །གཞོན་ནུ་མ་ཡིས་བསྐལ་བ་ཡིན། །གཟུགས་མཛེས་ཡོངས་སུ་རྫོགས་པ་ དང་། །གཙང་ཞིང་དྲན་ལྡན་འཇམ་པར་སྨྲ། །དེ་ལྟའི་སྐུད་པའི་ཕྲེང་བས་ནི། །གྲོལ་བའི་དངོས་གྲུབ་སྟེར་བར་འགྱུར། །དཔལ་ལྡན་ཁྲག་འཐུང་མཆོད་པར་བྱ། །སྤྱི་བོར་རི་བོང་ཅན་གྱི་མཚན། །ཞི་ཞིང་ཞལ་ནི་བཞི་པ་ སྟེ། །འདོད་པ་ཀུན་གྱི་གཟུགས་བཟང་བ། །དཔའ་བོ་ཐོད་པའི་ཕྲེང་བ་ཅན། །སངས་རྒྱས་ནོར་བུས་གཙུག་ཕུད་བྱས། །ལག་པ་ཁ་ཊྭཱྃ་ག་ནི་གཟུང་། །མདུང་དང་རལ་པའི་ཅོད་པན་བྱས། །རྒྱན་རྣམས་ཀུན་གྱིས་ རྣམ་པར་བརྒྱན། །བརྒྱ་ཕྱེད་ཕྲེང་བའི་མཚན་པ་སྟེ། །ལྷ་ཆེན་ཆུང་མར་བཅས་པ་ཡི། །སྟེང་ནས་མཉམ་པར་གནས་པ་ཡིན། །སྟེང་ནས་གདུགས་དཀར་པོས་གཡོགས་ཏེ། །ལྷ་ཡི་དྲི་ཡིས་བྱུགས་པ་ 86-1-212a དང་། །ལྷ་ཡི་མེ་ཏོག་ལུས་ལ་མཆོད། །ཕྱག་ནི་འབུམ་ཕྲག་དང་ལྡན་པ། །ལྷ་ཡི་ག་བུར་དྲི་ཡིས་ནི། །ལུས་ལ་བདུག་ཅིང་བྱུག་པའོ། །མཁའ་འགྲོ་མ་ནི་སྣ་ཚོགས་པས། །རྔ་ཡབ་གྱིས་ ནི་གཡོབ་པ་ཡིན། །རྣལ་འབྱོར་མས་ནི་མཉམ་པར་བསྐོར། །ལཱ་མ་དང་ནི་དུམ་སྐྱེས་མ། །རྡོ་རྗེ་ཕག་མོ་གཡོན་ལ་གནས། །དཔལ་ནི་སྐྱེད་ཚལ་པད་མ་ནི། །རྟག་ཏུ་མེ་ཏོག་འབྲས་བུ་གནས། །འདོད་ པའི་ཤིང་ལ་ལྕུག་མ་རྒྱས། །ལྷ་དང་ལྷ་མིན་ཚོགས་ཀྱི་གནས། །འདོད་པའི་རྗེས་ཆགས་སྐྱེ་བ་སྟེ། །སྐྱེད་མོས་ཚལ་ན་དཔལ་མཆོག་སྟེ། །སྤྲིན་གྱི་ཕྲེང་བ་ཕྱེད་ཀྱིས་བཀབ། །འདོད་པའི་རོ་ཡི་ཆར་པ་འབབ། ། འདོད་པའི་གནས་ནི་མཆོག་ཡིན་ཏེ། །ཆགས་དང་བྱམས་པས་ཀུན་ཏུ་གང་། །ཕོ་ཉ་ཀུན་དང་མཉམ་པར་སྤྱོད། །དཔའ་བོ་དང་ནི་ཡང་དག་ལྡན། །ནགས་ཀྱི་དབུས་ན་རྩེ་བ་སྟེ། །དཔལ་ལྡན་རྡོ་རྗེ་འཆང་ དབང་ཕྱུག །གླུ་དང་གླིང་བུ་གར་ལ་སོགས། །ཟངས་དུང་སྒྲ་ནི་མཉམ་པའི་རིགས། །རྔ་རིངས་ཀྱི་ནི་སྒྲ་ལ་སོགས། །ཆ་ལང་སྒྲ་ནི་ཆེན་པོ་དང་། །རྫ་རྔར་བྱས་པའི་སྒྲ་དག་དང་། །པ་ཏྲ་ཧ་ནི་བརྡུངས་པའི་ སྒྲ། །པི་ཝང་དགུ་པོ་རྒྱུད་མངས་སྒྲ། །རོལ་མོ་ཀུན་གྱི་སྒྲ་ཆེན་པོས། །དཔལ་ཆེན་བཅས་པར་རྩེ་བ་སྟེ། །ཀུན་ཏུ་ཡོངས་སུ་ཁེངས་པ་ཡིན། །དེ་ཡིས་སྦྱོར་བའི་དངོས་གྲུབ་འགྱུར། །ཇི་སྲིད་སྙིང་ པོ་སྐྱེས་ཀྱི་བར་དུའོ། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་བཟླས་པའི་མཚན་ཉིད་དང་། མཆོད་པ་དང་རྩེ་བའི་རྩེད་མོའི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་བཅུ་དགུ་པའོ།། །། དེ་ནས་དངོས་ གྲུབ་རྣལ་འབྱོར་ཆེ། །སྦྱིན་སྲེག་ལས་ནི་རབ་བསྒྲུབ་པ། །དངོས་གྲུབ་ཀུན་གྱི་དབང་ཕྱུག་རྒྱལ། །སྦྱིན་སྲེག་གཉིས་མེད་དགང་བླུགས་ཀྱིས། །མཉམ་མེད་བསྐལ་བཟང་དེ་ཡི་ནི། །དངོས་གྲུབ་ཀུན་ནི་ 86-1-212b སྐྱེ་བ་སྟེ། །སྐྱེ་ཤི་རྒ་དང་མྱ་ངན་དབུལ། །མྱུར་བ་ཉིད་དུ་བརླག་པར་འགྱུར། །རྒྱལ་པོའི་དོན་དུ་སྒྲུབ་པ་པོས། །སྟོང་ཕྲག་བཅུ་ཡི་སྔགས་ནི་བཟླས། །ཕོ་ཉའི་སྟེང་དུ་གནས་ནས་ནི། །སྦྱིན་སྲེག་སྟོང་ཕྲག་ལྔ་རུ་ བྱ། །ཤ་ཆེན་དང་ནི་འོ་མར་བསྣོས། །སྦྱིན་སྲེག་དགང་བླུགས་རིམ་པ་ཡིས། །དཔག་ཚད་འབུམ་ཕྲག་བརྒྱ་ཡི་བར། །གཡོག་འཁོར་ཕུན་སུམ་ཚོགས་པར་འགྱུར། །དངོས་གྲུབ་ཆེན་པོ་རྒྱལ་དབང་དཔལ། ། མ་ཉམས་ཀུན་ཏུ་ཁྱབ་ཅིང་འགྲོ། །སྔགས་པས་དུས་བཞི་རུ་ནི་གསོན། །དེ་ལ་སུས་ཀྱང་གནོད་མི་ནུས། །གཉིས་མེད་ཡེ་ཤེས་རྣལ་འབྱོར་གྱིས། །སྟོང་ཕྲག་སུམ་བཅུ་རྩ་གཉིས་བཟླས། །བ་ལང་ཤ་དང་ ཤ་ཆེན་དང་། །ལྕེ་སྤྱང་ཤ་ཡིས་དགང་བླུགས་ནི། །ཆང་དང་འོ་མ་མཉམ་པར་བསྣོས། །སྦྱིན་སྲེག་འབུམ་ཕྲག་གཅིག་ཏུ་བྱ། །གླིང་བདུན་གྱི་ནི་རྒྱལ་དབང་པོར། །འདི་ཡིས་དཔལ་ཆེན་ལོངས་སྤྱོད་འགྱུར། ། ཇི་སྲིད་སྙིང་པོ་རྒྱས་ཀྱི་བར། །དེ་ནས་དངོས་གྲུབ་སྔགས་ཆེན་པོ། །བརྒྱད་ལྷག་པ་ཡི་བརྒྱ་ནི་བཟླས། །རྫས་དང་ཆོ་ག་རྫོགས་པ་ཡིས། །དགང་བླུགས་སྟོང་ཕྲག་ལྷག་པར་བྱ། །དཔའ་བོ་རྩ་བའི་སྔགས་ ཀྱིས་ནི། །འདི་ཉིད་དུ་ནི་དགང་བླུགས་བརྒྱ། །བཟླས་པ་རབ་ཏུ་སྦྱིན་བྱ་སྟེ། །དཔའ་བོ་རྣལ་འབྱོར་མ་བཞིན་སྤུན། །དེ་ལྟར་སྦྱིན་སྲེག་ཆོ་ག་བརྗོད། །དེ་ནས་རབ་འཕེལ་སྔགས་ཤེས་པས། །ས་སྟེངས་ གང་གིས་འགྲུབ་པར་འགྱུར། །བསྐལ་པ་ཆེན་པོ་སྟོང་ཕྲག་གམ། །དེ་བཞིན་བསྐལ་པ་སྟོང་ཕྲག་ཏུ། །མ་ཉམས་སྔགས་པ་ཀུན་ཁྱབ་སྤྱོད། །ཇི་ལྟར་ཇི་བཞིན་འགྲོ་བ་ཉིད། །སྒྲུབ་པོས་ཉི་མ་རེ་རེ་རུ། ། རྟག་ཏུ་དགང་བླུགས་ལྔ་ཡིས་མཆོད། །རྒྱལ་པོ་ཡུལ་འཁོར་དབང་དུ་འགྱུར། །བཅུ་ཡིས་མི་དབང་རྒྱལ་པོ་དང་། །སྡེ་ནི་སྟོབས་དང་བཅས་པ་ཀུན། །དེ་རྣམས་མྱུར་དུ་དབང་དུ་འགྱུར། །སྣ་ཚོགས་ 86-1-213a བདག་ཉིད་ནོར་དང་ནི། །ས་ནི་སུམ་བཅུ་ཐམས་ཅད་དང་། །གླིང་བདུན་རྣམས་ཀྱང་དབང་དུ་འགྱུར། །རྒྱ་མཚོ་བདུན་ནི་མཐའ་གཏུགས་པར། །ལོངས་སྤྱོད་ས་ནི་གསེར་རང་བཞིན། །སུམ་ བཅུ་ལྔ་ཡི་སྦྱིན་སྲེག་གིས། །ས་འོག་བདུན་གྱི་ལྷ་མ་ཡིན། །སྒྲུབ་པོས་ཆུང་མར་བཅས་པ་ནི། །མྱུར་བར་དབང་དུ་བྱེད་པར་འགྱུར། །དེ་ལྟར་དངོས་གྲུབ་རྣལ་འབྱོར་ཆེན། །དཔའ་བོ་དབང་ཕྱུག་དག་གིས་གསུངས། ། དེ་ནས་ཤ་ཡི་དགང་བླུགས་འབུམ། །ཡང་ན་ཤ་ཆེན་དག་གིའོ། །ཆང་དང་བཅས་ནས་བསྲེས་ནས་ནི། །པད་མ་གཅིག་ཏུ་སྦྱིན་སྲེག་བྱ། །སྔགས་པས་ཡུལ་ནི་རྙེད་པར་འགྱུར། །སུམ་བརྒྱ་ཡི་ནི་ཚད་ཀྱིས་སོ། ། འབུམ་ཕྲག་གསུམ་གྱི་སྦྱིན་སྲེག་གིས། །འཛམ་བུ་གླིང་ནི་ཀུན་ཏུ་འཐོབ། །འབུམ་ཕྲག་ལྔ་ཡི་དགང་བླུགས་ཀྱིས། །གླིང་བདུན་དེ་ཡིས་ལོངས་སྤྱོད་འགྱུར། །རྩེ་ཞིང་དངོས་གྲུབ་རྒྱལ་དབང་པོ། །ཇི་སྲིད་ སྙིང་པོ་རྒྱས་ཀྱི་བར། །རྟག་པར་གསུང་བའི་ཆོ་གར་གནས། །སྐལ་དམན་གྱིས་ཀྱང་འགྲུབ་པར་འགྱུར། །དེ་ལྟར་གསུང་པའི་སྦྱིན་སྲེག་ནི། །སྔགས་དང་རྒྱུད་ཀྱི་བདག་ཉིད་ཆེ། །དཔལ་ཁྲག་འཐུང་མངོན་ བར་འབྱུང་བ་ལས་གླིང་བདུན་གྱི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྦྱིན་སྲེག་གི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་པའོ།། །། དེ་ནས་མངོན་སྤྱོད་ཀྱི་ནི་ལས། །འདོད་པས་དཔའ་བོ་རྣམས་ནི་ བསྟེན། །དུག་ཁྲག་ཚ་བའི་མར་ཁུ་དང་། །མི་ཡི་རུས་པས་སྦྱིན་སྲེག་བྱ། །ཚེར་མའི་མེ་ནི་རབ་ཏུ་སྦར། །དེ་བཞིན་འབྲས་བུ་ཕུབ་མར་ལྡན། །ཁྲོ་བ་རྒྱས་ཤིང་སྐྲ་ཡང་གྲོལ། །གཅེར་བུ་ཁ་ཡང་ལྷོ་རུ་བལྟས། ། སྔགས་པས་གོས་ནི་ནག་པོ་བྱས། །ཉི་མ་ཕྱེད་ན་མེ་ལ་ནི། །དྲག་པོ་ལས་ཀྱི་སྦྱིན་སྲེག་བྱ། །གཏུམ་པོའི་མེ་ལ་སེམས་གཅིག་གིས། །ཇི་ལྟར་ནུབ་མོའང་བྱ་བ་ཡིན། །སྔགས་ཀྱི་མཐའ་ནི་མིང་དང་ 86-1-213b སྦྱར། །ནུས་པ་གྲོལ་ཞིང་མྱུར་བར་དགུག །སྟོབས་ལྡན་སྡེ་དང་བཅས་པ་ནི། །མངོན་སྤྱོད་ཀྱིས་ནི་བསད་པར་བྱ། །ཕོ་ཉ་དེ་ཉིད་རྣལ་འབྱོར་བདག །འགྲུབ་པར་འགྱུར་བར་ཐེ་ཚོམ་མེད། །འདི་ནི་བསད་པའི་ ལས་ཡིན་ཏེ། །ཕྱི་ནས་ལྷ་ལ་བཟོད་པར་གསོལ། །འོ་མ་བིལ་བ་སྦྲང་རྩི་མར། །ཏིལ་དང་ལྡན་པས་དགང་བླུགས་བྱ། །དེ་ལྟར་དཔའ་བོ་རབ་ཏུ་ཞི། །ཡང་དང་ཡང་དུ་སྔགས་འདི་བཟླས། །དེ་ནས་བསྐྲད་པ་ རབ་ཏུ་བཤད། །ཉི་མ་གཞན་ལ་ལས་བརྩམས་ཏེ། །བྱ་རོག་སྒྲོ་ཡིས་སྦྱིན་སྲེག་བྱ། །དྲི་ཆེན་རོ་ནི་རྒྱ་ཆེན་དང་། །ཤ་ཟའི་ཤིང་གིས་མེ་སྦར་ཏེ། །རླུང་ཕྱོགས་ཁ་ནི་བལྟས་ཏེ་བསྐྲད། །བདག་ཉིད་དུ་ནི་ གནས་ནས་ནི། །ཞག་བདུན་གྱིས་ནི་ཐེ་ཙོམ་མེད། །རྣམ་པར་སྡང་བ་བཤད་པར་བྱ། །སྔགས་པས་ནིམ་པའི་འདབ་མ་དང་། །སྦྲུལ་གྱི་ལྤགས་བརྗེས་ཡང་དག་ལྡན། །བྱ་རོག་འུག་པའི་ཚང་དག་ དང་། །སྨྱོ་བྱེད་མེ་ནི་རབ་སྦར་ཏེ། །བརྒྱད་ལྷག་བརྒྱ་ནི་གཞུག་པར་བྱ། །འཇིགས་པ་ཐམས་ཅད་རྣམ་པར་དབྱེ། །གཉེན་དང་བཤེས་རྣམས་གཏོང་བར་འགྱུར། །དགུག་པའི་དོན་དུ་སྦྱིན་སྲེག་ནི། །མཚན་ གྱིས་འདི་བཞིན་བསམ་གཏན་བྱ། །སེང་ལྡེང་མེ་ནི་རབ་ཏུ་སྦར། །དུས་གསུམ་དུ་ནི་སྦྱིན་སྲེག་སྤྱོད། །དེ་ཡི་མིང་ནི་ལན་ཅིག་བླང་། །དེ་ལ་སྔགས་ཀྱིས་སྦྱོར་བ་སྟེ། །རྟག་ཏུ་སྔགས་པས་སྦྱིན་སྲེག་བྱ། ། ངེས་པར་ཐམས་ཅད་འགུགས་པ་ཡིན། །སྔགས་པས་ནུབ་མོ་སྦྱིན་སྲེག་བྱ། །འདོད་པས་ཕོ་ཉ་བཅས་པ་རུ། །དེ་ཡིས་ཐམས་ཅད་འགྲུབ་པར་འགྱུར། །ཕྱག་རྒྱ་ཡི་ནི་རྗེས་འཇུག་པས། །ཕྱག་རྒྱ་ཡི་ནི་ སྦྱོར་བར་འགྲུབ། །རྟག་ཏུ་རྒྱལ་པོ་དབང་པོ་དང་། །ཡང་དག་སངས་རྒྱས་ཕ་རོལ་གནོན། །ཡེ་ཤེས་གཟུགས་ནི་རྣལ་འབྱོར་ཆེ། །འདོད་གཟུགས་མར་ནི་གྱུར་པ་སྟེ། །ལྷ་མོ་ཆེན་མོ་ལྷ་མ་ཡིན། ། 86-1-214a ཀླུ་མོ་ཉིད་ཀྱི་བུ་མོར་འདོད། །སྲིན་མོ་དང་ནི་ཉེ་སྲིན་མོ། །དྲི་ཟ་དང་ནི་གནོད་སྦྱིན་མོ། །མི་རྣམས་ཉིད་ནི་ཐམས་ཅད་དུ། །འཇིག་རྟེན་གསུམ་ནི་དབང་དུ་འགྱུར། །དྲུག་བཅུ་རྩ་བཞི་རབ་སྦྱར་བས། ། རྣལ་འབྱོར་ཕྱག་རྒྱ་ལ་ནི་རྩེ། །བཟའ་དང་བཏུང་དང་རྙེད་དང་འཇིགས། །འདི་རྣམས་ཀུན་ནི་ཡོངས་སུ་བཏང་། །དེ་ཉིད་དོན་དམ་ཡེ་ཤེས་ཏེ། །དེ་ཉིད་དོན་དམ་གོ་འཕང་ཡིན། །དེ་ཉིད་དོན་དམ་སངས་རྒྱས་ཉིད། །དེ་ཉིད་ དོན་དམ་བདེ་བ་སྟེ། །གཞན་དུ་ཡོད་པར་མི་བརྗོད་དོ། །དམ་ཚིག་ཉེ་བར་སྤྱད་པ་ཡིན། །རྟག་ཏུ་གཉིས་མེད་ཕྱག་རྒྱར་བཅས། །ཕོ་ཉ་མཆོད་པས་རབ་ཏུ་འཕེལ། །སྒྲུབ་པོས་མཆོད་པ་ཙམ་གྱིས་ནི། །དངོས་གྲུབ་ ཀུན་ནི་ཤིན་ཏུ་བྱེད། །ཕོ་ཉ་སྨད་པར་མི་བྱ་སྟེ། །སྒྲུབ་པོས་ཐམས་ཅད་འགུགས་པ་ཡིན། །རྒྱབ་དང་སྨད་དང་གཅད་པ་དང་། །ལོངས་སྤྱོད་སྡིག་པས་གོས་མི་འགྱུར། །ཕོ་ཉས་ལྷན་ཅིག་སྐྱེས་དངོས་གྲུབ། ། གསང་བའི་མཆོད་པ་རབ་ཏུ་འཕེལ། །རྣལ་འབྱོར་སྦྱོར་བྲལ་མི་བྱ་སྟེ། །འདི་རྣམས་སྔགས་ནི་སྨྲས་པ་ཡིན། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་ཕྲིན་ལས་བཞིའི་སྦྱིན་བསྲེག་གི་ཆོ་གའི་ལེའུ་ཞེས་བྱ་ བ་སྟེ་ཉི་ཤུ་རྩ་གཅིག་པའོ།། །། དེ་ནས་ཡང་དག་བཤད་པར་བྱ། །རོ་ལངས་ཆེན་པོ་བསྒྲུབ་པའི་ཐབས། །དཔལ་ལྡན་ཁྲག་འཐུང་རྣལ་འབྱོར་ཆེ། །འཁོར་ལོ་ཀུན་ལ་རྣམ་པར་གནས། ། མེ་ཡི་མར་ཁུ་དེ་ཡི་ཤ ། །བསྲེགས་བླུགས་བརྒྱ་རྩ་བརྒྱད་བླུགས་བྱ། །དེ་རུ་རྡོ་རྗེ་ཕག་མོ་བྱིན། །མཁའ་འགྲོ་མ་ཡི་འཁོར་གྱིས་བསྐོར། །རོ་ལངས་སྲིན་པོས་ཡང་དག་གང་། །བསྲེགས་པ་རྒོད་ཅིང་འཇིགས་ པར་བྱེད། །ལྕེ་སྤྱང་སྣ་ཚོགས་ང་རོ་ཆེ། །ཡོངས་སུ་བསྐོར་ནས་འཇིགས་པར་སྒྲོག །སྲིན་པོས་བསྒྲམ་ནས་བསྡིགས་པར་བྱེད། །འཇིགས་པའི་དབྱངས་ཀྱིས་བསྡིགས་པར་བྱེད། །དེ་མཐོང་འཇིགས་པར་མི་ 86-1-214b བྱ་སྟེ། །ལུས་ཀྱི་སྔགས་ཀྱི་ང་རྒྱལ་བྱ། །དཔའ་བོ་ཆེན་པོ་ལེགས་ཞེས་བརྗོད། །བདག་ཉིད་རྡོ་རྗེ་སེམས་བརྟུལ་ཞུགས། །སྒྲུབ་པོ་ཡིད་ལ་ཅི་འདོད་པའོ། །དེ་ལ་མཆོག་ནི་བརྒྱ་སྟེར་ཏེ། །དེ་ཡི་གནས་སུ་དཔའ་བོ་འགྲོ། །རྣལ་ འབྱོར་མ་ཡིས་ཡོངས་སུ་བསྐོར། །དེ་ནས་དེ་མ་ཐག་ཉིད་དུ། །འཇིག་རྟེན་གསུམ་ལ་སྤྱོད་པར་འགྱུར། །རང་ཉིད་ལྷ་ཡི་ལུས་སུ་སྐྱེ། །དཔལ་ཆེན་སྐལ་བཟངས་འདོད་པའི་གཟུགས། །རྟག་ཏུ་དེ་བཞིན་གཤེགས་པ་ ཀུན། །ནམ་མཁར་ཀུན་ཏུ་སྤྱོད་པ་ཉིད། །ནད་དང་འཆི་བ་རྣམ་པར་སྤང་། །གནས་ཀུན་ལ་ནི་སྤྱོད་པ་སྟེ། །འདི་རྣམས་ལས་ནི་དམ་པ་མཆོག །རྣལ་འབྱོར་མ་དང་དཔའ་བོས་བཤད། །གནས་ལས་རྣམ་པར་ རྒྱལ་བར་འགྲུབ། །དེ་ནས་དཔལ་ཆེན་ལས་རྒྱས་བྱས། །རྡོ་རྗེ་སེམས་དཔའ་བདག་ཉིད་ཆེ། །རྡོ་རྗེ་སེམས་དཔའི་གོ་འཕང་འཐོབ། །དེ་ཡི་ལས་ནི་རབ་ཏུ་འགྲུབ། །གང་གིས་བཟླས་མེད་རྒྱུད་ཀྱང་མེད། །སྤྱོད་པ་མེད་ ཅིང་བསྙུང་བ་མེད། །ཡིད་ཀྱིས་མ་ལུས་པར་བྱས་ནས། །སེམས་དཔའ་ཆེན་པོ་འགྲུབ་པར་འགྱུར། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་རོ་ལངས་ཆེན་པོའི་སྒྲུབ་ཐབས་ཀྱི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་ཉྀ་ཤུ་རྩ་ གཉིས་པའོ།། །། དེ་ནས་དགུག་པ་བཤད་པར་བྱ། །མདོར་བསྡུས་པ་སྟེ་རྒྱས་པར་མིན། །བདག་ཉིད་ཁྲག་འཐུང་རྣལ་འབྱོར་གྱིས། །འགྲུབ་པར་འགྱུར་ཏེ་ཐེ་ཙོམ་མེད། །ཐོད་པ་དུམ་བུ་གཅིག་པ་ སྟེ། །སྐྱོན་ཀུན་མེད་ཅིང་མཛེས་པ་ལ། །བསྒྲུབ་བྱའི་ལུས་ནི་བྲི་བར་བྱ། །དེ་བཞིན་བརྒྱ་ཕྱེད་འདབ་མ་ལ། །སྔགས་དང་མིང་ནི་ལྷན་ཅིག་ཏུ། །ཁྲག་ཆེན་དང་ནི་མཉེས་ནས་སུ། །གསེར་གྱི་སྨྱུ་གུས་ནང་དུ་བྲི། །སྔགས་ ནི་འགི་ཝང་ཁུ་བས་སོ། །སྟེང་ནས་འཁོར་ལོ་ཁ་སྦྱོར་ཡིན། །སྙིང་པོ་བཟློག་སྟེ་བསྒྲུབ་པར་བྱ། །སྔགས་ནི་བཟླས་ཤིང་གཞུག་པར་བྱ། །སྔགས་པས་ནམ་ཕྱེད་དུ་གནས་ཏེ། །འདབ་མ་གཅིག་ནི་ཡང་དག་བླང་། །ལུས་ཀྱི་སྔགས་ 86-1-215a ཀྱི་ང་རྒྱལ་གྱིས། །འདབ་མ་བརྒྱ་ནི་སྦྱིན་སྲེག་བྱ། །སེམས་ཀྱིས་ཡིད་ལ་ཅི་འདོད་པ། །སྦྱིན་སྲེག་ཕོ་ཉའི་ཡེ་ཤེས་དང་། །གཏོར་མ་སྦྱིན་པའི་བྱེ་བྲག་དང་། །གཉིས་མེད་ཡེ་ཤེས་རྣལ་འབྱོར་གྱིས། །ཕྱག་རྒྱ་བཅིང་བ་ བསམ་པར་བྱ། །བསྒྲུབ་བྱ་དེ་ཡིས་འགུགས་པར་འགྱུར། །རྒྱལ་པོའི་བུ་མོ་བུད་མེད་མཆོག །འཁོར་ལོས་སྒྱུར་བར་བཅས་པ་དང་། །གཞན་དུ་བྱ་བ་བརྟག་མི་དགོས། །དངོས་གྲུབ་འདི་རྣམས་མཆོག་ཏུ་གསང་། །རྣལ་ འབྱོར་མཆོག་ནི་མངོན་དུ་བསྒྲུབས། །མདུན་དུ་དགྱེས་བྱེད་མཆོག་གིས་སོ། །ཡང་ན་ལས་མཆོག་དམ་པ་དག །སྒྲུབ་པོས་བསྒྲུབ་བྱའི་ལུས་དག་ནི། །ཙན་དན་དམར་པོའི་རང་བཞིན་ལས། །གཟུགས་བརྙན་དག་ནི་རབ་ཏུ་བྱས། ། རང་གི་ཁྲག་དང་གི་ཝང་གིས། །མངོན་པར་བྲིས་ཏེ་སྙིང་གར་གཞག །ཚ་བ་གསུམ་གྱིས་ལུས་ནི་བྱུག །ཟངས་ཀྱི་ཁབ་ཀྱིས་བསྒྲུབ་བྱ་ཡི། །སྙིང་དང་ལྟེ་བ་གསང་བ་རུ། །གནས་གསུམ་དག་ནི་ཕུག་པ་སྟེ། །ནམ་ཕྱེད་ཀྱི་ནི་དུས་དག་ ཏུ། །སྙིང་པོའི་སྔགས་ནི་གོ་བཟློག་བཟླས། །གང་འདོད་དེ་ནི་འགུགས་པར་འགྱུར། །སེང་ལྡེང་མེ་ལ་དེ་སྲིད་གདུང་། །སྔགས་ནི་རྗེས་སུ་དྲན་པ་ཡིས། །བསྒྲུབ་བྱ་མྱུར་དུ་འོང་བར་འགྱུར། །གནས་དེར་སངས་རྒྱས་འཇིག་ རྟེན་སོགས། །རྡོ་རྗེ་སེམས་དཔའ་དག་ཀྱང་ནི། །རླུང་གི་ཤུགས་ཀྱིས་འོང་བར་འགྱུར། །སྔགས་འདི་དག་ནི་དྲན་ཙམ་གྱིས། །འཇིག་རྟེན་གསུམ་ནི་དབང་དུ་འགྱུར། །ནམ་མཁའི་བྱ་ཡང་ལྷུང་བར་འགྱུར། །ཤིང་རྣམས་ ཀྱང་ནི་གུས་པར་འགྱུར། །ཆུ་ནི་རྒྱུན་ལས་ལྡོག་པ་སྟེ། །འཁྲུལ་འཁོར་དང་ནི་གླང་ཆེན་དང་། །རྟ་དང་སྦྲུལ་དང་སྤྲེའུ་དག་དང་། །མཚོ་ཡི་རླབས་ནི་འཆིང་བར་བྱེད། །ཇི་ལྟར་ཐང་ལ་འགྲོ་བ་བཞིན། །དེ་ལྟར་ཆུ་ལ་འགྲོ་ བར་འགྱུར། །གསེར་གྱི་བཙག་གིས་བྷ་ག་བྲི། །དེ་སྟེང་ལག་པ་གཡོན་པ་ནི། །གཞག་སྟེ་བརྒྱ་རྩ་བརྒྱད་བཟླས་བྱ། །གང་གི་མིང་ནི་གཟུང་ན་ནི། །དེ་ནི་དེ་མ་ཐག་ཏུ་འོང་། །རང་གི་མལ་སྟན་ལ་གནས་ཏེ། །ལག་པ་ 86-1-215b གཡོན་པར་རང་རྟགས་གཟུང་། །གང་གི་མིང་བརྒྱ་རྩ་བརྒྱད་བཟླས། །དེ་ནི་དེ་མ་ཐག་ཏུ་ནི། །སངས་རྒྱས་དཀར་མོ་དེ་བཞིན་དུ། །རབ་ཏུ་འདོད་པར་འགྱུར་བ་ཡིན། །དཔལ་ལྡན་རྡོ་རྗེ་ཕག་མོ་ནི། །དྲན་པས་འཇིགས་པར་ འགྱུར་བ་སྟེ། །བཟླས་ཤིང་བརྩེ་བས་སྦྱར་བས་ནི། །རིག་པ་ཀུན་ཡང་རྨོངས་པར་བྱེད། །གང་གིས་རིག་པ་སྦྱོར་དྲན་པས། །འཇིག་རྟེན་གསུམ་ནི་དཀྲུག་པར་བྱ། །རིག་པ་འདི་རྣམས་ཞེས་བྱ་བ། །དཔལ་ལྡན་ཕག་མོ་ཞེས་ བྱ་བ། །རྨོངས་དང་དབྱེ་བ་འདི་རྣམས་ནི། །ཁམས་གསུམ་དབང་དུ་བྱེད་པའོ། །བཀླགས་ཤིང་བཤད་པས་དངོས་གྲུབ་སོགས། །དངོས་གྲུབ་ཀུན་བྱེད་འཇིགས་པ་ཡིན། །བཤེས་དང་བུ་མོ་རིགས་སོགས་ལ། །སྔགས་ འདི་བརྗོད་པར་མི་བྱའོ། །ཐམས་ཅད་ཅི་བགྱིར་འགྱུར་བ་སྟེ། །སྒྲུབ་པོ་མཐོང་བས་ངེས་པར་ལྟུང་། །མི་མོའི་མཚམས་ལས་འཛག་འགྱུར་ཏེ། །རྟག་ཏུ་ངོ་ཚ་བཏུང་བར་འགྱུར། །གོས་མེད་སྐྲ་ནི་གྲོལ་བ་དང་། །ནུ་མཁྲང་ བདག་ཉིད་གཞན་དབང་འགྱུར། །ལུས་ལ་རིག་པ་མཐའ་དག་དགོད། །དེ་བཞིན་གཤེགས་པ་དང་མཉམ་འགྱུར། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་དཔལ་རྡོ་རྗེ་ཕག་མོའི་རྩ་བའི་སྔགས་ཀྱིས་དགུག་པའི་ཆོ་གའི་ ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་གསུམ་པའོ།། །། དེ་ནས་ཀུན་དུ་འབད་པ་ཡིས། །ཕྱག་རྒྱ་ཆེན་པོ་རབ་བསྒྲུབ་པ། །གང་གིས་རྣམ་པར་ཤེས་ཙམ་གྱིས། །སྒྲུབ་པོས་དངོས་གྲུབ་ཐོབ་པར་འགྱུར། ། མཆེ་གཙིགས་མ་ཡི་ཕྱག་རྒྱ་ཡིས། །སྒྲུབ་པོ་འདོད་པའི་ཚུལ་གྱིས་སུ། །ས་རྣམས་ཀུན་ལ་ངེས་པར་སྤྱོད། །ལྷ་དང་ལྷ་མིན་མི་རྣམས་ནི། །ཐམས་ཅད་དཀྲུགས་ནས་དེ་ཡིས་ནི། །འདོད་པའི་དངོས་གྲུབ་རབ་ཏུ་ སྟེར། །བརྟུལ་ཞུགས་མེད་ཅིང་སྨྱུང་བ་མེད། །བསམ་གཏན་དང་ནི་ལྡན་པ་མེད། །རྗེས་སུ་དྲན་པ་ཙམ་གྱིས་ནི། །འཇིག་རྟེན་གསུམ་ནི་དབང་དུ་འགྱུར། །གང་གིས་སྐྱེ་བའི་གོ་འཕང་མཐོང་། །ལུས་ལ་ས་བོན་བཀོད་ 86-1-216a པས་ནི། །འཇིགས་ཤིང་སྐྲག་ལ་བརྒྱལ་བར་འགྱུར། །རྣམ་པར་རྨོངས་ཤིང་འཛུམ་པ་སྟེ། །འདོད་པས་མྱོས་པའི་སྐྱེ་བོ་རྣམས། །བུད་མེད་ཉིད་དུ་གྱུར་པ་ནི། །སྒྲུབ་པོས་མཐོང་བས་དགྱེས་པར་ འགྱུར། །སེམས་ནི་རབ་ཏུ་མྱོས་པར་སོང་། །རིག་པ་འདི་ཞེས་བྱ་བ་ནི། །དཔལ་ལྡན་རྡོ་རྗེ་ཕག་མོ་ལས། །ངེས་པ་རུ་ནི་འབྱུང་བ་སྟེ། །སེམས་ཅན་ཐམས་ཅད་དཀྲུག་པ་ཡིན། །རང་འབྱུང་སངས་རྒྱས་ཀྱིས་ ནི་གསུངས། །སྣ་ཚོགས་རིག་པ་དེ་ཡིས་ནི། །ལན་ཅིག་བཟླས་ཤིང་བསྒྲུབ་པར་བྱ། །དེ་བཞིན་གཤེགས་པ་འདྲ་བར་ནི། །འཇིག་རྟེན་པ་ཡིས་མཐོང་བར་འགྱུར། །རིག་པས་འགུགས་ཤིང་དེ་ནས་འོང་། །དེ་མ་ ཐག་ཏུ་རྒྱལ་བ་དང་། །གསུངས་པའི་འདབ་མ་ཡང་དག་བླང་། །འཁོར་ལོ་བདག་གིས་མངོན་པར་བྲི། །བྱ་རོག་སྒྲོ་ཡི་སྨྱུ་གུས་ནི། །མིག་གི་ཆུ་ཡིས་ཡང་དག་བྲི། །གང་གིས་རླུང་གིས་འཐོར་བ་རུ། །སྙིང་པོ་བཟློག་ ལ་བཟླས་པ་བྱ། །སྟེང་དུ་རླུང་གི་འཁོར་བ་སྟེ། །བརྒྱ་བྱིན་ཡང་ནི་སྐྲག་པར་འགྱུར། །དགྲ་བོ་ལ་ནི་མངོན་སྤྱོད་དོ། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་རྡོ་རྗེ་ཕག་མོའི་གོ་བཟློག་པའི་སྙིང་པོའྀ་དགུག་པ་ དང་བསྐྲད་པའི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་བཞི་པའོ།། །། དེ་ནས་མཁའ་འགྲོ་མ་ཡྀ་ནི། །མཚན་མ་རུ་ནི་འགྱུར་བ་སྟེ། །པྲོ་ཏང་གི་ནི་ཕྱག་རྒྱ་ཞེས། །གཉིས་པ་པྲ་ཏི་པྲོ་ཏང་གི། ། བདེ་འམ་ཞེས་ནི་བྱ་བ་ཡིན། །ཕྱག་རྒྱར་ཡང་ནི་འགྱུར་བ་སྟེ། །དཔའ་བོ་ཆེན་པོའི་བརྡ་ཡིན་ནོ། །མི་ན་ཞེས་བྱ་བ་ནི་འགྲོ་བ་ཡིན་ནོ། །ལུང་ཞེས་བྱ་བ་ནི་འོང་བའོ། །དེ་ཧི་ཞེས་བྱ་བ་ནི་ཆང་གི་བཏུང་བའོ། །གྲེ་ཧྱྃ་ ནི་གནས་སོ། །ཙ་རུ་ཀ་ནི་སྟོན་མོ་མེད་ཅེས་བྱའོ། །བྲུ་ཙ་ནི་ཞེས་བྱ་བ་ནི་གཏོར་མའོ། །ཙ་རུ་ཀ་ནི་ཁྱིམ་འདི་ཞེས་བྱ་བའོ། །ན་ཞེས་བྱ་བ་བཟང་བའོ། །བུ་ཏ་ཀ་ཞེས་བྱ་བ་གཏོར་མའོ། །བུན་ཛནྟི་ཞེས་པ་ 86-1-216b ཀུན་དུ་མཛེས་པའོ། །ཙ་ར་ཀ་ནི་མཉམ་པར་འགྲོ་བའོ་ཞེས་བྱ་བར་གསུངས་སོ། །སྨ་ར་ན་མ་ནི་ངག་གིས་བཤིག་པའོ། །ཀ་ཏྱ་ནི་བུ་མོའོ། །ཌ་ཧ་ནི་འོ་བྱེད་པའོ། །གྷ་དྷ་ནི་གཡོགས་པའོ། །སྤར་ཤ་ནི་གཡོན་པའོ། ། ཨེ་ཏད་ཏ་ནི་བཟའ་བ་དང་བཅའ་བའོ། །བལ་ན་ཀ་ནི་དམ་ཚིག་གོ། །སི་ར་ནི་མཆོད་པའོ། །ཨ་ལི་ཀྃ་བདེན་པར་གསུང་པའོ་ཞེས་གསུངས་བར་འགྱུར་བའོ། །ལཱ་ལ་ནཱ་ནི་ཁྲོ་བ་ཞེས་གསུངས་བར་འགྱུར་རོ། །ས་སྲ་བ་ ཎྃ་རྣ་བ་ཞེས་གསུངས་སོ། །ས་ཏ་ནི་སྲོག་ཅེས་སུ་ཤེས་པར་འགྱུར་རོ། །ཤཱ་སྟྲི་ནི་ཆུང་མ་ཞེས་སུ་གསུངས་སོ། །བྷ་གི་ནི་བུ་མོ་དང་སྦྱོར་བར་འགྱུར་རོ་ཞེས་སུ་བརྗོད་པར་འགྱུར་རོ། །ཨ་ཤྭ་ཏཱྃ་ནི་བུད་མེད་ཀྱི་ནུ་མའོ། ། བ་ལཿཏ་ཀ་ནི་སྐྱེས་བུའོ། །པ་ལ་ཧ་ཀ་ནི་དེ་དག་འཁྲུད་པའོ། །ཀཱ་ན་ཏཱ་ནི་མའོ། །ཏཱ་ལི་ཀ་ནི་མཁའ་འགྲོ་མའོ། །ཀ་ནྱ་ནི་འདོད་པའི་སྐྱེས་བུའོ། །མེ་ར་ནི་ཡོད་པའོ། །བཱ་ས་ཀ་ནི་དཀྱིལ་འཁོར་རོ། །ན་ར་ཀ་ཞེས་པ་ དུར་ཁྲོད་དོ། །ཀ་ཁཱི་ནི་སྒོའོ། །ཤ་བ་ནི་བྲམ་ཟེའོ། །བ་རི་དྷི་ནི་རྒྱལ་རིགས་སོ། །པ་རི་དྷི་ནི་རྗེ་རིགས་སོ། །ཀུ་ར་ནི་དམངས་རིགས་སོ། །ཨན་ཏ་སྠཾ་ནི་གཏུམ་མོའོ། །གྲྀ་ཧེ་ནི་ཕྱུགས་སོ། །ཧི་ཧི་ཞེས་པ་གསོད་ པའི་སྟོན་མོའོ། །ཌཱ་ཀི་ནཱི་འདུས་པའོ། །ཨུད་ཀཾ་ནི་ཟླ་བའི་བཏུང་བའོ། །གྲྀཧྞ་ནི་ཕྱག་རྒྱ་རྣམས་སོ། །ཛྭི་ཧྭ་ནི་རོའོ། །སོ་ལ་རེག་པ་ནི་ལྟོགས་པ་ཞེས་བརྗོད་པའོ། །ཨན་ཏྲོཾ་ཞེས་པ་ནི་འདྲངས་པའོ། །གནྡ་ བ་སི་ནི་གནས་པའོ། །བི་མ་ལ་ཞེས་པ་ནི་ཆེ་གེ་མོའི་གནས་སོ། །ཀི་ར་ཎ་ནི་མེ་ཏོག་གོ། །རྒོད་པ་ནི་ཁྲོ་བར་བརྗོད་པའོ། །ལྃ་པོ་ད་རཿསོ་ཞེས་པར་གསུང་བར་འགྱུར་རོ། །མུ་ཁ་ནི་ཚོས་མཁན་དུ་འགྱུར་ རོ། །ཛི་ཧྭ་ནི་མི་འཇིགས་པར་གསུངས་སོ། །ཨ་ད་ན་ནི་སོ་སོའི་ཕྲེང་བའོ། །དྷྭ་ཛ་ནི་ཚན་དྷོ་ཧའོ། །ཙ་ལ་ནི་རླུང་ངོ་། །པ་ཤུ་ནི་རི་དགས་སོ། །མཱི་ས་ཡན་ཏི་ནི་དཀྱིལ་འཁོར་རོ། །ས་མཾ་ནི་བཞི་མདོའོ། ། 86-1-217a གོ་ཏ་ནི་ཁྲག་གོ། །མ་ཧཱ་ཥ་བ་ས་ནི་མི་འགྱུར་བ་ཆེན་པོའོ། །ཨ་ཧི་ཞེས་བྱ་བ་ནི་དབང་ཕྱུག་ཆེན་པོའོ། །སི་དྷི་ནི་རྣམ་གྲངས་སོ། །ཁ་ལ་རེག་ན་ལྟོགས་པ་ཞེས་པའོ། །སོ་ལ་རེག་པ་ནི་ཚིམ་ཞེས་ པའོ། །ཨ་ཌྷྱ་ནི་དབུལ་པོ་ཞེས་སུ་གསུངས་སོ། །གསང་བར་རེག་ན་འཁྲིག་པའོ། །བརླ་ལ་རེག་ན་གྱིས་ཞེས་པའོ། །འོག་ཏུ་བལྟས་ན་མེད་ཞེས་པའོ། །སྟེང་དུ་བལྟས་ན་ཡོད་ཅེས་པའོ། །མཁའ་འགྲོ་མ་ རྣམས་ཀྱི་མཚན་མའོ། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་གསང་བའི་བརྡའི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་ལྔ་པའོ།། །། དེ་ནས་མཆོད་པའི་བྱེ་བྲག་རྣམས། །གཡོན་ནས་བྱུང་ བས་བྱ་བ་སྟེ། །ཆོ་ག་ཤེས་ནས་ཕྱག་གི་ལན། །དཔའ་བོ་རྣལ་འབྱོར་མ་ལས་བྱུང་། །ས་ནི་སྤྱན་མར་བཤད་པ་ཡིན། །ཆུ་ཁམས་མཱ་མ་ཀཱི་རུ་བརྗོད། །གོས་དཀར་མོ་དང་སྒྲོལ་མ་ནི། །མེ་དང་རླུང་དུ་ རྣམ་པར་གནས། །འོ་བྱེད་མ་ནི་སྟོང་པའོ། །དེ་བཞིན་ཕ་རོལ་ཕྱིན་པའོ། །མཛུབ་མོའི་ལྕགས་ཀྱུའི་སྤྱན་མ་སྟེ། །མཐེ་བོང་མཱ་མ་ཀཱི་རུ་བརྗོད། །གུང་མོ་གོས་དཀར་མོ་རུ་བརྗོད། །མཐེའུ་ཆུང་ལ་ནི་སྒྲོལ་མར་ སྦྱར། །མིང་མེད་ལ་ནི་ཕ་རོལ་ཕྱིན། །དཔའ་བོ་རྣལ་འབྱོར་དབུས་སུ་མཐོང་། །གནས་ལ་སོགས་པའི་རྣལ་འབྱོར་མ། །ཐམས་ཅད་རྒྱབ་ཏུ་གཤེགས་སུ་གསོལ། །དེ་ལྟར་གཡོན་པ་ཁྱད་པར་ཅན། ། སློབ་མ་རྣམས་ནི་བདག་ཉིད་ཆེ། །རྡོ་རྗེ་སེམས་དཔའ་ཐབས་ཆེན་དང་། །དེ་བཞིན་གཤེགས་པ་རྣམ་སྣང་མཛད། །གསུམ་པ་པད་མ་གར་དབང་ཕྱུག །བཞི་པ་ཧེ་རུ་ཀ་རུ་བརྗོད། །ལྔ་པ་ནམ་མཁའི་སྙིང་ པོ་སྟེ། །དྲུག་པ་ལ་ནི་རྟ་མགྲིན་ནོ། །དེ་བཞིན་ཁྲོ་བོའི་རྡོ་རྗེ་མཆོག །འཁོར་ལོའི་གནས་ལ་བལྟ་བར་བྱ། །བྱ་བ་ཐམས་ཅད་བསྒྲུབ་པ་ལ། །རང་མིང་བརྗོད་པའི་སྔགས་དང་ནི། །ཧཱུྃ་ཧཱུྃ་ཕཊ་ཡིག་སྦྱར་བ་ཡིན། ། 86-1-217b གཤིན་རྗེའི་ཕྱོགས་ནས་བརྩམས་ནས་ནི། །ཇི་སྲིད་བདེན་བྲལ་གྱི་ནི་བར། །གཡོན་པའི་ཀུན་སྤྱོད་འདི་རྣམས་འདོད། །མཁའ་འགྲོ་མ་ནི་མཉམ་པར་གནས། །འདི་རྣམས་རང་གི་རིགས་དང་ནི། །ཕྱག་རྒྱ་དང་ནི་ཁ་ དོག་རིགས། །རིགས་ཀྱི་རིག་པ་ཡི་གེ་ཉིད། །གང་ཕྱིར་དེ་ཡི་རིགས་སུ་འགྱུར། །རང་གི་ཕྱག་རྒྱ་བཅིངས་པ་ཡིན། །སྨྲ་བ་རང་གི་རིགས་ནི་བརྗོད། །བུད་མེད་གང་ཞིག་གཡོན་དུ་འགྲོ། །རྟག་ཏུ་མཁའ་འགྲོ་མ་ནི་ གཡོན། །ངག་ནི་རབ་ཏུ་ཆེན་པོར་སྨྲ། །གཡོན་པའི་ལྟེ་བས་ཀུན་དུ་བལྟ། །བུད་མེད་རྣམས་ལ་དགྱེས་པར་སྨྲ། །དེ་ནི་དམ་ཚིག་ཞེས་སུ་བརྗོད། །བུད་མེད་རྣམས་ལ་གསོལ་བ་གདབ། །རིགས་ཀྱི་ས་བོན་ རབ་ཏུ་བརྗོད། །རིགས་ཀྱི་བྱ་བ་བཏང་མི་བྱ། །རང་གི་བསྟན་བཅོས་བརྗོད་མི་དོར། །རང་གི་རིགས་ཀྱི་རིག་པ་བཟླས། །དེ་བཞིན་དུ་ནི་དམ་ཚིག་བསྟན། །གང་ཞིག་ཕྱག་ནི་བྱེད་པ་ནི། །རྟག་ཏུ་གཡོན་པ་ཡིས་ནི་བྱ། ། བུད་མེད་རྣམས་དང་མཐུན་པར་བྱ། །དེ་ཡིས་ངེས་པར་བདེན་པར་འབྱུང་། །རྐང་པ་གཡོན་པའི་མཐེ་བོང་གིས། །ས་ལ་བརྐོ་ཞིང་རི་མོ་འབྲི། །ལག་པ་གཡོན་པ་རང་ཕྱོགས་ཀྱི། །སྤྱི་བོ་ལ་ནི་འདྲུད་པར་བྱེད། ། དེ་ཡིས་རང་གི་རིག་པ་དྲན། །སྒྲུབ་པོའི་ལུས་ལ་ཕན་པ་ཡིན། །མཁུར་ཚོས་དང་ནི་ཀོས་ཀོ་དང་། །སྣ་ལ་སྙིམ་པས་རེག་པ་ཡིན། །ལོགས་སུ་བལྟ་ཞིང་སྔགས་བཟློས་དང་། །ལན་ཅིག་རིག་པ་ལ་ནི་ བལྟ། །རྣལ་འབྱོར་མ་ནི་བདེ་བར་འགྲོ། །གང་གི་དམ་ཚིག་ངེས་པ་ཡི། །མཁའ་འགྲོ་མ་རྣམས་རྙེད་པར་དཀའ། །རྣལ་འབྱོར་མ་རྣམས་དེ་བཞིན་ནོ། །བདུད་རྩི་ལྔ་ནི་བདེན་པར་འགྱུར། །དངོས་གྲུབ་ཀུན་བྱེད་ མཛེས་པའོ། །མཁའ་འགྲོ་མ་རྣམས་རིགས་དང་ནི། །འདི་རུ་དཔའ་བོ་ལ་སོགས་མཚན། །ཐོད་པ་བླ་རེ་མཆེ་བ་དང་། །འཁོར་ལོ་རྒྱལ་མཚན་རལ་གྲི་དང་། །རྩེ་གཅིག་ཏུ་ནི་བརྒྱད་པར་བརྗོད། །མཁའ་འགྲོ་ 86-1-218a མ་ཡི་རིགས་ཕྱག་རྒྱ། །དཔའ་བོ་སྒྲུབ་པ་རབ་ཏུ་གྲགས། །དཔལ་ལྡན་རྡོ་རྗེ་ཕག་མོ་ཡི། །རིགས་ལས་ཡང་དག་བྱུང་བ་ཡིན། །རྣལ་འབྱོར་ཆེན་པོ་དབང་ཕྱུག་གཙོ། །གང་ཞིག་རྟག་ཏུ་ ཤ་ལ་སྲད། །མཁའ་འགྲོ་ཐབས་ཀྱི་ང་རྒྱལ་གྱིས། །ཟད་པ་མེད་ཅིང་ཁྱེད་པར་མེད། །དེ་བཞིན་གཤེགས་པའི་རིགས་སུ་འབྱུང་། །འཇིགས་པ་མེད་ཅིང་ངོ་ཚ་མེད། །ཐམས་ཅད་དུས་སུ་འགྱོད་པ་མེད། ། མཆོད་པ་བྱེད་པར་འདོད་པ་སྟེ། །སྒྲུབ་པོས་མཚན་ནི་ཐོག་ཐག་ཏུ། །གཞན་ལ་ནམ་ཡང་བཤད་མི་བྱ། །དཔལ་ལྡན་ཁྲག་འཐུང་མངོན་པར་འབྱུང་། །ཞེས་བྱ་གང་གིས་བཀླགས་པས་འགྲུབ། །སྒྲུབ་པོས་ དཀའ་བ་མེད་པ་རུ། །ས་འོག་ཏུ་ནི་འགྲོ་བར་འགྱུར། །སེམས་ཅན་ལ་ནི་ཕན་དང་གནོད། །ཡུལ་ཀུན་ལ་ནི་སྐྱེས་པ་ལ། །ཇི་ལྟར་རིམ་པ་ཞི་དང་རྒྱས། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་ལག་པའི་ བརྡ་དང་རྣལ་འབྱོར་མའི་མཚན་མ་དང་། ཕྱག་རྒྱའི་མཚན་མའི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་དྲུག་པའོ།། །། དེ་ནས་ཡང་དག་བཤད་བྱ་བ། །མངོན་སུམ་དངོས་གྲུབ་སྟེར་བ་དང་། ། གང་གིས་བྲིས་པ་ཙམ་གྱིས་ནི། །རྡོ་རྗེ་སེམས་དཔའ་འང་བརླག་པར་འགྱུར། །རོ་དང་བཙུན་མོའི་འཛག་པ་ལས། །རབ་དང་འབད་པས་ཡང་དག་བླང་། །བཅུ་བཞི་དང་ནི་ནག་པོའི་བརྒྱད། །རོ་བསྲེགས་ ཁུང་བུའི་སོལ་བ་ཡིས། །ཐམས་ཅད་རྡོ་རྗེ་ཞལ་བཞི་པའི། །སྔགས་ནི་རབ་ཏུ་ཆུད་པར་བྱ། །སྒྲུབ་པོས་གང་ཞིག་གནས་སུ་ནི། །ལན་བདུན་བཟླས་ལ་བརྐོས་ལ་གཞུག །ཉི་མ་བདུན་གྱིས་ངེས་པར་ འགྱུར། །གཤིན་རྗེའི་གནས་སུ་འགྲོ་བར་འགྱུར། །དེ་བཞིན་རིག་པའི་སྟོབས་ཀྱིས་ནི། །ལུས་ལ་མངོན་པར་བརྒྱན་བྱས་པ། །དེ་ཡང་ཡིད་ཀྱི་རྣལ་འབྱོར་གྱིས། །མངོན་སྤྱོད་ཀྱིས་ནི་འཆི་བར་འགྱུར། ། 86-1-218b དེ་ལྟར་ཆོ་ག་ཡང་དག་ལྡན། །ཐམས་ཅད་ལས་ནི་བསྒྲུབ་པར་འགྱུར། །རང་ཉིད་ཀྱིས་ནི་སྔགས་གཟུང་ན། །བསྐལ་པ་བྱེ་བ་བརྒྱར་ཡང་ནི། །འགྲུབ་པ་དག་ཏུ་ཡང་མི་འགྱུར། །དེ་ཁོ་ན་ཉིད་བསྡུས་པ་དང་། ། དཔལ་མཆོག་དང་པོ་ཡི་འཁོར་ལོ་སྡོམ། །རྡོ་རྗེ་འཇིགས་བྱེད་ལ་སོགས་པར། །མན་ངག་ཉེ་བར་འགྲོ་བ་ནི། །ལུས་ཀྱི་དབུས་ན་ཡོད་པ་སྟེ། །རྡོ་རྗེ་ཁྲག་འཐུང་ཡེ་ཤེས་ནི། །སྒྲུབ་པོས་གང་གིས་མི་ཤེས་པ། ། གང་ཞིག་བརྟུལ་ཞུགས་ཡུན་རིང་ཡང་། །དེ་ལས་དངོས་གྲུབ་མེད་པར་འགྱུར། །འདི་རུ་ལས་མཆོག་ཤེས་པར་བྱ། །སྔགས་གཞན་རྒྱས་པ་ཅི་ཞིག་དགོས། །འདི་རྣམས་ཀུན་ནི་ཡོངས་སུ་བཏུས། །རབ་ཏུ་འབད་པས་ འདི་རུ་གཟུང་། །སྒྲུབ་པོས་གང་དང་གང་གིས་ནི། །བསྒོམ་དང་བཟླས་པ་བརྩམས་པ་ཡིན། །དེ་དང་དེ་ཡིས་རྣལ་འབྱོར་བདག །འདོད་པའི་འབྲས་བུ་ཐོབ་པར་འགྱུར། །ཇི་ལྟར་ནོར་བུ་དང་བ་དག །རྫས་ལས་ བརྟེན་ནས་གཟུགས་ནི་འཛིན། །དེ་ལྟར་དཔལ་ལྡན་ཁྲག་འཐུང་རྒྱལ། །བསམ་གཏན་ཡང་དག་མཆོག་ཏུ་འགྱུར། །དངོས་པོ་གང་དང་གང་དག་ལ། །མི་རྣམས་ཡིད་ནི་ཡང་དག་སྦྱོར། །དེ་དང་དེ་ཡི་རང་བཞིན་འགྲོ། ། སྣ་ཚོགས་གཟུགས་ཅན་ནོར་བུ་འདྲ། །སྒྲུབ་པོ་རྣལ་འབྱོར་གཞོན་ལ་འདོད། །བསྐལ་པ་བྱེ་བ་བགྱིས་མི་འགྲུབ། །བྱ་བའི་རྒྱུད་ཀྱིས་བསྒྲུབ་པ་ལ། །དཔའ་བོས་རབ་ཏུ་སྦྱོར་བ་སྦས། །ཇི་སྲིད་སྙིང་པོ་རྒྱས་ཀྱི་བར། ། དེ་དང་དེ་ནི་ཉོན་མོངས་འགྱུར། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་ནང་གི་བསམ་གཏན་དང་བཟླས་པ་རྣམ་པར་དག་པའི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་བདུན་པའོ།། །། དེ་ནས་ བསྔགས་ཤེས་ཤིན་དུ་གསང་། །སྦྱོར་ཤེས་དེ་ཉིད་རྣལ་འབྱོར་བརྩམ། །འགྲོ་བ་ཀུན་ནི་རྨོངས་པས་ཁྱབ། །ཀྲི་ཡི་ལམ་ལ་བསྒྲུབ་པ་ཡིས། །བསྐལ་པ་བྱེ་བ་བརྒྱ་ཡིས་ཀྱང་། །དེ་ལ་འབྲས་བུ་ཐོབ་པ་མེད། །སྔགས་ 86-1-219a རྣམས་འདི་ནི་ཐམས་ཅད་ནི། །དཔའ་བོ་དག་གིས་སྦས་པ་སྟེ། །དེ་ནས་རྣལ་འབྱོར་ཤེས་པས་སྔགས། །གཅིག་མིན་ཡི་གེ་མ་ལུས་པས། །སྦས་ནས་ཡང་ནི་ཐམས་ཅད་ལ། །བརྩོན་ འགྲུས་སྟོབས་ཀྱི་ཕ་རོལ་གནོན། །དཔལ་ལྡན་ཁྲག་འཐུང་མཉམ་བཀུག་སྟེ། །སློབ་དཔོན་བདག་ཉིད་ཆེན་པོས་ནི། །མྱུར་དུ་དངོས་གྲུབ་སྐྱེ་བར་འགྱུར། །དེ་ལྟར་རྟགས་ནི་སྟོན་པའོ། །ཕྱག་རྒྱ་དང་སྦྱོར་ སྒྲུབ་པ་པོས། །ཉོན་མོངས་མེད་ལས་འགྲུབ་པར་འགྱུར། །དམ་ཚིག་མེད་པས་བཀླགས་པ་དང་། །གང་གིས་ནམ་ཡང་ཉན་པ་དེ། །ངན་པའི་བདག་ཉིད་ཅན་གྱིས་འཇོམས། །རྣལ་འབྱོར་ངན་འགྲོའི་ལམ་དུ་འགྲོ། ། འཇྀག་རྟེན་གཡོན་ལ་སྤྱོད་པས་དྲན། །གཡོན་པའི་སྔགས་ལས་ཀུན་དུ་དམིགས། །ཐམས་ཅད་གཡོན་པས་ཀུན་དུ་བྱ། །དངོས་གྲུབ་ཀུན་ནི་རབ་ཏུ་སྟེར། །རྣལ་འབྱོར་ཡེ་ཤེས་སྦས་ནས་ནི། །ཀྲྀ་ཡིའི་བསྟན་ བཅོས་ལ་ནི་འཇུག །རབ་ཏུ་འབད་པས་སྒྲུབ་པ་པོས། །དེ་དང་དེས་ནི་འགྲུབ་པར་འགྱུར། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་སྦས་པའི་སྔགས་དང་དམ་ཚིག་བསྲུང་བའི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ། ཉི་ཤུ་ རྩ་བརྒྱད་པའོ།། །། དེ་ནས་གསང་བའི་གནས་བཞི་དག །ཡང་དག་བསྡུས་ཏེ་བཤད་པ་ཡིན། །བ་ལང་ལྕི་བ་སྐམ་པོ་དང་། །དེ་བཞིན་ལྷག་མ་མགོ་སྐམ་དང་། །རོ་བསྲེགས་བཞི་ཡི་མགོ་ རི་དང་། །འབྱུང་བ་ཆེན་པོ་བཞི་པའོ། །འབུམ་ལ་ཕྱེད་དང་བརྒྱ་ཡིས་དམན། །དཀྱིལ་འཁོར་དག་ནི་བཞེངས་པ་སྟེ། །གསུམ་མཐའི་ཐིག་ལེའི་སྟེང་དུའོ། །བཞི་པའི་མཐའ་ནི་རབ་ཏུ་སྦྱར། །འབུམ་མཐར་ ཉི་ཤུ་རྩ་བཞིའི་ཕྱེད། །བདེན་བ་གཉིས་ལ་མཉམ་པར་བརྟེན། །རྟག་ཏུ་དྲུག་བཅུ་རྩ་བཞི་མཆོད། །འདོད་པའི་དོན་ཀུན་བགྲུབ་པར་འགྱུར། །འཇིག་རྟེན་དབང་ཕྱུག་ཐང་ཤིང་ལ། །མི་གང་མཉམ་པར་སྤྱོད་ 86-1-219b པའི་མཆོག །སྡིག་ཀུན་རྣམ་དག་བདག་ཉིད་དོ། །འཇིག་རྟེན་འདི་དང་ཕ་རོལ་དུ། །སངས་རྒྱས་ཉིད་མཐོང་སྐད་ཅིག་གིས། །ཧ་གཉིས་ཐོག་མར་དབང་ཕྱུག་དང་། །ཧ་གཉིས་བཞི་ཡི་ཁྲོ་བོ་སྟེ། །ས་ར་ས་ནི་ ཉིད་དག་དང་། །ངང་པ་དང་ནི་ཀ་རན་དང་། །ཁྲུང་ཁྲུང་དང་ནི་ཆུ་སྐྱར་དག །སྔགས་བྱ་ཆེན་པོར་བརྗོད་པ་སྟེ། །མཁའ་འགྲོ་མ་ཡི་གཏོར་མ་སྤྱོད། །དཀྱིལ་འཁོར་ལ་ནི་དངོས་གྲུབ་བསྒྲུབ། །སྔགས་པས་ལན་ཅིག་ཏུ་ ནི་བརྗོད། །གཟུགས་ཅན་མི་ནི་མྱུར་དུ་འོང་། །དགུག་ཅིང་དབང་དུ་འགྱུར་བ་སྟེ། །ཇི་སྲིད་འཚོ་བར་འགྱུར་བ་སྟེ། །བུད་མེད་སྟོང་གིས་ཡོངས་བསྐོར་ནས། །སྒྲུབ་པོས་ས་ཡི་སྟེང་དུ་རྩེ། །དཔལ་ལྡན་རྡོ་རྗེ་ཕག་མོ་ནི། ། གྲོ་གར་གི་ཝང་གིས་བྲིས་ཏེ། །རྟག་ཏུ་སྒྲུབ་པོའི་སྤྱི་བོར་བཏགས། །ཀུན་གྱི་ཁྲག་འཐུང་འདྲ་བར་མཐོང་། །གོས་དམར་ཡོངས་སུ་བགོས་ནས་ནི། །སྒྲུབ་པོས་མཚན་ནི་ཐོག་ཐག་དུ། །ཆུ་ལས་ཡོངས་སུ་བཟླས་ནས་ ནི། །ཤིང་ལ་བསྣན་ནེ་མེ་ཏོག་ལྷུང་། །སྐྱེས་པ་བུད་མེད་ཕྲག་པ་ལ། །ལག་པ་བཞག་སྟེ་བཟླས་ནས་ནི། །རྡོ་རྗེ་ཕག་མོ་དབང་དུ་འགྱུར། །མན་ཤིང་ལ་ལན་ཉི་ཤུ་བཟླས། །རྐང་པ་ལ་བྱུགས་མགོ་གནོན་འགྱུར། ། གོ་རོ་ཙ་ན་ལ་ལན་ཉྀ་ཤུར་མངོན་པར་བཟླས་པ་བྱས་ནས་གང་ཐིག་ལེར་བྱས་པ་དེ་ཐམས་ཅད་སྐྱེ་བོ་ཀུན་གྱིས་བྱམས་པར་འགྱུར། །རྒྱལ་རིགས་ནང་དུ་འཇུག་ན་སྐུ་དྲིན་ཆེན་པོར་འགྱུར་རོ། །མིག་སྨན་ལ་ལན་ བརྒྱད་བརྒྱར་བསྔགས་ཏེ། མིག་ལ་མིག་སྨན་བྱུགས་ན་མི་སྣང་བར་འགྱུར་རོ། །ཡུངས་ཀར་ལ་ལན་བདུན་མངོན་པར་སྔགས་ཏེ། སྐྱེས་བུ་ལ་བསྣུན་ན་ཤིན་དུ་འགྱུར་རོ། །ཡིད་ཀྱིས་ནི་གྲོལ་བར་འགྱུར་རོ། ། ཆུ་ལ་ཡོངས་སུ་བཟླས་ནས་བསྣུན་ན་ཁྲག་འཛག་པར་འགྱུར་རོ། །སྒྲུབ་པ་པོའི་སྔགས་འདི་ཡིས། །སྟོན་མོའི་བྱ་བ་བཟའ་སྟོན་མོ། །ཀུན་ནས་ཀུན་དུ་ཐམས་ཅད་ཏུ། །རྣལ་འབྱོར་མ་ནི་དགྱེས་པར་འགྱུར། ། 86-1-220a ཐལ་བ་ལ་ཡོངས་སུ་བཟླས་ནས་གཞན་གྱི་རིགས་ལ་བསྣུན་ན་རེངས་པར་འགྱུར་རོ། །གོས་ལ་བརྒྱད་བརྒྱར་ཡོངས་སུ་བཟླས་ཏེ་མདུད་པ་བཅིངས་ན་གོས་ཤིན་དུ་མང་བར་འགྱུར་རོ། །དེ་ལྟར་ནོར་དང་གོས་ དང་། གཞན་ཡང་བཏུང་བ་ལ་སོགས་པ་མང་པོར་འགྱུར་རོ། །ཆུ་ལ་བཟླས་ཏེ་ཆུར་བླུགས་ན་ཆུ་སྐམ་པར་འགྱུར་རོ། །ཐལ་བ་ལ་ཡོངས་སུ་བཟླས་ཏེ་ཞོ་ལ་བསྣུན་ན་ཁྲག་ཏུ་འགྱུར་རོ། །ཡིད་ཀྱིས་བཟླས་ན་ཐམས་ ཅད་གྲོལ་བར་འགྱུར་རོ། །དུར་ཁྲོད་ཀྱི་ཐལ་བ་ལ་བརྒྱད་བརྒྱར་མངོན་པར་བསྔགས་ཏེ་ཐིག་ལེ་བྱས་ན་མི་སྣང་བར་འགྱུར་རོ། །མར་ལ་ཡོངས་སུ་བཟླས་ཏེ་མཉེས་ནས་སྒོ་ལ་རེག་ན་སྒོ་རང་འབྱེད་པར་འགྱུར་རོ། ། བུམ་པ་ལ་ཡོངས་སུ་བཟླས་ཏེ་ཆུས་བཀང་ན་མི་མཐོང་བར་འགྱུར་རོ། །ཡིད་ཀྱིས་ནི་གྲོལ་བར་འགྱུར་རོ། །ལྕགས་ཀྱི་ཕུར་བུ་ལ་མངོན་པར་བསྔགས་ཏེ། འོ་མ་ཅན་གྱི་ཤིང་བཅད་ནས་ཡམ་ཤིང་ལ་ལན་ཅིག་བྱས་ ཏེ། གང་གི་མིང་དང་སྔགས་བརྒྱད་བརྒྱར་བཟླས་ཏེ་བསྲེགས་ནས། དེའི་ཐལ་བ་བླངས་ཏེ་སྐྱེས་པ་ལ་བྱུགས་ན་བུད་མེད་དུ་འགྱུར་རོ། །ཙན་དན་ལ་ཡོངས་སུ་བཟླས་ཏེ་བསྣུན་ན་བརླག་པར་འགྱུར་རོ། །ལན་ཚྭ་ལ་ཡོངས་ སུ་བཟླས་ཏེ་སྐྱེས་པས་བུད་མེད་ལ་བྱིན་ན་དེ་དབང་དུ་འགྱུར་རོ། །མེ་ཏོག་ལ་ཡོངས་སུ་བཟླས་ཏེ་མི་ཡི་ལུས་ལ་བསྣུན་ན་སྨྱོན་པར་འགྱུར་རོ། །ཐལ་བ་ལ་ཡོངས་སུ་བཟླས་ཏེ་ཐིག་ལེ་བྱས་ན་གོས་དང་བྲལ་བར་ འགྱུར་རོ། །ཡིད་ཀྱིས་ནི་གྲོལ་བར་འགྱུར་རོ། །སྐྱེས་པའམ་བུད་མེད་གང་གི་རྐང་པ་གཡོན་པའི་རྐང་རྗེས་ཀྱི་རྡུལ་བླངས་ཏེ་གོས་བཅིངས་ནས་གང་གི་མིང་བཀོད་དེ་སྦས་ན་བཅིངས་པར་འགྱུར་རོ། །སྐུད་པ་ལ་ ཡོངས་སུ་བཟླས་ཏེ་མདུད་པ་གསུམ་བྱས་ནས་ལན་བདུན་མངོན་པར་བསྔགས་པ་དགྲ་བོའི་དབུས་སུ་བཅུག་ན་སྦྲུལ་དུ་འགྱུར་ཏེ། དེའི་མཆེ་བས་བཏབ་ནས་མི་གསོད་པར་འགྱུར་རོ། །སླར་ཡང་བརྒྱད་བརྒྱར་བཟླས་ 86-1-220b ན་འཚོ་བར་འགྱུར་རོ། །མེ་ཏོག་ལ་མངོན་པར་བསྔགས་པ་བྱས་ནས་ས་སྤྱི་བོར་བཟུང་ན་མི་སྣང་བར་འགྱུར་རོ། །མི་སྣང་བར་གྱུར་ཀྱང་བུད་མེད་ཐམས་ཅད་ཀྱིས་མཆོད་པར་འགྱུར་རོ། །མེ་ཏོག་ལ་ མངོན་པར་བཟླས་ཏེ་མངོན་པར་གཏོར་ན་དེ་ཉིད་དུ་གནས་པར་འགྱུར་རོ། །ཡིད་ཀྱིས་ནི་གྲོལ་བར་འགྱུར་རོ། །འཇིམ་པའི་གོང་བུ་ལ་ཡོངས་སུ་བཟླས་ཏེ་སྤྱི་བོར་བཟུང་ན་སྤྱི་བོ་མི་མཐོང་བར་འགྱུར་རོ། །ཡིད་ཀྱིས་ ནི་གྲོལ་བར་འགྱུར་རོ། །དཔའ་བོའི་ཆུ་ལ་ཡོངས་སུ་བཟླས་ཏེ་བསྣུན་ན་འགྱེལ་བར་འགྱུར་རོ། །ཡིད་ཀྱིས་ནི་གྲོལ་བར་འགྱུར་རོ། །ཕྱག་རྒྱ་ཡོངས་སུ་བརྗེ་ཞིང་བསྒོས་ན་གཟུགས་ཡོངས་སུ་བརྗེ་བར་འགྱུར་རོ། ། ཛ་ཏི་དང་ཙམ་པ་ཀའི་མེ་ཏོག་རྣམས་ལ་རྟག་ཏུ་མངོན་པར་སྔགས་པ་བྱས་ནས་གན་ཏི་ཀ་དང་སྦྱར་བའི་དྲིས་འགུགས་པར་འགྱུར་རོ། །ཆང་ཡང་དྲི་ཆེན་དུ་དྲི་འགྱུར་བར་ཐེ་ཚོམ་མེད་དོ། །དཔལ་ཁྲག་འཐུང་མངོན་པར་ འབྱུང་བ་ལས་དཔལ་རྡོ་རྗེ་ཕག་མོའི་སྙིང་པོའི་སྔགས་ཀྱི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་དགུ་པའོ།། །། དེ་ནས་གསང་བ་ཐམས་ཅད་ཀྱི། །ཡིད་འོང་སྟོན་མོ་ལ་འདུས་པ། །གང་ཞིག་ཡང་དག་ ཤེས་པ་ནི། །གཉིས་མེད་ཡེ་ཤེས་རྣལ་འབྱོར་རྣམས། །ཤ་དང་ཆང་དུ་ལྡན་པ་ཡི། །སྟོན་མོ་སྣ་ཚོགས་ཀྱིས་ནི་འགྲུབ། །སྐལ་ལྡན་མཛའ་བའི་ལོངས་སྤྱོད་ཀྱིས། །ཚེ་འདི་དམ་པར་འགྲུབ་པར་འགྱུར། ། སྐྱེས་པ་དང་བུད་མེད་ཀྱི་གན་དུ་སོང་སྟེ་རིན་པོ་ཆེ་རྣམས་སྡུད་པར་བྱེད་དོ། །དེ་ཕྱིར་བླ་མད་དཀོན་མཆོག་གསུམ། །ཤེས་པར་བྱ་སྟེ་འགྲུབ་པར་འགྱུར། །ཀ་བ་གཅིག་དང་སྒོ་དགུ་དང་། །སྐུད་པ་གསུམ་དང་ལྷ་ རྣམས་ནི། །ཐམས་ཅད་གཉིས་མེད་རྣལ་འབྱོར་ཀྱིས། །རབ་ཏུ་འགྲུབ་པར་ཐེ་ཚོམ་མེད། །ཆུ་ལ་ཡོངས་སུ་བཟླས་ཏེ་ཟླ་བའི་བཏུང་བ་ལ་བླུགས་ན་མེར་འགྱུར་རོ། །ཡིད་ཀྱིས་ནི་གྲོལ་བར་འགྱུར་རོ། །ལས་ 86-1-221a རྣམས་ཐམས་ཅད་སྒྲུབ་པ་པོས། །དེ་ནས་རི་ཡི་ཆུ་བླངས་ཏེ། །ཙན་དན་དམར་པོ་ཉིད་ལ་ཟླ་བ་དྲུག་ཏུ་ཉེ་བར་ལོངས་སྤྱད་ན་ནད་ཐམས་ཅད་རྣམ་པར་སྤོང་ཞིང་། ལོ་སྟོང་ཕྲག་གཅིག་ཏུ་གསོན་ཞིང་སྐྲ་དཀར་ དང་གཉེར་མ་རྣམས་སྤོང་ངོ་། །ས་བོན་ནག་པོ་བླངས་ཏེ་སྔགས་པས་དངོས་པོ་ཀུན་གྱི་སྣར་བླུགས་ནས། རྣལ་འབྱོར་པས་བཟླས་ན་གཉེར་མ་དང་སྐྲ་དཀར་དང་མཆི་མ་རྣམས་ཀྱིས་མི་ཚུགས་སོ། །ཚེ་ཉམས་པ་ དང་སྐལ་པ་བཟང་པོ་དང་སྐལ་བ་ངན་པ་རྣམ་པར་སྤོང་ངོ་། །ནད་ཐམས་ཅད་རྣམ་པར་སྤངས་ཤིང་ལོ་སྟོང་ཕྲག་གཅིག་ཏུ་གསོན་པར་འགྱུར་རོ། །དོན་རྣམས་ཀུན་གྱི་སྒྲུབ་པ་པོས། །དེ་ལྟར་ཆོ་ག་ཡང་དག་ལྡན། ། བཅོམ་ལྡན་མོ་ཡི་ལུས་གཟུགས་ཀྱིས། །བཟླས་དང་བརྟུལ་ཞུགས་བྲལ་བས་ཀྱང་། །མཆོག་ཏུ་འགྲུབ་པར་འགྱུར་བ་ཡིན། །བླ་མའི་སྤྱོད་པ་སངས་རྒྱས་མཉམ། །བརྩོན་འགྲུས་ལྡན་ཞིང་ཕ་རོལ་གནོན། །གྲུ་ གསུམ་གྱི་ནི་དཀྱིལ་འཁོར་དུ། །གལ་ཏེ་རྒྱལ་པོ་དེ་མཆོད་བྱེད། །སེམས་ཅན་རྗེས་སུ་གཟུང་བའི་ཕྱིར། །དེ་རུ་རྟག་ཏུ་ང་འདུག་སྟེ། །རང་བྱུང་མེ་ཏོག་ལ་སོགས་པས། །རྟག་ཏུ་བདག་ཉིད་མཆོད་པར་བྱ། །དཔའ་བོ་ཟླ་བ་ གཅིག་གིས་འགྲུབ། །ཇི་ལྟར་རང་བཞིན་དེ་བཞིན་འགྱུར། །ད་ཡི་སྐུ་དྲིན་མཆོག་དེ་ཉིད། །རྡོ་རྗེ་ཕག་མོའི་རྣལ་འབྱོར་མ། །རྣལ་འབྱོར་ཆེན་པོའི་དབང་ཕྱུག་སྟེ། །ཆུང་མ་དགའ་བ་མེད་པར་འགྱུར། །ཡིད་ཀྱིས་སྔགས་ ནི་ཡོངས་བཟླས་ན། །གཉིས་མེད་ཡེ་ཤེས་རྣལ་འབྱོར་གྱིས། །སེམས་ཅན་ཐམས་ཅད་དབང་འགྱུར་ཞིང་། །དངོས་གྲུབ་ཐམས་ཅད་ཐེ་ཚོམ་མེད། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་རྣལ་འབྱོར་མ་རྣམས་ ཀྱི་ཚེ་འཕེལ་དང་། མཆོད་པའི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་སུམ་བཅུ་པའོ།། །། དེ་ནས་གསེར་ལ་སོགས་པ་ནི། །ཐམས་ཅད་དགུག་པའི་མཆོག་ཡིན་ནོ། །སྔགས་རྣམས་ཀུན་ནས་སྦས་པ་སྟེ། །རྣལ་ 86-1-221b འབྱོར་རྒྱུད་གཅིག་རྣལ་འབྱོར་ལྡན། །ནོར་གྱི་བདག་པོའི་ཁྱིམ་སོང་སྟེ། །གསེར་གྱི་ཆུ་ལ་ལན་བདུན་དུ། །མངོན་པར་བསྔགས་པ་བྱས་ནས་ནི། །གང་གི་ཁྱིམ་དུ་གཏོར་བྱས་ཏེ། །ལྷག་མས་བདག་ཉིད་དབང་བསྐུར་ ན། །ཉིན་ཞག་བདུན་ན་གསེར་རྣམས་འགུགས། །དཔག་ཚད་སྟོང་ཕྲག་གཅིག་གི་ས། །ཐིག་ལེ་བྱས་ན་བསྒྲུབ་བྱ་འགུགས། །སླར་གྲོལ་ཁ་ཊྭཱྃ་ག་ལ་ལན་བདུན་མངོན་པར་བསྔགས་པ་བྱས་ནས་དེ་ལ་འདུག་ན་དཔག་ཚད་ བརྒྱར་འགྲོ་བ་དང་འོང་བར་འགྱུར་རོ། །དུར་ཁྲོད་ཀྱི་ཐལ་བ་ལ་ལན་བདུན་མངོན་པར་བསྔགས་པ་བྱས་ནས་གང་བླུགས་པ་དེ་དབང་དུ་འགྱུར་རོ། །ཕཊ་ཡིག་དང་བཅས་པས་རྒྱས་བཏབ་པར་འགྱུར་ཞིང་རེངས་པར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་མ་དཔལ་རྡོ་རྗེ་ཕག་མོའི་ཡིད་ཀྱིས་འདོད་པ་བཞིན་བཟླས་ན། འདོད་པ་ཐམས་ཅད་ཇི་ལྟར་བསམ་པ་བཞིན་འོང་བར་འགྱུར་རོ། །ཉིན་ཞག་བདུན་ལ་འབུམ་ཕྲག་སྟོང་གི་སྦྱིན་སྲེག་གིས་ དཔལ་འོང་བར་འགྱུར་རོ། །རིགས་ཅན་རྣམས་ལ་སྦྱིན་པ་སྟེར་བར་འགྱུར་རོ། །མན་ཤིང་སྲང་གཅིག་བླངས་ཏེ། ནག་པོ་ཕྱོགས་ཀྱི་བཅུ་བཞིའི་ནམ་ཕྱེད་ན་མཆོད་པ་བྱས་ཏེ། མར་མེ་ཆེན་པོར་སྦར་ཞིང་གཏོར་ མ་དང་ལྷ་བཤོས་ཕུལ་ཏེ། །བརྒྱད་བརྒྱར་མངོན་པར་བསྔགས་ནས་ཨཉྫ་ན་བསྐུས་ན་མི་སྣང་བར་འགྱུར་རོ། །དཔག་ཚད་སྟོང་ཕྲག་གཅིག་ཏུ་འགྲོ་ཞིང་འོང་བར་འགྱུར་རོ། །དེ་ནས་ཀ་ར་བི་རའི་མེ་ཏོག་སྟོང་ཕྲག་ ཅིག་དུ་སྦྱིན་སྲེག་བྱས་ན་ནམ་མཁར་ལྷ་མོ་གནས་ཤིང་བུད་མེད་ཐམས་ཅད་དབང་དུ་འགྱུར་རོ། །ཆུའི་ནང་དུ་ཞུགས་ཏེ་མར་དང་སྦྲང་རྩི་ལ་སྟོང་ཕྲག་བརྒྱད་དུ་བཟླས་ནས་ཇི་སྲིད་འདོད་པ་དེ་སྲིད་དུ་སྦྱིན་སྲེག་བྱས་ན་ དེ་ནས་འདོད་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །རྐུན་མོ་དང་རྒྱལ་རིགས་ཀྱིས་ངེས་པར་འཚེ་བ་དང་། རྡོ་རྗེ་སེམས་དཔའ་ཡང་ཡིད་ཀྱིས་བཟླས་ནས་རྡོ་རྗེས་ངེས་པར་འགྱུར་རོ། །དཔལ་ཁྲག་འཐུང་མངོན་པར་ 86-1-222a འབྱུང་བ་ལས་རྡོ་རྗེ་ཕག་མོའི་ཡི་གེ་དྲུག་གི་སྔགས་ཀྱི་ལས་ཐམས་ཅད་ཀྱི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་སུམ་བཅུ་གཅིག་པའོ།། །། དེ་ནས་གསང་ཆེན་ཐམས་ཅད་ནི། །གཟུགས་ ནི་ཡོངས་སུ་བརྗེ་བ་སྟེ། །རྒྱུད་རྣམས་ཀུན་ལ་གསང་བ་ནི། །འདི་རུ་གསང་བའི་བྱ་བ་གསུངས། །བ་ལང་གི་སྤུ་ལས་ཐག་པ་བྱས་ཏེ་ལན་བདུན་མངོན་པར་བསྔགས་ནས། གང་གི་སྐེ་ལ་བཅིངས་པ་དེ་ཡང་བ་ལང་དུ་ འགྱུར་རོ། །དེ་ལྟར་སེམས་ཅན་གྱི་སྐེ་ལ་བཅིངས་པར་གྱུར་པ་དེ་ནི་དེ་དང་འདྲ་བར་འགྱུར་རོ། །སོ་བ་ལ་མངོན་པར་སྔགས་ཏེ་སོ་བའི་བདག་པོའི་ཁྱིམ་དུ་གཏོར་ནས་ལྷག་མས་བདག་ཉིད་དབང་བསྐུར་ བར་འགྱུར་རོ། །ཉིན་ཞག་བདུན་གྱི་སོ་བ་ཐམས་ཅད་དང་ནོར་གཞན་ཀུན་འགུག་པར་འགྱུར་རོ། །དུར་ཁྲོད་ཀྱི་ཤིང་ལ་མཆིལ་ལྷམ་བྱས་ཏེ་མངོན་པར་བསྔགས་ནས། དེ་ལ་མངོན་པར་གནས་ན་གང་དུ་འདོད་ པ་དེར་འགྲོ་ཞིང་སླར་ཡང་འོང་བར་འགྱུར་རོ། །བཅོམ་ལྡན་འདས་མའི་སྙིང་པོའི་ཡི་གེ་དྲུག་པ་ཟློས་ཤིང་རྗེས་ཀྱི་རྡུལ་དང་ཐལ་བར་བཅས་པ་ལ། ལན་བདུན་མངོན་པར་སྔགས་པ་བྱས་ནས་གང་ ལ་བྱུགས་པ་དེ་རྒྱས་བཏབ་པར་འགྱུར་རོ། །ཡིད་ཀྱིས་ནི་གྲོལ་བར་འགྱུར་རོ། །སྔགས་བཟླས་ཤིང་སྤྱི་བོར་བཅིངས་ན་གང་གིས་ཀྱང་མི་མཐོང་བར་འགྱུར་རོ། །གང་དུ་འདོད་པ་དེར་འགྲོ་བར་འགྱུར་རོ། ། ཉི་མ་ལ་མངོན་པར་བལྟས་ཏེ་མིང་དང་སྔགས་བཟླས་ན་དེ་འགུགས་པར་འགྱུར་རོ། །ཞག་གཅིག་གིས་དཔག་ཚད་གཅིག་ཚུན་ཆད་དབང་དུ་འགྱུར་རོ། །ཞག་གསུམ་གྱིས་དཔག་ཚད་བཅུ་ཚུན་ཆད་དོ། །ཞག་ བདུན་གྱིས་དཔག་ཚད་ཉི་ཁྲི་ཚུན་ཆད་འགུགས་པར་འགྱུར་རོ། །བྱི་ལའི་སྤུ་དང་གང་གི་མིང་དང་ལྷན་ཅིག་སྦྱིན་སྲེག་བྱེད་ན་དེ་གཟའ་ཆེན་པོས་གཟུང་བར་འགྱུར་རོ། །གང་ལ་དེས་བཅིངས་པ་དེ་བྱི་ལར་འགྱུར་རོ། ། 86-1-222b དེ་ལྟར་ཁྱི་དང་བྱ་རོག་གི་རྒྱུས་པས་སྲད་བུ་བྱས་ཏེ་མངོན་པར་སྔགས་ན་དེ་བྱ་རོག་ཏུ་འགྱུར་རོ། །དེ་ལྟར་སེམས་ཅན་གང་གིས་སྲད་བུ་བླངས་ཏེ་མངོན་པར་བསྔགས་ནས་མགྲིན་པ་བཅིངས་ན་དེ་ན་དེ་དང་ འདྲ་བར་འགྱུར་བར་ཐེ་ཚོམ་མེད་དོ། །བཀྲོལ་བས་ནི་གྲོལ་བར་འགྱུར་རོ། །སྐྱེས་པའི་སྐྲའི་སྲད་བུ་ལ་ལན་བདུན་མངོན་པར་བསྔགས་པ་བྱས་ནས་བུད་མེད་གང་གིས་མགྲིན་པ་ལ་བཅིངས་ན་དེ་ནི་སྐྱེས་པར་ འགྱུར་རོ། །དེ་ལྟར་བུད་མེད་ཀྱི་སྐྲ་ལ་སྲད་བུ་བསྒྲིལ་ཏེ་ལན་བདུན་མངོན་པར་བསྔགས་ནས་སྐྱེས་པ་གང་གི་མགྲིན་པར་བཅིངས་པ་དེ་ནི་བུད་མེད་དུ་འགྱུར་རོ། །ལག་པ་ལ་ལན་བདུན་མངོན་པར་ སྔགས་པ་བྱས་ནས་རེག་ན་མངལ་འཕོ་བར་འགྱུར་རོ། །བཀྲོལ་བས་ནི་གྲོལ་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་མ་ཡིད་ཀྱི་བཟླས་ན་རིགས་ཐམས་ཅད་དབང་དུ་འགྱུར་རོ། །རྟག་ཏུ་བཟླས་ན་ དཔལ་མོ་སྐྱེ་བར་འགྱུར་རོ། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་དེ་ཉིད་སྔགས་ཀྱིས་གཟུགས་ཐམས་ཅད་ཡོངས་སུ་བརྗེ་བ་དང་། དབང་དུ་བྱེད་པའི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ། སུམ་བཅུ་ རྩ་གཉིས་པའོ།། །། དེ་ནས་ཕུར་བུའི་ཆོ་ག་བཤད། །བྲམ་ཟེའི་དམོད་པ་འདྲ་བ་ཡི། །རྣལ་འབྱོར་ཡན་ལག་ཡང་དག་བླངས། །གསང་བའི་ལས་ནི་སྐྱེ་བར་འགྱུར། །སྤྲེའུ་ཡི་རུས་པའི་རང་བཞིན་ལས། ། ཕུར་བུ་སོར་ནི་དྲུག་པར་བྱ། །ལན་བདུན་དུ་ནི་མངོན་པར་སྔགས་ཏེ། །གང་གི་སྒོ་རུ་སྦས་པ་ནི། །དེ་ཡི་རིགས་ནི་ཆད་པར་འགྱུར། །བ་ལང་གླང་ཆེན་རྟ་དང་ནི། །བོང་བུ་རྔ་མོ་མ་ཧེ་ཤ །གནས་པའི་ས་དེར་སྦས་ ན་ནི། །དེ་རྣམས་བརླག་པར་འགྱུར་བ་ཡིན། །མདོར་བསྡུས་ནས་ནི་གསུངས་པ་ཡིན། །གང་ཞིག་རྟག་ཏུ་འདི་བསྒོམ་པ། །རྟག་ཏུ་མིག་མི་འཛུམས་པར་བལྟ། །གང་ལ་བཟླས་པར་འགྱུར་བ་ཡིས། །དེ་ཡི་མིག་ནི་ 86-1-223a ལྟུང་བར་འགྱུར། །གང་གི་མིང་དང་སྔགས་སུ་བཟླས། །དེ་ཡི་ཁྲག་ནི་འགུགས་པར་འགྱུར། །ཐམས་ཅད་བདག་ཉིད་བཅོམ་ལྡན་ནོ། །རིག་པའི་མཆོག་ནི་ཉེར་སྤྱོད་ཀྱིས། །ལས་ནི་ཀུན་དུ་བྱ་བ་ཡིན། ། ཇི་ལྟར་འདོད་པ་དཔལ་ཁྲག་འཐུང་། །རྡོ་རྗེ་ཕག་མོའི་སྙིང་པོ་དང་། །དེ་བཞིན་ཉེ་བའི་སྙིང་པོའོ། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་ལས་ཀྱི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་སུམ་བཅུ་རྩ་གསུམ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ། །རྣལ་འབྱོར་མ་རྣམས་མཆོག་ཏུ་མཛེས། །གསང་བའི་བླ་མ་བླ་མེད་བསྔགས། །ལྷ་རྣམས་ཀྱིས་ཀྱང་རྙེད་པར་དཀའ། །ལྷ་མོ་ཀུན་གྱི་སྙིང་པོ་ནི། །འདོད་པའི་དོན་ཀུན་སྒྲུབ་པར་བྱེད། ། བྷ་ཡིག་བདག་གིས་རབ་ཏུ་གསུངས། །ཨོ་ཡིག་ས་བོན་ཞེས་སུ་བརྗོད། །ཇི་ལྟར་ཨེ་ཡིག་ས་བོན་ལ། །མེ་ཡི་བུ་ནི་གསུམ་པས་དབྱེ། །ཧཱུྃ་ཕཊ་ཡི་གེ་མཐའ་རུ་སྦྱར། །འདི་རྣམས་ཡི་གེ་དྲུག་པའི་སྔགས། ། མདོར་བསྡུས་ནས་ནི་གསུངས་པ་ཡིན། །གང་ཞིག་རྟག་ཏུ་འདི་བསྒོམ་པ། །རྣལ་འབྱོར་དངོས་གྲུབ་འབྲས་སྐལ་ལྡན། །རྟག་ཏུ་དེ་ལ་བུད་མེད་བཟང་། །སྒྲུབ་པོ་ལ་ནི་འོང་བར་འགྱུར། །འདོད་པས་བརྒྱལ་བར་གྱུར་ན་ནི། ། སྣ་ཚོགས་ཀུན་ཏུ་འཛག་པ་སྟེ། །སེམས་ནི་འདོད་པས་དགྱེས་ནས་སུ། །དེ་རྣམས་ཀུན་ནི་འོང་བར་འགྱུར། །རྟག་ཏུ་བཟླས་ན་བུད་མེད་རྣམས། །རྒན་དང་གཞོན་པ་དབང་དུ་འགྱུར། །བྱིན་གྱིས་བརླབ་པ་བྱེད་པར་འགྱུར། ། རང་གི་ཁྱིམ་དུ་ཞུགས་ནས་ནི། །ཇི་ལྟར་འདོད་པ་བཞིན་བརྟག་པའི་ལས་འདི་ཉེ་བར་སྤྱད་པ་ནི། ལས་ཀུན་བྱེད་པར་འགྱུར་རོ། །མཚན་ཐོག་ཐག་ཏུ་བཟླས་པ་བྱས་ཏེ། སྒྲུབ་པ་བོ་ཤིན་དུ་མཉམ་པར་གཞག་པས་ཕོ་ཉ་བསྒྲུབ་ བོ། །དེའི་ལག་མཐིལ་དུ་སོང་བའི་དཔལ་སུས་ཀྱང་འཕྲོག་པར་མི་ནུས་སོ། །ཁང་སྟོང་དུ་ཞུགས་ནས་ནུབ་དུ་ཁ་བལྟས་ཏེ། སྟན་ལ་འདུག་ནས་གོས་ཀྱིས་ཡོལ་བར་བྱས་ཏེ། དེ་ལ་བཟའ་བ་དང་བཏུང་བའི་སྟོན་མོ་བྱིན་ཏེ། 86-1-223b སྨན་རྣམ་པ་ལྔས་སྤོས་བྱས་ཏེ་མར་ཁུ་ཆེན་པོས་མེ་མར་རབ་ཏུ་སྦར་ལ་སྟོང་ཕྲག་གཅིག་ཏུ་བཟླས་པ་བྱས་ཏེ། དེ་ནས་རྣལ་འབྱོར་མ་ཐམས་ཅད་འདས་ནས་དཀྱིལ་འཁོར་ལ་ཞུགས་ཏེ་སྒྲུབ་པ་པོ་ལ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ཐམས་ཅད་སྟོན་པར་འགྱུར་རོ། །ཤ་དང་ཁ་ཟས་ཀྱི་ལྷག་མས་རྣལ་འབྱོར་མ་རྣམས་ལ་གཏོར་མ་བྱིན་ཏེ། འགིའུ་ཝང་ལ་བརྒྱད་བརྒྱར་མངོན་པར་བསྔགས་ནས་མིག་ལ་ཨཉྫ་བྱུགས་ན་མི་ སྣང་བར་འགྱུར་རོ། །གང་གིས་ནམ་ཡང་འདི་དམ་ཚིག་མེད་པ་ལ་བརྗོད་པར་མི་བྱ་སྟེ། རྣལ་འབྱོར་མ་ཐམས་ཅད་ཀུན་ནས་འགྲོ་བར་འགྱུར་རོ། །ཇི་ལྟར་དཔལ་ཧེ་རུ་ཀ་ལ་མཆོད་པ་བཞིན། དེ་ལྟར་སློབ་དཔོན་རབ་ཏུ་འབད་ པས་མཆོད་དོ། །ཆོ་ག་བཞིན་དུ་དགྱེས་པར་བྱས་ཏེ་དཔལ་ཧེ་རུ་ཀ་བགྱེས་པར་བྱས་ནས་རྣལ་འབྱོར་རྣམས་འདིས་དགྱེས་ནས་མཆོག་སྟེར་ཞིང་། སློབ་དཔོན་དགྱེས་ནས་ཐམས་ཅད་དགྱེས་པར་ཐེ་ཚོམ་མེད་དོ། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ ལས། དཔལ་རྡོ་རྗེ་ཕག་མོའི་ཉེ་བའི་སྙིང་པོའི་སྔགས་བཏུ་བའི་ལས་ཀྱི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་སུམ་བཅུ་རྩ་བཞི་པའོ།། །། དེ་ནས་ཡང་དག་བཤད་བྱ་བ། །ཕྱག་རྒྱ་ཆེན་པོ་རབ་བསྒྲུབ་པ། །སྔོན་བཞིན་ ཐང་ཀའི་མདུན་དུ་ནི། །གང་གིས་མྱུར་དུ་དེ་འགྲུབ་འགྱུར། །ཡིད་ཀྱིས་དབང་བསྐུར་ཐོབ་པ་ནི། །རྣལ་འབྱོར་ཆེན་པོ་ལ་གནས་ཏེ། །དངོས་གྲུབ་ཀུན་ཀྱང་ཕྱག་རྒྱ་སྟེ། །སྒྲུབ་པོས་ཡང་དག་མཆོད་པར་བྱའོ། །དཔལ་ཧེ་རུ་ ཀ་དང་རྡོ་རྗེ་མཁའ་འགྲོ་མ་རྣམས་འོངས་ནས་མཆོག་སྟེར་བར་བྱེད་དོ། །དེ་ལ་ཨརྒ་ཕུལ་ཏེ་པུས་མོ་ས་ལ་གཙུགས་ནས་ལག་པ་ཐལ་མོ་སྦྱར་ཏེ། སྒྲུབ་པའི་མཆོག་གིས་མཆོད་པར་བྱའོ། །སྒྲུབ་པ་པོའི་ལུས་ལ་འཇུག་ པར་ཐེ་ཚོམ་མེད་དོ། །དཔའ་བོའི་མིག་ནི་རབ་ཏུ་གདངས་པ་དང་། ཐམས་ཅད་ཤེས་ཤིང་གཙོ་བོ་ཐམས་ཅད་བྱེད་པ་དང་། དེ་ནས་སྒྲུབ་པ་པོ་མཆོག་འཇིག་རྟེན་གསུམ་དུ་ཐམས་ཅད་དུ་འགྲོ་བའོ། །དཔའ་བོ་འདི་རྣམས་ 86-1-224a ཡེ་ཤེས་ཆེ། །གཉིས་པ་ཐམས་ཅད་རྣམ་པར་སྤངས། །གང་གིས་རྣམ་པར་ཤེས་ཙམ་གྱིས། །ས་དང་རྒྱ་མཚོ་སྐ་རགས་ཏེ། །ལྷ་དང་ལྷ་མིན་མིར་བཅས་པ། །མྱུར་དུ་དབང་དུ་བྱེད་པར་འགྱུར། ། ཨོཾ་ཤྲཱི་ཧེ་རུ་ཀ་ཡ་བིད་མ་ཧེ་བིདྱཱ་རཱ་ཛཱ་ཡ་དྷི་མ་ཧེ་པྷ་བྣོ་བཱ་རི་ཙེ་ད་ཡ་ཏེ་སྭཱ་ཧཱ། བསྒྲུབ་བྱའི་སྤྱི་བོ་ལ་སྔགས་ཀྱི་རྒྱལ་པོ་འདི་བཀོད་པས་རེངས་པར་འགྱུར་རོ། །སྔགས་འདི་རྣམས་རྣམ་པར་ཤེས་ནས་སྟེངས་སུ་ སྟོབས་འཛིན་པར་འགྱུར་རོ། །རྒྱ་མཚོའི་རླབས་དང་། གླང་པོ་ཆེ་དང་། སྤྲེའུ་དང་། འཁྲུལ་འཁོར་དང་། རྟ་དང་། དེ་བཞིན་དུ་དམག་མི་རྣམས་འདིར་ལུས་ལ་བཀོད་ན་རེངས་པར་འགྱུར་རོ། །དེ་ལྟར་ཡོངས་སུ་བཀོད་པ་ཡིས། ། གྲུ་གསུམ་དཀྱིལ་འཁོར་ཡང་དག་ལྡན། །དཔལ་ལྡན་རྡོ་རྗེ་འཛིན་པ་ཡང་། །སྐད་ཅིག་ཙམ་གྱིས་ལོང་བར་འགྱུར། །ཁ་ཡི་དབུས་སུ་རྣམ་པར་བཀོད། །དེ་བཞིན་ལྕེ་དང་རྐན་ལའོ། །དེ་ནི་མྱུར་དུ་དགེ་བར་འགྲོ། །རྡོ་རྗེ་ སེམས་དཔའ་མཉམ་པ་ཡང་། །སྐད་ཅིག་གིས་ནི་མི་སྨྲ་འགྱུར། །ལྕེ་ཡི་རྩེ་ནས་རིག་པ་འཕྲོག །འདི་རུ་བཀོད་པས་འགྲུབ་པར་འགྱུར། །སྔགས་ཀྱི་རྒྱལ་པོ་སྙིང་གར་དགོད། །སེམས་ནི་འཕྲོག་པར་བྱེད་ པ་ཡིན། །རྐང་པ་མཐིལ་ནས་མགོ་ཡི་བར། །ནག་པོའི་གཟུགས་ནི་རྣམ་པར་དགོད། །དབང་པོ་ཐམས་ཅད་འཕྲོག་པ་རུ། །བྱེད་པ་རུ་ནི་ཐེ་ཚོམ་མེད། །ལས་འདི་ཐམས་ཅད་བྱེད་པར་འགྱུར། །འདོད་པའི་དངོས་གྲུབ་ རབ་ཏུ་སྟེར། །འདི་རྣམས་དེ་ཡི་དཔའ་བོས་གསུངས། །འདོད་པས་ས་སྟེངས་རྙེད་པར་དཀའ། །བདག་ཉིད་ཡིད་བཞིན་ནོར་བུ་ཉིད། །དེ་ཉིད་བསྡུས་པར་རྣམ་བཤད་པ། །འདི་ཡི་སྔགས་དང་འདྲ་བ་མེད། །འདི་ཡི་ལས་ དང་མཉམ་པ་མེད། །རྣམ་པར་མི་ཤེས་པ་ཡིས་ནི། །ཅུང་ཟད་ལས་ནི་འགྲུབ་པ་མེད། །སྔགས་ཀྱི་རྒྱལ་པོ་རྣམ་པར་ཤེས། །དངོས་གྲུབ་ཐམས་ཅད་མཛེས་པར་བྱེད། །རང་གི་ལུས་ལ་རྣམ་པར་དགོད། །སྒྲུབ་པོ་ 86-1-224b ཤིན་དུ་མཉམ་གཞག་པས། །དེས་ནི་བལྟས་པས་དབང་དུ་འགྱུར། །ཐམས་ཅད་སྒྲུབ་པོའི་གཙོ་བོ་ཡིས། །རབ་ཏུ་ཁྲོས་པས་གསོད་པར་འགྱུར། །བརྟུལ་བཞིན་རྣམ་པར་ཁྲོས་པ་ཡིས། །ཆུ་བོ་དང་ནི་རྒྱ་མཚོ་ དང་། །འཁྲུག་པ་དང་ནི་རྒྱལ་རིགས་དང་། །རྐུན་པོ་མེ་ཡིས་འཇིགས་པ་ལས། །དེ་ཡིས་རྡོ་རྗེ་ཐོག་ཏུ་འགྱུར། །གང་དེར་ཡང་དག་བྲིས་པ་ཡིས། །འཇིག་རྟེན་གསུམ་ཡང་གཡོ་བ་དང་། །དངོས་གྲུབ་ ཐམས་ཅད་ཐོག་པར་འགྱུར། །སྒྲུབ་པོ་མཆོག་ཏུ་གྱུར་པ་ཡིས། །དབང་དང་དགུག་དང་རེངས་པ་ཡིས། །རྣམ་པར་སྡང་བ་བསྐྲད་དང་གསད། །གང་དུ་མིང་གིས་བྲིས་ཏེ་གཟུང་། །ཐམས་ཅད་དུ་ནི་འགྲུབ་པར་ འགྱུར། །རྡོ་རྗེ་སེམས་དཔའ་ལ་སོགས་ལྷ། །མཁས་པ་ཡིས་ནི་མྱུར་བ་རུ། །སྐལ་མེད་ཀྱིས་ཀྱང་འགྲུབ་པ་ཡིན། །སྒྲུབ་པོས་རབ་ཏུ་འབད་པ་ཡིས། །འདི་ནི་རྟག་ཏུ་སྐྱེ་བར་འགྱུར། །འཁྲུག་པ་དགྲ་དང་གཡང་ས་ དང་། །རྐུན་པོ་སྟག་དང་གླང་ཆེན་དང་། །སེང་སྦྲུལ་རྟ་དང་ཚོན་ཆའི་བར། །གཟའ་ནི་སྣ་ཚོགས་འཇིགས་པ་ལས། །ཐམས་ཅད་དུ་ནི་རྒྱལ་བར་འགྱུར། །དེ་ནི་རྩོད་པ་མེད་འདོད་ན། །སྔགས་པས་བྲི་བར་བྱ་བ་ཡིན། ། དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་ཕྱག་རྒྱ་ཆེན་པོ་སྒྲུབ་པའི་ཀླུའི་ལས་ཀྱི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་སུམ་བཅུ་རྩ་ལྔ་པའོ།། །། དེ་ནས་བསྐྲད་པ་ཡང་དག་བཤད། །དགྲ་བོ་སྟོབས་ཀྱིས་ དྲེགས་པས་ན། །སྟེང་དུ་འཁོར་བའི་འདབ་མ་ལ། །མཁས་པས་བྱ་རོག་སྒྲོ་ཡིས་བྲི། །སྙིང་པོ་གོ་བཟློག་ཡང་དག་ལྡན། །འབྱུང་པོའི་ཞལ་ལ་བརྒྱ་རུ་བཟླས། །སྟེང་དུ་འཁོར་ཞིང་ལྡིང་པ་ཡི། ། འདབ་མ་ཕྱེད་དང་གཉིས་ལས་ནི། །བསྒྲུབ་བྱ་མྱུར་དུ་བསྐྲོད་པར་འགྱུར། །གཙོ་བོ་རྡོ་རྗེ་སེམས་དཔའ་བསྐྲོད། །ནིམ་བ་པ་ཏྲའི་ཁུ་བར་ལྡན། །བསྒུབ་བྱའི་མིང་དང་དམ་ཚིག་དང་། །སྙིང་དུ་སྔགས་ཀྱིས་ 86-1-225a ཆུད་པར་བྱ། །མེ་ལ་སྦྱིན་སྲེག་བྱ་བ་སྟེ། །བརྒྱད་ལྷག་བརྒྱ་ནི་ཡོངས་སུ་བཟླས། །གོ་བཟློག་པ་ཡི་སྙིང་པོ་ཡིས། །ཉི་མ་ཕྱེད་དམ་ནམ་ཕྱེད་ན། །ཕོ་ཉ་འཁོར་ཞིང་སྔགས་ནི་བཟླས། ། སྙིང་པོ་གཉིས་བརྒྱ་ལྷག་པའི་བརྒྱས། །འདི་རྣམས་འཁོར་བར་བྱ་བ་ཡིན། །ཡིད་ཀྱིས་བརྒྱད་བརྒྱས་དགྲ་རྣམས་ནི། །འཁྲུལ་འཁོར་དག་ནི་གཞུག་པར་བྱ། །སྔགས་ཀྱི་ཞགས་པས་བཅིངས་པ་ དང་། །སྤྱི་བོར་དབྱུག་པ་ཡིས་ནི་བརྡུང་། །ཚངས་པ་དབང་པོ་དྲག་པོ་དང་། །མིང་དང་དགྲ་རྣམས་གསོད་པ་ཡིན། །ཟླ་བ་དག་ནི་ཕྱེད་པ་ལ། །བསྒྲུབ་བྱའི་སྤྱི་བོར་ཡང་དག་བྲིས། །ཐོད་པ་ཁྲག་གིས་བཀང་ བ་ནི། །གང་གི་གནས་སུ་དེ་ཉིད་སྦས། །དེ་མ་ཐག་ཏུ་ཁྲག་ནི་འཛག །སྔགས་ལ་སུན་ནི་འབྱིན་པ་དེ། །དེ་ཉིད་ཀྱིས་ནི་འཆི་བར་འགྱུར། །འདོད་པའི་འཁྲུལ་འཁོར་དང་པོའི་དགྲ། །འདི་ཉིད་ སྟོང་པ་ཆེན་པོ་སྟེ། །དངོས་གྲུབ་ཀུན་བྱེད་མཛེས་པ་ཡིན། །འདི་ནི་ཁྲག་འཐུང་གིས་ནི་བརྗོད། །སྔོན་དང་ཕྱི་མ་དབུས་དག་ཏུ། །མཁས་པས་འཇིག་རྟེན་སྤྱོད་པར་ཤེས། །དཔལ་ཁྲག་འཐུང་ མངོན་པར་འབྱུང་བ་ལས་གདུག་པ་ཐམས་ཅད་ཀྱི་བསམ་གཏན་གྱི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་སུམ་བཅུ་རྩ་དྲུག་པའོ།། །། དེ་ནས་ཆར་པ་དབབ་པ་བཤད། །དཔའ་བོ་གཉིས་མེད་རྣལ་འབྱོར་པས། །གང་གིས་ མྱུར་དུ་ཆར་འབེབ་པ། །ཀླུ་བརྒྱད་པོས་ནི་ཐེ་ཚོམ་མེད། །མཐའ་ཡས་དང་ནི་ནོར་རྒྱས་དང་། །དེ་བཞིན་འཇོག་པོ་སྟོབས་ཀྱིས་རྒྱུ། །པད་མ་དང་ནི་པད་ཆེན་དང་། །དུང་སྐྱོང་དང་ནི་རིགས་ལྡན་བརྗོད། །སོ་སོ་ཞིང་ ནི་རེ་རེ་ཡི། །སྔགས་དང་རང་མིང་བརྗོད་པར་བྱ། །སྡེ་ཚན་དྲུག་པའི་གཉིས་པ་ལ། །དབྱངས་ཀྱི་ལྔ་པས་དབྱེ་བ་བྱ། །བཅུ་དྲུག་པས་ནི་མཉམ་པར་བརྟེན། །ཐོག་མ་ཐ་མ་མཉམ་ལྡན་བརྟག །སྔགས་འདི་ 86-1-225b དག་ནི་མཉམ་པར་སྦྱོར། །མཐའ་ཡས་ལ་སོགས་བརྒྱད་པོ་ནི། །རྒྱ་མཚོ་འབབ་པའི་ཆུ་བོ་ཡི། །འཇིགས་པས་གཟུགས་བརྙན་བྱ་བ་ཡིན། །ཕྱོགས་ཀྱི་མདོག་ཏུ་གདེངས་ཀ་བདུན། །སྔགས་ཀྱིས་བསྐུལ་བས་ཡང་ དག་ལྡན། །དེ་ཡི་སྙིང་གར་གཞུག་པར་བྱ། །པད་མ་འདབ་བརྒྱད་དགོད་བྱས་ལ། །གཞག་སྟེ་ཉིན་བདུན་མཆོད་པར་བྱ། །མཐའ་དག་ཆུ་ཡིས་རྒྱས་པར་བྱ། །མྱུར་དུ་ཆར་ནི་མི་འབེབ་ན། །ལས་གཞན་དག་ནི་ སྦྱར་བར་བྱ། །དུར་ཁྲོད་ཀྱི་ནི་རས་དག་ལ། །དུག་དང་སྐེ་ཚེ་དག་དང་ནི། །ནིམ་བའི་འདབ་མའི་ཁུ་བ་ཡིས། །སྔགས་འདི་དག་ནི་ཡང་དག་བྲི། །སྦུ་གུ་ལ་སོགས་པར་ནི་གཞུག །འབྲས་ཕུབ་མེ་ལ་གདུང་བར་བྱ། ། ཆར་ནི་འབབ་པར་འགྱུར་བའོ། །ཡང་ན་ཀླུ་ནོར་རྒྱས་ཀྱི་གཟུགས་བརྙན་མགོ་དགུ་པ་བྱས་ལ་དེའི་སྙིང་གར་བཅུག་ལ་གདུང་བར་བྱའོ། །ཆར་པའི་རྒྱུན་ཆེན་པོ་འབབ་པར་འགྱུར་རོ། །འཛམ་བུའི་གླིང་ཀུན་དུ་ རྒྱས་པར་འགྱུར་རོ། །དཔལ་ཧེ་རུ་ཀའི་བཀའ་ཉན་པར་བྱེད་པ་དང་། ཀླུ་ལ་ཀླུས་ཞི་བར་འགྱུར་རོ། །དེ་ནས་དཔལ་ལྡན་སྦྱིན་སྲེག་གིས། །གཟའ་དགུ་པོ་ནི་ཞི་བ་ཡིན། །མིག་དམར་མཇུག་རིངས་ལ་ སོགས་པར། །སྔགས་ཀྱི་ཆོ་ག་བཞིན་དུ་སྦྱར། །ཉི་མ་དང་ནི་ཟླ་བ་འཛིན། །མིག་དམར་དང་ནི་གཟའ་ལྷག་དང་། །དེ་བཞིན་ཕུར་བུ་པ་བ་སངས། །དེ་བཞིན་དུ་ནི་སྤེན་པ་མཆོག །སྒྲ་གཅན་མཇུག་ རིངས་མཉམ་པར་བཤད། །རང་མིང་བརྗོད་པ་ཡི་ནི་སྔགས། །དང་པོ་ཨོཾ་གྱི་ཡི་གེ་དང་། །ཐ་མར་སྭཱ་ཧཱ་སྦྱར་བ་ཡིན། །དབང་པོ་མེ་དང་གཤིན་རྗེ་དང་། །དེ་བཞིན་བདེན་བྲལ་ཆུ་བདག་དང་། །རླུང་ལྷ་དང་ནི་གནོད་ སྦྱིན་དང་། །དབང་ལྡན་དུ་ནི་རབ་ཏུ་གྲགས། །དེ་བཞིན་འཇིག་རྟེན་སྐྱོང་བ་དང་། །སྦྱོར་བའི་ལམ་ལ་རབ་ཏུ་འཇུག །རང་མཚན་བཞོན་པ་ཁ་དོག་དང་། །འཇིག་རྟེན་སྐྱོང་བ་བདག་ཉིད་ཆེ། །ཁྲོ་བོ་གཉིས་དང་ཡང་དག་ 86-1-226a ལྡན། །བསྒྲུབ་བྱ་ལ་ནི་སྦྱོར་བ་ཡིན། །ཉིན་ཞག་བདུན་གྱི་སྦྱིན་སྲེག་གིས། །སྒྲུབ་པོ་ཅི་བགྱི་འགྱུར་བ་ཡིན། །ཞལ་བཞི་པ་ཡི་སྔགས་ཀྱིས་ནི། །ཕྱོགས་དང་མཚམས་སུ་གསུངས་པ་སྟེ། ། འབྲུ་རྣམས་ཐམས་ཅད་བསྲེས་ནས་ནི། །ཉི་ཁྲི་རུ་ནི་བསྔགས་ནས་ཀྱང་། །གྲངས་ནི་བརྒྱད་དང་དགུ་པོ་བསྒྲུབ། །འདི་རྣམས་འཇིག་རྟེན་པ་ཡིན་ཏེ། །རྣལ་འབྱོར་པས་ནི་སྒྲུབ་པ་པོ། །ས་ཡི་སྟེང་དུ་རྣམ་པར་སྤྱོད། ། དཔལ་ལྡན་ཁྲག་འཐུང་འཇིག་རྟེན་འགྱུར། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མཆོག །སེམས་ཅན་རང་བཞིན་སངས་རྒྱས་ཀུན། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །སྔགས་དང་ཕྱག་རྒྱ་མཉམ་པར་བྱ། ། དཔལ་ལྡན་ཁྲག་འཐུང་མཆོད་པ་དང་། །མཐོ་རིས་ཀྱི་ནི་དོན་ཆེད་དུ། །ཞི་བའི་དངོས་གྲུབ་འོང་བ་སྟེ། །རྟག་ཏུ་དྲུག་བཅུ་རྩ་བཞི་མཆོད། །དབང་པོ་གཉིས་ཀྱི་རབ་སྦྱོར་བས། །རང་བྱུང་ཡེ་ཤེས་ཀྱི་ནི་གཞི། །ཐམས་ཅད་ མཁྱེན་པའི་ཡེ་ཤེས་མཆོག །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་ཆར་དབབ་པ་དང་། བ་འཇིག་རྟེན་སྐྱོང་བ་བརྒྱད་ཀྱི་སྒྲུབ་ཐབས་ཀྱི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་སོ་བདུན་པའོ།། །། དེ་ནས་གཞན་ ན་མད་པ་ཡི། །ཕོ་ཉ་ཀུན་གྱི་དབང་ཕྱུག་མཆོག །ཞལ་བཞི་ཡི་ནི་ཧཱུྃ་ཡིག་དང་། །ཇི་ལྟར་འདོད་པར་ལས་ཀྱིས་དབྱེ། །ལྷ་དང་མི་ཡི་བདེ་བ་ནི། །གཅིག་ཏུ་བསྡུས་ནས་བལྟས་པ་ཡིས། །ཁྲག་འཐུང་གཉིས་མེད་ བདེ་བ་ལ། བཅུ་དྲུག་ཆར་ཡང་མི་ཕོད་དོ། གོས་ཆེན་དང་ནི་ཤ་ཆེན་དང་། དབང་ཆེན་དང་ནི་སྦྲང་རྩི་ཆ། །ཐམས་ཅད་དུར་ཁྲོད་ནས་བྱུང་བ། ཕྱག་རྒྱ་འདིའི་དབང་ཕྱུག་ཆེ། །བྱ་བ་ཀུན་ལ་དངོས་གྲུབ་སྟེར། །ཇི་སྲིད་མདུན་དུ་དགྲ་བོ་བསྒོམ། །ཞགས་ པ་ནག་པོས་མགྲིན་པ་བཅིངས། །འདོད་པས་དབྱུག་པས་བརྡུང་བར་བྱ། །ཆོ་ག་བཞིན་དུ་སྔགས་པས་བསམ། །ལྷོ་ཕྱོགས་སུ་ནི་བསྐྱེལ་བར་བྱ། །དགར་བ་ཡིད་དང་ལྟུང་བ་དང་། །ཡང་དང་ཡང་དུ་བསྐྲད་པ་དང་། །ལྟེ་བ་རུ་ནི་ 86-1-226b བཀག་པ་ཉིད། །ཡང་དང་ཡང་དུ་བརྒྱལ་བར་འགྱུར། །ཉི་མ་ཕྱེད་དང་ནམ་ཕྱེད་ན། །གཟུགས་བརྙན་གྱི་ནི་སྦྱིན་སྲེག་བྱ། །ཉི་མ་གསུམ་པ་ཀུན་དུ་བྲི། །འཆི་བར་འགྱུར་ཞིང་མགོ་བོ་ལྟུང་། །སྔགས་ཀྱི་ཆོ་གས་འཆི་བ་ནི། ། ས་སྟེངས་མཆེ་བས་བཏབ་པ་སྟེ། །རྣལ་འབྱོར་མ་ཡི་སྔགས་ཀྱིས་ནི། །རྣལ་འབྱོར་པ་ལ་དངོས་གྲུབ་སྟེར། །སྙིང་པོས་མི་ལ་བསྡུས་ནས་སུ། །ཕྱི་ནས་ཡང་ནི་ལྟུང་བ་ཡིན། །ཕྱག་རྒྱ་ཆེན་པོའི་སྙིང་པོ་རུ། །ཡོན་པོ་ཞེས་ བྱར་རབ་ཏུ་གྲགས། །སྒྲུབ་པོས་འཇིག་རྟེན་གསུམ་པོ་ཡང་། །འདི་ཡིས་ཐམས་ཅད་བསྡུས་པ་ཡིན། །དེ་ནས་བསྐྲད་པ་བཤད་པར་བྱ། །དགྲ་བོ་རྣམས་ཀྱིས་སྟོབས་དྲེགས་དང་། །སྔགས་པས་སྔོན་གསུངས་ ཆོ་ག་བཞིན། །ནིམ་བའི་འདབ་མའི་ཁུ་བ་དང་། །བྱ་རོག་སྒྲོ་ཡི་བྱེ་བྲག་གིས། །སྒྲུབ་པོ་རབ་ཏུ་འབད་པ་མཆོག །བློ་ལྡན་རང་གི་གནས་ལ་སྤྱོད། །དེ་ནི་ས་སྟེངས་འཁོར་ལོས་སྒྱུར། །ཉི་མ་བདུན་གྱིས་ལྷ་ཉིད་དང་། །ཟླ་བ་ཡིས་ ནི་འཇིག་རྟེན་པ། །ལོ་ཡིས་སངས་རྒྱས་བྱང་ཆུབ་སེམས། །དྲན་པས་ཕལ་ཆེའི་མི་རྣམས་སོ། །ཟླ་བ་ཕྱེད་ཀྱིས་ལྷ་མ་ཡིན། །སྲིན་པོ་དང་ནི་གནོད་སྦྱིན་མོ། །ཀླུ་དང་དྲི་ཟ་དག་དང་ནི། །མི་འམ་ཅི་ལ་སོགས་སྐད་དུ། ། སྔགས་དང་ཕྱག་རྒྱ་འདི་རྣམས་ཀྱིས། །སྒྲུབ་པོས་ས་སྟེངས་རྙེད་པར་དཀའ། །རྣལ་འབྱོར་འདི་ནི་དངོས་གྲུབ་ཆེ། །རྣལ་འབྱོར་ཀུན་ལ་འདི་མཆོག་ཡིན། །རྣལ་འབྱོར་འདི་ནི་དཔལ་ཆེན་པོ། །སུམ་བཅུ་པས་ནི་མཆོད་པ་ཡིན། ། འདི་དང་འདྲ་བ་གཞན་ན་མེད། །ཅུང་ཟད་མཛེས་པ་གསང་བ་རྒྱས། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ། །གསང་བའི་མིང་དང་མཁའ་འགྲོ་མ། །གང་ཞིག་ཅུང་ཟད་པས་རབ་སྐྱེ། །དེ་ཀུན་ལྷོ་རུ་ཁ་བལྟས་པའོ། ། དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་བསྐྲད་པ་དང་བསད་པའི་སྔགས་ཀྱི་ལས་ཀྱི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་སུམ་བཅུ་སོ་བརྒྱད་པའོ།། །། དེ་ནས་ཡང་དག་བཤད་བྱ་བ། །འཁོར་ལོ་སྒྱུར་བ་དྲུག་གི་སྔགས། ། 86-1-227a ཆོ་ག་ཤེས་པས་སྔགས་ནི་གསང་། །འདོད་པའི་དངོས་གྲུབ་འོང་བར་འགྱུར། །སེམས་ནི་ཤིན་དུ་རྣམ་དག་བྱས། །དེ་ནས་རྫ་རྔ་བཅིང་བར་བྱ། །ཤིན་དུ་མཉམ་པར་གཞག་པ་ཡིས། །དབྱངས་ཀྱི་ཡི་གེ་དགོད་པར་བྱ། ། རེའུ་མིག་དགུ་ནི་བཅིང་བྱ་སྟེ། །མཉམ་པར་ཡི་གེ་བཞི་བཅུ་དགུ། །གནས་དེར་བློ་ལྡན་གྱིས་ནི་བཏུ། །དང་པོ་རྡོ་རྗེ་སེམས་དཔའ་སོགས། །རྫ་རྔའི་རྣམ་པ་དཔའ་བོ་ཆེ། །དཔའ་བོ་ཆེན་པོའི་ཞལ་ནི་བསྒྱུར། །ཇི་ལྟར་རིགས་པ་དེ་ལྟར་ བྱས། །མཐའ་དག་རབ་ཏུ་ཞི་བ་ཡིན། །སྡེ་ཚན་དབྱེ་བ་ཤེས་བྱས་ནས། །མཁས་པས་ཕྱི་མོ་ལས་ནི་བཏུ། །བཞི་བཅུ་རྩ་བརྒྱད་པ་བླངས་ཏེ། །དབྱངས་ཀྱི་ལྔ་པས་ཡང་དག་ལྡན། །དང་པོ་ཡི་གེར་གྱུར་པ་ཡིན། །དེ་ནས་བཞི་བཅུ་རྩ་གཅིག་ བླང་། །བཞི་བཅུ་པ་ཡིས་སྦྱར་བ་ཡིན། །གཉིས་པར་ཡོངས་སུ་གྲགས་པའོ། །དེ་ནས་སུམ་བཅུ་སོ་དྲུག་བླང་། །དབྱངས་ཀྱི་གསུམ་པ་སྦྱར་བ་ཡིན། །གསུམ་པའི་ཡི་གེར་གྱུར་པའོ། །དྲོད་ཀྱི་ཡི་གེ་གསུམ་པ་ལ། །དབྱངས་ཀྱི་ལྔ་པ་ཡང་དག་ ལྡན། །བཞི་པའི་ཡི་གེར་གྱུར་པའོ། །དྲུག་པ་ཡི་ནི་ལྔ་པ་ལ། །དེ་ཉིད་ཀྱི་ནི་བཞི་པར་ལྡན། །ལྔ་པའི་ཡི་གེར་གྱུར་པ་སྟེ། །རྡོ་རྗེ་སེམས་བདག་ཉིད་ཆེན་པོ། །དེ་བཞིན་བཞི་བཅུ་རྩ་དགུ་བླང་། །དབྱངས་ཀྱི་ལྔ་པས་སྦྱར་བ་སྟེ། །སྟེང་དུ་ནཱ་དས་ སྦྱར་བ་ཡིན། །ཡི་གེ་དྲུག་པ་རུ་ནི་བརྗོད། །ཨོཾ་གྱི་ཡི་གེ་དང་པོ་སྟེ། །ཕཊ་ཀྱི་ཡི་གེ་ཐ་མར་རོ། །རྡོ་རྗེ་སེམས་དཔའ་རབ་ཏུ་གྲགས། །དེ་བཞིན་གཅིག་དམན་ལྔ་བཅུ་ལ། །དབྱངས་ཀྱི་གཉིས་པ་སྦྱར་བ་ཡིན། །ཡ་ཡི་སྡེ་ཚན་བརྒྱད་པ་ལ། ། མེ་ཡི་དུས་ནི་སྦྱར་བ་ཡིན། །དབྱངས་ཀྱི་བཞི་པས་སྦྱར་བ་སྟེ། །གཉིས་པའི་ཡི་གེ་མཆོག་ཡིན་ནོ། །སྟེང་དུ་ནཱ་དས་སྦྱར་བའོ། །ཡི་གེ་གཅིག་དམན་ཉི་ཤུ་ལ། །སྐྱེ་བར་བྱེད་པས་ཡང་དག་གནས། །དབྱངས་ཀྱི་གསུམ་པས་སྦྱར་བ་ཡིན། ། ཡི་གེ་གསུམ་པར་གྱུར་པ་ཡིན། །གཅིག་གིས་དམན་པའི་ལྔ་བཅུ་བླང་། །སུམ་བཅུ་རྩ་དྲུག་ཡང་དག་བླང་། །ཡི་གེ་བཞི་པ་བརྗོད་པའོ། །ལན་གཉིས་སུ་ནི་བརྗོད་པར་བྱ། །དེ་བཞིན་བཞི་བཅུ་ཞེ་བརྒྱད་པ། །གཟུགས་ཀྱིས་རབ་ཏུ་དབྱེ་བ་ཡིན། ། 86-1-227b བཅྭ་ལྔ་པ་ནི་ཡང་དག་བླང་། །ཡི་གེ་བདུན་པ་རུ་ནི་བརྗོད། །འདོད་པའི་དོན་ཀུན་སྒྲུབ་པ་པོས། །ཨོཾ་གྱི་ཡི་གེ་དང་པོ་སྟེ། །ཧཱུྃ་ཕཊ་ཡི་གེ་མཐའ་རུ་སྦྱར། །རྣམ་སྣང་མཛད་དུ་གྱུར་པའོ། །འདིས་ནི་དངོས་གྲུབ་ཐམས་ཅད་སྟེར། །དབྱངས་ཀྱི་ གཉིས་པ་ཉིད་དག་དང་། །ཨནྟ་སྠ་ཡི་གཉིས་པ་ལ། །དབྱངས་ཀྱི་བཅུ་གསུམ་པ་ཡིས་སྦྱར། །གཉིས་པའི་ཡི་གེར་གྱུར་པའོ། །བཞི་བཅུ་རྩ་བཞི་ཡང་དག་ལྡན། །དབྱངས་ཀྱི་གསུམ་པས་སྦྱར་བ་སྟེ། །ཡི་གེ་གསུམ་པར་གྱུར་པའོ། ། ཨོཾ་ཡིག་དང་པོར་སྭཱ་ཧཱ་མཐར། །པད་མ་གར་གྱི་དབང་ཕྱུག་གོ། །འདི་རྣམས་རང་གི་སྔགས་པའོ། །དེ་བཞིན་གཅིག་དམན་ལྔ་བཅུ་བླང་། །དབྱངས་ཡིག་བཅུ་གཅིག་པ་ཡིས་སྦྱར། །དང་པོའི་ཡི་གེ་བརྗོད་པར་བྱ། །དྲོད་ཀྱི་ཡི་གེ་བཞི་པ་ལ། ། དབྱངས་ཀྱི་བཅུ་གཅིག་གིས་ནི་སྦྱར། །གཉིས་པའི་ཡི་གེ་བརྗོད་པར་བྱ། །ཨནྟ་སྠ་ཡི་གཉིས་པ་ལ། །དབྱངས་ཀྱི་ལྔ་པས་སྦྱར་བ་ཡིན། །ར་ཡིག་དག་དང་བཅུ་བདུན་པ། །ལྔ་པ་ཡིས་ནི་མཉམ་པར་ལྡན། །བཅྭ་ལྔ་པ་ཡིས་མཆོད་པར་ བྱ། །ཨོཾ་གྱི་ཡི་གེ་དང་པོ་སྟེ། །ཧཱུྃ་ཧཱུྃ་ཕཊ་ནི་མཐའ་མར་ཡིན། །འདོད་པའི་དོན་ཀུན་སྒྲུབ་པའོ། །དཔལ་ལྡན་ཁྲག་འཐུང་དཔའ་བོ་ཆེ། །རྣལ་འབྱོར་དབང་ཕྱུག་ཀུན་གྱི་དབང་། །དེ་ནས་བཅྭ་བརྒྱད་པ་ནི་བླང་། །དྲོད་ཀྱི་ཡི་གེ་ དང་པོ་ལ། །དབྱངས་ཡིག་བཅུ་གསུམ་པ་ཡིས་སྦྱར། །གཉིས་པ་རུ་ནི་རབ་ཏུ་གྲགས། །ཨན་ཏསྠ་ཡི་གསུམ་པ་ལ། །བཅུ་གསུམ་པ་ཡིས་སྦྱར་བ་ཡིན། །དབྱངས་ཀྱི་གཉིས་པ་ཉིད་དག་དང་། །མཁས་པས་གསུམ་ པ་རུ་ནི་བརྗོད། །བཞི་བཅུ་རྩ་གཉིས་ཡང་དག་བླང་། །གཅིག་གིས་མ་ཚང་ལྔ་བཅུ་ལ། །དབྱངས་ཀྱི་ལྔ་པས་སྦྱར་བ་ཡིན། །སྟེང་དུ་ནཱ་དས་སྦྱར་བར་བྱ། །ཨོཾ་གྱི་ཡི་གེ་དང་པོ་སྟེ། །ཕཊ་ཀྱི་ཡི་གེ་ཐ་མར་ཡིན། །དེ་ལྟ་ཉིད་དུ་ ཐེ་ཚོམ་མེད། །འདི་ནི་རྡོ་རྗེ་ཉི་མར་གྱུར། །དངོས་གྲུབ་སྟེར་ཞིང་ཐར་བ་སྟེ། །ཡི་གེ་བཞི་བཅུ་པ་ཉིད་དང་། །དེ་ཉིད་ལ་ནི་དབྱངས་ཡིག་དང་། །བཅུ་གསུམ་པ་ཡིས་སྦྱར་བ་ཡིན། །དེ་ནི་གཉིས་ལྡན་དུ་ནི་བྲི། །འོན་ཀྱང་རིག་པ་ཅུང་ 86-1-228a ཟད་མེད། །གཅིག་གིས་མ་ཚང་ཉི་ཤུ་དང་། །ཨན་ཏསྠ་ཡི་བཞི་པ་དང་། །དབྱངས་ཡིག་གཉིས་པས་ཡང་དག་ལྡན། །དེ་བཞིན་བཅྭ་ལྔ་པ་ཡིས་སྦྱོར། །བཞི་པའི་ཡི་གེར་བརྗོད་པའོ། །དབྱངས་ཡིག་གི་ནི་ གཉིས་པ་དང་། །དེ་བཞིན་བཅུ་དྲུག་པ་ཉིད་དང་། །དཔའ་བོ་ཉི་ཤུ་དྲུག་པ་བཏུ། །ཡི་གེ་བདུན་པས་བརྗོད་པའོ། །ཧཱུྃ་ཕཊ་མཐའ་མར་སྦྱར་བ་ཡིན། །དཔའ་བོ་ཆེན་པོ་རྟ་མགྲིན་ཏེ། །དངོས་གྲུབ་ཀུན་གྱི་གཙོ་བོ་ཡིན། །དཔལ་ཁྲག་འཐུང་མངོན་པར་ འབྱུང་བ་ལས་འཁོར་ལོ་སྒྱུར་བ་དྲུག་གི་བསམ་གཏན་དང་སྔགས་བཏུ་བའི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་སོ་དགུ་པའོ།། །། དེ་ནས་ཡང་དག་གནས་པའི་སྔགས། །དཔའ་བོ་གཉིས་མེད་རྣལ་འབྱོར་མ། །སྙིང་ག་མགོ་བོ་སྤྱི་གཙུག་དང་། ། གོ་ཆ་མིག་ལ་སོགས་པ་རུ། །རྡོ་རྗེ་སེམས་དཔའ་ལ་སོགས་སྦྱར། །ཆོ་ག་བྱས་ཤིང་རབ་ཏུ་བསྲུང་། །རྡོ་རྗེ་སེམས་དཔའ་སྙིང་ལ་སྦྱར། །དངོས་གྲུབ་ཐམས་ཅད་རབ་ཏུ་སྟེར། །རྣམ་པར་སྣང་མཛད་མགོ་བོར་དགོད། །དེ་ལྟར་ཡོན་ཏན་ ཁྱད་པར་ཅན། །སྤྱི་གཙུག་པད་མ་གར་དབང་ཕྱུག །ཕྲག་པར་ཁྲག་འཐུང་དགོད་པ་སྟེ། །མིག་གཉིས་རྡོ་རྗེ་ཉི་མ་ཡིན། །ཡན་ལག་ཀུན་ལ་རྟ་མགྲིན་ཏེ། །དེ་ལྟར་གོ་ཆ་བགོས་པ་ཡིན། །ཐམས་ཅད་ལས་ནི་སྒྲུབ་པར་བྱེད། །ལག་པར་དགོད་པ་ ཡང་ནི་བྱ། །ལག་པའི་བརྡ་ནི་བསྟན་བྱ་སྟེ། །རྡོ་རྗེ་སེམས་དཔའ་མཐེ་བོར་གནས། །དེ་བཞིན་རྣམ་སྣང་མཛུབ་མོ་སྟེ། །གུང་མོ་པད་མ་གར་དབང་ཕྱུག །མིང་མེད་དཔལ་ལྡན་ཁྲག་འཐུང་སྟེ། །མཐེ་ཆུང་རྡོ་རྗེ་ཉི་མའོ། །སེན་མོའི་ངོས་ལ་རྟ་ མཆོག་ཡིན། །ལག་པའི་མཐིལ་དུ་དཔའ་བོ་ཆེ། །གཉིས་མེད་རྡོ་རྗེའི་རྣལ་འབྱོར་མ། །རྒྱབ་ཏུ་རྣལ་འབྱོར་མ་རྣམ་ཀུན། །འདི་རྣམས་ལག་པ་ལ་ནི་དགོད། །ཀུན་གྱིས་སྟུག་པར་མཉམ་པ་ནི། །དེ་ལྟར་ཆོ་ག་བཞིན་དུ་ནི། །དཔའ་བོ་རྣལ་ འབྱོར་མ་མཆོད་བྱ། །གཤིན་རྗེའི་ཕྱོགས་ནས་བརྩམས་ནས་ནི། །ཇི་སྲིད་བདེན་བྲལ་གྱི་ནི་བར། །དུས་དྲུག་ཉིས་འགྱུར་དུ་ནི་བྱས། །མཁའ་འགྲོ་དྲ་བའི་སྡོམ་པ་མཆོད། །ཚེས་དང་དབྱངས་དང་དུས་ཤེས་བྱ། །དུས་བཞི་སུམ་འགྱུར་ཤེས་པར་ 86-1-228b བྱ། །དཀྱིལ་འཁོར་དབུས་སུ་ཧེ་རུ་ཀ །སྤྱན་དྲངས་ནས་ནི་མཆོད་པ་འཕེལ། །རྟག་ཏུ་རྣལ་འབྱོར་དབང་ཕྱུག་ལ། །མཆོད་པས་དབུལ་བར་མི་འགྱུར་རོ། །མཁའ་འགྲོ་མ་དང་ལཱ་མ་དང་། །དུམ་སྐྱེས་མ་དང་གཟུགས་ཅན་མ། །འདི་རྣམས་ དཔའ་བོའི་སྲིང་མོ་ཡིན། །འདོད་པའི་དོན་ཀུན་སྒྲུབ་པ་ཡིན། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་དཔའ་བོ་དྲུག་གི་གོ་ཆ་དང་། ལྷའི་གྲངས་དང་ལག་པའི་མཆོད་པའི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་བཞི་བཅུ་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ། །དུས་བཞི་མཐའ་ཡི་རྣལ་འབྱོར་ལ། །གསང་བའི་མཆོད་པའི་གསང་བ་ནི། །དཔའ་བོ་གཉིས་མེད་བསྟན་པར་བྱ། །རྫོགས་ལྡན་འདི་རུ་མ་ཡིན་ཏེ། །གསུམ་ལྡན་ལ་ནི་སྲིང་མོར་བརྗོད། །གཉིས་ ལྡན་ལ་ནི་བུ་མོར་ཤེས། །རྩོད་ལྡན་ཆུང་མའི་ཕོ་ཉར་གནས། །དེ་ལྟར་ཆོ་ག་ཤེས་བྱས་ནས། །དངོས་གྲུབ་འབྲས་བུ་སྐལ་ལྡན་འགྱུར། །དཔའ་བོ་ཀུན་གྱི་རྗེས་བསྒོམས་ནས། །འདོད་པའི་དངོས་གྲུབ་ཡོད་པ་ཡིན། །ཕྱག་རྒྱ་ཆེན་པོའི་ཐེག་པ་ཆེ། ། རྣལ་འབྱོར་མ་རྣམས་དངོས་གྲུབ་སྟེར། །ཕྱག་རྒྱ་ཆེན་པོ་གཞན་ན་མེད། །རྣལ་འབྱོར་ཀུན་ལ་སྒྲུབ་པ་པོ། །འཇིག་རྟེན་པ་དང་འཇིག་རྟེན་འདས། །གཞན་ཡང་རིག་བྱེད་སྨྲ་བ་དང་། །དཔྱོད་པ་པ་དང་གྲངས་ཅན་དང་། །གཞན་ཡང་བྱེ་བྲག་སྨྲ་བ་ ལྟར། །ཚངས་པ་ཁྱབ་འཇུག་ལྷ་ཆེན་གྱི། །ཀུན་དུ་དངོས་གྲུབ་མཆོད་པ་སྟེ། །དངོས་གྲུབ་ཡང་དག་ཡེ་ཤེས་ཉིད། །ཐམས་ཅད་པས་ནི་མཆོག་ཡིན་ནོ། །ས་ལས་རིན་ཆེན་བཞི་ཡིན་ཏེ། །དེ་བཞིན་མཆོག་གི་མཆོག་ཉིད་དོ། །མཁའ་ འགྲོ་མ་དང་རིག་པ་ཆེ། །དཔལ་ལྡན་ཁྲག་འཐུང་རྒྱལ་པོ་དང་། །སྡོམ་པའི་བདག་ཉིད་ཆེན་པོ་དང་། །རྣལ་འབྱོར་འདི་རྣམས་ཤེས་པ་མཆོག །རིག་བྱེད་བཞི་ལ་ང་མི་བྱམས། །ང་ལ་གུས་པས་ང་བྱམས་སོ། །དེ་ལ་ང་སྟེར་དེ་ རྗེས་གཟུང་། །ཇི་ལྟར་བདག་ཉིད་ཀུན་དུ་མཆོད། །ཐམས་ཅད་གཉིས་སུ་མེད་པ་སྟེ། །ཀུན་ནས་ཀུན་དུ་རྣལ་འབྱོར་བསྒྲུབ། །དཔལ་ལྡན་ཁྲག་འཐུང་དཔའ་བོ་མཆོག །མཛའ་བ་ཐམས་ཅད་འདུས་པ་ཡིན། །ཟླ་བའི་བཏུང་བས་ 86-1-229a དངོས་གྲུབ་འགྱུར། །རྟག་པ་ཡི་ནི་གོ་འཕང་མཆོག །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །མཁའ་དང་མཉམ་ལས་བཏུས་པ་ཡིན། །ཀུན་མཁྱེན་ཡེ་ཤེས་དེ་རང་བཞིན། །ཁྲག་འཐུང་མངོན་པར་འབྱུང་ཞེས་པ། །ཐར་པའི་ དངོས་གྲུབ་མཆོག་དུ་སྟེར། །དཔལ་ལྡན་ཁྲག་འཐུང་ཇི་ལྟར་འཐོབ། །ཡོན་ཏན་གཞན་ནི་རྩྭ་བཞིན་བཏང་། །སྤྱན་མ་མཐེ་བོང་ལ་ནི་གནས། །མཛུབ་མོ་མ་མཱ་ཀཱི་རུ་བརྗོད། །གུང་མོའི་རྩེ་མོར་སྒྲོལ་མ་ཡིན། །མིང་མེད་ལ་ནི་འོད་ བྱེད་མ། །མཐེ་ཆུང་ཕ་རོལ་ཕྱིན་མ་དགོད། །ལག་པའི་མཐིལ་དུ་མཉམ་པར་སྦྱོར། །རྒྱབ་དུ་གཤེགས་སུ་གསོལ་བ་སྟེ། །དེ་ལྟར་ཉིད་དུ་ཐེ་ཚོམ་མེད། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་དུས་བཞིའི་མཐའི་རྣལ་འབྱོར་མ་ དང་ལག་པའི་བརྡའི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་བཞི་བཅུ་རྩ་གཅིག་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ། །སྐྱེ་བ་བདུན་པའི་སྒྲུབ་པ་པོ། །བསྡུས་པས་མྱུར་དུ་འགྲུབ་པར་འགྱུར། །སྔགས་དང་རྣལ་འབྱོར་རབ་འབད་པས། ། འབྲས་དཀར་བཏགས་པའི་རང་བཞིན་ལས། །སྔགས་པས་བྱོལ་སོང་གཟུགས་དང་ནི། །གྲོ་ག་ལ་སོགས་ཡང་དག་བླང་། །སྒྲུབ་པོས་གང་ལྟ་ཇི་ལྟ་བར། །དེ་ཡི་གཟུགས་ལ་གཞག་བྱ་བ། །མིང་ནི་སྔགས་ཀྱི་ནང་ཆུད་བྱ། ། ལུས་ནི་ཙན་དན་དམར་པོས་བྱུག །ཤིན་དུ་མཉམ་པར་གཞག་པས་བསྒོམ། །གང་གིས་ནུབ་མོ་ཅི་ནུས་བཟླས། །བྱུག་པའི་མཆོད་པའི་བྱེ་བྲག་དང་། །དེ་ནི་ཟོས་པ་ཙམ་གྱིས་ནི། །མི་རྣམས་དམ་ཚིག་ཅན་དུ་འགྱུར། །ལྕེ་སྤྱང་ ཤ་དང་ཆང་གིས་ནི། །ཕྱི་ནང་བདག་ཉིད་མཆོད་པར་བྱ། །ལྕེ་སྤྱང་སྦྱིན་སྲེག་བྱས་པ་ལས། །དེ་ལ་དངོས་གྲུབ་ཐམས་ཅད་གནས། །འདི་རུ་ལྕེ་སྤྱང་སྦྱིན་སྲེག་བྱ། །ནོར་གྱི་ལྷ་དང་འདྲ་བར་འགྱུར། །དེ་ནས་གཏོར་མ་སྦྱིན་པར་བྱ། ། མཁའ་འགྲོ་མ་ཀུན་དགྱེས་པར་འགྱུར། །ཇི་སྲིད་ཡོངས་སུ་རྒྱས་པ་རུ། །དེ་ཡི་སྔགས་ཀྱིས་འགྲུབ་པར་འགྱུར། །ཡང་དག་བརྟག་པའི་ཚོགས་ཀྱིས་གང་། །རྣལ་འབྱོར་བཞི་སོགས་ཕྱག་རྒྱ་དང་། །རང་གི་མདོག་དང་ཕྱག་ 86-1-229b མཚན་དབྱིབས། །དངོས་གྲུབ་ཐམས་ཅད་རབ་སྟེར་བ། །ཐིག་ལེ་དང་ནི་ནཱ་དས་སྦྱར། །རྣལ་འབྱོར་ཆེ་ལ་རྣམ་པར་གནས། །ལས་ཀྱི་དབྱེ་བས་ཧཱུྃ་ཡིན་ནོ། །འབད་པས་ཐར་པ་བསྒོམ་པར་བྱ། །ལྟེ་སྙིང་མགྲིན་པ་སྣ་ཡི་རྩེར། །ཧཱུྃ་གི་ ཡི་གེ་རྣམ་པ་བཞི། །འཕར་བ་དང་ནི་རིང་ཐུང་དང་། །རྣམ་བཅད་ལས་ནི་དབྱེ་བ་སྟེ། །འཕར་བ་ཡིས་ནི་ཐར་བར་འགྱུར། །རིང་བས་རྒྱས་པ་རབ་ཏུ་བརྗོད། །ཐུང་བས་མི་མཐོང་བ་རུ་འགྱུར། །རྣམ་པར་བཅིང་བས་གསོད་པར་བྱེད། །ལྟེ་ བ་དྲིལ་བུའི་སྒྲ་དང་མཉམ། །སྙིང་གར་འབྲུག་གི་སྒྲ་འདྲ་སྟེ། །མགྲིན་པར་བ་ལང་གི་ནི་སྒྲ། །སྣ་རྩེར་ཡུངས་ཀར་འཕར་བ་འདྲ། །ཧཱུྃ་ཡིག་བཞི་པོ་རྒྱལ་པོ་ཆེ། །འཇིག་རྟེན་གསུམ་ཡང་སྒྲུབ་པ་པོ། །པུ་ཛ་ཨོ་ཨ་གོ་ར་དེ་མ་ཀ་ ཨོཾ་ཏྲི་ཀོ་ལ་ལ་ཀ་ཧི་པྲེ་གྲི་སཽ་སུརྣ་སི་མ་ཀུ། ཕྱི་ནང་བདག་ཉིད་རྣལ་འབྱོར་པས། །པཱུ་ཡིག་ལ་སོགས་རྣམ་པར་གནས། །རྣམ་ཤེས་ཡེ་ཤེས་གཟུང་བར་བྱ། །རབ་ཏུ་འབད་པས་བླ་མ་བསྟོད། །ཕྱི་ཡི་ལམ་ནས་བསྟེན་པ་ སྟེ། །བསྟན་བཅོས་རྣམས་ཀྱང་རིང་བ་ཡིན། །ཐབས་ཀྱི་རྣལ་འབྱོར་མ་ནི་རྣམས། །འབད་པས་བླ་མའི་བསྙེན་བཀུར་བྱ། །བསྟན་བཅོས་མཚན་ཉིད་མདོར་བསྡུས་པའོ། །དེ་ཉིད་སྟོན་པའི་དཔའ་བོ་ཡིན། །སྐད་ཅིག་གིས་ ནི་རྣལ་འབྱོར་བདག །སྐད་ཅིག་གིས་ནི་ཕྱག་རྒྱ་སྦྱིན། །ཀུན་ནས་ཀུན་དུ་སྐད་ཅིག་སྟེ། །སྐད་ཅིག་སྔགས་དང་རྣལ་འབྱོར་རིག །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་སྐྱེ་བ་བདུན་པའི་བསྒྲུབ་བྱ་དང་། ཧཱུྃ་ཡིག་ བཞི་རྣམ་པར་དག་པའི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་བཞི་བཅུ་རྩ་གཉིས་པའོ།། །། དེ་ནས་དཔལ་ལྡན་རྒྱལ་ཆེན་དང་། །དཔའ་བོ་ཕན་པར་འདོད་པ་ཡིས། །པུས་མོ་ས་ལ་བཙུགས་ནས་ནི། །ཡིད་ཀྱིས་ཀུན་ནས་ ཕྱག་འཚལ་ཏེ། །སེམས་ཅན་རྣམས་ལ་ཕན་འདོད་པ། །གསང་བ་ཆེན་པོ་དག་ནི་ཞུས། །ཀུན་གྱི་རྣམ་པ་རྒྱས་པ་རུ། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །གང་ནི་གནས་སུ་གནས་པ་ཡིན། །རྒྱུ་དང་མི་ 86-1-230a རྒྱུ་རྣམས་ལ་བརྩེ། །ཉོན་ཅིག་མན་ངག་ཇི་བཞིན་བཤད། །རྟག་པ་བསམ་གྱི་མི་ཁྱབ་གཟུང་། །གང་གིས་ཇི་ལྟར་སྔོན་དུ་གསུང་། །ཐམས་ཅད་བདག་ཉིད་རྟག་ཏུ་གནས། །ལུས་ཀྱི་དཀྱིལ་འཁོར་ཞེས་ སུ་བརྗོད། །སྒོ་དགུ་རུ་ནི་གྱུར་པ་སྟེ། །ལྟེ་བའི་དབུས་ན་པད་མ་ཆེ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་གྲགས། །དེ་ཡི་གནས་ན་དཔའ་བོ་བཞུགས། །ཆ་མེད་ཆ་ནི་རྣམ་པར་སྤངས། །ལུས་རྣམས་ཀུན་གྱིས་རྣམ་པར་ བརྩེ། །ལུས་བྲལ་དྲི་མ་མེད་པ་སྟེ། །ལ་ལར་གཟུགས་ཀྱི་གནས་ན་བཞུགས། །ལ་ལར་སྣ་ཡི་གནས་ན་བཞུགས། །ལ་ལར་མིག་གི་སྒོ་ན་གནས། །ལ་ལར་སྒྲ་ཡི་སྒོ་ན་བཞུགས། །ལ་ལར་བཤང་གཅིའི་ སྒོ་ན་གནས། །ལ་ལར་སེམས་དང་རྣམ་ཤེས་བཅས། །ལ་ལར་སྲེད་དང་ལྟོགས་དང་སྐོམ། །ལ་ལར་ཁྲོ་དང་ལ་ལར་ཞི། །ལ་ལར་ལྟོགས་དང་བཅས་པའི་གདོང་། །ལ་ལར་བུད་མེད་མཆོག་གི་ལུས། །ལ་ལར་ གསོད་ཅིང་བརྡེག་པ་དང་། །ལ་ལར་སྨྲ་བ་བཞིན་དུ་གནས། །ལ་ལར་མེ་ཏོག་འབྲས་ལ་གནས། །ལ་ལར་རྩེ་ཞིང་ལོངས་སྤྱོད་གནས། །ལ་ལར་དྲི་ལ་རྣམ་པར་གནས། །ལ་ལར་འབྱུང་བ་ཆེན་པོ་ལྔ། །ས་དང་ཆུ་དང་ མེ་དག་དང་། །ལ་ལར་རིགས་ཀྱི་དབྱེ་བ་ཡིས། །གཏུམ་མོ་དང་ནི་སྦོམ་པོ་དང་། །ལ་ལར་མ་དང་སྲིང་མོ་ཡིན། །ལ་ལར་ཆུང་མ་བུ་མོ་དང་། །ལ་ལར་ཚངས་པ་དབང་ཕྱུག་དང་། །ཉི་མ་དང་ནི་འཕྲོག་མ་དང་། །ལ་ལར་ཟླ་བ་ སྐར་མ་དང་། །ལ་ལར་ནུབ་མོ་ཉིན་མོ་དང་། །ལ་ལར་ཁམས་གསུམ་པ་ཡིན་ཏེ། །ལ་ལར་ཐམས་ཅད་མེད་ཟད་རྒྱལ། །ལ་ལར་རོ་དང་བག་ཆགས་ནུབ། །ཆ་མེད་སྟོང་པ་ཀུན་མི་གསལ། །ལ་ལར་བྱང་ཆུབ་གཟིགས་ མོ་ཆེ། །ལ་ལར་བདུད་ལས་རྒྱལ་བ་ཡིན། །ལ་ལར་ཆོས་ཀྱི་འཁོར་ལོ་ཆེ། །དེ་བཞིན་ལ་ལར་འཆི་འཕོ་སྟེ། །ལ་ལར་དཀའ་བ་སྤྱོད་པ་ཡིན། །ལ་ལར་དགེ་སློང་ཚུལ་དུ་གནས། །ལ་ལར་བྱིས་པ་ཡིས་ནི་གཟུགས། ། 86-1-230b ལ་ལར་རྒས་ཤིང་འཁོགས་པ་དང་། །ལ་ལར་ན་བས་ཟོས་པ་དང་། །ལ་ལར་སྣོད་དང་བཅུད་དག་དང་། །ལ་ལར་སྔོ་ཞིང་དམར་བ་དང་། །ལ་ལར་དཀར་ཞིང་སེར་བ་དང་། །ལ་ལར་སངས་རྒྱས་རྣམ་སྣང་མཛད། །ལ་ལར་ སྒྲོན་མ་གོས་དཀར་མོ། །ལ་ལར་སྤྱན་མ་མཱ་མ་ཀཱི། །ལ་ལར་ཀུན་དུ་ཞི་བར་འགྱུར། །ལ་ལར་བྱའི་མངལ་དུ་འགྲོ། །ནམ་མཁའ་རུ་ནི་འགྲོ་བ་ཉིད། །ལ་ལར་གླང་ཆེན་ང་རྒྱལ་ཏེ། །ལ་ལར་སྨད་འཚོང་མར་ནི་འགྱུར། ། ལ་ལར་རྨི་ལམ་མཐོང་བར་འགྱུར། །ལ་ལར་གཉིད་ནི་ལོག་པར་གནས། །ལ་ལར་རླུང་དང་མཁྲིས་པ་དང་། །ལ་ལར་ཁྲག་དང་ལྤགས་པ་དྲི། །ལ་ལར་ངུ་ཞིང་མྱ་ངན་བྱེད། །ལ་ལར་མི་རྣམས་ཟ་བ་དང་། །ལ་ལར་བསྐལ་པར་ གསུང་བ་དང་། །ཇི་ལྟར་ཀུན་དུ་རྣམ་པར་དབྱེ། །ལྷ་ཡི་ཇི་སྲིད་གསུངས་པ་ཀུན། །གང་དེ་ཐམས་ཅད་བདག་ཉིད་གནས། །དཔའ་བོ་འདི་རྣམས་གསང་ཆེན་པོ། །ཕྱི་དང་ནང་དུ་ཡང་དག་གནས། །ཀུན་ལ་ཁྱབ་ཅིང་རྟག་ཏུ་སྟོང་། །སྲིད་པ་ གཟུང་ཞིང་དྲི་མ་མེད། །རྣལ་འབྱོར་པས་ནི་འདི་ལྟར་བསྒོམ། །གཉིས་མེད་ཡེ་ཤེས་ཉིད་དང་ཡང་། །དེ་དང་འདྲ་བར་སྟོང་པར་འགྱུར། །བདག་ཉིད་ལ་ནི་རྣམ་པར་བསྒོམ། །དེ་ལ་བརྟུལ་ཞུགས་བཤད་པ་མེད། །ཕྲེང་བ་དང་ནི་སྔགས་ ཀྱང་མེད། །གཟུངས་དང་སྦྱིན་སྲེག་ལས་མེད་དེ། །མི་གཡོ་གོ་ཆའི་བྱ་བ་མེད། །ལག་པ་ཕྱག་རྒྱའི་སྦྱོར་བ་དང་། །གཡོན་བརྐྱང་རྐང་སྟབས་ལ་སོགས་མེད། །དཔའ་བོ་ཆེན་པོས་སྲིད་པ་གཟུང་། །རང་བྱུང་མཆོག་ནི་བྱེད་པའོ། ། དགག་པ་རུ་ནི་མི་བྱ་སྟེ། །བདག་ཉིད་ངེས་པར་མཆོད་པར་བྱ། །ཟླ་བའི་དབུས་སུ་ཐིག་ལེ་བསྒོམ། །བརྒྱ་ཡི་ཕྱེད་ཀྱིས་རྣམ་པར་བརྒྱན། །དེ་ཡི་དབུས་སུ་རབ་བསམས་ཏེ། །གཞོན་མེད་ཐིག་ལེར་བཅས་པ་ཡིན། །དེ་ཡི་ལུས་ ནི་འབྲལ་འགྱུར་ཏེ། །བསྒོམ་དུ་མེད་ཅིང་བསམ་དུ་མེད། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་ཀུན་གྱི་རྣམ་པའི་སྒྱུ་མ་ལྟར་བསྟན་པའི་ལེའུ་ཞེས་བྱ་བ་སྟེ་བཞི་བཅུ་གསུམ་པའོ།། །། དེ་ལྟར་སྒྱུ་མའི་ཆོ་ག་དང་། ། 86-1-231a གོང་གི་ཆ་ནི་རྣམ་པར་སྤངས། །རྟག་ཏུ་སྙིང་གའི་དབུས་ན་གནས། །འདི་ལྟར་གསང་བ་ཆེན་པོའོ། །ལྟེ་བའི་རྩ་བར་པད་མ་གནས། །གེ་སར་བཅས་ཤིང་འོད་དང་ལྡན། །རང་བཞིན་ཀུན་ནི་ཤེལ་དག་ལྟར། ། བཅུ་དྲུག་ལ་སོགས་ཀྱིས་ནི་བསྐོར། །ཡི་གེ་མཉམ་པར་སྦྱོར་བ་སྟེ། །ནམ་མཁའ་སྦྱར་བའི་བདག་ཉིད་དོ། །དེ་ཉིད་དབུས་སུ་སྟོང་པ་ཆེ། །སྤྲོ་དང་བསྡུ་བར་བྱེད་པ་ཡིན། །གང་གིས་མིང་ནི་ཀུན་རང་བཞིན། །གང་གིས་ ཡོངས་སུ་གྲགས་པའོ། །ཉི་མ་ཟླ་བ་རྣམ་དག་སྟེ། །འཆར་དང་ནུབ་པར་བསྟན་པ་ཡིན། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །བསོད་ནམས་ཐམས་ཅད་རྣམ་པར་འཕེལ། །པད་མའི་སྣ་རྩེར་ཡུངས་ཀར་ཙམ། །རྒྱུ་དང་མི་རྒྱུའི་ རང་བཞིན་ཀུན། །ཡིད་ཀྱིས་བཟླས་པར་ཡང་དག་ལྡན། །ཕྱི་ཡི་དབྱངས་ནི་རྣམ་པར་སྤངས། །དེ་ཡི་ཡེ་ཤེས་སངས་རྒྱས་ཏེ། །གཞན་གྱིས་སངས་རྒྱས་མི་འགྱུར་རོ། །རྟག་ཏུ་སེམས་དཔའ་དངོས་པོ་ཤེས། །ཁྲུས་མེད་དྲི་མ་ མེད་པ་སྟེ། །བདེ་བའི་ཆོས་ནི་དེ་བཞིན་གཤེགས། །ལོངས་སྤྱོད་རྫོགས་པའི་སྐུ་རང་བཞིན། །ཐམས་ཅད་མེ་ཡི་རྣམ་པ་རུ། །མཐོང་བ་མཚན་མ་དང་པོའོ། །སྲིན་བུ་མེ་ཁྱེར་རྣམ་པ་ཡི། །མཚན་མ་གཉིས་པར་མཚོན་བ་ནི། ། རྡུལ་ཕྲན་དཀར་པོའི་རྣམ་པ་རུ། །ཕྱོགས་བཅུར་འཇིག་རྟེན་མཐོང་བ་ཡིན། །ཉོན་མོངས་འདོན་པའི་ལས་རྣམས་ནི། །རྣལ་འབྱོར་པ་ཡི་མཚན་ཉིད་དང་། །འདོད་པ་ལྷ་ཡི་ལོངས་སྤྱོད་མྱང་། །བཞི་པ་མཐོང་བར་བསྟན་ པའོ། །ལྷ་གཟུགས་མཐོ་རིས་ལྷ་རྣམས་ནི། །གང་ལ་མཐོང་བར་སེམས་པའོ། །དྲུག་པ་འཇིགས་པ་ལོངས་སྤྱོད་དོ། །བདུན་པ་ཆོས་ཀྱི་དབྱིངས་ཉིད་དེ། །བརྒྱད་པར་འདོད་པའི་སངས་རྒྱས་ཉིད། །རྣལ་འབྱོར་ རྣམས་ཀྱིས་འབྲས་བུ་འཐོབ། །སྐྲ་ཡི་རྩེ་མོ་བརྒྱར་གཤགས་ཆ། །རྡུལ་ཕྲན་ཤིན་ཏུ་བསམ་པར་བྱ། །སྟོང་པ་ལ་སོགས་དམིགས་མི་བྱ། །གཟུགས་ལ་སོགས་པ་མི་བལྟ་སྟེ། །རྡུལ་མེད་ས་བོན་མེད་པ་བཞིན། ། 86-1-231b གཟུགས་མེད་མཚན་ཉིད་མེད་པའོ། །རྣམ་ཤེས་ཡེ་ཤེས་གཟུང་མ་ཡིན། །རྣམ་ཤེས་དེ་ཡི་རང་བཞིན་ཏེ། །མངོན་ཤེས་བརྒྱད་པོ་ཡང་དག་འཐོབ། །ཀུན་མཁྱེན་ཀུན་བྱེད་གཙོ་བོ་སྟེ། །ཡེ་ཤེས་སྐུ་ནི་དྲི་མ་མེད། །སྐྱེ་བ་འདི་ ལ་ཐོབ་པར་འགྱུར། །གཟི་བརྗིད་སྟོབས་དང་ལྡན་པ་ཡིན། །སྡུག་ཅིང་སྐལ་བ་བཟང་པོར་སྟོན། །དཔག་བསམ་ཤིང་ནི་ཡང་དག་བྱུང་། །རྟག་དུ་བསྒོམ་ཞིང་བཟླས་པས་ནི། །ཇི་སྲིད་ལུས་ནི་བསྒུལ་སྐྱོད་དང་། །ངག་གི་སྨྲ་ བ་ཐམས་ཅད་ནི། །དེ་སྙེད་སྔགས་དང་ཕྱག་རྒྱ་སྟེ། །དཔལ་ལྡན་ཁྲག་འཐུང་གོ་འཕང་གནས། །པད་མ་བཞི་དང་འཁོར་ལོ་ཆེ། །དེ་བཞིན་དངོས་གྲུབ་ཀུན་གྱི་གཞི། །དཔའ་བོ་བྱེ་བ་རྣམས་དང་ནི། །སངས་རྒྱས་བྱེ་བས་ ལེགས་པར་གསུངས། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་ཐམས་ཅད་སོ་སོར་གསལ་བའི་མངོན་པར་ཤེས་པ་བརྒྱད་ངེས་པར་བསྟན་པའི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་བཞི་བཅུ་རྩ་བཞི་པའོ།། །། དེ་ནས་གཟུགས་ བརྙན་གྱི་ཞི་བ། །འདི་རུ་ཡིད་ལྡན་དོན་དུ་གསུངས། །གང་གིས་མྱུར་དུ་དེ་འགྲུབ་པ། །ནད་པ་ཞི་བར་བྱེད་པ་ནི། །ཕོ་མོ་རྒྱལ་པོ་བྱིས་པ་རྣམས། །སུས་ཀྱང་ཆོ་ག་ཤེས་བྱ་བ། །སྤང་ལེབ་ཁྲི་སོགས་སྟན་རྣམས་ནི། །འབྲས་ དང་སྲན་ཆུང་ཡང་དག་བསྲེས། །ཤིན་དུ་བཙོས་ནས་བསྣོས་བྱས་ཏེ། །ཉ་དང་ཤ་དང་ཁྲག་གིས་ནི། །གཟུགས་བརྙན་དག་ནི་བཅའ་བ་སྟེ། །བུ་མོས་བཀལ་བའི་སྐུད་པ་ནི། །སྐྲ་ཡི་ཚད་དུ་བྱ་བ་ཡིན། །སྔགས་ཀྱི་ཡི་གེས་ བསྐུལ་བར་བྱ། །དྲུག་དང་བཅུ་གཉིས་ཡི་གེས་སོ། །བླ་རེ་དག་ནི་བྲེ་བ་དང་། །སྣ་ཚོགས་གོས་དང་རྒྱལ་མཚན་མཆོག །དྲི་དང་སྤོས་དང་མེ་ཏོག་སོགས། །གསང་སྔགས་ཀྱིས་ནི་བསྐུལ་བར་བྱ། །བསྲུང་བ་ཆེན་པོའི་གོས་ ཀྱིས་ནི། །སྨད་གཡོགས་དང་ནི་སྟོད་གཡོགས་བྱས། །གང་གིས་ཅུང་ཟད་ནད་པ་ཡི། །སྤྱོད་ལུགས་ཇི་ལྟར་ཡིན་པ་བཞིན། །རོ་རུ་སོང་ནས་བསྐྱལ་བར་བྱ། །རོལ་མོ་སྣ་ཚོགས་གླུ་དབྱངས་དང་། །དེ་བཞིན་གཞུག་པ་བྱ་བ་སྟེ། ། 86-1-232a གཟུགས་བརྙན་ལ་ནི་གདགས་པར་བྱ། །དཔུང་རྒྱན་ལག་གདུབ་མགུལ་རྒྱན་དང་། །གོས་ལ་སོགས་པ་རྣམས་ཀྱིས་བརྒྱན། །རྐེད་པ་ལ་ནི་མཚོན་ཆས་བཅིངས། །ལག་པར་རལ་གྲི་འཛིན་པ་སྟེ། ། སྤྱི་བོར་བཅིང་ཞིང་གོ་ཆ་བགོས། །སྙིང་རྗེ་ལ་སོགས་ཕན་པའི་སེམས། །དཔལ་ལྡན་ཁྲག་འཐུང་རྣལ་འབྱོར་ཆེ། །གོ་ཆ་གསུམ་གྱིས་རྣམ་པར་བརྒྱན། །དུར་ཁྲོད་དུ་ནི་འགྲོ་བ་སྟེ། །རྣལ་འབྱོར་མ་དང་དཔའ་བོས་ བསྐོར། །འདུ་བྱེད་རྣམས་ནི་དང་པོར་བྱས། །དཀྱིལ་འཁོར་མཛེས་པར་བྲི་བ་སྟེ། །མ་མ་རྣམས་དང་རྣལ་འབྱོར་མ། །བསྒོམ་ཞིང་ཕྱོགས་དང་ཕྱོགས་མཚམས་དགོད། །དེ་རུ་ལྷ་རྣམས་ཡང་དག་གཞག ། གཟུགས་བརྙན་ལུས་ནི་ལྷོ་ཕྱོགས་སུ། །སྔགས་པས་མགོ་བོ་བསྟན་པར་བྱ། །ཇི་ལྟར་མཛེས་པས་བསྒྲུབ་བྱ་བསྒོམ། །ནད་རྣམས་ཀུན་ལས་རྣམ་པར་གྲོལ། །གཡས་བརྐྱང་གིས་ནི་ཡང་དག་གནས། ། རྩེ་བའི་སྔགས་སོགས་ཀྱིས་ནི་བསྲུང་། །སྔགས་པས་ཁ་ནི་ཤར་དུ་བལྟས། །ལག་པས་ཤེས་རབ་ཁ་ཊྭཱྃ་ག །གྲིབ་མ་བགོམ་པར་བྱས་ནས་ནི། །ལྟེ་བའི་ཕྱོགས་སུ་བརྡེག་པར་བྱ། །ཇི་ལྟར་སྡུག་བསྔལ་ བར་ནི་གཏུབ། །ལྷ་སྦྱིན་ནད་ནི་ཞི་བར་འགྱུར། །དཔའ་བོ་ལ་སོགས་ཤར་ཕྱོགས་གཞག །སྔགས་ཀྱིས་བསྐུལ་བར་བྱ་བ་སྟེ། །ཇི་ལྟར་ཅུང་ཟད་གཞུག་པར་བྱ། །སློབ་དཔོན་གྱིས་ནི་མཛེས་པར་བརྟག །ཁྱེའུས་ ཁྱེའུ་གྲོལ་བ་སྟེ། །བུ་མོས་བུ་མོ་གྲོལ་བ་ཡིན། །ཐམས་ཅད་ཁྲུས་དང་གཙང་སྦྲ་དང་། །མཛེས་ཤིང་ཞི་བར་བྱ་བ་སྟེ། །ཕྱི་ནས་སློབ་དཔོན་དགྱེས་པར་བྱ། །གོས་དང་རྒྱན་ལ་སོགས་པ་ཡི། །གཞན་ཀུན་ལ་ཡང་མཆོད་པར་ བྱ། །བཟའ་བ་བཏུང་སོགས་གོས་ཀྱིས་སོ། །གསང་བ་ཆེན་པོས་ཞི་བར་བྱ། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལ་འབུམ་ཕྲག་གསུམ་ལས་བཏུས་པ། བསྟན་བཅོས་ཐམས་ཅད་ཀྱི་རྒྱལ་པོ་དཔལ་ཁྲག་འཐུང་ཆེན་པོ་ 86-1-232b བཀླགས་པས་འགྲུབ་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་གཞན་ལས་རྒྱལ་བ་དང་པོའི་སྒྲུབ་པའི་རྒྱུད་ཕྱི་མ། དཔལ་ཁྲག་འཐུང་མངོན་པར་འབྱུང་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་རྫོགས་སྷོ། ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཆེན་པོ་ཨ་དྭ་ཡ་བཛྲ་དང་ བོད་ཀྱི་ལོ་ཙྪ་བ་འཆིངས་ཡོན་ཏན་འབར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། ། ༄། །རྒྱ་གར་སྐད་དུ། ཁྱཱ་བཛྲ་བཱ་རཱ་ཧཱི་ཨ་བྷི་དྷ་ནཱ་ཏཏནྟྲོ་ཏྟ་ར་བཱ་རཱ་ཧཱི་ཨ་བྷི་བོ་དྷ་ཡ་ནཱ་མ། བོད་སྐད་དུ། ཕག་མོ་མངོན་པར་བརྗོད་པ་བཤད་པའི་རྒྱུད་ཕྱི་མ་ལས། ཕག་མོ་མངོན་པར་བྱང་ཆུབ་པ་ཞེས་བྱ་བ། སངས་རྒྱས་ལ་ཕྱག་འཚལ་ལོ། །དེ་ནས་རྣལ་འབྱོར་བཤད་བྱ་བ། །འདོད་པའི་དོན་ཀུན་སྒྲུབ་བྱེད་པའོ། །ཕྱི་མ་ལས་ཀྱང་ཕྱི་མ་སྟེ། །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །ཕག་མོ་ཡི་ནི་གཙོ་མོ་ཡོང་། །རྣལ་འབྱོར་ རྣམས་ཀྱི་གྲུབ་སྟེར་མའོ། །རྣལ་འབྱོར་མ་ལུས་རྣམས་ཀྱི་ཡང་། །སྙིང་པོ་རྣལ་འབྱོར་བཏུས་པའོ། །སྒྲུབ་པ་པོ་ལ་ཕན་དོན་ཕྱིར། །བླ་མའི་བརྒྱུད་པ་གསལ་བའོ། །ཕྱི་རོལ་རྣམ་རྟོག་མེད་པ་དང་། །ཀུན་དུ་དམ་ཚིག་ཆོས་ཉིད་དང་། །སྤྱོད་དང་ དོགས་པ་མེད་པ་དང་། །ཀུན་དུ་སེར་སྣ་རྣམས་སྤངས་ཏེ། །ཚེས་གྲངས་དང་ནི་རྒྱུ་སྐར་མེད། །བསྙེན་གནས་ཆོ་ག་གཙོར་མེད་དེ། །དག་དང་མི་དག་གཙང་ཡང་མེད། །ཆུ་ཡི་གཙང་སྦྲ་བྱ་བ་མེད། །དུས་དང་ཚེས་ལས་ རྣམ་པར་གྲོལ། །གཙང་སྦྲའི་སྤྱོད་པ་རྣམ་པར་སྤངས། །རང་རྒྱུད་སྔགས་དང་རྣལ་འབྱོར་ཤེས། །སེམས་ཅན་ཀུན་གྱི་དོན་བརྩོན་པས། །རི་སུལ་ཚང་ཚིང་ཕུག་རྣམས་དང་། །ཆུ་བོའི་འགྲམ་དང་འདུས་པ་དང་། ། རྒྱ་མཚོ་ཆེན་པོའི་འགྲམ་དག་དང་། །ཤིང་གཅིག་ས་དང་ཁང་སྟོང་དང་། །མ་མོའི་ཁྱིམ་དང་དུར་ཁྲོད་དང་། །སྐྱེད་མོས་ཚལ་མཆོག་སྣ་ཚོགས་དང་། །ལྷ་ཁང་དང་ནི་མཆོད་རྟེན་གནས། །ཁྱིམ་མམ་ཡང་ནི་བཞི་ མདོ་རུ། །འདོད་པ་ཐམས་ཅད་རབ་སྟེར་བའི། །སྒྲུབ་པ་པོ་ཡིས་སྒྲུབ་པར་བྱ། །གནས་ནི་བསྟན་པར་བྱས་པའམ། །གང་དུ་ཡིད་ནི་དགའ་བ་རུ། །སྡོམ་པ་སྣ་ཚོགས་བསྲུང་འདོད་པའི། །དེར་ནི་དངོས་གྲུབ་ཡང་ 86-1-233a དག་འགྲུབ། །གདུལ་བྱའི་བསམ་པའི་སྦྱོར་བ་ཡིས། །བསྒོམ་པའི་དབྱེ་བ་མང་བའོ། །ཡེ་ཤེས་ལྔ་ཡི་བདུད་རྩི་ཡིས། །ས་གཞི་བྱུག་པ་བྱ་བ་དང་། །བཟོད་པའི་ཕ་རོལ་ཕྱིན་ནན་ཏན། །མེ་ཏོག་གཅལ་ དུ་དགྲམ་པར་བྱ། །སྣ་ཚོགས་ཕྱག་རྒྱའི་གདན་དག་ལ། །གཏོང་བར་ཤིན་དུ་མཉམ་པར་གཞག །བསམ་གཏན་ཕ་རོལ་ཕྱིན་དམིགས་ཏེ། །སེམས་ནི་རྩེ་གཅིག་པ་ཡིས་སུ། །ཚངས་པའི་གནས་ནི་བཞི་པོ་དང་། །བསྡུ་ བའི་དངོས་པོ་བཞི་དག་དང་། །སེམས་ཅན་ཀུན་ལ་བདེ་འབྱུང་བའི། །དགེ་བ་བཅུ་ནི་དམིགས་པར་བྱའོ། །ཆོས་རྣམས་སྟོང་པ་ཉིད་དུ་ནི། །ཕྱི་ནང་བདག་ཉིད་མཐོང་བྱ་སྟེ། །དེ་ནས་སེམས་ཙམ་དུ་གནས་ཏེ། །བྱང་ཆུབ་ ཀྱི་ནི་ཚོགས་མཆོག་གོ། །སྙིང་གི་མཁའ་དབྱིངས་པད་དབུས་གནས། །ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱ། །ཡེ་ཤེས་ལྔ་ཡི་རང་བཞིན་ནི། །མཆོག་གི་དེ་ཉིད་དེར་མཐོང་སྟེ། །འོད་ཟེར་སྣ་ཚོགས་རང་བཞིན་བཟང་། ། ཀུན་དུ་རྣམ་པར་སྤྲོས་པ་ལས། །སྔར་གྲུབ་རྣམས་ནི་ཡང་དག་བསྐུལ། །ནམ་མཁའི་ཁམས་ནི་ཉམས་དགའ་བར། །དཀྱིལ་འཁོར་དམ་པ་མཐོང་བ་སྟེ། །བྱིན་གྱིས་བརླབ་པ་དག་ཀྱང་བྱེད། །ཏིལ་གྱི་གང་བུ་ བཞིན་མཐོང་སྟེ། །ཁྲོ་བོ་ལྷ་མོ་ཐམས་ཅད་དང་། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བླ་མ་བྱང་ཆུབ་སེམས་དཔའ་དག །མཆོད་དང་མཆོད་པ་བྱེད་པའི་བདག །ལྷ་མོ་རྣམ་པ་དགུ་མཐོང་སྟེ། །སངས་རྒྱས་ ཚོགས་ཀྱི་སྤྲུལ་པ་སྤྲོ། །ཁྲོ་བོ་རྒྱལ་པོ་རྣལ་འབྱོར་མ། །འགྲོ་བ་རིགས་དྲུག་སེམས་ཅན་ཡང་། །དེ་ནི་སངས་རྒྱས་ཉིད་དུ་གཞག །ནམ་མཁའི་ཁམས་ཞེས་བྱ་བའི་དབུས། །དེ་ཉིད་དུ་ནི་ཞུགས་མཐོང་སྟེ། །ཇི་སྲིད་ བྱང་ཆུབ་སྙིང་པོའི་བར། །ཐམས་ཅད་དུ་ནི་སྐྱབས་སུ་མཆི། །སེམས་ཅན་མ་ལུས་གྱུར་པ་རྣམས། །སངས་རྒྱས་གོ་འཕོང་ལ་གཞག་བྱ། །སྒྲུབ་པོས་ང་ལ་གསོལ་བ་གདབ། །རྟག་དུ་སྐྱབས་སུ་གསོལ་བར་བྱ། །ཕུང་པོ་ལྔ་ 86-1-233b ལ་ང་རྒྱལ་ནི། །སེམས་བཟང་པོ་ནི་བསྐྱེད་པར་བྱ། །གཟུགས་དང་ཚོར་དང་འདུ་ཤེས་དང་། །འདུ་བྱེད་རྣམ་པར་ཤེས་ཉིད་ཀྱང་། །བྲུྃ་བྷྲུྃ་ཨྃ་ཧྲཱིཿཧོཿཧཱུྃ་ཞེས་པ། །རྣམ་སྣང་རྡོ་རྗེ་ཉི་མ་དང་། །དེ་བཞིན་པད་མ་གར་གྱི་དབང་། ། རྡོ་རྗེ་རྒྱལ་པོ་ཞེས་གྲགས་དང་། །དེ་བཞིན་རྡོ་རྗེ་སེམས་དཔའ་མཆོག །དེ་བཞིན་གཤེགས་པ་ཐམས་ཅད་ཉིད། །དཔལ་ལྡན་རྡོ་རྗེ་ཧེ་རུ་ཀ །མིག་དང་རྣ་བ་སྣ་དག་དང་། །ལུས་དང་ངག་དང་དེ་བཞིན་ཡིད། །ཨོཾ་ཧཱུྃ་ཏྲཱྃ་ ཨཱཿཁྃ་བྃ་ཧཱུྃ། གཏི་མུག་ཞེ་སྡང་ཕྲག་དོག་དང་། །འདོད་ཆགས་སེར་སྣ་ཉིད་ཀྱང་ངོ་། །སྐྱེ་མཆེད་ཀུན་ལ་རྡོ་རྗེ་དབང་། །ས་དང་ཆུ་དང་མེ་དང་ནི། །རླུང་དང་ནམ་མཁའ་ཉིད་དང་ནི། །ལཱྃ་པཱྃ་བཱྃ་ཏཱྃ་ཁཱྃ་ཞེས་པས། །ལྟུང་བར་ བྱེད་དང་གསོད་པ་དང་། །འགུགས་པར་བྱེད་དང་གར་བྱེད་ཉིད། །པད་མའི་དྲ་བ་ལྷ་མོ་ནི། །ནམ་མཁའ་དང་མཉམ་ལྟ་བུའོ། །དེ་ལྟར་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ལ་རྣལ་འབྱོར་པ་ཐ་མལ་པའི་རང་བཞིན་ གྱིས་རང་བཞིན་ཡོངས་སུ་དག་པའི་ཆོས་ཐམས་ཅད་རང་གིས་ཡོངས་སུ་དག་པའོ། །ཞེས་རྣམ་པར་དག་པའི་ང་རྒྱལ་བྱའོ། །དེའི་འོག་ཏུ་གསུམ་ལ་སྐྱབས་སུ་གསོལ་ཏེ། སྔགས་ཀྱི་ལུས་སུ་གྱུར་པར་བྱའོ། ། བདག་ཉིད་ཧེ་རུ་ཀ་རུ་བསྒོམས་ཏེ། །སེམས་ཅན་ཀུན་གྱི་དོན་ཀྱང་བྱེད། །ཧེ་རུ་ཀ་ཡི་གནས་ཐོབ་པར། །བླ་ན་མེད་པའི་གོ་འཕང་ལ། །སེམས་ཅན་ཐམས་ཅད་གཞག་པར་བྱ། །ཨོཾ་སྭ་བྷཱ་བ་ཤུདྡྷཱཿསརྦ་དྷཱརྨྨཱ་སྭ་བྷཱ་བ་ཤུདྡྷོ྅་ ཧྃ། ཞེས་ལན་གསུམ་བརྗོད་དོ། །ཉི་མའི་འོད་ཟེར་ཕྲེང་ལྟ་བུའི། །དངོས་པོ་ཀུན་བརྩེ་ཕྱོགས་བཅུ་རུ། །འོད་ཟེར་དེ་ལས་ར་བ་དང་། །དེ་བཞིན་དུ་ནི་དྲ་བར་བལྟ། །རྡོ་རྗེ་ས་གཞི་བྱིན་གྱིས་བརླབ། །བླ་རེ་མདའ་ཡི་ དྲ་བ་དང་། །རྡོ་རྗེ་མེ་འབར་དྲ་བ་ནི། །དེ་ཡི་ཕྱི་རོལ་རིང་དུ་བསམ། །ཨོཾ་མཱི་དི་ནཱི་བཛྲཱི་བྷཱ་བ་བཛྲ་བན་དྷ་ཧཱྃ། ཨོཾ་བཛྲ་པྲཱ་ཀཱ་ར་ཧཱུྃ་བྃ་ཧཱུྃ། ཨོཾ་བཛྲ་པཉྫ་ཧཱུྃ་བཾ་ཧཱུྃ། ཨོཾ་བཛྲ་བི་ཏཱ་ན་ཧཱུྃ་ཁྃ་ཧཱུྃ། ཨོཾ་ཤཱ་ར་ཛྭ་ལ་ཏྲྃ་སྃ་ཏྲྃ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ 86-1-234a ཧཱུྃ་ཧཱུྃ་ཧཱུྃ། མཛུབ་མོ་མཐེ་བོ་དག་སྦྱར་ཏེ། །སེ་གོལ་གཏོགས་ཏེ་ཕྱོགས་བཅུར་ཡང་། །ཨོཾ་སུྃ་བྷ་ནི་སུམ་བྷ་ཧཱུྃ་ཧཱུྃ་ཕཊ་ཤར་དུའོ། །ཨོཾ་གྲྀཧྞ་གྲྀཧྞ་ཧཱུྃ་ཧཱུྃ་ཕཊ་བྱང་དུའོ། །ཨོཾ་གྲྀ་ཧྞཱ་པ་ཡ། །གྲྀ་ཧྞཱ་པ་ཡ་ཧཱུྃ་ཧཱུྃ་ཕཊ་ནུབ་ དུའོ། །ཨོཾ་ཨཱ་ན་ཡ་ཧོ་བྷ་ག་བན་བཛྲ་ཧཱུྃ་ཧཱུྃ་ཕཊ་ལྷོ་རུའོ། །སྔགས་ཀྱི་རྒྱལ་པོ་འདིས་བགེགས་ཐམས་ཅད་ཀྱི་མགོ་ལ་ཕུར་བུ་བཏབ་སྟེ། གཡས་བསྐོར་དང་གཡོན་བསྐོར་བ་མ་ཡིན་པའོ། །ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚན་བིགྷྣཱན་ཧཱུྃ་ཕཊ། ཀཱི་ལི་ཀཱི་ལ་ཡ། སརྦྦ་དཱ་བྃ་ཧཱུྃ་ཧཱུྃ་ཧཱུྃ། བཛྲ་ཀཱི་ལཱ་ཡ་བཛྲ་དྷ་རོད་ཨཱ་ཛྙཱ་པ་ཡ་ཏེ། སརྦྦ་དུཥྚན་བིགྷྣཱན་ཀཱ་ཡ་བཱ་ཀ་ཙིདྟ་བཛྲ་ཀཱི་ལཱ་ཡ་ཧཱུྃ་ཕཊ། བརྡུང་བར་བྱ་སྟེ། རྡོ་རྗེ་ཕུར་པ་ལ་ཁྲོ་བོའི་ལྟ་བས་བལྟས་ ནས། གོ་རིམས་དང་གོ་རིམས་མ་ཡིན་པས་རྡོ་རྗེས་སྒྲུབ་པ་པོས་བརྡུངས་ཏེ། ཨོཾ་བཛྲ་མུངྒ་ར་བཛྲ་ཀཱི་ལཱ་ཡ་ཨ་ཀོ་ཊཱ་ཡ་ཧཱུྃ་ཕཊ། བདུད་མེད་བདུད་ཀྱི་ལས་ཀྱང་མེད། །རང་གིས་སེམས་ཀྱིས་བཅིངས་པ་བཞིན། །གང་ གིས་རང་གི་སེམས་འདུལ་ན། །གང་ལས་བདུད་ནི་གནས་པར་འགྱུར། །སྟོང་ཉིད་ཡེ་ཤེས་རྡོ་རྗེ་ཡང་། །མཉམ་གཞག་དང་བས་དྲན་པར་བྱ། །ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧྃ། ཨོཾ་ཨ་ནི་མིཏ་ཛྙཱ་ན་ བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧྃ། ཨོཾ་པྲ་ཎི་ཧི་ཏ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧྃ། མིག་ཡོར་ཙམ་གྱི་ཡེ་ཤེས་ནི། །སེམས་ཙམ་རྣམ་པར་བརྟག་པར་བྱ། །ནམ་མཁའ་ལྟ་བུའི་ཆོས་འདི་དག །ཆོས་ཅན་མེད་ཅིང་ཆོས་ ཉིད་མེད། །ནམ་མཁའ་ལྟ་བུར་གོས་པ་མེད། །དངོས་པོ་མེད་ཅིང་རྟོག་པ་མེད། །སྙིང་རྗེའི་བདག་ཉིད་ཕན་བྱའི་ཕྱིར། །སྨོན་ལམ་དབང་གིས་དམིག་བྱ་སྟེ། །ཇི་སྲིད་ས་ཡི་འོག་དམིགས་པ། །རླུང་གི་དཀྱིལ་འཁོར་ བསམ་པར་བྱ། །ཡྃ་གི་ཡི་གེ་ལས་བྱུང་བ། །གཞུ་འདྲ་ཁ་དོག་སྔོ་དང་ལྡན། །རྒྱལ་མཚན་གྱིས་མཚན་བསམ་བྱ་སྟེ། །དུ་བའི་ཕྲེང་བའི་འཁྲིགས་པའོ། །དེ་ཡི་སྟེང་དུ་རྃ་ལས་ནི། །མེ་ཡི་དཀྱིལ་འཁོར་མཆོག་ 86-1-234b ཡིན་ཏེ། །ཟུར་གསུམ་པོ་ལ་ཁ་དོག་དམར། །འབར་བའི་ཕྲེང་བ་འཁྲུག་ཅིང་དམར། །ཉི་མ་བྱེ་བ་ལྟ་བུར་གནས། །རྡོ་རྗེས་མཚན་པ་བསམ་པར་བྱ། །དེ་ཡི་སྟེང་དུ་ཆུ་ཉིད་ཀྱང་། །བྃ་ལས་བུྃ་པ་མཆོག་དུ་འགྱུར། ། ཟླུམ་ཞིང་འོད་ཟེར་ཕྲེང་བར་ལྡན། །ཁ་བ་ལྟ་བུ་ཉིད་ཀྱང་ངོ་། །དེ་ཡི་སྟེང་དུ་བསམ་བྱ་བ། །ལི་ལས་བྱུང་བ་སེར་པོར་ལྡན། །གྲུ་བཞི་པ་ལ་རྡོ་རྗེས་མཚན། །འོད་ཟེར་སེར་པོའི་ཚོགས་འཁྲུགས་པའོ། །དེ་སྟེང་རྣལ་ འབྱོར་པ་བསྒོམས་པ། །རི་ཡི་རྒྱལ་པོ་རི་རབ་མཆོག །ཟུར་བཞི་རིན་ཆེན་བཞི་རང་བཞིན། །རྩེ་མོ་བརྒྱད་ཀྱིས་ཉེ་བར་མཛེས། །སུྃ་ལས་བྱུང་བ་བཟང་པོའོ། །འོད་ཟེར་བཟང་པོ་མཆོག་གི་མཆོག །དེ་ཡི་སྟེང་ དུ་བསྒོམ་བྱ་བ། །བྲུྃ་ལས་བྱུང་བ་བརྟག་པ་སྟེ། །དེ་ཡོངས་གྱུར་ལས་འཁོར་ལོ་མཆོག །གཞལ་ཡས་ཁང་པ་རྣམ་པར་བསམ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་རྣམ་པར་བརྒྱན། །དྲ་བ་དྲ་བ་ ཕྱེད་པས་སྤྲས། །དར་དང་མེ་ཏོག་ཆུན་བུས་བརྒྱན། །གྲྭ་ཡི་ཆ་ནི་ཐམས་ཅད་དང་། །སྒོ་ཁྱུད་ཀྱི་ནི་མཚམས་རྣམས་སུ། །རྡོ་རྗེ་རིན་པོ་ཆེ་ཡིས་སྤྲས། །ཕྱི་ཡི་དཀྱིལ་འཁོར་ཐིག་གདབ་བྱ། །པད་མ་འདབ་མ་བརྒྱད་པ་བྲི། ། སྣ་ཚོགས་ཁ་དོག་མཆོག་གི་མཆོག །ལྟེ་བ་དང་ནི་གེ་སར་བཅས། །ཐམས་ཅད་དག་པ་ཉིད་ཀྱི་གདན། །དེ་ཡི་དབུས་སུ་ཟླ་བའི་ཆ། །གསལ་བའི་རང་བཞིན་དྲི་མ་མེད། །དེ་སྟེང་ཨཱ་ལི་ཀཱ་ལི་ནི། །དབུས་སུ་ བྃ་ལས་བརྒྱན་པའོ། །དེ་ཡི་དབུས་བཞིངས་གཙོ་མོ་ནི། །ཕག་མོ་རྡོ་རྗེ་རྣལ་འབྱོར་མ། །ཞལ་བཞི་ཕྱག་ནི་བཅུ་གཉིས་ཏེ། །སྤྱན་གསུམ་ཤིན་དུ་ཆགས་པའོ། །གདན་ལ་ཕྱེད་སྐྱིལ་གྱིས་བཞུགས་ཏེ། །ཤིན་དུ་མཛེས་ པས་གར་བྱེད་པའོ། །ཕྱོགས་ཀྱི་གོས་ཅན་སྐྲ་གྲོལ་བ། །ཕྱེད་ནི་དབུས་མ་དབང་ཕྱུག་ཞལ། །དཀར་དང་དམར་དང་འདི་འདྲ་བའི་གཟུགས། །ཐོད་པ་ཡི་ནི་དབུ་རྒྱན་མཛེས། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་བསྣམས། །པད་མ་ 86-1-235a བསྐོར་ཅིང་འཁོར་བར་ལྡན། །དཔྲལ་བར་ཕྱག་རྒྱ་འབར་བ་དང་། །མི་ཡི་ལྤགས་པ་བླ་གོས་དང་། །ཐོད་པ་ཁ་ཊྭཱྃ་ག་འཛིན་ཅིང་། །ཞགས་པ་ལྕགས་ཀྱུ་འཛིན་པ་གཞག །ཅང་ཏེ་གྲི་གུག་མགོ་ བོ་ཡང་། །ཞལ་བཞི་པ་ནི་ཚངས་པ་ཡི། །སྔོ་དང་སེར་དང་ལྗང་གུ་ཡི། །བཟང་པོའྀ་ཞལ་གྱིས་ཉེ་བར་མཛེས། །ཞལ་ནི་མཆེ་བ་གཙིགས་པ་སྟེ། །ཟླ་བ་ཕྱེད་པས་སྟེང་དུ་བརྒྱན། །སྣ་ཚོགས་རྡོ་རྗེ་དབུ་རྒྱན་ མཚན། །དངོས་གྲུབ་ཐམས་ཅད་རབ་སྦྱིན་བྱེད། །ལྷ་མོ་ཕྱག་རྒྱ་དྲུག་གིས་བརྒྱན། །དུམ་བུ་བརྒྱད་པས་སྐ་རགས་ནི། །སྐ་རགས་སིལ་སིལ་སྒྲ་སྒྲོགས་པ། །རྐང་པའི་གདུབ་ཀྱིས་ཉེ་བར་མཛེས། །དཔུང་རྒྱན་ མཛེས་པར་བྱེད་པ་དང་། །དཔྲལ་བར་རྡོ་རྗེ་ཕྲེང་བ་དང་། །ཕྱག་རྒྱ་རྡོ་རྗེས་མཚན་པས་སོ། །ཤིན་དུ་གཟུགས་བཟང་ཡིད་དུ་འོང་། །ཤར་གྱི་འདབ་མར་མཁའ་འགྲོ་མ། །སེང་གདོང་མ་སྟེ་འཇིགས་པར་བྱེད། ། བྱང་གི་ཕྱོགས་སུ་ཕག་གདོང་མ། །ལྷ་མོ་ལཱ་མ་འཇིགས་བྱེད་མ། །ནུབ་དུ་ལྷ་མོ་གླང་པོའི་གདོང་། །དུམ་སྐྱེས་མ་སྟེ་དྲག་མོའོ། །ལྷོ་རུ་ལྷ་མོ་གཟུགས་ཅན་མ། །རྟ་ཡི་གདོང་པ་ལྷག་པའི་གཟུགས། ། སྤྱན་གསུམ་སྣ་ཚོགས་གཟུགས་ཅན་མའོ། །ཐོད་པ་ཁ་ཊྭཱྃ་ག་འཛིན་ཅིང་། །མགོ་བོ་གྲི་གུག་འཛིན་པ་ཅན། །གཅེར་བུ་སྐྲ་ནི་གྲོལ་བ་སྟེ། །གར་བྱེད་པ་ཡིས་ཤིན་དུ་མཛེས། །ཡི་དགས་གདན་ལ་ཕྱེད་ སྐྱིལ་གྱིས། །དྲག་ཅིང་གཏུམ་པ་འཇིགས་པའོ། །འཇིགས་བྱེད་དང་ནི་དུས་མཚན་མ། །ལྷ་མོའི་ཞབས་ཀྱི་འོག་དུ་མནན། །མི་ལྷ་སོགས་པ་མཚམས་བཞི་རུ། །བྱང་ཆུབ་སེམས་ལ་སོགས་པའི་སྣོད། ། བུམ་པའི་སྟེང་དུ་རྣམ་པར་དགོད། །དུང་དང་ཀུན་ད་ཟླ་འདྲ་བའི། །བྱང་ཤར་ལ་སོགས་ཕྱོགས་བཞི་རུ། །རྩིབས་དྲུག་པ་ཡི་འཁོར་ལོ་བྲི། །འཁོར་ལོའི་དབུས་སུ་བྲི་བྱ་བ། །རིགས་ཀྱི་ལྷ་མོ་བཞི་པོ་ནི། །ལྷ་མོ་མཱ་མ་ 86-1-235b ཀཱི་དང་སྤྱན། །སྒྲོན་མ་གོས་དཀར་མོ་དག་སྟེ། །སྔོ་དང་དཀར་དང་དམར་བ་སྟེ། །ལྷ་མོ་རྡོ་རྗེ་རིགས་དབང་ཕྱུག །དཀར་དང་སྔོ་དང་དམར་བ་ཡི། །ལྷ་མོ་རྟག་པའི་རིགས་ཡིན་ནོ། །ལྗང་གུ་དཀར་དང་དམར་བ་ཡི། ། ལྷ་མོ་ལས་ཀྱི་རིགས་ཡིན་ནོ། །དམར་དང་སེར་དང་ལྗང་གུ་ཡི། །ལྷ་མོ་པད་མའི་རིགས་ལས་བྱུང་། །སྤྱན་གསུམ་སྐྲ་ནི་གྲོལ་བ་ཡིན། །ཕྱོགས་ཀྱི་གོས་ནི་འཛིན་པ་ཡིན། །རྒྱན་རྣམས་ཐམས་ཅད་ཡང་དག་ རྫོགས། །ཕྱག་རྒྱ་དྲུག་གིས་རྣམ་པར་བརྒྱན། །ཐོད་པ་ཁ་ཊྭཱྃ་ག་འཛིན་ཅིང་། །རང་གི་མཚན་མ་རྣམ་པ་བཞི། །རྡོ་རྗེ་འཁོར་ལོ་རྒྱ་གྲམ་དང་། །པད་མ་དམར་པོ་མཆོག་གི་མཆོག །དེ་བཞིན་ཐམས་ཅད་དྲིལ་བུ་ འཛིན། །པད་མ་སྐོར་བ་བྱེད་པའོ། །བདུད་བཞི་པོ་ནི་ཞབས་ཀྱིས་མནན། །གར་དང་བཅས་ཤིང་བཞད་པའི་ཞལ། །སྣ་ཚོགས་པད་མ་ཟླ་དབུས་བཞུགས། །རིགས་ཀྱི་དངོས་གྲུབ་རང་བཞིན་བྱེད། །མགོ་དང་ཅང་ ཏེའུ་ཕྱག་ན་བསྣམས། །རྡོ་རྗེ་གྲི་གུག་གིས་ཀྱང་མཛེས། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །མགོ་བོའི་ཕྲེང་བས་བརྒྱན་པའོ། །མཚམས་ཀྱི་ཆ་ནི་ཐམས་ཅད་དུ། །གནས་ལ་སོགས་པའི་རིམ་པ་དགོད། ། འཁོར་ལོའི་རྩིབས་དྲུག་དང་པོ་ལ། །པཱུ་ལླི་ར་མ་ལ་ཡར་རབ་ཏུ་གཏུམ་མའོ། །རྩིབས་གཉིས་པ་ལ་ཛཱ་ལན་དྷ་རར། གཏུམ་པའི་མིག་ཅན་ནོ། །གསུམ་པ་ལ་ཨོ་ཌི་ཡན་དུ་འོད་ལྡན་མའོ། །བཞི་པ་ཨར་བུ་ དར་སྣ་ཆེན་མོའོ། །ལྔ་པ་གོ་ད་བ་རིར་བརྟན་པའི་བློ་ཅན་མའོ། །དྲུག་པ་རཱ་མེ་ཤྭ་རར་མི་ཐུང་མའོ། །གཉིས་པ་བྱང་གི་འཁོར་ལོ་རྩིབས་དྲུག་ལ། དང་པོ་དེ་བི་ཀོ་ཊི་ར་ལྃ་ཀའི་དབང་ཕྱུག་མའོ། །གཉིས་པ་མ་ལ་ཡར་ ཤིང་གྲིབ་མའོ། །གསུམ་པ་ཀཱ་མ་རཱུ་པར་ས་སྲུངས་མའོ། །བཞི་པ་ཨོ་དྲེར་འཇིགས་བྱེད་ཆེན་མོའོ། །ལྔ་པ་ཏྲི་ཤ་ཀུ་ནེ་ར་རླུང་གི་ཤུགས་ཅན་མའོ། །དྲུག་པ་ཀོ་ས་ལར་ཆང་འཐུང་མའོ། །གསུམ་པ་ནུབ་ཀྱི་འཁོར་ 86-1-236a ལོ་རྩིབས་དྲུག་གི་ཤར་གྱི་འཁོར་ལོའི་རྩིབས་དང་པོ་ལ་ཀ་ལིཾ་ཀར་ལྗང་ལྷ་མོའོ། །གཉིས་པ་ལམ་བཱ་ཀར་ཤིན་དུ་བཟང་མོའོ། །གསུམ་པ་ཀཉྩི་ཀཱར་རྟ་རྣ་མའོ། །བཞི་པ་ལ་ཁ་བ་ཅན་དུ་བྱ་གདོང་ མའོ། །ལྔ་པ་པྲེ་ཏ་པུ་རིར་འཁོར་ལོའི་ཤུགས་ཅན་མའོ། །དྲུག་པ་གྲི་ཧ་དེ་བ་ཏར་དུམ་སྐྱེས་མའོ། །བཞི་པ་ལྷོའི་འཁོར་ལོའི་རྩིབས་ཀྱི་ཤར་དུ་སཽ་རཥྚར་ཆང་འཚོང་མའོ། །གཉིས་པ་གསེར་གྱི་གླིང་དུ་འཁོར་ ལོའི་གོ་ཆ་མའོ། །གསུམ་པ་ནཱ་ག་རར་ཤིན་དུ་དཔའ་མོའོ། །བཞི་པ་སན་དྷུར་སྟོབས་ཆེན་མའོ། །ལྔ་པ་མ་རུར་འཁོར་ལོས་སྒྱུར་མའོ། །དྲུག་པ་ཀུ་ལུ་ཏཱར་བརྩོན་འགྲུས་ཆེན་མོའོ། །དང་པོ་དཀར་ལྗང་ ཐོད་པ་དང་། །ཁ་ཊྭཱྃ་ག་དང་འཁོར་ལོ་དང་། །ཅང་ཏེའུ་དང་གྲི་གུག་གོ། །གཉིས་པ་བྱང་དུ་ལྗང་སེར། རྡོ་རྗེ་དང་ཐོད་པ་དང་། ཁ་ཊྭཱྃ་ག་དང་། ཅང་ཏེའུ་དང་། གྲི་གུག་གོ། །གསུམ་པ་ནུབ་དུ་དམར་སེར་ཐོད་པ་དང་། ཁ་ཊྭཱྃ་ག་དང་། པད་མ་དང་ཅང་ཏེའུ་དང་། གྲི་གུག་གོ། །བཞི་པ་ལྷོའི་ལྷ་མོ་སེར་དམར་སྣ་ཚོགས་རྡོ་རྗེ་དང་། ཅང་ཏེའུ་དང་། གྲི་གུག་དང་ཐོད་པ་དང་། ཁ་ཊྭཱྃ་ག་འཛིན་པའོ། །ལྷ་མོ་ཐམས་ཅད་ཕྱེད་བུད་མེད་ཕྱེད་ དབང་ཕྱུག་སྤྱན་གསུམ་པ། ཕྱག་བཞི་པ་གཅེར་བུ། སྐྲ་གྲོལ་བ། ཕྱེད་སྐྱིལ་གྱི་གར་གྱི་ཞབས་ཀྱིས་བཞུགས་པ། ཡི་དགས་ཀྱི་གདན་གྱི་སྟེང་ན། ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། ཕྱག་རྒྱ་ལྔས་བརྒྱན་པ། རྐང་གདུབ་དང་སྐ་རགས་དང་། དབུ་རྒྱན་རྣམས་རྡོ་རྗེས་མཚན་པའོ། །དེ་ནས་འཁོར་ལོ་ཕྱིར་བསྐོར་ཏེ། རྡོ་རྗེའི་ཕྲེང་བ་ཤར་དུའོ། །འཁོར་ལོའི་ཕྲེང་བ་བྱང་དུའོ། །སྣ་ཚོགས་རྡོ་རྗེའི་ཕྲེང་བ་ནུབ་དུའོ། ། པད་མའི་ཕྲེང་བ་ལྷོ་རུའོ། །དབུས་སུ་རྡོ་རྗེ་ར་བས་མཛེས། །མཚམས་ཀྱི་ཆ་རྣམས་ཐམས་ཅད་དུ། །སྣ་ཚོགས་རྡོ་རྗེ་ཡང་དག་བྲི། །བློ་ལྡན་དེ་ཡི་ཕྱི་རོལ་བསྐོར། །ཡི་དགས་ཕྲེང་བ་སྣ་ཚོགས་ལྡན། །ཕྱི་རོལ་དཀྱིལ་ 86-1-236b འཁོར་སྒོ་རྣམས་དང་། །མཚམས་ཀྱི་ཆ་ནི་བཞི་རྣམས་སུ། །མཁའ་འགྲོ་དྲག་པོའི་གཟུགས་ཅན་ནོ། །དེ་ལ་མཉམ་པར་གཞག་པས་དགོད། །ཁྭ་གདོང་མ་ནི་ཤར་དུ་དགོད། །ཁ་དོག་སྔོན་མོ་ཡིད་འཕྲོག་ མའོ། །འུག་གདོང་མ་ནི་བྱང་གི་སྒོར། །དམར་ཞིང་ལྗང་ལ་མཛེས་པའོ། །ཁྱི་གདོང་མ་ནི་ནུབ་ཀྱི་སྒོར། །དྲག་ཅིང་སེར་མོ་དུ་བ་འདྲ། །ལྷོ་ཡི་ངོས་སུ་ཕག་གདོང་མ། །ལྗང་ཞིང་སྔོ་བའི་གཟུགས་ཅན་མའོ། ། སྤྱན་གསུམ་དྲག་པོ་འཇིགས་པའོ། །ཕྱོགས་ཀྱི་གོས་ནི་འཛིན་པའི་མཆོག །འབྲུ་ཚུགས་ལྟ་ཞིང་བོང་ཐུང་མ། །གཡས་བརྐྱང་པ་ཡི་ཞབས་ཀྱིས་བཞུགས། །སྣ་ཚོགས་པད་མ་ཉི་དབུས་གནས། །ཕྱག་རྒྱ་ལྔས་ནི་རྣམ་ པར་བརྒྱན། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །དབུ་སྐྲ་གྲོལ་ཞིང་རྣམ་པར་བརྟགས། །གཤིན་རྗེ་བརྟན་མ་མ་ཧེ་གདོང་། །མེ་ཡི་ཕྱོགས་སུ་བཞུགས་པའོ། །གཤིན་རྗེ་ཕོ་ཉ་བུང་བུའི་གདོང་། །བདེན་བྲལ་གྱི་ནི་ཕྱོགས་སུ་བཞུགས། ། གཤིན་རྗེའི་མཆེ་བ་རྔ་མོའི་གདོང་། །རླུང་དུ་རྟེན་ཅིང་དྲག་པོར་ལྡན། །གཤིན་རྗེའི་འཇོམས་མ་རྟ་ཡི་གདོང་། །དབང་ལྡན་རྟེན་ཅིང་རྣམ་པར་འཁོར། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །སྣ་ཚོགས་གཟུགས་ཅན་ཡིད་ འཕྲོག་མ། །གཅེར་བུ་སྐྲ་ནི་གྲོལ་བ་དང་། །ཕྱེད་སྐྱིལ་གྱི་ནི་གར་དང་ལྡན། །མཆེ་བ་རྣམ་པར་གཙིགས་པའི་ཞལ། །སྤྱན་གསུམ་ཞལ་ཎི་གཡོ་བ་སྟེ། །སྣ་ཚོགས་པད་མ་ཉི་དབུས་གནས། །འདོད་པ་དྲག་པོས་བརྟག་པའོ། ། འཁོར་གྱི་ལྷ་མོ་དཀྱིལ་འཁོར་རྣམས། །ཐམས་ཅད་ཡི་དགས་སྟེང་དུ་བཞུགས། །ཐོད་པ་ཁ་ཊྭཱྃ་ག་འཛིན་ཅིང་། །གྲི་གུག་མགོ་བོ་འཛིན་པར་བྱེད། །ལག་པ་གཡོན་ན་རྔ་ཆུང་ནི། །བརྡུང་བར་བྱེད་ཅིང་ཤིན་དུ་འཇིགས། ། ཕྱི་རོལ་བསྐོར་བའི་རྣམ་པ་ནི། །གཞན་ཡང་རྣམ་པ་མང་པོར་འགྱུར། །གླུ་དང་གར་གྱི་ཡོ་བྱད་དང་། །སྣ་ཚོགས་དམ་ཚིག་མཆོག་རྣམས་དང་། །སྤོས་དང་མེ་ཏོག་མར་མེ་སོགས། །དྲི་དང་ཕྲེང་བ་བྱུག་པ་དང་། །ལྷ་ཡི་ 86-1-237a ན་བཟའ་གཞལ་ཡས་ཁང་། །ལྷ་ཡི་རོལ་མོ་མཆོག་གི་རྣམས། །ཀུན་ནས་ཡོངས་སུ་བསྐོར་བ་ཡིས། །ཕྱི་ཡི་རྣལ་འབྱོར་མས་མཆོད་བྱེད། །དེ་ལ་སོགས་པ་མཐའ་ཡས་མཆོག །ནམ་མཁའི་ཁམས་ནི་ ཡོངས་གང་ལས། །རྣལ་འབྱོར་མ་ཡི་སྦྱོར་བ་མཆོག །ཕག་མོ་མངོན་པར་འབྱུང་བའི་མཆོག །གསང་བ་ཆེན་མོའི་མཆོག་འདི་ནི། །ཅང་ཟད་སྨྲ་བར་མི་བྱ་སྟེ། །ཕྱི་རོལ་ཡི་དགས་ཕྲེང་བ་དང་། །དཀྱིལ་འཁོར་དམ་པ་བསྒོམས་ པར་བྱ། །འདི་ལྟར་དགོད་པར་བྱ་བ་ཡི། །ཇི་ལྟར་འཁོར་ལོ་དེ་རྣམས་དགོད། །སེན་མོ་དང་སོ་དག་ལ་ནི་རབ་ཏུ་གཏུམ་མའོ། །སྐྲ་དང་བ་སྤུ་དག་ལ་གཏུམ་པའི་མིག་ཅན་མའོ། །ལྤགས་པ་དང་དྲི་མ་དག་ལ་འོད་ལྡན་མའོ། ། ཤ་ལ་སྣ་ཆེན་མའོ། །རྩ་རྒྱུས་ལ་བརྟན་པའི་བློ་ཅན་མའོ། །རུས་པ་ལ་མིའུ་ཐུང་མའོ། །མཁལ་མ་ལ་ལང་གའི་དབང་ཕྱུག་མའོ། །སྙིང་ལ་ནི་ཤིང་གྲིབ་མའོ། །མིག་ལ་ས་སྲུངས་མའོ། །མཁྲིས་པ་ལ་འཇིགས་བྱེད་ཆེན་ མོའོ། །གློ་བ་ལ་རླུང་གི་ཤུགས་ཅན་མའོ། །རྒྱུ་མ་ལ་ཆང་ཐུང་མའོ། །གཉེ་མ་ལ་ལྗང་ལྷ་མོའོ། །ལྟེ་བ་ལ་ནི་ཤིན་དུ་བཟང་མོའོ། །རྐང་པ་ལ་རྟ་རྣ་མའོ། །འདོམས་སུ་བྱ་གདོང་མའོ། །བད་ཀན་ལ་འཁོར་ལོ་ ཤུགས་ཅན་མའོ། །རྣག་ལ་དུམ་སྐྱེས་མའོ། །ཁྲག་ལ་འཆང་འཚོང་མའོ། །རྡུལ་ལ་འཁོར་ལོའི་གོ་ཆ་མའོ། །ཚིལ་ལ་ཤིན་དུ་དཔའ་མོའོ། །མཆིན་པ་ལ་ཤིན་དུ་སྟོབས་ཅན་མའོ། །མཆིལ་མ་ལ་འཁོར་ ལོས་སྒྱུར་མའོ། །སྣབས་ལ་བརྩོན་འགྲུས་ཆེན་མོའོ། །པུ་ལླཱི་ར་མ་ལ་ཡ་སྟེ་མགོ་ལ་རབ་ཏུ་གཏུམ་མའོ། །ཛཱ་ལན་དྷ་ར་སྟེ་སྤྱི་གཙུག་ལ་གཏུམ་པའི་མིག་ཅན་མའོ། །ཨོཾ་ཊི་ཡན་ཏེ་རྣ་བ་གཡས་པ་འོད་ལྡན་ མའོ། །ཨར་བུ་ད་སྟེ་ལྟག་པར་སྣ་ཆེན་མའོ། །གོ་ད་བ་རི་སྟེ་རྣ་བ་གཡོན་པ་ལ་བརྟན་པའི་བློ་ཅན་མའོ། །རཱ་མི་ཤྭ་ར་སྟེ་སྨིན་མའི་དབུས་སུ་མི་ཐུང་མའོ། །དེ་བི་ཀོ་ཊྚ་སྟེ་མིག་གཉིས་ལ་ལང་ཀའི་དབང་ཕྱུག་མའོ། ། 86-1-237b མ་ལ་ཝཱ་སྟེ་ཕྲག་པ་གཉིས་ལ་ཤིང་གྲིབ་མའོ། །ཀཱ་མ་རཱུ་པ་སྟེ་མཆན་ཁུང་གཉིས་སུ་ས་སྲུངས་མའོ། །ཨོ་དྲེ་སྟེ་ནུ་མ་གཉིས་སུ་འཇིགས་བྱེད་ཆེན་མོའོ། །ཏྲི་ཤ་ཀུ་ནི་སྟེ་ལྟེ་བ་ལ་རླུང་གི་ཤུགས་ཅན་མའོ། །ཀོ་ས་ལ་ སྟེ་རྣ་རྩེར་ཆང་འཐུང་མའོ། །ཀ་ལིངྐ་སྟེ་ཁ་ལ་ལྗང་ལྷ་མའོ། །ལམ་པ་ཀ་སྟེ་མགྲིན་པར་ཤིན་དུ་བཟང་མའོ། །ཀཱཉྩཱ་སྟེ་སྙིང་ཁར་རྟ་རྣ་མའོ། །ཧེ་མ་ལ་ཡ་སྟེ་འདོམས་སུ་བྱ་གདོང་མའོ། །པྲེ་ཏ་པུ་རུ་སྟེ་གསང་བར་འཁོར་ ལོའི་ཤུགས་ཅན་མའོ། །གྲི་ཧ་ད་བ་སྟེ་བཤང་ལམ་དུམ་སྐྱེས་མའོ། །སཽ་རཥྚ་སྟེ་བརླ་གཉིས་ལ་ཆང་འཚོང་མའོ། །སུ་ཝརྣྞ་དྭཱི་བ་སྟེ་རྗེ་ངར་གཉིས་ལ་འཁོར་ལོའི་གོ་ཆ་མའོ། །ན་ག་ར་སྟེ་སོར་མོ་རྣམས་ལ་ཤིན་དུ་དཔའ་མོའོ། ། སིནྡྷུ་སྟེ་རྐང་པའི་བོལ་ལ་སྟོབས་ཆེན་མོའོ། །མ་རུ་སྟེ་མཐེ་བོང་གཉིས་ལ་འཁོར་ལོས་སྒྱུར་མའོ། །ཀུ་ལུ་ཏ་སྟེ་པུས་མོ་གཉིས་ལ་བརྩོན་འགྲུས་ཆེན་མོའོ། །སའི་ཁམས་ནི་ལྟུང་བར་བྱེད་མའོ། །ཆུའི་ཁམས་ནི་གསོད་ པར་བྱེད་མའོ། །མེའི་ཁམས་ནི་འགུག་པར་བྱེད་མའོ། །རླུང་གི་ཁམས་ནི་གར་གྱི་དབང་ཕྱུག་མའོ། །ནམ་མཁའི་ཁམས་ནི་པད་མའི་དྲ་བ་ཅན་ནོ། །གཟུགས་ཀྱི་ཕུང་པོ་ནི་རྣམ་པར་སྣང་མཛད་དོ། །ཚོར་བའི་ཕུང་ པོ་ནི་རྡོ་རྗེ་ཉི་མའོ། །འདུ་ཤེས་ཀྱི་ཕུང་པོ་ལ་པད་མ་གར་གྱི་དབང་ཕྱུག་མའོ། །འདུ་བྱེད་ཀྱི་ཕུང་པོ་ལ་རྡོ་རྗེ་རྒྱལ་པོའོ། །རྣམ་པར་ཤེས་པའི་ཕུང་པོ་ལ་རྡོ་རྗེ་སེམས་དཔའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཉིད་ལ་ དཔལ་ཧེ་རུ་ཀའོ། །མིག་གཉིས་ལ་གཏི་མུག་རྡོ་རྗེའོ། །རྣ་བ་གཉིས་ལ་ཞེ་སྡང་རྡོ་རྗེའོ། །སྣ་གཉིས་ལ་ཕྲག་དོག་རྡོ་རྗེའོ། །ཁ་ལ་འདོད་ཆགས་རྡོ་རྗེའོ། །རེག་ལ་སེར་སྣ་རྡོ་རྗེའོ། །སྐྱེ་མཆེད་ཐམས་ཅད་ལ་ དབང་ཕྱུག་རྡོ་རྗེའོ། །ཐུགས་ལ་རྡོ་རྗེ་མི་བསྐྱོད་པའོ། །ཁ་ལ་རྡོ་རྗེ་འོད་དཔག་མེད། །སྐུ་ལ་རྡོ་རྗེ་རྣམ་སྣང་མཛད། །ཨོཾ་བྃ་ལྟེ་བ་ལ་རྡོ་རྗེ་ཕག་མོའོ། །ཧྃ་ཡོཾ་སྙིང་གར་ཡ་མ་ནིའོ། །ཧྲཱི་མོཾ་ཁ་ལ་རྨོངས་བྱེད་མའོ། ། 86-1-238a ཧྲིྃ་ཧྲིྃ་མགོ་བོ་ལ་བསྐྱོད་བྱེད་མའོ། །ཧཱུྃ་ཧཱུྃ་སྤྱི་གཙུག་ལ་སྐྲག་བྱེད་མའོ། །ཕཊ་ཕཊ་ཡན་ལག་ཐམས་ཅད་ལ་མཚོན་ཆ་མ་སྟེ་གཏུམ་བྱེད་མའོ། །དེ་ལྟར་རབ་ཏུ་དགོད་བྱས་ཏེ། །ཡེ་ཤེས་འཁོར་ལོ་ དེ་མཐོང་ནས། །དེ་ཡི་རྣལ་འབྱོར་བརྩམས་པར་བྱ། །དངོས་པོ་ཀུན་གྱི་ངོ་བོ་འདིས། །མཛུབ་མོ་མདུད་བྱ་གུང་མོ་ངེས་པར་སྦྱར། །མཐེ་བོང་རྡོ་རྗེ་བརྟན་པོར་རབ་སྦྱར་ཏེ། །དེ་ནི་དཔྲལ་བའི་དབུས་སུ་རབ་སྦྱར་ནས། ། བསྐོར་ཞིང་བསྐོར་ཞིང་ཀུན་དུ་བསྐོར་བར་བྱ། །རྐང་པ་མནན་ཅིང་གྱེན་དུ་བལྟ། །གྱེན་དུ་ཕེཾ་གི་སྒྲ་སྒྲོགས་པས། །ཕྱོགས་བཅུ་འཇིག་རྟེན་ཁམས་གནས་པའི། །དཔའ་བོ་རྣལ་འབྱོར་མ་རྣམས་འགུགས། །ཛཿཧཱུྃ་བྃ་ཧོ། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྦྱོར་བས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བའོ། །དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས། ནམ་མཁའི་དཀྱིལ་ཡོངས་སུ་གང་བར་བལྟས་ཏེ། བདུད་རྩི་ ལྔས་ཡོངས་སུ་གང་བའི་བུམ་པས་མངོན་པར་དབང་བསྐུར་བའི་ཚུལ་གྱིས་དེ་དག་ལ་དབང་བསྐུར་བ་སྦྱིན་པར་བྱའོ། །ཇི་ལྟར་བལྟམས་པ་ཙམ་གྱིས་ཀྱང་། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་བའི། ལྷ་ཡི་ ཆུ་འདི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཐ་ཨ་བི་ཥེ་ཀྟ་ས་མ་ཡ་ཤྲཱི་ཧཱུྃ་ཨ་ཧཱུྃ། རླུང་དང་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་ལས་བྱུང་བའི་ཐོད་པར་ཡེ་ཤེས་ལྔའི་བདུད་རྩིས་གང་བ་ཆ་བཅུ་ དྲུག་དང་། ཧཱུྃ་བྃ་དང་། ཨོཾ་གྱིས་བྱིན་གྱིས་བརླབས་ཏེ་ཡི་གེ་གསུམ་དུ་གྱུར་པར་བསམ་ལ་འཁོར་ལོ་གསུམ་བསྒོམ་པར་བྱའོ། །ཨོཾ་ས་མ་ཡ་ཤུད་དྷཱ་སརྦ་དྷརྨྨཱ་ས་མ་ཡ་ཤུད་དྷོ྅ཧྃ། ཆོས་ཐམས་ཅད་ཀུན་དུ་རོ་གཅིག་ པས་གནས་པར་སེམས་ཀྱིས་བྱའོ། །ཡེ་ཤེས་བདུད་རྩི་སྦྱིན་པ་ཡིས། །ཡེ་ཤེས་བདུད་རྩིའི་ཆུ་བཏུང་ངོ་། །ཨོཾ་ཨྀ་མྲྀ་ཏ་ཨུ་ད་ཀ་ཧཱུྃ་ཧཱུྃ་ཐ་ཐ་ལེ་ཧཱུྃ། ཨ་ཁྃ་ཧཱུྃ་ཕཊ་སྭཱ་ཧཱ། ཡེ་ཤེས་བཟླས་པའི་སྦྱོར་བ་ཡིས། །འཁོར་ལོའི་ 86-1-238b ཚོགས་མཆོག་སྤྲོ་བར་བྱ། རུས་པ་ཆེན་པོའི་ཕྲེང་བ་ཡིས། །ཕྱིས་ནས་བཟླས་པ་དེ་ནས་བྱ། །སྲོག་དང་རྩོལ་བ་རབ་བསྡམས་ཏེ། །བསམས་ན་སྐད་ཅིག་གིས་འཆར་རོ། །དབང་བསྐུར་མཆོད་དང་དམ་ཚིག་ནི། །རོ་གཅིག་བྱས་ ཏེ་བསྒོམས་པ་ཡིས། །དེ་སྙིང་ཡེ་ཤེས་སེམས་དཔའ་དང་། །མཆོད་པ་ཡེ་ཤེས་བདུད་རྩི་ཡིས། །ལུས་དང་ངག་ཡིད་དམ་ཚིག་ནི། །སེམས་ནི་བསམ་མེད་ཤིན་དུ་བརྟག །བཟླས་དང་བསྒོམ་པ་ཡང་དག་ལྡན། ། རྟོག་པ་ཐམས་ཅད་རྣམ་སྤངས་ཏེ། །དམ་ཚིག་མཆོག་གི་བཟླས་པ་འདིས། །གསང་སྔགས་རྒྱལ་པོའི་མཆོག་བཟླས་སོ། །ཨོཾ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་སརྦ་བུད་དྷ་ཌཱ་ཀི་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་དང་ མིང་ནི་ཡང་དག་ལྡན། །ཧཱུྃ་ཧཱུྃ་ཕཊ་དང་ཡང་དག་ལྡན། །རབ་ཏུ་གཏུམ་སོགས་དེ་སྔགས་སོགས། །བཟླས་པའི་མཆོག་ལ་སྦྱར་བར་བྱ། །ཨོཾ་བཛྲ་བཱ་རཱ་ཧི་པྲོ་ཏྃ་གེ་པྲོ་ཏྃ་གེ། ཧ་ན་ཧ་པྲཱ་ཎཱྃ་ཀིཾ་ཀིཾ་ཎི་ཁི་ཁི་ ཎི་དྷུ་ན་དྷུ་ན། བཛྲ་ཧསྟེ་ཤོ་ཥ་ཡ་ཤོ་ཥ་ཡ། བཛྲ་ཁ་ཊྭཱྃ་ག་ཀ་པཱ་ལ་དྷ་རཱི་ཎི། མ་ཧཱ་བི་ཤི་ཏ་མཱྃ་སཱ་ཤནྟི། མ་ནུ་ཤཱན་ཏྲ་པྲཱ་པྲི་ཏེ་སན་ནི་དྷྱ་ན་ར་ཤི་རེ་མཱ་ལཱ་གྲྃ་ཐི་ཏ་དྷཱ་རི་ཎི་སུྃ་བྷ་ནི་སུྃ་བྷ། ཧ་ན་ཧ་ན། པྲཱ་ཎཱྃ་སརྦྦ་པཱ་པ། ས་ཏྭཱ་ནཱི་སརྦྦ་པ་ཤཱུ་བ་ནཱྃ་མ་ཧཱ་མཱྃ་ས་ཙྪེ་ད་ནི། ཀོ་དྷ་མུར་ཏེ་དྃཥྚྲཱ་ཀ་རཱ་ལི་ནི། མ་ཧཱ་མུ་ནེ་དྲེ་ཤྲཱིཿ ཧེ་རུ་ཀ་དེ་བ་སྱཱ་གྲ་མ་ཧི་ཥི་ས་ཧ་སྲ་ཤི་རེ་ས་ཧ་སྲ། བྷ་ཧཱ་བི་ཤ་ཏ་ས་ཧ་སྲ་ཨ་ན་ནེ་ཛ་ལི་ཏ་ཏེ་ཛ་སེ་ཛྭཱ་ལ་མུ་ཁི་པིཾ་ག་ལ་ ལོ་ཙ་ནི། བཛྲ་ཤྭ་རི་རེ། བཛྲ་ཨཱ་ས་ནི་མི་ལི་མི་ན་ལི། ཏི་མི་ལི་ཏི་མི་ལི། ཧེ་ཧེ། ཧཱུྃ་ཧཱུྃ། ཁ་ཁ་དྷུ་དྷུ་རུ་རུ་དྷུ་དྷུ་དྷུ་རུ། མུ་རུ་མུ་རུ། ཨ་དྭེ་ཏ་མ་ཧཱ་ཡོ་གི་ནཱི་པ་ཋི་ཏ་སིད་དྷི་དྲེཾ་དྷྲིཾ་དྷྲེཾ་གྲྃ་གྲྃ་ཧེ་ཧེ་ཧ་ཧ་བྷཱི་མེ་ཧ་ས་ ཧ་ས་བཱི་རེ་ཧཱ་ཧཱ་ཧོ་ཧོ། ཧཱུྃ་ཧཱུྃ་ཏྲཻ་ལོཀྱ་བཱི་ནཱ་ཤ་ནི་ཤ་ཏ་ས་ཧ་ཀོ་ཊི་ཏ་ཐཱ་ག་ཏ་པ་རི་རྦཱ་རེ་ཏི་ཧཱུྃ་ཧཱུྃ་ཕཊ། སིཾ་ཧ་རཱུ་པེ་ཁ་ག་ཛ་རཱུ་པེ་ག་ཨ་ཏྲཻ་ལོ་ཀྱ་ཨུ་ད་རེ་མ་ཧཱ་ས་མུ་དྲ་མེ་ཁ་ལེ་གྲ་ས་གྲ་ས་ཧཱུྃ་ཧཱུྃ་ཕཊ། བཱི་རཱ་དྭཻ་ཏེ། 86-1-239a ཧཱུྃ་ཧཱུྃ་ཧཿཧཿ། མ་ཧཱ་པ་ཤཱུ་མོ་ཧ་ནི་མ་ཧཱ་ཡོ་གི་ཤྭ་རཱི་ཏྭྃ། ཌཱ་ཀི་ནཱི་སརྦྦ་ལོ་ཀཱ་ནཱྃ་བན་དྷ་ནི་སདྱཿཔྲ་ཏྱ་ཀཱ་རི་ཎི་ཧཱུྃ་ཧཱུྃ་ཕཊ་བྷུ་ཏ་ཏྲ་ས་ནི་མ་ཧཱ་བཱི་རེ་པ་ར་མ་སིད་དྷེ་ཡོ་གི་ཤྭ་རི་ཕཊ། ཧཱུྃ་ཧཱུྃ་ཕཊ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། དེ་ལྟར་རྡོ་རྗེ་ཕག་མོའི་མཆོག་ཏུ་གྲུབ་པའི་སྙིང་པོ་དམ་པའོ། །ཨོཾ་ན་མོ་བྷ་ག་ཝ་ཏེ་བཛྲ་བཱ་རཱ་ཧི་བྃ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མཿཨཱརྱཱ་པ་རཱ་ཛི་ཏེ་ཏྲཻ་ལོ་ཀྱ་མཱ་ཏེ་མ་ཧཱ་བིདྱེ་ཤྭ་རི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མཿསརྦ་བྷུ་ཏ་བྷ་ཡ་བ་ཧེ་མ་ཧཱ་ བཛྲེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བཛྲ་ཤ་ནི་ཨ་ཛ་ཏི་ཨ་བ་རཱ་ཛི་ཏེ་བ་ཤྃ་ཀ་རི་ནེ་ཏྲེ་བྷྲ་མ་ནི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མ་ཤོ་ཥ་ནི་རོ་ཥ་ནི་ཀྲོ་དྷེ་ཀ་རཱ་ལེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མ་ཏྲ་ས་ནི་མཱ་ར་ནི་སུ་པྲ་བི་ད་ནི་བ་རཱ་ཛ་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་ཛ་ཡེ་བི་ཛ་ཡེ་ཛམ་བྷ་ནི་སྟམ་བྷ་ནི་མོ་ཧ་ནི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བཛྲ་བཱ་རཱ་ཧི་མ་ཧཱ་ཡོ་གི་ནི་ཀཱ་མི་ཤྭ་རི་ཁ་གེ་ཧཱུྃ་ཧཱུྃ་ཕཊ། སྔགས་འདི་ཐམས་ཅད་དུ་བྱས་ཏེ། ཨཱ་ལི་ཀཱ་ལི་རྡོ་རྗེ་ཕག་ མོའི་བདག་ཉིད་ཀྱི་དངོས་པོར་བྱ་སྟེ། རྐང་པ་བརྒྱད་པ་ཆོ་གའི་བདག་ཉིད་ཀྱིས་མཆོད་པར་བྱའོ། །བཟླས་པ་ཡོངས་སུ་རྫོགས་ནས་ནི། །ཞི་བའི་བཏུང་བ་བཏུང་བའི་མཆོག །ཆོས་རྣམས་མཉམ་ཉིད་དམ་ཚིག་མཆོག ། སུམ་བཅུ་རྩ་བདུན་གནས་ཀྱི་མཆོག །དེ་འོག་རྣམ་པར་དག་པ་བསྒོམ། །ལུས་རྗེས་སུ་དྲན་པ་མཁའ་འགྲོ་མའོ། །ཚོར་བ་རྗེས་སུ་དྲན་པ་ལཱ་མཱའོ། །ཆོས་རྗེས་སུ་དྲན་པ་ཁན་ཌ་རོ་ཧེའོ། །སེམས་རྗེས་སུ་དྲན་ པ་རཱུ་པི་ནིའོ། །འདུན་པ་རྫུ་འཕྲུལ་བསྐྱེད་པ་ནི་རབ་ཏུ་གཏུམ་མོའོ། །བརྩོན་འགྲུས་ཀྱི་རྫུ་འཕྲུལ་བསྐྱེད་པ་ནི་གཏུམ་པའི་མིག་ཅན་མའོ། །དཔྱོད་པའི་རྫུ་འཕྲུལ་བསྐྱེད་པ་ནི་འོད་ལྡན་མའོ། །སེམས་ཀྱི་རྫུ་འཕྲུལ་བསྐྱེད་ པ་ནི་སྣ་ཆེན་མའོ། །དད་པའི་དབང་པོ་བརྟན་པའི་བློ་ཅན་མའོ། །བརྩོན་འགྲུས་ཀྱི་དབང་པོ་ནི་མིའུ་ཐུང་མའོ། །དྲན་པའི་དབང་པོ་ནི་ལང་ཀའི་དབང་ཕྱུག་མའོ། །ཏིང་ངེ་འཛིན་གྱི་དབང་པོ་ནི་ཤིང་གྲིབ་མའོ། ། 86-1-239b ཤེས་རབ་ཀྱི་དབང་པོ་ནི་ས་སྲུངས་མའོ། །དད་པའི་སྟོབས་ནི་འཇིགས་བྱེད་ཆེན་མོའོ། །བརྩོན་འགྲུས་ཀྱི་སྟོབས་ནི་རླུང་གི་ཤུགས་ཅན་མའོ། །དྲན་པའི་སྟོབས་ནི་ཆང་འཐུང་མའོ། །ཏིང་ངེ་འཛིན་གྱི་སྟོབས་ ནི་ལྗང་ལྷ་མའོ། །ཤེས་རབ་ཀྱི་སྟོབས་ནི་ཤིན་དུ་བཟང་མོའོ། །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རྟ་རྣ་མའོ། །བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་བྱ་གདོང་མའོ། །དགའ་བ་ཡང་དག་བྱང་ཆུབ་ཀྱི་ ཡན་ལག་ནི་འཁོར་ལོའི་ཤུགས་ཅན་མའོ། །ཤིན་དུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་དུམ་སྐྱེས་མའོ། །ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཆང་འཚོང་མའོ། །དྲན་པ་ཡང་དག་ བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོའི་གོ་ཆ་མའོ། །བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཤིན་དུ་དཔའ་མོའོ། །ཡང་དག་པའི་ལྟ་བ་ནི་སྟོབས་ཆེན་མོའོ། །ཡང་དག་པའི་རྟོག་པ་ནི་འཁོར་ལོས་སྒྱུར་མའོ། །ཡང་ དག་པའི་ངག་ནི་བརྩོན་འགྲུས་ཆེན་མོའོ། །ཡང་དག་པའི་ལས་ཀྱི་མཐའ་ནི་ཁྭ་གདོང་མའོ། །ཡང་དག་པའི་འཚོ་བ་ནི་འུག་གདོང་མའོ། །ཡང་དག་པའི་རྩོལ་བ་ནི་ཁྱི་གདོང་མའོ། །ཡང་དག་པའི་དྲན་པ་ནི་ཕག་ གདོང་མ་སྟེ། རྣམ་པར་ཐར་པའི་སྒོ་བཞིའོ། །ཡང་དག་པའི་ཏིང་ངེ་འཛིན་ནི་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོའོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པར་བྱེད་པ་ནི་གཤིན་རྗེ་བརྟན་མའོ། །དགེ་བའི་ཆོས་ སྐྱེས་པ་རྣམས་རྗེས་སུ་གནས་པ་དང་སྲུང་བར་བྱེད་པ་ནི་གཤིན་རྗེའི་ཕོ་ཉ་མའོ། །མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བར་བྱེད་པ་ནི་གཤིན་རྗེ་མཆེ་བ་མའོ། །མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེ་བར་བྱེད་པ་ ནི་གཤིན་རྗེའི་འཇོམས་མའོ། །ཆོས་བདག་མེད་པའི་ལམ་གནས་སུ། །དཀྱིལ་འཁོར་དམ་པར་བཞུགས་པ་ནི། །ཤེས་རབ་ཕ་རོལ་ཕྱིན་སྦྱོར་བ། །དེ་བཞིན་རྣལ་འབྱོར་པ་གནས་བྱ། །སྣང་བ་མེད་པའི་གནས་ 86-1-240a ལ་གནས། །སྣང་བ་མེད་ལ་ཡང་དག་བརྟེན། །སྤྱོད་པ་མེད་པའི་ཆོས་རྣམས་ལ། །ཆོས་ཅན་མེད་ཅིང་ཆོས་ཉིད་མེད། །རྟེན་འབྲེལ་མཁའ་དང་མཉམ་བའི་ཆོས། །དངོས་མེད་མཚན་མ་མེད་པའོ། ། འདི་ནི་དེ་ཉིད་གོ་འཕང་གནས། །ཡེ་ཤེས་དག་གི་མིག་གིས་མཐོང་། །ཕྲ་རབ་རྡུལ་བྲལ་དང་མཉམ་བ། །འཁོར་ལོའི་གནས་མཐོང་ཤིན་དུ་ངེས། །སྐྲ་རྩེ་སྟོང་ཕྲག་བརྒྱ་ཡིས་ནི། །ཆ་དང་ཆ་རུ་ཡོངས་སུ་བརྟག །། ཧེ་རུ་ཀ་དང་རྣལ་འབྱོར་མ། །ལྷན་ཅིག་བྷ་གའི་གནས་མཐོང་བ། །འཁོར་ལོ་སྒྱུར་བ་རབ་བརྩོན་པས། །ཁྭ་གདོང་མ་ནི་ཕྱི་རོལ་དགོད། །ཧེ་རུ་ཀ་སོགས་བདག་པོ་ཁྱོད། །མཁའ་འགྲོ་བཞི་ཡིས་ཡོངས་སུ་བསྐོར། ། ཕན་ཚུན་དུ་ནི་བདག་པོ་བྱེད། །རྡོ་རྗེ་སེམས་སོགས་སྦྱོར་བར་ལྡན། །ཕྱི་རོལ་དུར་ཁྲོད་དྲག་པོ་དང་། །ཁ་དོག་སྣ་ཚོགས་མཆོག་གི་མཆོག །ཤིང་མཆོག་སྣ་ཚོགས་མཛེས་པ་དང་། །ཁྱི་དང་ལྕེ་སྤྱང་འཇིགས་ པ་དང་། །ཁྭ་དང་འུག་པ་བྱ་གར་རྒོད། །ལྕེ་སྤྱང་དེ་བཞིན་རོ་སྲེགས་པ། །ཀེང་རུས་གསལ་ཤིང་གིས་ཕུག་དང་། །འགྱེགས་ནས་འཕྱང་དང་ཕྱེད་བསྲེགས་དང་། །ཐོད་པ་སྐམ་པོ་པུས་མོ་དང་། །མགོ་མེད་ལག་ན་ཐོད་པ་ དཀར། །རྣམ་པ་སྣ་ཚོགས་སྦྲུལ་གྱིས་མཛེས། །དྲག་པོའི་སྦྲུལ་དང་དེ་བཞིན་རྔ། །སེང་གེ་ཕག་དང་སྟག་དང་ནི། །དེ་བཞིན་ར་དང་ལུག་དག་དང་། །གླང་པོ་རྟ་དང་བོང་བུ་དང་། །རྔ་མོ་སྣ་ཚོགས་དམ་ཚིག་མཆོག །རྣམ་ པ་སྣ་ཚོགས་ཆང་དང་ནི། །འབྲུ་ཆང་བཏུང་བའི་མཆོག་རྣམས་ཀྱིས། །དཔའ་བོ་བཟང་པོ་འདུས་པ་དང་། །སྣ་ཚོགས་རྣལ་འབྱོར་མ་ཚོགས་དང་། །ཐོད་པ་ཁ་ཊྭཱྃ་ག་དག་དང་། །གྲི་གུག་ཅང་ཏེའུ་མཆོག་རྣམས་འཛིན། །སྣ་ཚོགས་ རོལ་མོ་བཟང་པོ་དང་། །བཟའ་བའི་རོ་མཆོག་ལོངས་སྤྱོད་དང་། །སྣ་ཚོགས་འོ་དང་འཁྱུད་པ་དང་། །བཅའ་དང་བལྡག་པའི་མཆོག་རྣམས་ཀྱིས། །རྣམ་པ་དེ་ལྟར་དུར་ཁྲོད་ནི། །གནོད་སྦྱིན་རོ་ལངས་སྲིན་པོ་རྣམས། །ཧེ་རུ་ཀ་ཡི་ 86-1-240b ང་རྒྱལ་གྱིས། །དེ་ལ་གཏོར་མ་སྦྱིན་པར་བྱ། །ཅང་ཏེའུ་རྡོ་རྗེ་དྲིལ་བུ་དང་། །གར་དང་རོལ་མོ་བྱེད་པ་དང་། །ཕྱོགས་ཀྱི་གོས་ཅན་ཕྱག་རྒྱར་ལྡན། །ཧཱུྃ་ཧཱུྃ་ཕཊ་ཀི་ལི་ཀི་ལི་བྱ། །གཡས་བརྐྱང་པ་ཡི་སྦྱོར་བ་ཡིས། །འབར་ བའི་ཕྱག་རྒྱ་བཅིང་བར་བྱ། །དམ་ཚིག་ཁ་རུ་བཅུག་ནས་ནི། །སྔགས་འདི་རྗེས་སུ་དྲན་པར་བྱ། །ཨོཾ་ཨཱ་ར་ལི་ཧོ། བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭྃ་དྲི་ཤྱ་ཧོ། དེ་སྐད་གསུམ་དང་བཞི་དང་ལྔ་བརྗོད་པར་བྱའོ། ། གཡས་བསྐོར་དང་གཡོན་བསྐོར་གྱིས་ཀྱང་ཐོད་པའི་ནང་གི་སྦྱིན་པར་བྱ་བ་རྣམས། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ་སྔགས་འདི་བརྗོད་དོ། །ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཱཀྵ་ས་སརྦ་བྷཱུ་ཏ་ པྲེ་ཏ་པི་ཤཱ་ཙ་ཏ་ཨུན་མཱ་ད་ཨ་པ་སྨཱ་ར། ཌཱ་ཀི་ནི་ཨ་ད་ཡ། ཨི་མྃ་བ་ལྃ་གྲི་ཧྣ་ཏུ་ས་མ་ཡ། རཀྵན་ཏུ་མ་མ་སརྦྦ་སིད་དྷེ་མི་པྲ་ཡ་ཙྪན་ཏུ། ཡ་ཐེ་བྃ་ཡ་ཐེཥྚྃ་བྷུཉྫ་ཐཱ། པི་བ་ཐ་ཛི་གྷྲ་ཐ་ མ་ཏི་ཀྲ་མ་ཐཱ། མ་མ་སརྦྦ་ཀར་དྷཱ་ཡ་ས་ཁཾ། བི་ཤུད་དྷ་ཡི་ས་ཧ་ཡི་ཀ་བྷ་བན་ཏུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དེ་ལྟར་ཆོ་ག་དང་ཆོ་གས་ཐུན་མཚམས་བཞིར་སྦྱིན་པར་བྱའོ། ། དེ་ནས་བཅོམ་ལྡན་འདས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་གསང་བའི་གསང་ཆེན་འདི་གསུངས་པ། དངོས་པོ་མེད་པའི་བདག་ཉིད་ཆོས། །ནམ་ མཁའ་བུ་དྲི་མ་མེད། །སྟོང་ཉིད་ཡེ་ཤེས་རྡོ་རྗེ་ཡིས། །སྟོང་པ་ཤིན་དུ་རྣམ་པར་བསྒོམ། །ལེགས་སོ་ཞེས་ནི་བྱ་བ་བྱིན། །རྒྱུད་རྫོགས་པ་ཡི་སྦྱོར་བ་ལས། ། ལེགས་སོ་ལེགས་སོ་ཡེ་ཤེས་ཆེ། །བཤད་པའི་རྒྱུད་ཕྱི་མ་ལས་ཕག་མོ་མངོན་པར་བྱང་ཆུབ་ཞེས་བྱ་བ་རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་ཛྙཱ་ནཱ་ཀ་རའི་ཞལ་སྔ་ནས་དང་། ཞུ་ཆེན་གྱི་ལོ་ཙྪ་བ་ཁུ་སྟོན་དངོས་གྲུབ་ཀྱིས་སྦྱུར་ཏེ་གཏན་ལ་ཕབ་པའོ། ། 86-1-241a ༄༅། །རྒྱ་གར་སྐད་དུ། ཡོ་གི་ནཱི་སན་ཙཱརྱ། བོད་སྐད་དུ། རྣལ་འབྱོར་མའི་ཀུན་དུ་སྤྱོད་པ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གང་གི་དྲིན་གྱིས་བདེ་ཆེན་གནས། །སྐད་ཅིག་ གིས་ནི་ཐོབ་གྱུར་བ། །བླ་མ་རིན་ཆེན་ལྟ་བུ་ཡི། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །དེ་ནས་ཡང་དག་བཤད་བྱ་བ། །ཀུན་དུ་སྤྱོད་པའི་ཆོ་ག་མཆོག །འཁོར་ལོ་གསུམ་བདག་འདི་སྒོམ་པ། །རྣལ་འབྱོར་ལམ་ལ་གནས་པ་ ཡིན། །ལུགས་འབྱུང་ལུགས་ལས་བཟློག་པར་ནི། །རྒྱུད་དུ་སྦས་པར་གནས་གང་དེ། །བསྟན་པ་རུ་ནི་ཇི་སྐད་གསུངས། །བཤད་པ་ཡང་ནི་དེ་བཞིན་ནོ། །སོ་སོར་བསྟན་པ་མ་ལུས་ཉིད། །བརྡ་ཡི་ཆོ་ག་རྒྱས་པ་ ཡིན། །གང་གིས་ཤེས་པ་ཙམ་གྱིས་ནི། །སྒྲུབ་པ་པོ་ཡིས་གྲུབ་ཐོབ་པ། །སུམ་བཅུ་རྩ་བདུན་ཚུལ་གྱིས་ནི། །བྱང་ཆུབ་ཕྱོགས་ལ་གནས་པ་ཡིན། །འཇིག་རྟེན་དུ་ནི་བསྒོམ་བྱར་བཤད། །ཧེ་རུ་ཀ་དཔལ་འགྲོ་བའི་མཆོག ། དེ་ལ་ཐོག་མར་རྣལ་འབྱོར་གྱི་དབང་ཕྱུག་གིས་ཕུང་པོ་ལྔ་ལ་ལྷའི་ང་རྒྱལ་བསྐྱེད་པར་བྱ་སྟེ། གཟུགས་ཀྱི་ཕུང་པོ་ལ་ནི་རྣམ་པར་སྣང་མཛད་དོ། །ཚོར་བའི་ཕུང་པོ་ལ་ནི་རྡོ་རྗེ་ཉི་མའོ། །འདུ་ཤེས་ཀྱི་ཕུང་པོ་ལ་ནི་པད་མ་ གར་གྱི་དབང་ཕྱུག་གོ། །འདུ་བྱེད་ཀྱི་ཕུང་པོ་ལ་ནི་རྡོ་རྗེ་རྒྱལ་པོའོ། །རྣམ་པར་ཤེས་པའི་ཕུང་པོ་ལ་ནི་རྡོ་རྗེ་སེམས་དཔའ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ནི་ཤྲཱི་ཧེ་རུ་ཀ་རྡོ་རྗེའོ། །མིག་གཉིས་ལ་ནི་ གཏི་མུག་རྡོ་རྗེའོ། །རྣ་བ་གཉིས་ལ་ནི་ཞེ་སྡང་རྡོ་རྗེའོ། །སྣ་དག་ལ་ནི་ཕྲག་དོག་རྡོ་རྗེའོ། །ལྕེ་ལ་ནི་འདོད་ཆགས་རྡོ་རྗེའོ། །ལུས་ལ་ནི་སེར་སྣ་རྡོ་རྗེའོ། །སྐྱེ་མཆེད་ཐམས་ཅད་ལ་ནི་དབང་ཕྱུག་རྡོ་རྗེའི་དབྱིངས་སོ། ། སའི་ཁམས་ལ་ནི་ལྟུང་བྱེད་མའོ། །ཆུའི་ཁམས་ལ་ནི་གསོད་བྱེད་མའོ། །མེའི་ཁམས་ལ་ནི་འགུགས་མའོ། །རླུང་གི་ཁམས་ལ་ནི་གར་དབང་མའོ། །ནམ་མཁའི་ཁམས་ལ་ནི་པད་མའི་དྲ་བ་མོ་སྟེ། དེ་ལྟར་ 86-1-241b དེ་ལྟར་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་རྣམས་ལ་ང་རྒྱལ་བསྐྱེད་པར་བྱའོ། །རྣལ་འབྱོར་མའི་ཀུན་དུ་སྤྱོད་པ་ལས་ལྷ་རྣམས་ཀྱི་གནས་རྣམ་པར་དག་པ་གནས་པ་སྟེ་དང་པོའོ།། །། དེ་ནས་བྱང་ཆུབ་ཀྱི་ཕྱོགས་ ཀྱི་ཆོས་སུམ་བཅུ་རྩ་བདུན་ལྷའི་སྦྱོར་བས་སྦྱར་བྱ་སྟེ། དེ་ཐམས་ཅད་ཀྱང་གང་ཞེ་ན། ལུས་དྲན་པ་ཉེ་བར་གཞག་པ་དང་། ཚོར་བ་དྲན་པ་ཉེ་བར་གཞག་པ་དང་། ཆོས་དྲན་པ་ཉེ་བར་གཞག་པ་དང་། སེམས་དྲན་པ་ཉེ་བར་ གཞག་པ་དང་། འདུན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ་དང་། དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་དང་། སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་དང་། དད་པའི་དབང་པོ་དང་། བརྩོན་འགྲུས་ ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་དང་། དད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། དྲན་པའི་སྟོབས་དང་། ཏིང་ངེ་འཛིན་གྱི་སྟོབས་དང་། ཤེས་ རབ་ཀྱི་སྟོབས་དང་། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཤིན་དུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ ལག་དང་། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་ རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་དང་། དགེ་བའི་ཆོས་མ་སྐྱེས་པ་ རྣམས་བསྐྱེད་པ་དང་། དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང་། མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བ་དང་། མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པའོ། །དེ་ལྟར་ན་དྲན་པ་ཉེ་བར་གཞག་པ་དང་། 86-1-242a ཡང་དག་པར་སྤོང་པ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་མཐར་ཐུག་པ་རྣམས་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ བཅུ་རྩ་བདུན་ཡིན་ནོ། །རྣལ་འབྱོར་མའི་ཀུན་དུ་སྤྱོད་པ་ལས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་བསྟན་པ་སྟེ་གཉིས་པའོ།། །། དེ་ལ་དེ་རྣམས་ཀྱི་ལྷའི་སྦྱོར་བའི་གྲངས་ཇི་ལྟ་བར་མདོར་བསྡུས་པ་སྟེ། ལུས་དྲན་པ་ ཉེ་བར་གཞག་པ་ནི་མཁའ་འགྲོ་མའོ། །ཚོར་བ་དྲན་པ་ཉེ་བར་གཞག་པ་ནི་ལཱ་མའོ། །ཆོས་དྲན་པ་ཉེ་བར་གཞག་པ་ནི་ཁན་ཌ་རོ་ཧེའོ། །སེམས་དྲན་པ་ཉེ་བར་གཞག་པ་ནི་གཟུགས་ཅན་མའོ། །འདུན་པའི་རྫུ་ འཕྲུལ་གྱི་རྐང་པ་ནི་རབ་ཏུ་གཏུམ་མོའོ། །བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་གཏུམ་པའི་མིག་ཅན་མའོ། །དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་ནི་འོད་ལྡན་མའོ། །སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་སྣ་ཆེན་མའོ། ། དད་པའི་དབང་པོ་ནི་དཔའ་བོའི་བློ་གྲོས་མའོ། །བརྩོན་འགྲུས་ཀྱི་དབང་པོ་ནི་མིའུ་ཐུང་མའོ། །དྲན་པའི་དབང་པོ་ནི་ལང་ཀའི་དབང་ཕྱུག་མའོ། །ཏིང་ངེ་འཛིན་གྱི་དབང་པོ་ནི་ཤིང་གྲིབ་མའོ། །ཤེས་རབ་ཀྱི་དབང་ པོ་ནི་ས་སྲུངས་མའོ། །དད་པའི་སྟོབས་ནི་འཇིགས་བྱེད་ཆེན་མོའོ། །བརྩོན་འགྲུས་ཀྱི་སྟོབས་ནི་རླུང་གི་ཤུགས་ཅན་མའོ། །དྲན་པའི་སྟོབས་ནི་ཆང་འཐུང་མའོ། །ཏིང་ངེ་འཛིན་གྱི་སྟོབས་ནི་སྔོ་བསངས་མའོ། ། ཤེས་རབ་ཀྱི་སྟོབས་ནི་སྟོབས་བཟང་མའོ། །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རྟ་རྣ་མའོ། །བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཁྭ་གདོང་མའོ། །དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ ལག་ནི་འཁོར་ལོའི་ཤུགས་ཅན་མའོ། །ཤིན་དུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཁཎ་ཌ་རོ་ཧིའོ། །ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་སྣ་ཆེན་མའོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ 86-1-242b ལག་ནི་ཙཀྲ་ཝར་ཏི་ནཱིའོ། །བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཤིན་དུ་དཔའ་མོའོ། །ཡང་དག་པའི་ལྟ་བ་ནི་སྟོབས་ཆེན་མའོ། །ཡང་དག་པའི་རྟོག་པ་ནི་འཁོར་ལོས་སྒྱུར་མའོ། །ཡང་དག་པའི་ངག་ནི་བརྩོན་འགྲུས་ ཆེན་མོའོ། །ཡང་དག་པའི་ལས་ཀྱི་མཐའ་ནི་ཁྭ་གདོང་མའོ། །ཡང་དག་པའི་འཚོ་བ་ནི་འུག་གདོང་མའོ། །ཡང་དག་པའི་རྩོལ་བ་ནི་ཁྱི་གདོང་མའོ། །ཡང་དག་པའི་དྲན་པ་ནི་ཕག་གདོང་མའོ། །ཡང་དག་པའི་ཏིང་ངེ་འཛིན་ནི་བཅོམ་ལྡན་ འདས་དཔལ་ཧེ་རུ་ཀའོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པ་ནི་གཤིན་རྗེ་བརྟན་མའོ། །དགེ་བའི་ཆོས་སྐྱེས་པ་རྣམས་ཡང་དག་པར་སྲུང་བ་ནི་གཤིན་རྗེ་ཕོ་ཉ་མའོ། །མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བ་ནི་གཤིན་རྗེ་ མཆེ་བ་མའོ། །མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པ་ནི་གཤིན་རྗེ་འཇོམས་མའོ། །རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པ་ལས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་ལྷ་རྣམས་ཀྱི་རྣམ་པར་དག་པ་བསྟན་ པ་སྟེ་གསུམ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ། །དཔའ་བོ་གཉིས་མེད་དམ་པ་སྟེ། །ཧེ་རུ་ཀ་དཔལ་སྐུའི་ཡན་ལག །ཡན་ལག་ཀུན་ནི་ཆ་ཤས་གནས། །སན་མོ་དང་སོ་ལ་ནི་ཐོད་པ་ཕྱེད་པའོ། ། སྐུ་དང་སྤུ་ལ་ནི་ཀེང་རུས་ཆེན་པོའོ། །ལྤགས་པ་དང་དྲི་མ་ལ་ནི་ཀེང་རུས་སོ། །ཤ་ལ་ནི་མཆེ་བ་རྣམས་པར་གཙིགས་པའོ། །རྒྱུས་པ་ལ་ནི་ལྷ་དགྲའོ། །རུས་པ་ལ་ནི་འོད་དཔག་མེད་དོ། །མཁལ་མ་ལ་ནི་རྡོ་རྗེའི་ འོད་དོ། །སྙིང་ལ་ནི་རྡོ་རྗེའི་སྐུའོ། །མིག་གཉིས་ལ་ནི་མྱུ་གུ་ཅན་ནོ། །མཁྲིས་པ་ལ་ནི་རྡོ་རྗེའི་རོལ་པ་ཅན་ནོ། །གློ་བ་ལ་ནི་དཔའ་བོ་ཆེན་པོའོ། །རྒྱུ་མ་ལ་ནི་རྡོ་རྗེ་ཧཱུྃ་མཛད་དོ། །གཉེ་མ་ལ་ནི་རབ་བཟང་ངོ་། །ལྟོ་བ་ལ་ ནི་རྡོ་རྗེ་བཟང་པོའོ། །བཤང་བ་ལ་ནི་འཇིགས་བྱེད་ཆེན་པོའོ། །མཚོགས་མའི་སྲུབས་ལ་ནི་མིག་མི་བཟང་ངོ་། །བད་ཀན་ལ་ནི་སྟོབས་པོ་ཆེའོ། །རྣག་ལ་ནི་རིན་ཆེན་རྡོ་རྗེའོ། །ཁྲག་ལ་ནི་རྟ་མགྲིན་ནོ། །རྡུལ་ལ་ནི་ནམ་ 86-1-243a མཁའི་སྙིང་པོའོ། །ཚིལ་ལ་ནི་དཔལ་ཧེ་རུ་ཀའོ། །མཆི་མ་ལ་ནི་པད་མ་གར་གྱི་དབང་ཕྱུག་གོ། །མཆིལ་མ་ལ་ནི་རྣམ་པར་སྣང་མཛད་དོ། །སྣབས་ལ་ནི་རྡོ་རྗེ་སེམས་དཔའོ། །རྣལ་འབྱོར་མའི་ ཀུན་དུ་སྤྱོད་པ་ལས་དཔའ་བོའི་རྣམ་པར་དག་པ་བསྟན་པ་སྟེ་བཞི་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ། །དངོས་གྲུབ་ཐམས་ཅད་སྒྲུབ་བྱེད་པ། །གང་ཞིག་ཤེས་པ་ཙམ་གྱིས་ནི། །སྒྲུབ་པོས་དངོས་གྲུབ་ཐོབ་ འགྱུར་བའོ། །ཇི་ལྟར་ནང་གི་བདག་ཉིད་ཤེས། །ཕྱི་ཡི་དཀྱིལ་འཁོར་དམ་པ་ཡིན། །རྣམ་དགོད་ཇི་ལྟར་སྦྱར་བ་ནི། །སྙིང་པོ་ཐམས་ཅད་བསྡུས་པ་སྟེ། །རྟེན་དང་བརྟེན་པའི་ཚུལ་གྱིས་ནི། །བྷཻ་རམ་བ་སོགས་ཡང་ དག་གནས། །བླ་མ་ལས་བརྒྱུད་རིམ་བཞིན་དུ། །གང་ཞིག་ཆོ་ག་འདི་ཤེས་པས། །རི་སྟེང་པད་མ་གེ་སར་གྱི། །སྣ་ཚོགས་འདབ་མ་འཇམ་པ་ལ། །དེ་ཡིས་དབུས་བཞུགས་དཔའ་བོ་ནི། །འདོད་པའི་དོན་ཀུན་ སྒྲུབ་མཛད་པ། །མཁའ་འགྲོ་མ་དང་ལཱ་མ་དང་། །ཁན་ཌ་རོ་ཧི་གཟུགས་ཅན་མ། །པད་མའི་ཕྱོགས་ཀྱི་གནས་ལ་དགོད། །དངོས་གྲུབ་ཐམས་ཅད་སྒྲུབ་བྱེད་ཡིན། །ཕྱག་གཉིས་པ་ལ་ཞལ་གཅིག་པ། །སྣ་ཚོགས་ གཟུགས་དང་རྣམ་རོལ་མའོ། །མཚམས་ཀྱི་བཞི་པོ་དག་ལ་ནི། །ལྔ་པས་གང་བའི་ཐོད་པ་བཞག །པཱུལླྀ་སོགས་དང་ཡང་དག་སྦྱར། །ཡུལ་དང་ཡུལ་དུ་གནས་པ་ཡིན། །སྤྱན་དྲང་འཁོར་ལོའི་དབུས་གནས་ལ། ། རྣལ་འབྱོར་རིག་པས་རྟག་ཏུ་མཆོད། །བུ་ཞེས་བྱ་བ་ནི་པཱུལླཱྀ་ར་མ་ལ་ཡ་ན་ཁན་ཌ་ཀ་པཱ་ལ་དང་བྲ་ཙན་ཌེ་འོ། །ཛ་ཞེས་བྱ་བ་ནི་ཛཱ་ལ་དྷ་ར་ན་མ་ཧ་ཀང་ཀ་ལ་དང་ཙཎ་ཌཱ་ཀྵཱེའོ། །ཨོ་ཞེས་བྱ་བ་ནི་ཨོ་ཌྱཱི་ན་ཀང་ཀ་ལ་དང་པྲ་བྷ་བ་ ཏཱིའོ། །ཨ་ཞེས་བྱ་བ་ནི་ཨར་བུ་ད་ན་བི་ཀ་དྃ་ཥྜ་དང་མ་ཧ་ན་སེ་སྟེ་གནས་སོ། །གོ་ཞེས་བྱ་བ་ནི་གོ་དཱ་བ་རཱི་ན་སུ་ར་བཻ་རི་ཎ་དང་བཱི་ར་མ་ཏཱིའོ། །ར་ཞེས་བྱ་བ་ནི་ར་མེ་ཤྭ་རི་ན་ཨ་མི་ཏཱ་བྷ་ཝ་དང་ཁར་བོ་རཱིའོ། །དེ་ཞེས་བྱ་བ་ནི་དེ་ཝི་ཀོ་ཊ་ན་ 86-1-243b བཛྲ་པྲ་བྷ་དང་ལང་ཀེ་ཤཱ་རིའོ། །མ་ཞེས་བྱ་བ་ནི་མཱ་ལ་བ་ན་བཛྲེ་དེ་ཧ་དང་དྲུ་མཙྪ་ཡེའོ། །ཉེ་བའི་གནས་སོ། །ཐུགས་ཀྱི་འཁོར་ལོ་སྟེ་ནམ་མཁའ་ལ་རྒྱུ་བའོ། །ཀཱ་ཞེས་བྱ་བ་ནི་ཀཱ་མ་རཱུ་བ་ན་ཨང་གུ་རི་དང་ཨཻ་རཱ་བ་ཏཱིའོ། ། ཨོ་ཞེས་བྱ་བ་ནི་ཨོ་ཏྲེ་ན་བཛྲ་ཛྭ་ཊི་ལ་དང་མ་ཧཱ་བཻ་རའོ། །ཞིང་ངོ་ཏྲི་ཞེས་བྱ་བ་ནི་ཏྲི་ཤ་ཀུ་ནི་ན་མ་ཧཱ་བཻ་ར་བ་དང་བཱ་ཡུ་བེ་གེའོ། །ཀོ་ཞེས་བྱ་བ་ནི་ཀོ་ས་ལ་ན་བཛྲ་ཧཱུྃ་ཀཱ་ར་དང་། སུ་རཱ་བྷ་ཀྵིའོ་ཉེ་བའི་ཞིང་ངོ་། །ཀ་ཞེས་བྱ་བ་ནི་ག་ལིང་ཀ་ན་ སུ་བྷ་དྲ་དང་ཤྱཱ་མ་དེ་བཱིའོ། །ལ་ཞེས་བྱ་བ་ནི་ལམ་བ་ཀ་ན་བཛྲ་བྷ་དྲ་དང་། སུ་བྷ་དྲེའོ་ཚན་དོ་ཧའོ། །ཀཱ་ཞེས་བྱ་ནི་ཀཱཉྩི་ན་མ་ཧཱ་བྷཻ་ར་བ་དང་ཧ་ཡ་ཀཪྞིའོ། །ཧི་ཞེས་བྱ་བ་ནི་ཧི་མཱ་ལ་ཡ་ན་བི་རུ་པཱ་ཀྴ་དང་ཁ་གཱ་ན་ནིའོ། །ཉེ་བའི་ ཚན་དོ་ཧའོ། །གསུང་འཁོར་ལོ་སྟེ་ས་ལ་རྒྱུ་བའོ། །པྲེ་ཞེས་བྱ་བ་ནི་པྲེ་ཏ་པུ་རི་ན་མ་ཧཱ་བ་ལ་དང་ཙཀྲ་བེ་གེའོ། །གྲི་ཞེས་བྱ་བ་ནི་གྲི་ཧ་དེ་བ་ཏཱ་ན་རད་ན་བཛྲ་དང་ཁཎ་ཌ་རོ་ཧེའོ། །འདུ་བ་ཅན་ནོ། །སཽ་ཞེས་བྱ་བ་ནི་སཽ་རཱཥྚ་ན་ཧ་ ཡ་གྲཱི་བ་དང་། ཤཽཎ་ཌི་ནཱིའོ་སུ་ཞེས་བྱ་བ་ནི་སུ་བརྞ་དྭཱི་པ་ན་ཨཱ་ཀཱ་ཤ་གར་བྷ་དང་ཙ་ཀྲ་བར་མཱི་ནིའོ། །ཉེ་བར་འདུ་བ་ཅན་ནོ། །ནཱ་ཞེས་བྱ་བ་ནི་ནཱ་ག་ར་ན་ཤྲཱི་ཧེ་རུ་ཀ་དང་སུ་བཱི་རེའོ། །སི་ཞེས་བྱ་བ་ནི་སིན་དྷུ་དེ་ཤ་ན། པད་མ་ལང་ ཀི་ནྲི་ཏྱ་ཤྭ་ར་དང་། མ་ཧཱ་བ་ལེའོ་དུར་ཁྲོད་དོ་མ་ཞེས་བྱ་བ་ནི་མ་རུ་དེ་ཤ་ན་བཻ་རོ་ཙ་ན་དང་ཙཀྲ་བར་ཏི་ནཱིའོ། །ཀུ་ཞེས་བྱ་བ་ནི་ཀུ་ལུ་ཏཱ་ན་བཛྲ་ས་ཏྭ་དང་མ་ཧཱ་བཱིརྱི་འོ། །ཉེ་བའི་དུར་ཁྲོད་དོ། །སྐུའི་འཁོར་ལོ་སྟེ་ས་འོག་ན་ སྤྱོད་པའོ། །ཀཱ་ཀཱ་སྱཱེེ་དང་ཨུ་ལཱུ་ཀཱ་སྱཱེེ་དང་ཤྭ་ནཱ་སྱཱཻ་དང་སུ་ཀ་རཱ་སྱཻ་ནི་ཕྱོགས་སུའོ། །ཡ་མ་དཱ་ཌྷི་དང་ཡ་མ་དཱུ་ཏི་དང་ཡ་མ་དྃཥྚི་ཎི་དང་། ཡ་མ་མ་ཐ་ནཱི་ནི་མཚམས་སུའོ། །དེ་ལྟར་ཕྱི་དང་ནང་གི་བདག་ཉིད་ཇི་སྲིད་ངེས་པར་ རྟོག་པའི་སྤྱོད་ཡུལ་དུ་གྱུར་གྱི་བར་དུ་དམིགས་པར་བྱའོ། །རྣལ་འབྱོར་མའི་ཀུན་དུ་སྤྱོད་པ་ལས་ལྷའི་གནས་ཀྱིས་བསྟན་པ་སྟེ་ལྔ་པའོ།། །། དེ་ནས་བདག་པོ་སོགས་ཀུན་གྱི། །མཚན་མ་ཕྱག་རྒྱའི་ཚོགས་རྣམས་ 86-1-244a དང་། །རང་མདོག་ཕྱག་མཚན་བཞུགས་ཚུལ་རྣམས། །རྒྱུད་དུ་སྦས་པ་ངེས་པར་བྱ། །རྒྱལ་ཆེན་ཤྲཱི་ཧེ་རུ་ཀ་ནི། །གདུག་པ་ཐམས་ཅད་རབ་འཇོམས་པ། །ཕྱག་གཉིས་ཡང་དག་འཁྱུད་པ་དང་། །གཉིས་ ཀྱིས་གླང་པོའི་ལྤགས་པ་འཛིན། །གཡས་པའི་ལྷག་མར་དགྲ་སྟ་མདུང་། །རྩེ་གསུམ་གྲི་གུག་ཊཱ་མ་རུ། །གཡོན་གྱི་ལྷག་མར་ཁ་ཊྭཱྃ་བསྒྲེང་། །ཐོད་པ་དམར་ཆེན་ཞགས་པ་དང་། །ཚངས་པའི་མགོ་བོ་རྣམས་ བཤད་དོ། །བཅུ་གཉིས་ཀྱིས་ནི་བརྒྱན་པ་ཡིན། །ཐོད་པའི་ཕྲེང་བའི་མཆོད་ཕྱིར་ཐོགས། །བརྒྱ་ཕྱེད་པར་ནི་ཤེས་པར་བྱ། །བཅོམ་ལྡན་ཡུམ་ནི་མདུན་དུ་བཞུགས། །ཞལ་གཅིག་འབར་བ་ཆེན་པོ་སྟེ། ། འཁྱུད་པ་ཡིས་ནི་ཐོད་པ་དག །གདུག་པའི་བདུད་ཀྱི་ཁྲག་བཀང་བསྣམས། །གཡས་པས་རྟག་ཏུ་སྡིགས་མཛུབ་དང་། །མ་རུངས་པ་ཡི་གྲི་གུག་བསྣམས། །སྐུ་མདོག་དམར་ཞིང་ཆེར་འབར་བ། ། ཐོད་དུམ་བརྒྱན་པའི་སྐུ་རགས་ཅན། །དབུ་སྐྲ་གྲོལ་ཞིང་སྤྱན་གསུམ་སྐུ། །མཆེ་བ་གཙིགས་པ་འཇིགས་སུ་རུང་། །བྱིན་པ་ཞབས་ཀྱིས་ལེགས་པར་འཁྱུད། །གཉིས་ཁ་ཁ་སྦྱར་ཚུལ་གྱིས་བཞུག ། མཁའ་འགྲོ་མ་སོགས་བཞི་པོ་ནི། །ཁ་ཊྭཱྃ་ག་སྣོད་གྲི་གུག་བསྣམས། །སྐུ་ལ་སྤྱན་གསུམ་བརྒྱ་ལྔ་སོགས། །སྐྲ་གྲོལ་བས་ནི་རྣམ་པར་བརྒྱན། །དཔའ་བོ་ཉི་ཤུ་རྩ་བཞི་ནི། །ཕྱག་རྒྱ་ལྔ་ལ་སོགས་པས་བརྒྱན། ། ཕྱག་གཉིས་ཞལ་གཅིག་སྤྱན་གསུམ་པ། །རལ་པའི་ཅོད་པན་དར་གྱིས་བཅིངས། །རྡོ་རྗེ་དྲིལ་བུ་ལེགས་འཁྱུད་ཅིང་། །ཆགས་པ་ཆེན་པོ་རྗེས་ཆགས་མཛད། །རྣལ་འབྱོར་མ་ནི་ཉི་ཤུ་བཞི། །དབུ་སྐྲ་གྲོལ་ བས་རྣམ་པར་བརྒྱན། །ཕྱག་རྒྱ་ལྔ་ལ་སོགས་པ་དང་། །སྤྱི་བོར་ནོར་བུས་རྣམ་པར་བརྒྱན། །རྣལ་འབྱོར་སྣོད་དང་བཅས་པས་འཁྱུད། །སྡིགས་མཛུབ་གྱིས་ནི་གྲི་གུག་བསྣམས། །ཧེ་རུ་ཀ་དཔལ་ལ་སོགས་ 86-1-244b ཀུན། །གཡས་བརྒྱང་པ་ཡི་གནས་པས་བཞུགས། །མགུར་ཆུ་དཔུང་རྒྱན་རྣ་ཆ་དང་། །ཐོད་པའི་ཕྲེང་བས་རྣམ་པར་བརྒྱན། །མཆོད་ཕྱིར་ཐོགས་དང་ཐལ་བ་ནི། །ཕྱག་རྒྱ་དྲུག་པར་རབ་ཏུ་བཤད། །ཕ་རོལ་ཕྱིན་དྲུག་ རྣམ་དག་པས། །ཕྱག་རྒྱ་དྲུག་གིས་བརྒྱན་པ་ཡིན། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི། །སྤྱན་གསུམ་འོག་པག་དག་གིས་བརྒྱན། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཡི་གེ་གསུམ་གྱི་དངོས་གྲུབ་ཀྱི། །ངོ་བོར་བདག་ཉིད་ བསྒོམ་བྱ་ཞིང་། །དངོས་གྲུབ་འདོད་པས་གཞན་མི་བྱ། །དེ་ཡི་བསོད་ནམས་གང་འགྱུར་བ། །སྒྲུབ་པའི་ཡོན་ཏན་རྒྱ་ཆེན་པོ། །ལྕེ་ནི་རྒྱ་སྟོང་དུ་མ་ཡིས། །བསོད་ནམས་བརྗོད་པར་ནུས་མ་ཡིན། །ཁྭ་གདོང་ ལ་སོགས་རྣམ་པ་བཞི། །ཐམས་ཅད་ཀྱང་ནི་སྒོ་སྐྱོང་སྟེ། །ཁ་ཊྭཱྃ་ག་དང་ཐོད་པ་ཐོགས། །སྐུ་ལ་ཕྱག་རྒྱ་ལྔ་སོགས་ལྡན། །གཤིན་རྗེ་བརྟན་སོགས་མཚམས་བཞིར་ཏེ། །དེ་དག་ཞབས་གཉིས་བརྐྱང་པ་དང་། ། གཟུགས་གཉིས་ལྡན་ཞིང་ཡིད་འཕྲོག་མ། །མཁའ་འགྲོ་མ་སྐྱེད་ཇི་བཞིན་དུ། །ཁྭ་གདོང་ལ་སོགས་དབྱེ་བ་ཉིད། །དེ་ལྟར་མ་ལུས་འཁོར་ལོར་གནས། །མདོག་དབྱེའི་ཆོ་གའི་རིམ་བཞིན་ནོ། །རྣལ་འབྱོར་ མའི་ཀུན་དུ་སྤྱོད་པ་ལས་རང་གི་མཚན་མ་དང་། ཞལ་དང་ཕྱག་རྒྱ་དང་། སྐུ་མདོག་དང་མཚོན་ཆ་བསྟན་པ་སྟེ་དྲུག་པའོ།། །། དེ་ནས་གོ་ཆ་གཉིས་པོ་ནི། །གང་ཤེས་པས་ནི་མྱུར་བ་རུ། །སྒྲུབ་པ་པོ་ཡིས་གྲུབ་ཐོབ་ པ། རྒྱུད་དུ་སྦས་པ་ངེས་བཤད་བྱ། །ཨོཾ་ཧ་ན་མ་ཧི་སྭཱ་ཧཱ་ཧུ། བཽ་ཥ་ཊ་ཧེ་ཧཱུྃ་ཧཱུྃ་ཧོ་ཕཊ་ཧྃ། སྙིང་ག་སྤྱི་བོ་སྤྱི་གཙུག་དང་། །དཔུང་པ་མིག་གཉིས་གོ་ཆ་སྦྱར། །དང་པོ་རྡོ་རྗེ་སེམས་དཔའ་སྟེ། །གཉིས་པ་ རྣམ་པར་སྣང་མཛད་གནས། །གསུམ་པ་པད་མ་གར་དབང་རྒྱལ། །བཞི་པ་ཧེ་རུ་ཀ་དཔལ་བཤད། །ལྔ་པ་རྡོ་རྗེ་ཉི་མ་སྟེ། །དྲུག་པ་ལ་ནི་རྟ་མཆོག་ཡིན། །དེ་ནི་གོ་ཆ་རྣམ་དྲུག་གིས། །ཤིན་དུ་ 86-1-245a བསྲུངས་པ་ཉིད་ཡིན་ནོ། །ཨོཾ་བྃ། ཧྃ་ཡོཾ། ཧྲིཾ་མོཾ། ཧྲིཾ་ཧྲིཾ་ཧཱུྃ་ཧཱུྃ། ཕཊ་ཕཊ། ལྟེ་བ་སྙིང་ཀ་དེ་བཞིན་ཁ། །སྤྱི་བོ་སྤྱི་གཙུག་གོ་ཆ་ཉིད། །དང་པོ་རྡོ་རྗེ་ཕག་མོའོ། །གཉིས་པ་ཡ་མི་ནི་རུ་བརྗོད། །གསུམ་ པ་རྨོངས་བྱེད་མ་ཉིད་དེ། །བཞི་པ་སྦྱིན་མ་ཡིན་པར་བཤད། །ལྔ་པ་ཀུན་དུ་སྐྲག་པར་གྲགས། །དྲུག་པ་གཏུམ་མོ་ཡིན་པར་བཤད། །གོ་ཆ་དྲུག་ཉིད་ཕག་མོ་དང་། །དཔའ་བོ་གཉིས་མེད་རྣལ་འབྱོར་མའོ། །རྣལ་ འབྱོར་མའི་ཀུན་དུ་སྤྱོད་པ་ལས་གོ་ཆ་གཉིས་བསྟན་པ་སྟེ་བདུན་པའོ།། །། དེ་ནས་གོ་ཆ་གཉིས་ཤེས་ནས། །ཡེ་ཤེས་འཁོར་ལོ་རྣམ་བསྒོམས་ནས། །སྔགས་དང་ཕྱག་རྒྱའི་སྦྱོར་བ་ཡིས། །དམ་ཚིག་ འཁོར་ལོར་མྱུར་བཞུགས་བྱ། །རྐང་པ་མནན་ལ་སྟེང་དུ་བལྟ། །སྟེང་དུ་ཕེཾ་གྱི་སྒྲ་བསྒྲགས་ལ། །ཕྱོགས་བཅུའི་འཇིག་རྟེན་ཁམས་གནས་པའི། །དཔའ་བོ་རྣལ་འབྱོར་མ་རྣམས་དགུག །སྔགས་ཀྱིས་ཡང་ ཡངག་བསྐུལ་བ་དང་། །སྐད་ཅིག་དེ་ལ་སྤྱན་དྲང་བྱ། །མཛུབ་མོ་དགུག་བྱས་གུང་མོ་ངེས་པར་སྦྱར། །མཐེ་བོང་རྡོ་རྗེ་བརྟན་པོར་ཡང་དག་སྦྱར། །དེ་ནི་དཔྲལ་བའི་ཕྱོགས་ཀྱི་དབུས་གཞག་ལ། །གཅུ་ཞིང་བཅུ་ཞིང་བསྐོར་བ་ བྱས་པ་ཡིས། །སྔགས་པས་དཔའ་བོ་རྣལ་འབྱོར་མ་བྱིན་བརླབ། །ཡི་གེ་དྷ་ནི་སྣ་རྩེར་ཡང་དག་སྦྱར། །བྱཱ་ནི་མཚན་གྱི་ལྟེ་བར་ཡང་དག་དགོད། །ལྟེ་བ་སྙིང་ག་ཁ་དང་དཔྲལ་བ་རུ། །སྔགས་ཀྱི་ཚོགས་དང་བཅས་པས་ བྱིན་གྱིས་བརླབ། །ལྟེ་བ་སྙིང་ག་དག་ཏུ་རྣལ་འབྱོར་མ། །སངས་རྒྱས་མཁའ་འགྲོ་མ་ཡིས་སྔགས་ཀྱིས་ནི། །ཨ་བ་དྷཱུ་ཏཱི་གཉིས་ཀྱིས་དཔའ་བྱིན་བརླབ། །རྣལ་འབྱོར་མ་དང་དཔའ་བོ་གཉིས་མེད་ཡིན། །དང་པོར་དགའ་བ་དཔའ་བོ་སྟེ། ། མཆོག་ཏུ་དགའ་བ་རྣལ་འབྱོར་མ། །རབ་ཏུ་དགའ་བ་མ་ལུས་ཉིད། །བདེ་བའི་ཐབས་དེ་ཀུན་རིག་པའོ། །ལྷ་ཡུལ་ས་སྟེང་ས་འོག་ཏུ། །སྐད་ཅིག་གིས་ནི་གཟུགས་གཅིག་འགྱུར། །བསྒོམ་པ་བདག་གིས་བཤད་པ་ཡི། ། 86-1-245b བསྡུ་བ་དེ་ཉིད་བཤད་པ་ནི། །གཡས་དང་གཡོན་གྱི་ལག་གཉིས་ཀྱིས། །བསྐོར་བ་མཁའ་འགྲོའི་བདེ་དེ་ཡིན། །རྣལ་འབྱོར་མའི་ཀུན་དུ་སྤྱོད་པ་ལས། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་བ་དང་བསྡུ་བ་བསྟན་པ་སྟེ་བརྒྱད་པའོ།། །། དེ་ནས་སྤྲུལ་པར་ཤེས་བྱ་དང་། །ལོངས་སྤྱོད་རྫོགས་པར་འདོད་པ་ཉོན། །ཐེག་པ་ཆེན་པོ་ཕྱག་རྒྱ་ཆེ། །རྣལ་འབྱོར་མ་ཡི་གྲུབ་སྟེར་བཤད། །ཕྱག་རྒྱ་ཆེན་པོ་ལས་ལྷག་པའི། །རྣལ་འབྱོར་ཀུན་ལས་མཆོག་གཞན་མེད། །ཧེ་རུ་ ཀ་དཔལ་རྒྱལ་པོ་ཆེ། །རྣལ་འབྱོར་ཀུན་དབང་དབང་ཕྱུག་ཡིན། །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །ནམ་མཁའ་དང་མཉམ་ལས་བླངས་པ། །ཀུན་མཁྱེན་ཡེ་ཤེས་དེའི་རང་བཞིན། །ཧེ་རུ་ཀ་དཔལ་དཔའ་བོ་མཆོག །སྐྱེ་བོ་དམ་པ་ ཀུན་འདུས་པ། །ཞི་བའི་བཏུང་བས་གྲུབ་འགྱུར་བ། །རྟག་པའི་གོ་འཕང་མཆོག་ཡིན་ཏེ། །སྐྱོན་མེད་པ་ནི་རྟག་པའི་གནས། །པུ་ལ་སོགས་པ་ཡང་དག་སྦྱར། །ཡུལ་དང་ཡུལ་དུ་རྣམ་པར་གནས། །ཧེ་རུ་ཀ་དཔལ་བདག་ ཉིད་དགོད། །ཡི་གེ་ཉི་ཤུ་རྩ་བཞི་ནི། །ལོངས་སྤྱོད་རྫོགས་པར་ཤེས་བྱ་སྟེ། །རྣལ་འབྱོར་ཆེ་ལ་གནས་པ་ཡིན། །མདོར་བསྡུས་ནས་ནི་རབ་འཇུག་པ། །བློ་གྲོས་བརྩོན་པས་ཤེས་པར་བྱ། །ལྡོག་པའང་ཇི་ལྟར་བསྟན་པ་ནི། །བཤད་ བྱ་སྒྲུབ་པ་པོ་རྣམས་ཉོན། །ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་བཀོད་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །དེ་ནི་རང་བཞིན་སྟོང་པ་སྟེ། །ཀུན་དུ་འགྲོ་ཞིང་མི་ཤིགས་པར། །མདོར་བསྡུས་ནས་ནི་ སྒོམ་བྱེད་པ། །འདོད་པའི་དངོས་གྲུབ་ཐོབ་པར་འགྱུར། །ཆོས་དང་ལོངས་སྤྱོད་སྤྲུལ་པ་ཡི། །སྐུ་གསུམ་དག་ནི་རྣམ་བསྒོམ་པ། །བྱང་ཆུབ་ཕྱོགས་ནི་སུམ་བཅུ་བདུན། །དེར་ནི་ངེས་པར་བསྒོམ་པར་བྱ། །རྣལ་འབྱོར་མའི་ཀུན་དུ་སྤྱོད་པ་ལས་ འཇུག་པ་བསྟན་པ་སྟེ་དགུ་པའོ།། །། དེ་ནས་བསྒོམས་པས་དུབ་གྱུར་ན། །བསྡུས་པ་སྤྱོད་ཚུལ་ཁྱད་པར་གྱིས། །སྦྱོར་དང་བྲལ་བར་མི་བྱ་སྟེ། །སྤྱོད་པའི་རྣལ་འབྱོར་པ་འདི་ཡིན། །སྔར་ནི་ཇི་སྐད་བཤད་པ་བཞིན། །བསམ་གཏན་ཆོ་ག་རྒྱས་བྱས་ལ། ། 86-1-246a རང་འདོད་ལས་ལ་གཏོར་མ་ནི། །ཁྱད་པར་དུ་ཡང་སྦྱིན་པར་བྱ། །ཟླ་བ་མར་ངོའི་ཚེས་བཅུ་དང་། །ཟླ་བ་ཡར་ངོའི་དེ་ཉིད་ལ། །འབད་པས་དཔའ་བོ་ཆང་སོགས་དང་། །རྡོ་རྗེ་ལྷ་མོ་རབ་མཆོད་ཅིང་། །སྔར་བཤད་སྔགས་དང་རྒྱ་སྦྱར་བ། ། ཆོ་ག་བཞིན་དུ་ཡང་དག་བསྲུང་། །ཨོཾ་ཨཱ་ར་ལླི་ཧོཿཛ་ཧཱུྃ་བྃ་ཧོཿ། བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭྃ་དྲི་ཤྱ་ཧོཿ། དེ་ལྟར་ལན་གསུམ་བཞི་ལྔར་བརྗོད། །དམ་ཚིག་སོགས་རྫས་ལེགས་གནས་པ། །རྡོ་རྗེ་ཐལ་མོ་ཁ་གྱེན་ཕྱེ། །དཔའ་བོ་རྣལ་འབྱོར་ མས་མངོན་བཟླ། །ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཱཀྵ་ས། བྷཱུ་ཏ་པྲེ་ཏ་པ་ཥཱ་ཙ་ཨུ་ན་མཱ་དཱ། ཨ་པ་སྨ་ར་བཛྲ་ཌ་ཀི་ནྱ་ད་ཡ་ཨི་མྃ་བ་ལིཾ་གྲིཧྣན་ཏུ་ས་མ་ཡ་རཀྵན་ཏུ་མ་མ་སརྦ་སིད་དྷི་མི་པྲ་ཡ་ཙྪནྟུ་ཡ་ཐེ་བྃ། ཡ་ཐེ་ཤྟྃ་བྷུཉྫ་ཐ་ཛི་ག་ཐ། པི་པ་ཐ། མཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀཱ་ར་ཏ་ཡཱ། །སད་ཁཾ་བི་ཤུད་དྷ་ཡེ། ས་ཧཱ་ཡི་ཀ་བྷ་བན་ཏུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དཔའ་བོའི་འཁོར་ལོ་ལ་སོགས་སྔགས། །དུར་ཁྲོད་ལ་སོགས་ཀྱིས་ཀྱང་བརྒྱན། །ལྷོ་ཕྱོགས་ཁ་བལྟས་རྣལ་འབྱོར་པས། ། གནས་ནི་མཐོན་པོར་རབ་ཏུ་མཆོད། །ཉེ་བར་མཚོན་པ་ཇི་ལྟ་བར། །བདག་གིས་ནུས་པས་དབུལ་བར་བྱ། །དགུན་ཟླ་འབྲིང་པོ་ལ་སོགས་པའི། །ཚེས་བཅུ་ལ་ནི་དད་པས་མཆོད། །སྐྱེ་བོ་དམ་པ་ཀུན་འདུལ་ལ། །བདེ་བ་ཐམས་ཅད་དབུལ་ བར་བྱ། །དེར་ནི་བཤོས་རྣམས་བཟའ་བྱ་སྟེ། །ལྷག་མ་སྣོད་དུ་གཞག་པར་བྱ། །དེ་ཡི་ལག་ཏུ་འོངས་པའི་དཔལ། །གང་གིས་ཀྱང་ནི་གཞོམ་མི་ནུས། །དེ་ནི་སྐྱེ་བོ་དད་ལྡན་རྣམས་ཀྱིས་མཆོད། །ཧེ་རུ་ཀ་དཔལ་མངོན་ པར་དགྱེས་གྱུར་ནས། །ཀུན་དུ་དགྱེས་པའི་མཆོག་ནི་སྩོལ་འགྱུར་ཏེ། །གང་ཕྱིར་མཆོག་ནི་དེ་ཡི་ལག་ན་གནས། །མཚན་མོ་སྐྲ་ནི་གྲོལ་གྱུར་པས། །བརྟུལ་ཞུགས་གོས་མེད་གཏོར་སྦྱིན་ན། །ཧེ་རུ་ཀ་དཔལ་རྣལ་འབྱོར་བདག ། དེས་ནི་མ་མོ་དགའ་བར་འགྱུར། །རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པ་ལས་གཏོར་མ་དང་། མཆོད་པ་ཚེས་བཅུར་བྱ་བ་བསྲུང་བ་བསྟན་པ་སྟེ་བཅུ་པའོ།། །། དེ་ནས་ཕ་རོལ་ཕྱིན་དྲུག་དང་། །བྱང་ཆུབ་ཕྱོགས་ནི་སུམ་བཅུ་བདུན། །གནས་སོགས་ས་ནི་བཅུ་པོ་རྣམས། ། 86-1-246b ཆེ་མཆོག་ལྷ་ཡི་བདག་ཉིད་ཅན། །དངོས་པོ་གང་དང་གང་གིས་ནི། །མི་རྣམས་ཡིད་ནི་ཡང་དག་སྦྱོར། །དེ་ཡིས་དེ་ཡི་དངོས་འགྱུར་ཏེ། །སྣ་ཚོགས་གཟུགས་ཅན་ནོར་བུ་འདྲ། །དེ་བཞིན་འཇིགས་དང་བཅས་པའམ། །འཇིགས་ མེད་ཇི་ལྟ་ཇི་ལྟར་གནས། །བསམ་གཏན་དག་གམ་བསམ་གཏན་གྱིས། ལས་རྣམས་ཐམས་ཅད་རབ་སྒྲུབ་བྱེད། །སྤྱོད་དང་གྲོལ་བའི་འབྲས་རབ་སྩལ། །ཚེ་འདི་ཉིད་ལ་ཐོབ་འགྱུར་བ། །བསྒོམ་པ་བདག་གིས་བཤད་པར་བགྱི། ། འདོད་པ་ཀུན་ལས་བཏུས་པ་ཡིན། །ལོག་པའི་ཤེས་པ་ཤེས་པ་ཅན། །གང་ཡང་ཁྱོད་ཀྱིས་བཤད་མི་བྱ། །བླ་མའི་རིམ་ལས་ཇི་ལྟར་བསྟན། །གང་གིས་མྱུར་དུ་ཤེས་འགྱུར་བ། །སྐྱེ་བ་བྱེ་བ་སྟོང་ཕྲག་ཏུ། །སྒྱུ་འཕྲུལ་ཡེ་ཤེས་ཀྱིས་བསྐུལ་ བ། །དད་པ་ཡང་དག་བསྐྱེད་པ་དང་། །རྣལ་འབྱོར་སྤྱོད་ཚུལ་གནས་པ་ཡིན། །ལྐུག་ཅིང་གླེན་ལ་ཐབས་ངན་ལྡན། །བྱིས་པའི་ཤེས་པའི་ཤེས་པ་ཅན། །སེམས་ཅན་ཡོངས་སུ་མ་སྨིན་དང་། །ཕྱི་རོལ་བསྟན་བཅོས་ཀྱིས་འཆལ་པ། །དེ་དག་ ཀུན་གྱིས་མི་ཤེས་ཏེ། །མི་ཤེས་མུན་པས་ཁེབས་པ་དང་། །ཁེངས་པ་ལ་ནི་རྟེན་པར་དགའ། །ང་རྒྱལ་ལ་སོགས་བདུན་སེམས་ལྡན། །དེ་ཀུན་གྱིས་ཀྱང་སངས་རྒྱས་ཀྱིས། །སྤྱོད་ཡུལ་གསང་བ་མི་ཤེས་སོ། །ཧེ་རུ་ཀ་དཔལ་ ཡང་དག་འཇུག །སློབ་དཔོན་བདག་ཉིད་ཆེན་པོ་ཡིན། །མྱུར་དུ་དངོས་གྲུབ་སྐྱེད་བྱེད་དེ། །འཕྲུལ་དུ་ཡིད་ཆེས་བྱེད་པ་ཡིན། །ཀུན་སྤྱོད་ཆོ་གའི་རྣལ་འབྱོར་ཤེས། །ཆོ་གའི་བྱ་བ་བསྟན་པར་བྱ། །སྲིད་པ་གསུམ་པོ་མ་ལུས་ན། །དེ་ནི་ཀུན་ མཁྱེན་བསྟན་པ་ཤེས། །མཐོང་བ་དང་ནི་རེག་པ་དང་། །ཐོས་པ་དང་ནི་དྲན་པ་ཡིས། །སྡིག་པ་ཀུན་ལས་གྲོལ་འགྱུར་བ། །དེ་ལྟར་དེ་ནི་ཐེ་ཚོམ་མེད། །ལྷ་རྣམས་ཟློག་སྟེ་དགོད་པ་དང་། །སྔགས་ཀྱི་དབྱེ་བ་བཟློག་པ་དང་། །བསྒོམ་པ་གསང་ བ་བཟློག་པ་ནི། །སྙིང་པོ་ཐམས་ཅད་བསྒྲུབ་པ་ཡིན། །རྒྱུད་རྣམས་ཀུན་གྱི་སྤྱི་ཡི་ནི། །སེམས་ནི་ཡོངས་སུ་སྨིན་པ་དག །འདིར་ནི་སྦྱོར་སོགས་སྔགས་རྣམས་ཀྱི། །དམ་ཚིག་དེ་ལྟར་བསྟན་པ་ཡིན། །བདེ་གཤེགས་དབུགས་འབྱིན་གསུངས་པ་ནི། །དག་པའི་ལུས་ནི་སྐྱོན་མེད་པ། །བསོད་ 86-1-247a ནམས་ཆུང་བའི་སྔགས་པས་ཀྱང་། །ང་དགའ་བས་ནི་རྙེད་པར་འགྱུར། །རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པ་ལས་ཐམས་ཅད་རྣམ་པར་དག་པ་བསྟན་པ་སྟེ་བཅུ་གཅིག་པའོ།། །། དེ་ནས་བསྲུང་མིན་བཟའ་ མིན་དང་། །དཀྱིལ་འཁོར་པ་མིན་དཀྱིལ་འཁོར་མིན། །བཟླས་བརྟུལ་སྦྱིན་སྲེག་མེད་མི་བགྱི། །མདོར་ན་སེམས་འདུས་ཚུལ་ཅན་ཡིན། །གཟུང་བྱ་རྣམ་ཤེས་ཡེ་ཤེས་ནི། །བླ་མས་བསྟན་ལས་རྩོལ་བྱ་སྟེ། །ཕྱི་ རོལ་ཀྱི་ནི་བསྟན་བཅོས་པ། །ལམ་དེ་ཤིན་དུ་རིང་བ་ཡིན། །རྣལ་འབྱོར་པ་རྣམས་ཐབས་ཀྱིས་ནི། །བླ་མའི་བསྙེན་བཀུར་ལ་བརྩོན་པ། །སྟོན་པའི་མཚན་ཉིད་བསྟན་པ་དང་། །དཔའ་བོས་དེ་ཉིད་བསྟན་པ་ཡིན། ། སྐད་ཅིག་རྣམ་པའི་རྣལ་འབྱོར་བདག །སྐད་ཅིག་རྣམ་པའི་ཕྱག་རྒྱར་ལྡན། །ཀུན་ནས་ཐམས་ཅད་སྐད་ཅིག་སྟེ། །སྐད་ཅིག་གིས་ནི་གསང་སྔགས་བརྗོད། །སྦས་དང་ལྟ་དང་ལག་བཅངས་དང་། །འཁྱུད་དང་གཉིས་ གཉིས་ལ་སོགས་པ། །དེ་བཞིན་གཤེགས་པས་དབུགས་འབྱིན་གསུངས། །གོང་ནས་གོང་དུ་བསྟེན་པར་བྱ། །ཐམས་ཅད་འདིར་ནི་བསྟན་པ་ཡིན། །རྣམ་པ་གཞན་དག་རྩྭ་དང་འདྲ། །དེ་ཉིད་སྲོག་ཆགས་ རྣམས་ཀྱི་སྲོག །དེ་ཉིད་མི་འགྱུར་དམ་པ་ཡིན། །དེ་ཉིད་ཐམས་ཅད་ཁྱབ་བྱེད་དེ། །ལུས་ཀུན་ལ་ནི་རྣམ་པར་གནས། །དེ་ཉིད་སངས་རྒྱས་ཡེ་ཤེས་ཏེ། །ཧེ་རུ་ཀ་དཔལ་ཡིན་པར་བཤད་། །སྐྱེས་པ་མ་ནིང་ལ་ སོགས་ཉིད། །ཕྲ་བའི་སྙིང་པོའང་འཛིན་པ་ཡིན། །ཡེ་ཤེས་བདག་ཏུ་བྱུང་དེ་ལ། །གང་ཞིག་ས་ལ་གནས་རྣམས་དང་། །བསྟན་བཅོས་དག་ནི་མ་ལུས་དང་། །རིག་བྱེད་གྲུབ་མཐར་གནས་པ་རྣམས། །འཇིག་རྟེན་ འདི་དང་གཞན་དག་ཏུ། །དེ་མེད་པར་ནི་གྲུབ་མི་འགྱུར། །རིག་བྱེད་གྲུབ་པའི་མཐའ་རྣམས་ལས། །འདི་ནི་སྙིང་པོར་རབ་ཏུ་བཤད། །འགྲོ་བ་འདི་ཀུན་སངས་རྒྱས་ལྔའི་བདག་ཉིད། །གར་མཁན་དག་དང་རི་མོ་ 86-1-247b བཟང་ལྟར་སྣང་། །གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་བུ་ཉམས་ནི་དུ་མས་གར་མཛད་དོ། །འདུག་དང་ལྡང་བ་ཉིད་དག་དང་། །འཇུག་དང་རྫོགས་པ་ཉིད་དག་དང་། །བྱིན་གྱིས་བརླབ་དང་དབང་བསྐུར་ དང་། །ཏིང་འཛིན་མཆོད་པ་བསྡུས་པ་ཡིན། །དེ་ནས་ཆོ་གའི་མིང་གཞན་པ། །ཐབས་དང་ཤེས་རབ་གཉིས་མེད་པ། །དེ་ཉིད་དུ་ནི་ཀུན་སྐྱེས་པ། །འབྱིན་དང་སྡུད་པར་བྱེད་པ་ཡིན། །ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨྃ་ཨཿ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ། ཀྵ། འདི་ནི་བཅོམ་ལྡན་ལྷ་དེ་ཡིན། །མཆོག་ཉིད་ལྷག་པར་གནས་པ་ཡིན། །ལྷ་ཀུན་ ཀྱི་ནི་སྐྱེད་པ་དང་། །སྔགས་རྣམས་ཀྱི་ནི་རྒྱུད་ཉིད་ཡིན། །གང་ཞིག་འདི་རྟག་སྒོམ་པ་དང་། །རྟག་ཏུ་ཀློག་ཅིང་སེམས་པ་དང་། །རྣལ་འབྱོར་པ་ཡིས་དང་པོར་བརྗོད། །ཧེ་རུ་ཀ་དཔལ་གཉིས་མེད་འགྱུར། །དེར་ནི་ ལག་སོགས་རྒྱན་ཡིན་ཏེ། །སྐ་རགས་གནས་རྣམས་ཐམས་ཅད་ཡིན། །འདི་ནི་རྟག་ཏུ་འཛིན་བྱེད་པ། །ཆོས་ཀུན་རྟོགས་པར་བྱེད་པ་ཡིན། །ཨཱ་ལི་ཀཱ་ལི་མདུན་བསམས་ཏེ། །རྣལ་འབྱོར་ཆེན་པོས་རྣམ་ གནས་ལ། །ཟླ་བའི་དཀྱིལ་འཁོར་ལེགས་རྫོགས་པ། །ལྟེ་བའི་རྩ་བར་གནས་པར་བསྒོམ། །དེ་ཡི་དབུས་གནས་བསམ་པ་ནི། །དམ་པའི་གནས་མཆོག་ཡི་གེ་སྟེ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ལྷ་ ཡི་སྐུ་ནི་བསྒོམ་པར་བྱ། །དེ་ནི་གཟུགས་ལས་འདས་པ་སྟེ། །དངོས་པོ་མེད་པའི་སེམས་ཉིད་ཡིན། །བསམ་མི་ཁྱབ་པ་ཉིད་བསམས་ཏེ། །བསམ་དེ་མཚན་མར་བརྟག་མི་བྱ། །ཡང་ན་བདག་ཉིད་སེམས་ བསམ་པ། །དེ་ལས་གཟུངས་ནི་ཐོབ་པར་འགྱུར། །རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པ་ལས་རྒྱུད་ཐམས་ཅད་ལས་ངེས་པར་བྱས་པའི་དེ་ཁོ་ན་ཉིད་ཀྱི་གནས་གཅིག་པུ་བསྟན་པ་སྟེ། བཅུ་གཉིས་པའོ།། །། 86-1-248a དེ་ནས་གཞན་ཡང་བཤད་བྱ་བ། །དཔའ་བོ་རྣལ་འབྱོར་མ་གཉིས་མེད། །ཧེ་རུ་ཀ་དཔལ་རྣལ་འབྱོར་ཆེའི། །གནས་ནི་ཡི་གེའི་ས་པ་ཡིན། །པུལླཱི་ར་མ་ཡ་མགོ་བོ་ལ། །ཛཱ་ལན་དྷ་ར་སྤྱི་གཙུག་ཉིད། ། ཨཽ་དྱཱིན་རྣ་བ་གཡས་པ་སྟེ། །ཨར་བུ་ད་ནི་རྒྱབ་ཕྱོགས་ལའོ། །གནས་སོ། །གོ་དཱ་བ་རི་རྣ་བ་གཡོན། །རཱ་མེ་ཤྭ་ར་སྨིན་མའི་མཚམས། །དེ་བི་ཀོ་ཊ་མིག་གཉིས་ཏེ། །མཱ་ལ་བ་ནི་དཔུང་མགོར་རོ། །ཉེ་བའི་གནས་སོ། ། ཀཱ་མ་རཱུ་པ་མཆན་ཁུང་དགོད། །ཨོ་ཊེ་ནུ་མ་གཉིས་ལའོ། །ཞིང་ངོ་། །ཏྲི་ཤ་ཀུ་ན་ལྟེ་བའི་དབུས། །ཀོ་ས་ལ་ནི་སྣ་རྩེར་རོ། །ཉེ་བའི་ཞིང་ངོ་། །ཀ་ལིང་ག་ནི་ཁ་ལ་དགོད། །ལྃ་པཱ་ཀ་ནི་མགྲིན་དབུས་ཉིད། །ཚན་དོ་ཧའོ། ། ཀཉྩི་སྙིང་ལ་དགོད་པར་བྱ། །ཧི་མཱ་ལ་ཡ་མཆན་རྩར་རོ། །ཨུ་པ་ཚན་དོ་ཧའོ། །པྲེ་ཏ་པུ་རི་མཚན་ལ་སྟེ། །གྲྀ་ཧ་དེ་བ་བཤང་ལམ་ལའོ། །འདུ་བ་ཅན་ནོ། །སཽ་རཱཥྚ་བརླ་གཉིས་བསམ། །གསེར་གླིང་རྗེ་ངར་གཉིས་ ལའོ། །ཉེ་བར་འདུ་བ་ཅན་ནོ། །ན་ག་ར་ནི་སོར་མོར་རོ། །སིན་དྷུ་རྐང་པའི་བོལ་གཉིས་ལའོ། །དུར་ཁྲོད་དོ། །མ་རུ་མཐེ་བོ་གཉིས་ལ་དགོད། །ཀུ་ལུ་ཏཱ་ནི་པུས་མོར་གནས། །ཉེ་བའི་དུར་ཁྲོད་དོ། །པུ་ཛཱ་ཨོ་ཨ་གོ་རཱ་དེ་ མཱ། །ཀཱ་ཨོ་ཏྲི་ཀོ་ཀ་ལ་ཀཱ་ཧི། །པྲེ་གྲྀ་སཽ་སུ་ན་སི་མ་ཀུ། །གཉིད་ལོག་མ་ལོག་ལྡང་བ་དང་། །བཟའ་འམ་འགྲོ་བའི་ཆོས་སྤྱོད་པའམ། །གང་ཡིན་དེར་ནི་རྣམ་བཀོད་ན། །འཇིག་རྟེན་གསུམ་གྱིས་མི་གཡོའོ། ། མིང་གི་རྒྱུད་ནི་འབུམ་སྡེ་ལས། །སྙིང་པོ་བསྡུས་པར་གྱུར་པ་ཡིན། །ནམ་མཁའ་དང་ནི་མཉམ་པའི་རྒྱུད། །འབུམ་གཅིག་ནང་ནས་དེ་བཞིན་བཤད། །ཤེས་རབ་རྒྱུད་ནི་གསང་བ་སྟེ། །མིང་འབྱུང་བ་ལས་ གནས་པ་ཡིན། །བསྟན་པ་ཡིས་ནི་སྤྲུལ་པ་ཡིན། །བཤད་པས་ལོངས་སྤྱོད་རྫོགས་པར་འདོད། །སོ་སོར་བསྟན་པ་མ་ལུས་ཉིད། །མྱ་ངན་འདས་པའི་དེ་ཉིད་བསྟན། །སྐུ་གསུམ་འཁོར་ལོ་གསུམ་དུ་ 86-1-248b བཤད། །ཆོས་སོགས་ལོངས་སྤྱོད་རྫོགས་པ་ཉིད། །བསོད་ནམས་ཡེ་ཤེས་ཚོགས་དག་ནི། །བདེན་པ་གཉིས་ལ་གནས་པ་ཡིན། །བློ་ངན་གླེན་ཞིང་ལྐུགས་པ་དང་། །ཤེས་རབ་དམན་ཞིང་ལོག་ལྟ་ཅན། ། ཕྱི་རོལ་བསྟན་བཅོས་ཀྱིས་འཆལ་པ། །བླ་མ་ལ་ནི་སུན་འབྱིན་ཡིན། །དེ་དག་ཀུན་ཀྱང་རྣམ་སྤངས་ཏེ། །གུས་ཀྱང་བཤད་པར་མི་བྱའོ། །ཆ་དང་ཆ་ཡི་ཁྱད་པར་ལ། །དེར་ནི་གཉིས་སུ་མེད་པར་བཤད། །དག་བྱེད་དབང་གི་ ལྷ་མོ་དང་། །བཀའ་བསྒོའི་ལྷ་མོ་དཔའ་བོ་སྐྱེས། །དེ་འོག་མ་ལུས་ཀུན་སྤྱོད་པ། །འཁོར་བ་ལས་གྲོལ་གཙོ་བོ་ཡིན། །མ་ལུས་རིག་བྱེད་ལས་སྤྲུལ་པ། །གྲུབ་པའི་མཐར་ནི་དེ་རབ་བསྒྲགས། །དཔའ་བོ་ཁྱོད་ཀྱིས་ང་ ལ་བཤད། །སངས་རྒྱས་མུ་སྟེགས་ཅན་ལ་སྦ། །སྒྲ་དང་སྒྲ་ཉམས་བརྡ་རྣམས་ཀྱི། །ལམ་འདི་ཉིད་ཀྱི་རྗེས་སུ་འབྲང་། །བསྡུས་དོན་ཡང་དག་བླངས་པ་དང་། །བརྡ་ཡི་ཚིག་ནི་རྒྱས་པ་ཡིན། །གང་གིས་ཀུན་སྤྱོད་མི་ ཤེས་པར། །རྣལ་འབྱོར་པ་ནི་རྣལ་འབྱོར་སྟོན། །དེ་ཡི་ངལ་བ་དོན་མེད་དེ། །འབྲས་བུ་དེ་ནི་ཐོབ་མི་འགྱུར། །འགྲོ་ལ་འཕགས་པས་སྔོན་གསུངས་པ། །སྦས་ཏེ་གཞན་དུ་གསུངས་པ་ཡིན། །ཀུན་སྤྱོད་འདིར་ནི་ བཤད་པ་ལས། །སྒྲུབ་པ་པོས་ནི་རབ་མཉམ་གཞག །རྒྱལ་བས་སྔོན་ནི་རྒྱུད་ཆེན་པོའི། །སྔགས་ཀྱི་ཡི་གེ་སྒྲུབ་མཛད་པ། །ལས་ཀྱི་བྱ་བ་གང་ཡང་རུང་། །དགེ་དང་མི་དགེ་བརྟགས་ཏེ་བྱ། །ཡི་གེ་མཐའ་དང་ དབུས་དག་ཏུ། །དེར་ནི་ཐམས་ཅད་རབ་ཏུ་གྲུབ། །རྣལ་འབྱོར་མའི་ཀུན་དུ་སྤྱོད་པ་ལས་ཨཱ་ལི་ཀཱ་ལི་དང་། ལས་ཐམས་ཅད་ཀྱི་ངེས་པ་གཉིས་སུ་མེད་པར་བསྟན་པ་སྟེ་བཅུ་གསུམ་པའོ།། །། དེ་ནས་རྒྱུད་རྣམས་ཐམས་ཅད་དུ། །སྦས་གསང་ཆོ་ག་བཤད་བྱ་སྟེ། །སངས་རྒྱས་བཞི་ཡི་གདན་བཞུགས་པ། །རྡོ་རྗེ་ལ་སོགས་དཔའ་རྣལ་འབྱོར། །མཁའ་འགྲོ་ལ་སོགས་རྡོ་རྗེ་ཡི། །དཔའ་བོ་རྣལ་འབྱོར་ 86-1-249a དབང་ཕྱུག་གཙོ། །མེ་ལོང་ལ་སོགས་རྣམ་པ་བཞི། །གཉིས་མེད་གཉིས་སུ་མེད་སྦྱོར་ཉིད། །གཉིས་མེད་རྫས་ནི་མེ་ཏོག་སོགས། །རེ་རེ་ནས་ནི་དབུལ་བར་བྱ། །ཕྱག་རྒྱ་ལྔ་སོགས་མཆོག་ལུས་ཀྱི། ། ཕ་རོལ་སོན་པས་ཕར་ཕྱིན་དྲུག །ལག་པའི་མཆོད་སོགས་ཡེ་ཤེས་ཅན། །བློ་ལྡན་དཔའ་བོས་ཤེས་པར་བྱ། །རྣལ་འབྱོར་མ་དྲུག་གོ་རིམས་བཞིན། །རྡོ་རྗེ་སེམས་སོགས་བཅུ་གཉིས་དང་། །དཔའ་བོ་ཆེན་པོར་ སྦྱར་བྱ་ལ། །ལག་པའི་མཆོད་ལ་སོགས་པས་བསྟོད། །ལྔ་པོ་ལྔ་དང་ཡང་དག་བསྲེ། །འོ་མ་དང་ཡང་བསྲེ་བར་བྱ། །མཆོད་པ་དེས་ནི་ལེགས་གནས་ལ། །སྤྱོད་དང་གྲོལ་བའི་འདོད་དང་ལྡན། །ལག་པའི་མཆོད་ པས་རྣལ་འབྱོར་པ། །དབུལ་བའི་འདོད་དོན་གྲུབ་པར་འགྱུར། །སེམས་ནི་གཞན་དུ་གྱུར་པ་དང་། །བཟའ་བཏུང་གོས་སོགས་ཐོབ་པར་འགྱུར། །ལྷ་ཡི་མཆོད་པ་བྱས་ན་ནི། །དེ་ལ་བསམ་པ་རྣམ་གྲུབ་འགྱུར། །དཔའ་ བོ་འདི་ནི་དཔའ་ཆེན་པོ། །ས་སྟེང་རྣལ་འབྱོར་མ་རྙེད་དཀའ། །རྣལ་འབྱོར་པ་ཡི་སྤྱོད་བརྟུལ་ཞུགས། །རྣལ་འབྱོར་དབང་ཕྱུག་ཀུན་གྱི་གཙོ། །གང་ཞིག་རྟག་ཏུ་འདིར་རང་མཆོད། །འདོད་པའི་འབྲས་བུ་ཀུན་རབ་སྟེར། ། རྣལ་འབྱོར་མའི་ཀུན་དུ་སྤྱོད་པ་ལས། དཔའ་བོ་བཞི་དང་ཡང་དག་པར་སྦྱོར་བའི་ལག་པའི་མཆོད་པ་བསྟན་པ་སྟེ་བཅུ་བཞི་པའོ།། །། དེ་ནས་དཔའ་བོ་རྣལ་འབྱོར་མ། །གཉིས་མེད་སྤྱོད་པའི་ཆོ་ག་ བཤད། །དང་པོར་མཉམ་གཞག་རྣལ་འབྱོར་པས། །འབད་དེ་ནུས་པ་བསྐྱེད་པར་བྱ། །ནུས་པ་བསྐྱེད་པའི་རྗེས་ཐོགས་ལ། །ཡིད་ལ་འདོད་པའི་བརྟུལ་ཞུགས་སྤྱད། །སེམས་ཅན་རྗེས་གཟུང་དོན་གྱི་ཕྱིར། །དཔའ་བོ་ཆེན་ པོ་འགྲོ་བྱ་ཞིང་། །སྲོག་ཆགས་ཡན་ལག་གོ་བགོས་ལ། །བདེ་དོན་གཉེར་བས་བདེ་བ་སྲུང་། །མཆོད་ཕྱིར་ཐོགས་ནི་ཀུན་སྤངས་ལ། །ཧེ་རུ་ཀ་དཔལ་གཙང་སྦྲར་གནས། །གྲོལ་བའི་འབྲས་བུ་འདོད་པ་ཡིས། ། 86-1-249b རྣལ་འབྱོར་མ་ཀུན་མཉེས་པར་བྱ། །རྩ་བའི་སྔགས་ཀྱིས་དཔའ་བོ་གང་། །ཚངས་པའི་སྐུད་པ་ལ་སོགས་བརྟག །ལྷ་ཡི་སྙིང་པོའི་གསང་སྔགས་ཀྱི། །བརྒྱ་ཕྱེད་ཕྲེང་བས་བརྒྱན་པ་ཡིན། །ཐོད་པའི་དུམ་བུ་ལ་ སོགས་ཀུན། །ལུས་ཀྱི་ཁམས་སུ་བརྟག་པར་བྱ། །དཔའ་བོའི་གོ་ཆ་དྲུག་གི་ནི། །རྒྱ་འདིས་ལུས་ནི་མཛེས་པ་ཡིན། །རྡོ་རྗེ་ཕག་མོ་སོགས་སྔགས་གང་། །མགུར་ཆུས་རྐེ་བ་མཛེས་པ་ཡིན། །སངས་རྒྱས་ཀུན་གྱི་མཁའ་ འགྲོ་མའི། །ལྤགས་པའི་གོས་ནི་འཛིན་པའི་མཆོག །ཁ་ཊྭཱྃ་ག་ནི་ལྷ་ཡི་སྐུ། །ཤེས་རབ་ཌ་མ་རུ་རུ་བརྟག །ཡི་གེ་བདུན་གྱི་གསང་སྔགས་ཀྱི། །རྣ་ཆས་སྙན་ནི་མཛེས་པ་ཡིན། །རྣལ་འབྱོར་མ་དྲུག་གསང་སྔགས་ གང་། །སྐ་རགས་བྱས་པ་བརྒྱན་པ་ཡིན། །འཁོར་ལོ་ཀུན་གྱི་རྣལ་འབྱོར་མའི། །སྔགས་ནི་ལག་པའི་ཐོད་པ་ཡིན། །རྣམ་པར་སྣང་མཛད་ཡུམ་སྔགས་དང་། །ཐོད་པས་མགོ་བོ་བརྒྱན་པ་ཡིན། །དེ་ལྟར་བདག་ཉིད་རྣམ་ བསམས་ནས། །ཚམ་ངམ་སྔགས་ཀྱིས་ལེགས་པར་བསྲུང་། །རྟག་ཏུ་ཚངས་པར་སྤྱོད་འགྱུར་བ། །གསང་སྔགས་རྐང་པ་བརྒྱད་མཆོད་པའོ། །ཉིན་མོ་བཅོམ་ལྡན་དཔའ་བོ་སྟེ། །མཚན་མོ་བཅོམ་ལྡན་མ་བརྟག་བྱ། ། མི་བྱ་ཅི་ཡང་ཡོད་མིན་ཏེ། །རྟག་ཏུ་མི་བསམ་ཡོད་མ་ཡིན། །མི་བཟའ་ཅི་ཡང་ཡོད་མིན་ལ། །དགེ་དང་མི་དགེ་མི་སྨྲ་མེད། །བདག་ཉིད་ཇི་བཞིན་འགྲོ་དེ་བཞིན། །བདག་ཅི་འདྲ་བར་གཞན་དེ་བཞིན། །དེ་ལྟར་རྣམ་ བསམ་རྣལ་འབྱོར་བདག །འཇིགས་པ་ཐམས་ཅད་ཡོངས་སྤངས་ཏེ། །དཔའ་བོ་སེང་གེ་བཞིན་དུ་སྤྱོད། །བསམ་པ་ཐམས་ཅད་རྫོགས་བྱེད་ཡིན། །ཧེ་རུ་ཀ་དཔལ་གཞིར་གནས་པའི། །ཡན་ལག་བསྐྱོད་པ་ཇི་ སྙེད་དང་། །ཚིག་ཏུ་བརྗོད་པ་ཇི་སྙེད་པ། །དེ་སྙེད་ཕྱག་རྒྱ་གསང་སྔགས་ཡིན། །རིགས་ལྔའི་ཀུན་དུ་སྤྱོད་པ་ནི། །རིགས་གཅིག་ཉིད་དུ་སྤྱད་པར་བྱ། །དེ་ལྟར་ཤེས་པའི་བདག་ཉིད་ཅན། །གོ་འཕང་མཆོག་ཏུ་འགྲོ་ 86-1-250a བར་འགྱུར། །གཉིས་མེད་ཡེ་ཤེས་སེམས་ལྡན་ལ། །མི་བྱ་བ་ནི་ཅི་ཡང་མེད། །མི་རྟོག་བདག་ཉིད་སེམས་ཀྱིས་ནི། །འདོད་པའི་ཡོན་ཏན་ལྔ་རྣམས་སྤྱད། །རྣལ་འབྱོར་མའི་ཀུན་དུ་སྤྱོད་པ་ལས་ གཉིས་སུ་མེད་པའི་བརྟུལ་ཞུགས་དང་གསང་སྔགས་བསྟན་པ་སྟེ་བཅྭ་ལྔ་པའོ།། །། གཞན་ཡང་ཕྱི་མའི་དུས་ཀྱི་ཚེ། །དུས་མཐར་དངོས་གྲུབ་མི་ཐོབ་སྟེ། །བློ་ནི་གཞན་དུ་རྣམ་འཁྲུགས་པས། །ཕྱག་ རྒྱ་དཀྱིལ་འཁོར་བཟླས་པ་ཡིས། །བདེ་བར་འགྲུབ་པར་མི་འགྱུར་གྱི། །བཀྲེས་དང་སྐོམ་གྱི་སྡུག་བསྔལ་འགྱུར། །འབད་དེ་འདོད་བྱ་དམིགས་ནས་ནི། །དེ་ཉིད་ཀྱིས་བདག་རྣལ་འབྱོར་པ། །ཇི་ལྟར་ཧེ་རུ་ཀའི་ཡེ་ ཤེས། །ཇི་འདོད་པར་ནི་ཡོངས་སུ་རྒྱུ། །རྣ་བ་རིང་ནས་ཐོས་པ་དང་། །སྐད་ཅིག་གིས་མཐོང་རྣལ་འབྱོར་པས། །ཆོས་འདི་དེ་ལྟར་ཤེས་ནས་ནི། །བསམ་པ་ཐམས་ཅད་རྫོགས་བྱེད་ཡིན། །ཤེས་རབ་ཆེན་པོར་ བྱས་པ་ཉིད། །གཉིས་མེད་ཡེ་ཤེས་བརྟུལ་ཞུགས་བཟང་། །ཨཱ་ལི་ཀཱ་ལི་མ་གཏོགས་པར། །གལ་ཏེ་ཆོས་འདི་འདོད་ན་ནི། །དེ་ཡི་ངལ་བ་དོན་མེད་དེ། །འབྲས་བུ་ཐོབ་པར་མི་འགྱུར་རོ། །མདོ་དང་བྱ་བའི་སྤྱོད་པ་ རྣམས། །རྣལ་འབྱོར་གསང་སོགས་དབྱེ་བ་ཉིད། །འཇིག་རྟེན་ཀུན་ལ་བཤད་པ་ནི། །བྱང་ཆུབ་དོན་གྱི་རྒྱུ་ཉིད་ཡིན། །ང་ཡིས་འཇུག་པར་བཤད་པ་ནི། །ཚོགས་གཉིས་གཉིས་སུ་མེད་པ་ཡིན། །དེ་ཉིད་ཆོས་ ཀྱི་རང་བཞིན་ཞེས། །མྱ་ངན་འདས་པ་འབའ་ཞིག་འདོད། །ཐམས་ཅད་བདེན་པ་གཉིས་ལ་ནི། །བརྟེན་པར་ངེས་ནི་སྔོན་བཤད་པ། །རྣལ་འབྱོར་པ་ཡིས་དངོས་གྲུབ་ཀྱིས། །སྒོམ་པ་མངོན་དགར་གྱུར་ པ་ཡིན། །སྤྲོས་པ་ཀུན་ལ་དམིགས་ནས་ནི། །སྤྲོས་པས་སྤྲོས་པ་མེད་པར་བྱ། །རྒྱུད་རྣམས་ཀུན་དུ་གསང་བ་གང་། །སྤྲུལ་པ་རྣམས་ཀྱི་དེ་ཉིད་བསྟན། །རྒྱུད་འདི་ཡིས་ནི་རྣལ་འབྱོར་པ། །བདེན་པ་གཉིས་ 86-1-250b ལ་ཡང་དག་བརྟན། །སེམས་རྣམས་ཐམས་ཅད་བསལ་ནས་ནི། །ལོངས་སྤྱོད་ཀུན་ལ་ཉེར་སྤྱད་བྱ། །བློ་ལྡན་ཆེན་པོ་འཁོར་ལོ་སྡོམ། །སྡོམ་པ་ལ་ནི་རྣམ་པར་དཔྱད། །རྣལ་འབྱོར་མ་ཡི་མཚན་མ་གང་། །གཟུགས་ དང་བརྡ་དང་ཐ་སྙད་དག །ཁྱིམ་ལྔ་ལ་སོགས་ཡུལ་རྣམས་སུ། །རྣལ་འབྱོར་མ་ནི་ལྔ་ཉིད་གནས། །བསྒྲུབ་པར་བྱ་བའི་གནས་ཀུན་དུ། །གཡོན་ནས་བསྐོར་བ་ལ་རབ་བརྩོན། །ཇི་ལྟར་སྔར་བཤད་འཁོར་ལོ་ཡི་གྲངས་ ཀྱི་ཆོ་གས་བརྟུལ་ཞུགས་ཅན། །དཔའ་བོའི་སྔགས་སོགས་རྣལ་འབྱོར་མའི། །ཡིད་ལ་འདོད་པ་དགོད་པར་བྱ། །ཤར་གྱི་འདབ་མར་མཁའ་འགྲོ་མ། །བོང་བུའི་རྣམ་པར་བསྒོམ་པར་བྱ། །ཧེ་རུ་ཀ་དཔལ་ཞེས་བྱ་ བ། །ལས་རྣམས་ཐམས་ཅད་བྱེད་པ་ཡིན། །ཧེ་རུ་ཀ་དཔལ་གོ་འཕང་གནས། །ལུས་ངག་ཡིད་ཀྱི་ལས་རྣམས་ལ། །བཤད་དང་མ་བཤད་གང་བསམ་པ། །དེ་དག་ཐམས་ཅད་མྱུར་དུ་འགྲུབ། །རྣལ་འབྱོར་མ་ཡི་ ཀུན་དུ་སྤྱོད་པ་ལས་དངོས་གྲུབ་ཀྱི་ངེས་པ་དང་དཔལ་ཧེ་རུ་ཀའི་མཛད་པ་བསྟན་པ་སྟེ་བཅུ་དྲུག་པའོ།། །། དེ་ནས་ཧེ་རུ་ཀ་དཔལ་རྒྱུད། །སེམས་ནི་དྲི་མེད་ཡིན་པར་བཤད། །དག་པའི་ ཆོས་ཀྱི་སྤྲུལ་པ་ནི། །ཕག་མོའི་གཟུགས་སུ་བསྟན་པ་ཡིན། །ཐབས་དང་ཤེས་རབ་སྦྱོར་བ་ལས། །དེ་ཉིད་དང་ནི་ཐམས་ཅད་འབྱུང་། །མེ་ལོང་ལ་སོགས་རྣམ་པ་བཞི། །པད་མའི་འདབ་གནས་རྣལ་འབྱོར་ མ། །མཁའ་འགྲོ་མ་བཞི་པད་མར་གནས། །མཱ་མ་ཀཱའི་སོགས་བཟང་མོ་ཡིན། །ཐོད་པའི་དུམ་སོགས་འཁོར་ལོར་གནས། །ཉི་ཤུ་རྩ་བཞི་གཉིས་མེད་ཡིན། །སེམས་ཅན་འཁོར་བ་ལས་གྲོལ་བ། ། དཔའ་བོ་ཉིད་ནི་ཡིན་པར་བརྟག །ཁྲོ་བོ་རྣམ་རྒྱལ་ལ་སོགས་ཀུན། །སྒོ་དང་མཐའ་ཡི་མཚམས་རྣམས་སུ། །སྣ་ཚོགས་གདུལ་བའི་ཐབས་ཅན་གྱིས། །སེམས་ཅན་དོན་ལ་བརྩོན་པར་མཛད། ། 86-1-251a གསང་བའི་གནས་ཀྱི་རྣམ་གནས་པ། །རབ་ཏུ་འབད་དེ་སྦ་བར་བྱ། །རྣལ་འབྱོར་མ་དང་དཔའ་བོ་ཡིས། །ཇི་ལྟར་འདོད་པའི་དངོས་གྲུབ་སྟེར། །རྣལ་འབྱོར་འབྲས་བུ་ཐོབ་ནས་ནི། །སྲིད་མཚོར་ལྟུང་བར་ མི་འགྱུར་རོ། །འཁོར་བ་ལས་ནི་བསྒྲལ་བའི་ཐབས། །རྒྱུད་ཀྱི་སྙིང་པོ་བསྡུས་པ་ཡིན། །བླ་མ་སློབ་མས་རྟོགས་སླ་ཕྱིར། །ཆོ་ག་རྒྱ་ཆེར་མ་བཤད་དེ། །སེམས་ནི་ངལ་སོ་རྣལ་འབྱོར་པ། །མྱ་ངན་ འདས་པ་བསྟན་མི་བྱ། །དེ་ལྟར་སྤྱོད་པའི་སྐྱེས་མཆོག་འདི། །སྡིག་པ་ཐམས་ཅད་རྣམ་དག་འགྱུར། །འཇིག་རྟེན་འདི་འམ་ཕ་རོལ་དུ། །འདིས་ནི་སངས་རྒྱས་ཉིད་མཐོང་འགྱུར། །ཇི་ལྟར་སྔར་བཤད་སྡིག་ པ་རྣམས། །སྤང་བར་བྱ་བའི་མཚན་ཉིད་ཡིན། །གང་ཞིག་འདི་སྒོམ་རྣལ་འབྱོར་པ། །འདོད་པའི་བདེ་བ་ཐམས་ཅད་སྟེར། །ཧེ་རུ་ཀ་དཔལ་མཚན་བརྗོད་པས། །ལྷ་སོགས་ཀུན་གྱི་གསང་གང་དང་། ། མི་ལ་སོགས་ལ་གང་ཞིག་ཡོད། །དེ་ཡི་བསོད་ནམས་དེས་འཐོབ་བོ། །བསམ་གཏན་གྱིས་ནི་བསམས་ཙམ་མམ། །འདོན་ཅིང་ཀློག་གམ་བྲིས་པ་ཡིས། །མཐོ་རིས་ལོངས་སྤྱོད་འཐོབ་འགྱུར་ཏེ། །ཡང་ན་ འཁོར་ལོས་བསྒྱུར་ཉིད་འགྱུར། །རྣལ་འབྱོར་པ་ནི་འཕོ་བའི་ཚེ། །དཔལ་ལྡན་ཧེ་རུ་ཀ་ལ་སོགས། །དཔའ་བོ་དག་ནི་ཐམས་ཅད་དང་། །རྣལ་འབྱོར་མ་ནི་ཇི་སྙེད་པ། །ལག་ན་སྣ་ཚོགས་མེ་ཏོག་བསྣམས། ། བ་དན་རྒྱལ་མཚན་སྣ་ཚོགས་དང་། །རོལ་མོའི་སྒྲ་ནི་སྣ་ཚོགས་དང་། །སྣ་ཚོགས་གླུས་ནི་ཉེ་བར་མཆོད། །འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །མཁའ་ལ་སྤྱོད་པའི་གནས་སུ་འཁྱེར། །དེ་ལྟའི་དཔའ་བོ་ཆེན་པོ་ དང་། །རྣལ་འབྱོར་མ་ནི་ས་སྟེང་དཀོན། །ཇི་ལྟར་བུད་མེད་བྱིས་གཏམ་རྗེས་ཡི་རང་། །ཀུན་སྨྲ་སྟེན་པའི་གཏམ་ཡང་བརྗོད་པར་བྱེད། །ལམ་ཡང་བཤད་ཅིང་འཆི་བར་འགྱུར་བ་ཡིན། །རྣལ་འབྱོར་ལམ་ངན་དེ་དང་ 86-1-251b འདྲ་བར་བཤད། །དེ་ནས་གཞན་ཡང་བཤད་བྱ་བ། །གནས་སོགས་རྣལ་འབྱོར་མ་ཡི་གནས། །ཧེ་རུ་ཀ་དཔལ་སོགས་རྣལ་འབྱོར། །དཔའ་བོ་གཉིས་མེད་རྣལ་འབྱོར་མ། །ཕུལླཱིར་མ་ལ་ཡར་རབ་གཏུམ། །ཛཱ་ལན་ དྷ་རར་གཏུམ་པའི་མིག །ཨོ་ཊྱ་ན་ནི་འོད་ལྡན་མ། །ཨར་བུ་དར་ནི་སྣ་ཆེན་མོ། །གོ་དཱ་བ་རིར་དཔའ་བློ་མ། །རཱ་མེ་ཤྭ་རར་མིའུ་ཐུང་མ། །དེ་བི་ཀོ་ཊར་ལང་དབང་ཕྱུག །མཱ་ལ་བར་ནི་ཤིང་གྲིབ་མ། །ཀཱ་མ་རཱུ་པར་ས་ སྲུང་མོ། །ཨོ་ཊར་འཇིགས་བྱེད་ཆེན་མོ་ཡིན། །ཏྲི་ཤ་ཀུ་ནེར་རླུང་ཤུགས་མ། །ཀོ་ས་ལར་ནི་ཆང་འཐུང་མ། །ཀ་ལིང་ལྷ་མོ་སྔོ་བསངས་མ། །ལམ་པཱ་ཀར་ནི་རབ་བཟང་མོ། །ཀཱན་ཙི་ཀར་ནི་རྟ་རྣ་མ། །ཧི་མ་ལ་ ཡར་བྱ་གདོང་མ། །པྲི་ཏ་པུ་རིར་འཁོར་ལོའི་ཤུགས། །གྲྀ་ཧ་དེ་བར་དུམ་སྐྱེས་མ། །སཽ་རཱ་ཥྚར་སྣ་ཆེན་མོ། །གསེར་གླིང་འཁོར་ལོའི་གོ་ཆ་མོ། །ན་ག་རར་ནི་རབ་དཔའ་མོ། །སིན་དྷུའི་ཡུལ་དུ་སྟོབས་ཆེན་མོ། ། མྱ་ངན་ཡུལ་དུ་འཁོར་སྒྱུར་མ། །ཀུ་ལུ་ཏཱར་ནི་བརྩོན་ཆེན་མོ། །ཡུལ་འདི་རྣམས་ཀྱི་བུ་མོ་གང་། །དཔའ་བོ་གཉིས་མེད་རྣལ་འབྱོར་མའོ། །གསང་བའི་སྔགས་ལ་རྟག་གནས་ནས། །རབ་ཏུ་འབད་དེ་བསྒྲུབ་ པར་བྱ། །རྣལ་འབྱོར་མ་ནི་རེ་རེ་ཞིང་། །བྱེ་བ་གྲངས་སྙེད་དག་གིས་བསྐོར། །མཚན་མ་མཚན་ཉིད་ཕྱག་རྒྱ་སོགས། །གཡོན་པའི་སྒྲུབ་པ་པོ་ཡིས་སྦ། །མི་བཟད་ལས་ནི་གང་གང་གིས། །སྐྱེ་བོ་རྣམས་ནི་ འཆིང་འགྱུར་བ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །འཁོར་བའི་ཕ་རོལ་རྒལ་ནས་འདི། །ཅི་འདོད་ཡེ་ཤེས་ཅན་དུ་འགྱུར། །མགུར་ཆུ་གཙུག་རྒྱན་དཔུང་རྒྱན་ དང་། །རྣ་རྒྱན་ཚངས་པའི་སྐུད་པ་དང་། །མགུལ་པ་བརྒྱན་ཅིང་སྤྱི་བོར་ཕྲེང་། །སྐ་རགས་རྐང་གདུབ་སྒྲ་ཉིད་དོ། །རི་སྟེང་སྣ་ཚོགས་པད་མ་ཡི། །གེ་སར་ཨཱ་ལི་ཀཱ་ལི་ལས། །ཉི་ཤུ་རྩ་བཞི་ཡང་དག་ལྡན། ། 86-1-252a དཔའ་བོ་རྣལ་འབྱོར་མ་ཚོགས་བཅས། །ཨུ་མའི་བདག་པོ་ཡང་དག་མནན། །རྡོ་རྗེ་དྲིལ་བུ་སྐུ་ལ་འཁྱུད། །ཧེ་རུ་ཀ་དཔལ་རྒྱལ་པོ་ཆེ། །གོ་འཕང་མཆོག་ནི་བསྒོམ་པར་བྱ། །དེ་ནས་རྟག་ཏུ་སྤོས་ཆུས་འདིར། ། རྟག་ཏུ་ལུས་ནི་ཡན་ལག་དྲིལ། །དྲི་ཞིམ་ཡན་ལག་གིས་བརྒྱན་ཅིང་། །ཐལ་བའི་ཕྱག་རྒྱ་སོགས་པས་བསྒོས། །ཁ་དོག་ལ་སོགས་གཡོགས་པའི་གཟུགས། །རང་གི་ལུས་ནི་ཡོངས་སུ་བསྒྱུར། །སྤྱོད་པའི་ བརྟུལ་ཞུགས་ལ་ཞུགས་པར། །ཤེས་ནས་རྣལ་འབྱོར་ལ་ལེགས་གནས། །ཡན་ལག་ཅན་དང་ཚིག་ཅན་དང་། །སྡུད་དང་དེ་བཞིན་སྙིང་སྟོབས་དང་། །གར་གྱི་ཚུལ་ནི་བཞི་པོ་འདི། །དེ་ཉིད་མཐོང་བས་ཤེས་ པར་བྱ། །གདུང་བའི་ཚུལ་ཞེས་བྱ་བ་ནི། །རྣལ་འབྱོར་ཤེས་པ་ཡིན་པར་བཤད། །དེ་ལ་འབད་དེ་བྱ་བ་ནི། །སྐལ་བ་བཟང་པོའི་གར་ཆེན་ཡིན། །གར་གྱི་གནས་སུ་གནས་པ་ཀུན། །རྒྱན་རྣམས་དེ་ནི་ཡིན་ ཞེས་བྱ། །ཀུན་དུ་དབུག་དང་བཅིང་བྱ་དང་། །གཞུག་དང་དེ་བཞིན་བསྐྱོན་པ་དང་། །འབེབས་དང་འདི་ནི་འཁྱིལ་པ་དང་། །དེ་བཞིན་འདིར་ནི་བརྒྱན་པ་དང་། །ཚངས་སྐུད་ལུས་ལས་དགྲོལ་བ་དང་། །རྣམ་པ་ ཀུན་དུ་བཅིང་བ་དང་། །རྐང་གདུབ་རབ་ཏུ་གཞུག་པ་དང་། །རྐང་པའི་རྒྱན་ནི་ཉིད་དག་དང་། །སྲོག་ཤིང་གཅིག་གྱུར་སྲད་བུ་ཡིན། །འོག་པག་དྲུག་བཅུ་རྩ་བརྒྱད་དང་། །རོལ་ལྡན་བཅུ་དྲུག་པར་ཤེས་བྱ། །ཕྲེང་ བ་ཉི་ཤུ་རྩ་ལྔ་ཡིན། །རྣལ་འབྱོར་མའི་ཀུན་དུ་སྤྱོད་པ་ལས་དེ་ཁོ་ན་ཉིད་དག་པ་ལ་སོགས་པ་བསྟན་པ་སྟེ་བཅུ་བདུན་པའོ།། །།རྣལ་འབྱོར་མའི་ཀུན་དུ་སྤྱོད་པ་རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། ཙ་ཏུར་ཡོ་གི་ནཱི་སྃ་པུ་ཊ་ཏན་ཏྲ་ནཱ་མ། བོད་སྐད་དུ། རྣལ་འབྱོར་མ་བཞིའི་ཁ་སྦྱོར་གྱི་རྒྱུད་ཅེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དེ་ནས་ཡང་དག་བཤད་བྱ་བ། ། 86-1-252b རྣལ་འབྱོར་བཞི་ཡི་ཁ་སྦྱོར་ཏེ། །ཞལ་བཞི་ཞེས་ནི་རྣམ་པར་བཤད། །རྒྱུད་རྣམས་ཀུན་དུ་སྦས་པ་སྟེ། །ཞལ་རྣམས་ཀྱང་ནི་ཁ་སྦྱོར་མ། །འདི་རུ་རྒྱས་པར་བརྗོད་པ་ཡིན། །འོག་དང་སྟེང་དུ་རྣམ་བཤད་དང་། །དེ་བཞིན་ གཡོན་དང་གཡས་པའོ། །ཨཱ་ལི་ཀཱ་ལིའི་བྱེ་བྲག་གིས། །ལྟེ་བའི་དབུས་སུ་རྣམ་པར་གནས། །ཟླ་བ་ཉི་མར་རྣམ་པར་བཤད། །ས་དང་རླུང་གི་ཉིད་དག་དང་། །ཆུ་མེ་དེ་བཞིན་ནམ་མཁའ་དང་། །ཁམས་ལྔ་དག་དང་ ཡང་དག་ལྡན། །གཟུགས་དང་རེག་པ་དེ་བཞིན་སྒྲ། །མིག་གཉིས་དང་ནི་སྣ་དག་དང་། །ལུས་ཀྱི་སྟེང་འོག་ཏུ་ཡང་གསལ། །རྟག་ཏུ་རྡོར་ཅན་རྣམ་པར་གནས། །ཆ་དང་ཆ་མིན་རྣམ་པར་གྲོལ། །སྟོང་པའི་ངང་ལས་ཡང་ དག་གནས། །ཡ་ཡི་སྡེ་མཐའ་ཡང་དག་རྫོགས། །ཨུ་ཡིག་དག་ནི་ཐིག་ལེར་བཅས། །འབྱར་ཞིང་གསལ་བར་འགྱུར་བ་སྟེ། །ཁ་སྦྱོར་རྣམ་པ་རྣལ་འབྱོར་གྱི། །རྡོར་ཅན་ཇི་ལྟར་ཆང་གིས་མྱོས། །འཁོར་ནས་ སེམས་ནི་རྣམ་པར་གྲོལ། །ཁམས་གསུམ་པོ་ནི་མ་ལུས་པ། །རྡོ་རྗེ་མིག་གིས་མཐོང་བར་འགྱུར། །བདུན་གྱི་རྒྱལ་པོའི་དངོས་གྲུབ་ཀྱིས། །མ་ལུས་ལུས་པ་མེད་པ་མཐོང་། །ཚངས་པ་ཁྱབ་འཇུག་དབང་ལྡན་དང་། ། དབང་པོ་དེ་བཞིན་འདོད་དབང་ཕྱུག །ཕ་རོལ་སྟོབས་ཀྱིས་མནན་ནས་ནི། །རྣལ་འབྱོར་དབང་ཕྱུག་གིས་ནི་མཆོད། །ཚངས་པ་ལ་སོགས་ལྷ་རྣམས་ཀྱིས། །དམ་ཚིག་སྒྲ་ཡིས་བཤད་པ་སྟེ། །སྲོག་དང་ རྩོལ་བ་ཀུན་དུ་བྱ། །དེ་ཡིས་འདི་ནི་དམ་ཚིག་སྡོམ། །དེ་ལ་ཁ་སྦྱོར་རྣམ་པ་བཤད། །ཞལ་བཞི་རུ་ནི་རབ་ཏུ་གནས། །རྣལ་འབྱོར་མ་བཞི་སྡེ་ཞེས་བྱ། །སྦྱོར་བ་བཞི་དང་ཡང་དག་ལྡན། །གང་གང་ དབང་པོའི་ལམ་ནས་བྱུང་། །དེ་དང་དེ་ཡི་རང་བཞིན་ཉིད། །འདོད་པ་ཀུན་ལས་ལོངས་སྤྱོད་པ། །སངས་རྒྱས་ཀུན་གྱི་རང་བཞིན་འགྱུར། །གཟུགས་ནི་ཇི་ལྟར་རྫོགས་པ་ལས། །དེ་ལ་བསྒོམ་པ་ཅི་ལྟ་བུ། ། 86-1-253a སྔགས་རྣམས་ཇི་ལྟར་བསྐྱེད་པར་བགྱི། །རྫོགས་པར་ཡང་ནི་ཅི་ལྟར་འགྱུར། །དེ་དག་ཐམས་ཅད་ཐ་སྙད་ཙམ། །སྔགས་དང་རྒྱུད་རྣམས་ཡང་དག་འབྱུང་། །བྱང་ཆུབ་སེམས་ནི་འདི་རུ་སྔགས། །འདོད་ པ་ལྔ་དང་ཡང་དག་ལྡན། །མཚོན་ཆ་མཚན་ཉིད་ཀྱིས་ནི་མཚོན། །མཚོན་བྱ་དུ་མའང་མཚོན་མི་བྱ། །སྔགས་རྣམས་རྒྱས་པར་བཤད་ནས་ནི། །ལྷ་རྣམས་ཀྱི་ནི་བསྒོམ་པ་ཉོན། །སྟེང་གི་སྒོ་ནི་གསུམ་ཡིན་ ཏེ། །ལྟེ་བར་རླུང་གི་གཟུགས་ཅན་མ། །དེ་ལ་དབུས་སུ་རྟག་ཏུ་སྟོང་། །དག་པ་ཡི་ནི་ཤེལ་ལྟ་བུར། །ལོངས་སྤྱོད་ཆེན་པོ་ངེས་པར་འབྱུང་། །དགུ་པ་བཅུ་ཡིས་ལྡན་པ་སྟེ། །ཆ་བརྒྱད་དེ་ཡི་ཡན་ལག་གིས། ། སྒོ་དགུའི་ས་བོན་ཡིན་པ་སྟེ། །ལུས་ལ་ལྷ་མོ་རྗེས་སུ་བརྗོད། །ཡེ་ཤེས་མཁའ་འགྲོ་བདག་ཉིད་ཀྱིས། །སྟེང་གི་ཆར་ནི་ཤེས་རབ་སྟེ། །རྡོ་རྗེ་འཛིན་དང་བཅས་པར་འབྱུང་། །སེམས་ཀྱི་རྡོ་རྗེ་ཞེས་ནི་བཤད། ། འདིར་ནི་སྟེང་གི་པད་མར་བཤད། །དེ་ལ་གནས་ནི་བྷ་གར་བཤད། །ཤེས་རབ་དེ་ཉིད་རྡོར་ཅན་བཅས། །རྟེན་དང་བརྟེན་པར་འབྱུང་བ་ཡིས། །རྩ་རྣམས་ཀུན་ལ་རྣམ་པར་གནས། །ཁུ་བའི་གཟུགས་སུ་གྱུར་ པ་ཡིས། །སྤྲོ་དང་སྡུད་པར་བྱེད་པས་སོ། །བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱིས། །བསྒོམ་པའི་རིམ་པ་ཕྱེད་པས་སོ། །གདམས་ངག་རིམ་པའི་རྣལ་འབྱོར་གྱིས། །ལྷ་རྣམས་བསྒོམ་པར་བརྗོད་པ་སྟེ། ། དེ་རྣམས་སྣ་ཚོགས་རྣལ་འབྱོར་གྱིས། །ཟླ་བ་ཉི་མར་བཤད་པ་ཡིན། །གཞན་ཡང་གཞན་མིན་རྣམ་པར་གྲོལ། །སངས་རྒྱས་གཟུགས་ནི་གཡོ་བ་མེད། །དེར་ནི་གཟུང་བར་བྱ་བ་སྟེ། །གང་ཞིག་དེ་རུ་ཇི་ལྟར་ གནས། །ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན། །མཚན་མོ་ཤེས་རབ་ཏུ་ནི་བརྗོད། །ནམ་མཁའི་ནང་སོང་མཆོག་ཏུ་ཞིང་། །དག་ཅིང་དགེ་བ་ཡིད་དུ་འོང་། །སངས་རྒྱས་ལ་སོགས་མུ་སྟེགས་ཀུན། །ལྷ་མིན་ 86-1-253b གནོད་སྦྱིན་སྲིན་པོ་དང་། །དེ་ཉིད་འདོད་ཆགས་ཆགས་བྲལ་དང་། །འདོད་པས་ཐར་པར་གྱུར་པ་འདི། །དེ་ཉིད་བུད་མེད་རྣམས་ལ་ཆགས། །དེ་ཉིད་མངལ་ནི་རབ་ཏུ་ལེན། །དེ་ཉིད་འཆི་སྟེ་རིལ་པོའི་གནས། །དེ་ཉིད་ བསྐམས་པས་མཐོང་བ་ཡིན། །དེ་ཉིད་གོང་དུ་གྱུར་པ་སྟེ། །དེ་ཉིད་དྲི་རུ་རྣམ་པར་གནས། །དེ་ཉིད་སྡུག་བསྔལ་རིག་པ་སྟེ། །རིག་པས་བདེ་བ་ཉིད་དག་ལ། །དེ་ཉིད་གཅིག་པུས་ཁྱབ་པ་ཡིན། །བདུད་རྩི་ཐིགས་ པའི་གཟུགས་ཀྱིས་ནི། །གཟུགས་བཟང་གཟུགས་དང་ལྡན་པའི་མཆོག །སྣ་ཚོགས་གཟུགས་རྣམས་ཡིད་དུ་འོང་། །གཟུགས་ཀུན་གསལ་བར་བྱེད་པའི་དཔལ། །གཟུགས་བརྙན་མ་ལུས་འཆང་བའོ། ། བཅུ་དྲུག་ཕྱེད་ཕྱེད་དེ་ཡི་ཕྱེད། །རྟག་ཏུ་དེ་ཉིད་རིག་པ་པོ། །སྣ་ཚོགས་རྟག་ཏུ་ཞི་བའི་གཟུགས། །ནམ་མཁའ་ལྔ་དང་ཡང་དག་ལྡན། །དེ་ཉིད་རབ་ཏུ་ཞུགས་པར་བརྗོད། །འགྲོ་ལ་གསལ་བ་མར་མེ་བཞིན། ། སྣ་ཡི་རྩེ་མོར་རྣམ་པར་འབྱུང་། །འབར་བའི་ཕྲེང་བའི་འོད་ཟེར་ཏེ། །འདི་རྣམས་ཀུན་ནི་བདག་གིས་བརྗོད། །རྟེན་དང་བརྟེན་པའི་མཚན་ཉིད་དུ། །གང་གིས་ཤེས་པས་ཆོ་ག་ཤེས། །དེ་ཡི་དཔལ་ནི་རྒྱས་པར་ འགྲུབ། །གཞན་ཡང་སྔགས་ཀྱི་ཚོགས་བཤད་དེ། །གསང་བའི་སྦྱོར་བ་སྦས་པ་སྟེ། །སྡེ་ཚན་བརྒྱད་ཀྱི་མཐའ་མ་གཟུང་། །ས་བོན་ལྔ་དང་ཡང་དག་ལྡན། །དེ་བས་བྷྲུ་ཡིག་སྦྱིན་པར་བྱ། །དང་པོར་ཨོ་ཡིག་ཡང་ དག་ལྡན། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཐིག་ལེ་ཆེན་པོ་ཡི་གེ་མེད། །ནམ་མཁའ་ནམ་མཁའི་དབུས་གནས་པར། །སྔགས་དང་རྒྱུད་ནི་ཡང་དག་འབྱུང་། །ཅི་ལྟར་དེ་ལྟར་སྔགས་ཀྱང་ནི། །དེ་བཞིན་ཉིད་ ཀྱི་ཚུལ་ལྟ་བུར། །ཡི་གེ་ཙམ་དང་ཡང་དག་ལྡན། །དེ་ལ་དབུས་སུ་རབ་ཏུ་གྲགས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །གང་ཡང་གཞན་གྱི་ལྷ་ཚོགས་དང་། །འབྱུང་པོ་མ་ལུས་ཐམས་ཅད་དང་། ། 86-1-254a ལྷ་དང་ལྷ་མིན་གསང་བ་པ། །དེ་ཡི་དབུས་སུ་ཡང་དག་རྫོགས། །ཡི་གེ་ལ་སོགས་གཟུགས་ཅན་གྱིས། །གཟུགས་ཅན་རྣལ་འབྱོར་ལཱ་མ་དང་། །དུམ་སྐྱེས་མ་ཡི་བྱེ་བྲག་གིས། །ཞལ་བཞི་ ཞེས་ནི་རྣམ་པར་བཤད། །རྣལ་འབྱོར་བཞི་དང་ཡང་དག་ལྡན། །ལྟེ་བ་དང་ནི་གེ་སར་ལྡན། །འདབ་མ་བཞི་དང་ཡང་དག་ལྡན། །དེ་ལ་དབུས་སུ་དཔའ་བོ་ཆེ། །ཕྱག་བརྒྱད་ཀྱིས་ནི་རྣམ་པར་བརྒྱན། །དང་པོ་ལ་ནི་ ཤ་ཡིས་གང་། །གཉིས་པ་ཁྲག་གིས་བཀང་བ་ཉིད། །གསུམ་པ་བཞི་པ་ལུས་ཕྱག་རྒྱ། །ཁ་ཊྭཱྃ་ག་དང་ཌ་མ་རུ། །དེ་བཞིན་ཁ་དོག་དཀར་པོ་འཕྲོ། །དྲི་མེད་སྟོན་ཀའི་ནམ་མཁའ་བཞིན། །དཀར་དང་དམར་དང་དེ་བཞིན་ ནག །ལྗང་གུའི་ཞལ་ཏེ་གཙིགས་པའོ། །ཕྱག་རྒྱ་བརྒྱད་ནི་མདོ་རུ་བཤད། །ཕྱག་གིས་མཚོན་ཆར་རབ་ཏུ་གྲགས། །དང་པོར་འཇུག་པའི་ཕྱག་རྒྱ་སྟེ། །གཉིས་པ་སྙིང་ནི་འབྱིན་པའོ། །གསུམ་པ་རྨོངས་བྱེད་ཕྱག་རྒྱ་ ཡིན། །བཞི་པར་ལྟུང་བྱེད་དེ་བཞིན་ནོ། །ལྔ་པར་གར་མའི་ཕྱག་རྒྱའོ། །དྲུག་པར་གསོད་བྱེད་མར་ནི་བརྗོད། །བདུན་པར་ཟ་བྱེད་མའི་ཕྱག་རྒྱ། །བརྒྱད་པར་སྟེང་དུ་ལེན་པར་ངེས། །གཤིན་རྗེ་མོ་དང་སྐྲག་བྱེད་དྲག ། གཏུམ་མོ་དང་ནི་བཟང་ཟ་དང་། །བྷ་སུ་མ་དང་འདོད་པ་ཉིད། །དེ་ཉིད་བརྒྱད་པོ་ཕག་མོ་ཉིད། །མི་ཟད་རྣམ་པར་འགྱུར་བའི་གཟུགས། །ཁྲག་དང་ཁུ་བ་ཟ་ཟ་མོ། །འོད་ཟེར་འབར་བ་སྣ་ཚོགས་འབར། །རྡོ་རྗེ་མཁའ་འགྲོ་ མ་བསྒོམ་བྱ། །མང་པོར་རྣམ་བཤད་ཡེ་ཤེས་ནི། །དེ་ལ་དབུས་སུ་རྣམ་པར་འབྱུང་། །དཔག་ཚད་འབུམ་གྱི་རྒྱ་ཁྱོན་དུ། །དེ་ཡི་གསལ་བར་བྱེད་པ་ཡིན། །སེམས་ཅན་ཐོག་མ་ཐ་མ་མེད། །རྡོ་རྗེ་སེམས་དཔའ་ཆགས་པ་ ཆེ། །ཐིག་ལེ་རྡོ་རྗེ་ཅན་དུ་འགྱུར། །ཟླ་བ་ཕྱེད་པ་ལྟ་བུར་གསལ། །གདན་ནི་པད་མ་རཱ་ག་སྟེ། །རྒྱལ་པོའི་གཟུགས་ནི་གསལ་བ་ཡིན། །རྒྱལ་པོ་ཉིད་ཅེས་རྣམ་པར་བཤད། །སྟེང་དུ་འབྱུང་བར་རབ་ཏུ་གྲགས། །ཡང་ནི་ 86-1-254b དགོད་པར་བྱ་བ་སྟེ། །རིགས་ཀྱི་དབྱེ་བས་བརྗོད་པའོ། །ཤར་དུ་རྡོ་རྗེ་སེམས་དཔར་གྱུར། །ལྷོ་རུ་རྣམ་པར་སྣང་མཛད་བརྗོད། །ནུབ་དུ་རྟ་ཡི་རྒྱལ་པོའོ། །བྱང་དུ་པད་མ་གར་དབང་སྟེ། །འཁོར་ལོའི་དབུས་སུ་ཧེ་རུ་ཀ ། སྟེང་གི་སྒྲ་ནི་རྟ་གདོང་ཡིན། །འདི་རྣམས་འདི་རུ་དགོད་པར་གསུངས། །རིགས་ཀྱིས་དབྱེ་བ་རྣམ་པ་ལྔ། །དེ་རུ་བསྒོམ་པར་བྱ་བ་ཡིན། །གཞོམ་མེད་གཞིག་ཏུ་མེད་པ་སྟེ། །དེ་ཡི་དབུས་སུ་ཡང་དག་རྫོགས། །མགོན་ པོ་རྣམ་པར་སྣང་མཛད་སོགས། །རྣལ་འབྱོར་མ་བཞིའི་ཁ་སྦྱོར་ལས་ཚོགས་ཀྱིས་བསྒྱིངས་པའི་རྒྱུད་ཆེན་པོ་ཞེས་བྱ་བ་སྟེ་བརྟག་པ་དང་པོའོ།། །། དེ་ནས་རྡོ་རྗེ་ཕག་མོ་དེ། །རྐང་རྒྱན་དང་ནི་དོ་ཤལ་ རྒྱན། །དེ་ཡི་དཀྱིལ་འཁོར་ལ་གར་བྱེད། །དབང་བསྐུར་བ་ནི་སྟེར་བ་ཡིན། །དམ་ཚིག་ལ་ནི་ལེགས་གཞག་ཕྱིར། །ཕག་མོས་དེ་བཞིན་རྡོ་རྗེ་ཅན། །ཅི་འདོད་དེ་བཞིན་རྡོ་རྗེ་ཅན། །དྲི་ཆེན་དྲི་ཆུ་ཟ་བ་དང་། །ཁྲག་ དང་ཁུ་བ་དེ་བཞིན་ཤ །རྟག་ཏུ་བུད་མེད་དང་ནུས་སམ། །བྷ་གའི་པད་མར་འོ་བྱེད་དམ། །སྣྲོས་ཤིག་རྡོ་ཅན་བདེ་བ་ཆེ། །དེ་ནས་བཅོམ་ལྡན་རྡོ་རྗེ་ཅན། །བཞད་པར་གྱུར་ནས་འདི་དག་སྨྲས། །ལྷ་མོ་ཅི་སྟེ་ བདག་མི་སྤྲོ། །ཁྲག་དང་ཁུ་བ་ལ་སོགས་བཟའ། །རྟག་ཏུ་བུད་མེད་གུས་པར་བགྱི། །བྷ་ག་པད་མར་འོ་བགྱིད་དོ། །ཡང་ནི་ལེགས་སོ་ལེགས་སོ་བྱིན། །སྒོ་སྐྱོང་དེ་བཞིན་རྡོ་རྗེ་ཅན། །ཐོད་པ་ཡང་དག་བླངས་ ནས་ནི། །རྡོ་རྗེ་ཅན་ལ་བཟའ་བ་དབུལ། །ཞི་ཞིང་གཅེར་བུར་འདུག་པ་དང་། །རྡོ་རྗེ་ཅན་ནི་སྐྲ་གྲོལ་བས། །ལེགས་པར་དབང་བསྐུར་སྟེར་བར་བྱེད། །བྷ་གར་འོ་བྱེད་རྡོ་རྗེ་ཅན། །དེ་ནས་བརྩམས་ཏེ་རྡོ་རྗེ་ཁྱོད། ། སེམས་ཅན་དོན་གྱིས་བརྟུལ་ཞུགས་བཟང་། །བཟའ་བ་དྲི་ཆེན་དྲེ་ཆུ་དང་། །ཁྲག་དང་ཁུ་བ་ཤ་དག་གོ། །བྷ་གའི་པད་མར་འོ་བྱ་སྟེ། །བདུད་རྩི་རྣམས་ནི་བསྒྲུབ་པར་བྱ། །རྡོ་རྗེ་རྣལ་འབྱོར་ཕོ་ཉ་མོས། ། 86-1-255a དེ་ནས་རྟག་ཏུ་དབང་བསྐུར་རོ། །ཧཱུྃ་ཧཱུྃ་ཧཿཧཿཨཿཨཿཧྲཱིཿཧྲཱིཿསྭཱ་ཧཱ། དེ་ནས་དེ་མ་ཐག་ཏུ་ཀུན། །རྡོ་རྗེ་མཁའ་འགྲོ་མ་ཉིད་ཀྱིས། །སྒྲ་ཆེན་པོ་ནི་རབ་ཏུ་བསྒྲགས། །རྡོ་རྗེ་ཅན་དེ་དབང་ བསྐུར་རོ། །སྣ་ཚོགས་གཟུགས་ཅན་དྲག་པོ་ཆེ། །ཐོད་པའི་གདན་ལ་ཡང་དག་བཞུགས། །ཤ་དང་ཁྲག་དག་འཐུང་བ་སྟེ། །གསང་བའི་དཀྱིལ་འཁོར་དུ་ནི་སྦྱོར། །ལ་ལ་རོལ་མོའི་ཆ་བྱད་བརྡུང་། །པ་ཊ་ཧ་ སོགས་མུ་ཀུཎ་ཌ། །ལ་ལ་རབ་ཏུ་གླུ་ལེན་ཅིང་། །ལ་ལ་པི་ཝང་བསྒྲེང་བ་སྟེ། །ལ་ལ་རྡོར་ཅན་གར་བྱེད་དོ། །ལ་ལ་དྲིལ་བུའི་སྒྲ་སྒྲོགས་བྱེད། །ལ་ལ་སྒྲ་དག་རབ་ཏུ་བསྒྲོགས། །ཕྱོགས་བཅུར་ཕེཾ་གི་སྒྲ་དག་ གོ། །ལ་ལ་གར་དག་རབ་ཏུ་བྱེད། །ལ་ལར་དཀྱིལ་འཁོར་དུ་གླུ་ལེན། །ལ་ལ་མེ་ཏོག་རབ་ཏུ་འགྲེམས། །དེ་ཡིས་རྡོར་ཅན་ལ་དབང་བསྐུར། །ལ་ལ་སྤོས་ཀྱིས་རབ་སྦྱིན་བྱེད། །ལ་ལ་དྲི་ཡིས་དེ་ བཞིན་ནོ། །འདི་ལྟར་གྱུར་པའི་མཆོད་པ་ཡིས། །གསང་བའི་དཀྱིལ་འཁོར་ལ་ནི་བྱ། །དེ་ནས་རྡོར་ཅན་ལྷ་མོ་དེ། །ཚིག་འདི་དག་ནི་བརྗོད་པ་སྟེ། །ཚོགས་ཀྱི་དཀྱིལ་འཁོར་ཉིད་དག་དང་། །དབང་དག་ ལེགས་པར་བརྗོད་ནས་ནི། །ང་ཡིས་གཞན་ཡང་བཤད་བྱ་བ། །ལྷ་རྣམས་དགོད་པ་མཆོག་དག་གོ། །རྒྱ་རུ་ཀུན་དུ་ཁྲུ་བརྒྱད་དེ། །གྲུ་བཞི་པ་ལ་སྒོ་བཞི་པ། །སྔགས་པས་དེ་ཡི་ཉིས་འགྱུར་དཔྱད། །གང་ དུ་མཁའ་འགྲོའི་ཚོགས་འགྱིང་བ། །ནམ་མཁའ་འོད་ཀྱིས་རྒྱ་ཁྱབ་པར་གང་གང་དེ་དཀྱིལ་འཁོར་མཆོག་ཡིན་ནོ། །དབུས་སུ་འཁོར་ལོ་ཡང་དག་བྲི། །ལྟེ་བ་དག་ནི་གེ་སར་ལྡན། །འདབ་མ་བཞི་དང་ ཡང་དག་བཅས། །ཁ་དོག་དཀར་པོར་ཡང་དག་ལྡན། །དེ་ལ་དབུས་སུ་དཔའ་བོ་དགོད། །དག་པའི་ཤེལ་བཞིན་དྲི་མ་མེད། །དང་པོའི་ཞལ་ནི་རྣམ་པར་བཞད། །དང་པོའི་སྤྱན་གྱིས་རྣམ་པར་གཟིགས། ། 86-1-255b སྨིན་མ་ཁྲོ་གཉེར་རབ་ཏུ་གསལ། །མཆེ་བ་གཙིགས་ཤིང་འཇིགས་པ་ནི། །ལྷོ་རུ་བལྟས་པའི་ཞལ་དག་གོ། །གཡོན་པ་རྨད་དུ་བྱུང་བ་སྟེ། །རྒྱབ་ཅི་འཇིགས་པ་ཆེན་པོ་ཡིན། །མདུན་རྒྱབ་རྟ་ཡི་ཞལ་གྱིས་བརྒྱན། ། དཀར་པོ་དམར་པོ་དེ་བཞིན་གནག །།ལྗང་གུ་ཡི་ནི་ཁ་དོག་གོ། །ཕྱག་བརྒྱད་ཀྱང་ནི་བྲི་བར་བྱ། །ཐོད་པའི་ཕྲེང་བས་རྣམ་པར་བརྒྱན། །དཔལ་ལྡན་མགོ་བོའི་ཕྲེང་བ་འཛིན། །འཇིགས་བྱེད་ལྗགས་ནི་འདྲིལ་བ་སྟེ། ། འཇིག་དུས་ཆེན་པོའི་མེད་དང་མཚུངས། །དུར་ཁྲོད་ལྟ་བུར་འཇིགས་སུ་རུང་། །བརྩེགས་པར་རྒོད་ཅིང་བཞད་པ་ཆེ། །ཕེཾ་གི་སྒྲ་ནི་སྒྲོགས་པའོ། །ཞལ་གཅིག་ཕྱག་ནི་གཉིས་པ་རུ། །ལྷ་བཞི་རྣམས་ནི་བརྗོད་ པར་བྱ། །ཁ་ཊྭཱྃ་ག་དང་ཐོད་པའི་ལག །ཁྲག་དང་ཁུ་བ་དག་འཐུང་ངོ་། །འཁོར་ལོ་གཉིས་པ་ཡང་དག་བཤད། །ཟླ་བའི་དཀྱིལ་འཁོར་ཟླུམ་པོ་ལ། །འཁོར་ལོ་ཆེན་པོ་ཡི་གེ་བརྒྱད། །འོད་ཟེར་དམར་པོ་ འབར་བ་སྟེ། །གཟུགས་ཅན་མ་དང་འོད་བྱེད་མ། །ལཱ་མ་མཆོག་འཕེལ་དང་ས་མ་ལི། །ཕྱིར་མི་ལྡོག་དང་ཨེ་ཧི་ཀི། །རྡོར་ཅན་བརྒྱད་པར་བརྗོད་པ་ཡིན། །ལྷ་མོ་བརྒྱད་པོ་འདི་རུ་དགོད། །ཁ་དོག་དཀར་པོ་ ཤིན་ཏུ་འབར། །ལག་པས་ཁ་ཊྭཱྃ་ག་གཟུང་ཞིང་། །ཐོད་པ་ཁྲག་གིས་བཀང་བའོ། །ཕྱི་རོལ་འཁོར་ལོ་ཡང་དག་བརྗོད། །ལྷ་རྣམས་བཀོད་པ་མཆོད་དང་ནི། །སྃ་ཀ་རི་དང་པུ་ཀ་སྃ། །གསོད་མ་དཀར་མོ་ སྒྲོག་མ་དང་། །གཏུམ་མོ་རི་ཁྲོད་མ་ཉིད་དང་། །སྒྲོལ་མ་དེ་བཞིན་ཁྲོ་གཉེར་མ། །ཁམས་གསུམ་རྣམ་རྒྱལ་གླང་ཆེན་མོ། །དེ་བཞིན་གྷསྨ་རཱི་དག་དང་། །དུརྒ་ཙ་མུཎ་ཌ་དག་དང་། །དེ་བཞིན་ཚངས་མ་ ཁྱབ་འཇུག་མ། །སྒོ་སྐྱོང་ཡང་དག་བཤད་པ་ནི། །སྒོ་བཞི་རྟག་ཏུ་སྦྱར་བར་བྱ། །འཁོར་ལོ་ཆེན་པོ་ཁ་དོག་སྔོ། །འབར་བའི་ཕྲེང་བའི་ཚོགས་ཀྱི་འོད། །ལྷ་མོ་ཆེན་མོ་ཁ་དོག་དཀར། །ཁ་ཊྭཱྃ་ག་དང་ཉ་ཕྱིས་ 86-1-256a འཛིན། །དཀྱིལ་འཁོར་འདི་ནི་རྒྱལ་པོ་སྟེ། །རྣལ་འབྱོར་མ་བཞིའི་སྡོམ་པ་ནི། །རང་གི་རྒྱུད་དུ་ཐུན་མོང་སྟེ། །དཀྱིལ་འཁོར་བླ་མའི་བླ་མ་ཡིན། །བསྲུང་པ་ཆེན་པོའི་སྡོམ་པ་ནི། །དེ་ཡི་བླ་མ་ ཞེས་སུ་གསུངས། །རྣལ་འབྱོར་མ་བཞིའི་ཁ་སྦྱོར་ལས་དཀྱིལ་འཁོར་གྱི་བརྟག་པ་ཞེས་བྱ་བ་སྟེ་གཉིས་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ། །དམ་ཚིག་ཆེན་པོའི་སྒྲུབ་ཐབས་སོ། ། གླང་པོ་རྟ་དང་བོང་བུ་དང་། །བ་ལང་རྔ་མོ་དག་དང་ནི། །ཁྱི་ཡི་སྒྲོན་མ་རབ་ཏུ་འབྱུང་། །སྒྲོན་མ་ཆེན་མོ་རབ་ཏུ་བཤད། །འགྲོ་བ་དགའ་བས་གསལ་བར་བྱེད། །བྱ་རོག་འུག་པ་ཁྲ་དང་ནི། །ཆུ་སྐྱར་བྱ་རྒོད་ ལྔ་པོ་ཡི། །སྤོས་ཆེན་པོ་ནི་རབ་ཏུ་བཤད། །སྤོས་སུ་འབུལ་བར་བྱེད་པའོ། །འདི་རྣམས་དབང་དུ་བྱེད་པར་འགྱུར། །ས་གསུམ་པོ་རུ་རྣམ་པར་སྤྱོད། །ཅི་སྲིད་སྦྱོར་བ་ཚོགས་པ་ཡིས། །དངོས་གྲུབ་ཐམས་ ཅད་བྱེད་པའི་མཆོག །བདུད་རྩི་ལྔ་ནི་རྣམ་བརྗོད་པ། །འཆི་མེད་དངོས་པོ་མེད་པའོ། །རྟོག་པ་མེད་པར་བཟའ་བར་བྱ། །བློ་ལྡན་རང་བཞིན་མེད་པས་སོ། །སྡེ་ཚན་ཐ་མའི་སྔགས་བཏུས་ཏེ། །བཅུ་དྲུག་ཆ་ ཡིས་ཡང་དག་ལྡན། །ཕྲ་ཎ་བ་སྦྱོར་སྟེང་དུ་སྟེ། །ཐིག་ལེས་གནོན་ཅིང་བརྒྱན་པ་ཡིན། །དྲི་ཞེས་ཀུན་དུ་བརྗོད་པ་ཡིན། །ཀུན་ནས་ཐུགས་ཀྱི་དཀྱིལ་འཁོར་ལོ། །ཉི་ཤུ་བདུན་པ་འོག་དུ་སྦྱིན། །སྔགས་ ལ་སོགས་པས་ཕྱེ་བ་ཡིན། །སྤྱི་བོ་དེ་རུ་ཡང་དག་སྦྱར། །ཡི་གེ་ལྷ་ཡི་གཟུགས་ཀྱིས་ནི། །ཉི་ཤུ་རྩ་དྲུག་ཡང་ནི་སྦྱར། །དབྱངས་ཡིག་གཉིས་པས་བརྒྱན་པ་ཡིན། །ཉི་ཤུ་རྩ་གསུམ་ཡང་ནི་བླང་། །འོག་ གི་ཆ་ནི་སྦྱར་བར་བྱ། །དབྱངས་ཀྱི་གསུམ་པ་ཡང་དག་ལྡན། །བཞི་པས་སྦྱར་བར་བྱ་བ་ཡིན། །དེ་ཡི་དབུས་སུ་ཡང་དག་གསུངས། །ཡི་གེ་དབང་ཕྱུག་གིས་ནི་བརྒྱན། །བཅུ་དྲུག་མཐའ་ནི་ཡང་དག་ 86-1-256b བཤད། །སྟེང་དང་འོག་ཏུ་ཁྱབ་པ་ཡིན། །དེ་ལ་དབུས་སུ་ཡང་དག་གསུངས། །སྟོང་པ་ཆེན་པོའི་ཡི་གེ་སྟེ། །རྡོ་རྗེ་སེམས་དཔའ་གཞིག་ཏུ་མེད། །དག་པ་ཡི་ནི་ཤེལ་ལྟ་བུར། །རྫས་འདི་རྣམས་ནི་བཟའ་ བ་ཡིན། །རྣལ་འབྱོར་འདི་རྣམས་མཆོག་ཡིན་ཏེ། །རྣལ་འབྱོར་ཀུན་ལས་མཆོག་ཏུ་འཕགས། །ཁྱོད་ལ་མདོར་བསྡུས་པར་བཤད། །བཟའ་བ་རྣམས་ནི་ཡང་དག་བརྗོད། །གང་གི་རིགས་པས་ཐམས་ཅད་ བཟའ། །དངོས་པོ་རོ་མཉམ་བསྲེས་ནས་ནི། །དག་དང་མ་དག་མི་བྱེད་པར། །དེ་བཞིན་ཉིད་རྣམས་ཐམས་ཅད་དང་། །བཟའ་བ་ཐམས་ཅད་བཟའ་བར་བྱ། །དེ་ཉིད་བཅུ་ཡིས་རབ་དབྱེ་བས། །གཟུང་དང་ འཛིན་པ་རྣམ་པར་གྲོལ། །སྦྱིན་པའི་སྙིང་པོ་སྦྱིན་པར་བྱ། །སེམས་ཀྱིས་རྣལ་འབྱོར་རྫོགས་ནས་ནི། །ཐམས་ཅད་རྩྭ་སོགས་བཞིན་དུ་བཏང་། །སངས་རྒྱས་རྣམས་ཀྱི་ཚུལ་ཁྲིམས་གྱུར། །དེ་ཉིད་ཀུན་ གྱིས་མི་འཇིགས་པ། །སྐྱེ་བོ་ཐམས་ཅད་འཚེ་མི་བྱེད། །དང་པོར་སྙིང་རྗེ་བླ་ན་མེད། །བཟོད་པ་ཚུལ་ཁྲིམས་བགེགས་མེད་དང་། །གཞན་གྱི་གནོད་པ་འགེགས་པ་སྟེ། །གུར་དང་ཕུར་བུ་དྲ་བ་དག ། གདུག་པའི་བདུད་ནི་འཇོམས་པ་སྟེ། །བདུད་མེད་འཆི་བ་མེད་པ་ཡིན། །བདག་གི་སེམས་ནི་བཅིང་བར་བྱ། །གང་གིས་རང་སེམས་གདུལ་བ་ཡིས། །བདུད་ཀྱིས་གནོད་པ་སྨོས་ཅི་དགོས། །མཉམ་པའི་ སེམས་ཀྱི་དྲི་ཡིས་ནི། །གྲུ་བཞི་པ་རུ་ཡང་དག་བྲི། །ལུས་ལ་སྟེའུ་དང་ཙན་དན་དང་། །སེམས་ཀྱིས་མཉམ་པར་གནས་པ་ན། །མཉམ་པ་ཉིད་ཀྱི་ཡེ་ཤེས་བརྗོད། །དངོས་པོ་བདག་མེད་བསྲེས་པ་སྟེ། ། གང་ཞིག་རྣལ་འབྱོར་རྒྱལ་བར་འགྱུར། །གང་དག་རྣལ་འབྱོར་མ་ཡི་ནི། །ཞུ་བ་རྣམས་ལ་ཟ་བ་དག །དེ་ཡིས་ས་སྟེངས་མཐའ་དག་ཏུ། །རྒ་དང་ན་བ་རྣམ་པར་འཇོམས། །རྣལ་འབྱོར་མ་བཞིའི་ཁ་སྦྱོར་ 86-1-257a ལས་དམ་ཚིག་ཆེན་པོའི་བདུད་རྩི་ལྔ་ཞེས་བྱ་བའི་བརྟག་པ་སྟེ་གསུམ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ། །སྦྱོར་བ་དང་པོའི་སྒྲུབ་ཐབས་ཏེ། །སྦྱོར་བ་རྣམ་བཞིར་ཤེས་པར་བྱ། ། དམ་ཚིག་བཞི་ནི་བསྒྲུབ་པ་སྟེ། །དང་པོ་ཁུ་བ་རྣམ་ཤེས་བྱ། །གཉིས་པ་དེ་བཞིན་ཁྲག་ཉིད་དོ། །རྡོ་རྗེ་ཆུ་དང་དྲི་ཆེན་ནི། །དམ་ཚིག་བཞི་ནི་བསྟེན་པ་སྟེ། །འདོད་ཆགས་ཁུ་བར་རྣམ་པར་བཤད། །ཕྲག་དོག་ ཁྲག་ནི་ཉིད་དག་གོ། །གཏི་མུག་རྣམ་སྣང་རྒྱལ་པོ་སྟེ། །ཞེ་སྡང་དྲི་ཆུར་བཅས་པ་ཡིན། །དམ་ཚིག་བཞི་ཡི་རྣལ་འབྱོར་གྱིས། །དམ་ཚིག་བཞི་ལ་སྤྱད་པ་པོས། །དང་པོ་སྦྱོར་བ་འགྲུབ་འགྱུར་ཞིང་། །རྡོ་རྗེ་ སེམས་དཔའ་དང་མཉམ་འགྱུར། །བྲིས་སྐུ་གཞུག་པའི་རྣལ་འབྱོར་གྱིས། །དམ་ཚིག་དེ་ཉིད་བསྒྲུབ་བྱ་སྟེ། །སྟོང་པའི་རྡོ་རྗེ་བརྗོད་བྱ་སྟེ། །ཡེ་ཤེས་སེམས་དཔའ་རྣམ་པར་བསམ། །མདོར་བསྡུས་པ་ནི་ སྔགས་བཟླས་བྱ། །ཧཱུྃ་བྷྱོ་སྔགས་ནི་བརྗོད་པར་བྱ། །དངོས་པོས་བསྒོམ་པས་བསྒོམ་པར་བྱ། །སྤྲོ་དང་སྡུད་པར་བྱེད་པའོ། །བདུད་བཞི་གཞན་ལས་བརྒྱད་པ་ཡི། །གོ་ཆ་མཚོན་ཆ་འདི་ཡིས་བཅིང་། ། ར་བ་ཕུར་བུ་གུར་སོགས་ཀྱིས། །ཕྱོགས་བཞི་ལ་སོགས་བཅིང་བར་བྱ། །ཁམས་བཞི་པོར་ནི་ཡང་དག་འབྱུང་། །བདུད་བཞི་པོ་ནི་རྣམ་པར་བརྗོད། །བད་ཀན་ཤ་དང་རྐང་དག་དང་། །རུས་པའི་ཁམས་ ལ་ཡང་དག་འབྱུང་། །སྤྱན་དང་བདག་མ་སྒྲོལ་མ་དང་། །གོས་དཀར་ལ་སོགས་བཞི་པའོ། །ཁམས་བཞི་དག་ནི་རྣམ་དག་པ། །སྦྱོར་བ་དང་པོར་བརྗོད་པའོ། །བརྩོན་ཆེན་ཞེས་སུ་རྣམ་བཤད་པ། ། རླུང་དང་མེ་ནི་མཆོག་ཡིན་ཏེ། །དེ་ལ་དབུས་སུ་ཡང་དག་གནས། །ཛཱ་ཏ་རི་ཡི་རང་བཞིན་མིང་། །དབྱིབས་དང་ཁ་དོག་སྣ་ཚོགས་པ། །ཁ་དོག་མེད་པར་རབ་ཏུ་གྲགས། །དབྱངས་དང་ཡི་གེའི་ཚུལ་ 86-1-257b དག་དུ། །དབྱངས་མེད་ཡི་གེ་མེད་པའོ། །ཚངས་མིན་ཁྱབ་འཇུག་དྲག་པོ་མིན། །ནམ་མཁའ་མིན་ཞིང་འདོད་པ་མིན། །ཟླ་བ་མིན་ཞིང་སྐར་མ་མིན། །ཉི་མ་མིན་ཞིང་རླུང་ཡང་མིན། །གནོད་སྦྱིན་སྲིན་པོ་ལྷ་ མིན་མིན། །འབྱུང་པོ་ཡི་དགས་ཉིད་མིན་ཅིང་། །སྣོད་དང་བཅུད་ནི་སྣ་ཚོགས་དང་། །ཁམས་གསུམ་པོ་ནི་མ་ལུས་ལ། །བདག་ཉིད་ཆེན་པོ་དེ་ཡིས་ཁྱབ། །བེམས་པོ་ཉིད་ལ་ཡིད་ཀྱིས་རྟོགས། །དེ་ཉིད་འཇིག་ རྟེན་པ་རུ་འགྱུར། །ཚངས་པ་ཁྱབ་འཇུག་དབང་ཕྱུག་ཆེ། །ཟླ་བ་གཟའ་ཟིན་སྐར་མ་ལྷ། །དེ་ཉིད་ཐམས་ཅད་བདེ་བ་ཆེ། །རྡོ་རྗེ་འཛིན་པ་རྣམ་སྣང་མཛད། །པད་མ་ཉི་མ་ཁྲག་འཐུང་རྟ། །རྡོ་རྗེ་རྣལ་འབྱོར་ཕོ་ཉ་མོ། ། དེ་ཉིད་རྡོ་རྗེ་བདེ་ཆེན་པོ། །རྡོ་རྗེ་རྡོ་རྗེ་འཛིན་པ་ཉིད། །དེ་བཞིན་པད་མ་པད་མ་འཛིན། །ནོར་བུ་ནོར་བུ་འཛིན་པ་ཉིད། །རིགས་འདི་རྣམས་སུ་བསྒྱུར་བའོ། །དེ་ཉིད་དཀྱིལ་འཁོར་བྲི་བ་ཉིད། །རྡུལ་ཚོན་ཁ་དོག་ལྔ་ པའོ། །དེ་ཉིད་སྔགས་སུ་རབ་ཏུ་བྱ། །ཧཱུྃ་ཧཱུྃ་ཕཊ་ཀྱི་ཡི་གེ་ཉིད། །དམྱལ་བ་དུད་འགྲོ་ཡི་དགས་དང་། །ལྷ་དང་མི་དང་ལྷ་མིན་དང་། །རྨོངས་པའི་སེམས་སུ་གྱུར་པ་ཡིས། །འཁོར་བ་འདི་རུ་འཁོར་བར་འགྱུར། །རྣལ་ འབྱོར་ཆེན་པོ་མདོར་བསྡུས་པ། །རྡོ་རྗེ་ཅན་ལ་གནས་པའོ། །ལྷ་མོ་ཆེན་མོ་སླར་ཡང་དྲི། །འགྲོ་དང་འོང་བ་ཇི་ལྟར་འགྱུར། །གནས་ནས་འདི་ཡི་སེམས་དག་ནི། །སྐྱེ་བ་ཇི་ལྟར་བརྗོད་པ་ཡིན། །ཁུ་བ་ཇི་ ལྟར་གཟུགས་སུ་འགྱུར། །སྐྱེ་བོའི་སྐྱེ་བ་ཇི་ལྟར་ཡིན། །དེ་ཡི་གཟུགས་ཀྱི་སྐྱེ་མལ་ནི། །ཁྲག་ལས་ཇི་ལྟར་འབྱུང་བ་ལགས། །འབྱུང་བ་རྣམས་ཀྱི་འབྱུང་བ་ཅི། །དེ་ཡི་སྐྱེ་བ་ཇི་ལྟར་ལགས། །ས་དང་ ཆུ་དང་དེ་བཞིན་མེ། །རླུང་དང་ནམ་མཁའ་ཉིད་དང་ནི། །སྐྱེ་གནས་ཀུན་ལ་ཆགས་པ་ནི། །དངོས་པོ་རྣམ་པ་ཇི་ལྟར་ཁྱབ། །ཞི་བའི་གཟུགས་ནི་ཇི་ལྟར་ཡིན། །ཐམས་ཅད་དུ་ནི་ཇི་ལྟར་སྐྱེ། །འདི་ 86-1-258a རྣམས་ཡང་དག་བཤད་པ་ནི། །ལྷ་མོ་བདེན་པར་བདག་ལ་གསུངས། །ཇི་ལྟར་དེ་བཞིན་རྡོ་རྗེ་ཉོན། །སེམས་ཅན་ཀུན་གྱི་བསྐྱེད་པ་དག །འཁོར་བར་ཡང་དག་བསྲུབས་པ་ལས། །དིང་འདིར་ ཐབས་ཀྱིས་འདི་འགྱུར་རོ། །ཐོག་མ་ཐ་མ་མེད་དུས་སུ། །སེམས་ཅན་ཐམས་ཅད་ཡང་དག་འབྱུང་། །རྒྱ་མཚོ་འཁྲུགས་སོགས་གཏིང་གི་བར། །བློ་གྲོས་ཆེན་པོ་བསྲུབས་པ་ཡིན། །དེ་ལས་དེ་དག་སྐྱེ་ བར་འགྱུར། །ས་ཡི་ཁམས་དང་ཡང་དག་ལྡན། །མེ་ཡིས་མཉམ་པར་ངེས་པར་བསྲུབས། །ཆུ་དང་རླུང་གི་བྱེ་བྲག་གོ། །ཡིད་ཀྱིས་དེ་རུ་རབ་ཞེན་པ། །མངལ་ནི་གཟུང་ཞིང་བླངས་པ་སྟེ། །དེ་ནི་འཁོར་བར་ འཁོར་བར་འགྱུར། །དགའ་བ་མྱ་ངན་ལྡན་པ་སྟེ། །དེ་ལས་འབྱུང་བར་འགྱུར་བ་ནི། །སོ་སོར་སྐྱེ་བ་སྨྲ་བ་སྟེ། །དེ་བཞིན་ཆོས་དག་ཟབ་མོ་ཉིད། །སངས་རྒྱས་རྣམས་ཀྱིས་སངས་རྒྱས་བརྗོད། །དེ་ཉིད་འདི་ རྣམས་མཉམ་བཤད་པ། །སུམ་བཅུ་པ་སྟེ་རྙེད་པར་དཀའ། །རྣལ་འབྱོར་མ་བཞིའི་ཁ་སྦྱོར་ལས་དེ་ཁོ་ན་ཉིད་ཀྱི་མན་ངག་སྦྱོར་བ་བཞིའི་ཆ་ཞེས་བྱ་བ་སྟེ་བརྟག་པ་བཞི་པའོ།། །། དེ་ནས་ཡང་དག་བཤད་ བྱ་བ། །སྦྱིན་སྲེག་ལས་ནི་རབ་ཏུ་བསྒྲུབ། །སྦྱིན་སྲེག་རྣམ་པ་གཉིས་སུ་གསུངས། །ཕྱི་དང་ནང་དུ་ཡང་དག་གནས། །ཕྱི་རུ་ཇི་ལྟར་གསུངས་པ་ལགས། །ནང་དུ་ཡང་ནི་དེ་ལྟར་འགྱུར། །ཉོན་ཅིག་རྡོ་རྗེ་ ནང་གི་ནི། །ཇི་བཞིན་སྦྱིན་སྲེག་རབ་བསྒྲུབ་བྱ། །མེ་ཆེན་པོ་དག་རབ་ཏུ་སྦར། །རྣམ་རྟོག་མེད་པའི་སྦྱིན་སྲེག་བྱ། །བཟའ་བ་བཏུང་བ་གང་ཡང་རུང་། །དེ་རུ་ཐམས་ཅད་སྦྱིན་སྲེག་བྱ། །བསྲེག་རྫས་རང་ བཞིན་གསུངས་པ་དག །གཟུགས་ཕུང་ལ་སོགས་ལྔ་པོ་དག །རྣམ་རྟོག་མེད་པའི་སྦྱིན་སྲེག་བྱ། །དེ་དག་ཐམས་ཅད་སེམས་ལས་བྱུང་། །ཁྲག་དང་ཁུ་བ་དེ་བཞིན་ཤ །དྲི་ཆེན་དྲི་ཆུ་ལྔ་པོ་དག །རྣམ་རྟོག་ 86-1-258b མེད་པར་བཟའ་བར་བྱ། །བློ་ལྡན་རང་བཞིན་མེད་པས་སོ། །གཏི་མུག་ང་རྒྱལ་དེ་བཞིན་ཆགས། །ཞེ་སྡང་དེ་བཞིན་འདོད་ཆགས་ཉིད། །ཕྲག་དོག་སེར་སྣ་ཕྲ་མ་དག །དམ་ཚིག་དེ་ཉིད་དྲི་མ་མེད། །ཇི་ལྟར་ཉི་མ་ འབར་བ་བཞིན། །དེ་ལྟར་དྲི་མ་མེད་པར་འགྱུར། །ཇི་ལྟར་སྟོན་གྱི་ཟླ་གསལ་བ། །དེ་ལྟར་འདི་ཡི་དབུས་གསལ་ཡིན། །འདོད་ཆགས་ཆེན་པོར་འགྱུར་བ་ཡིན། །རྡོ་རྗེ་སྣང་བྱེད་སྒྲོན་མ་བཞིན། །དེ་ཉིད་ཐར་པར་ གསུངས་པ་སྟེ། །བླ་མེད་གོ་འཕང་ཐོབ་པར་འགྱུར། །སྦྱིན་སྲེག་འདི་ལ་རབ་གནས་ན། །ལྷ་རྣམས་དགའ་བས་ཚིམ་པ་ཡིན། །སྦྱིན་སྲེག་ལས་ནི་རབ་གསུངས་ནས། །རབ་གནས་དག་ནི་བརྗོད་པར་བྱ། ། སྔོན་གྱི་རྣལ་འབྱོར་ལ་གནས་ནས། །དེ་ནས་རབ་གནས་བྱ་བ་སྟེ། །རབ་གནས་སྐུ་སོགས་ཐང་ཀ་དང་། །རྣལ་འབྱོར་ཅན་གྱིས་གླེགས་བྃ་སྟེ། །དཔལ་ལྡན་གཡོན་གྱིས་དྲིལ་བུ་འཛིན། །གཡས་ཀྱིས་རྡོ་རྗེ་ ཡོངས་སུ་གཟུང་། །དོན་ཀུན་རྣལ་འབྱོར་ཀུན་གྱིས་ནི། །མཛེས་པར་སྐུ་གཟུགས་མཆོད་པར་བྱ། །ཤ་དང་ཆང་དག་རབ་ཏུ་བཀང་། །རོ་ཡི་སྟེང་དུ་ཡང་དག་གནས། །པར་པ་ཊི་ཀཱ་ཤྃ་ཀུ་ལི། །མཆོད་པ་ཀུན་ གྱིས་དགྱས་པར་བྱ། །མེ་ཏོག་སྤོས་དང་མར་མེ་དང་། །དྲི་ཉིད་དང་ནི་རྣམ་པ་བཞི། །གླུ་དབྱངས་དེ་བཞིན་གར་དག་དང་། །སྒྲུབ་པོས་པ་ཊ་ཧ་སོགས་ཏེ། །སྐུ་ལ་སོགས་པ་འདི་རྣམས་ལ། །རབ་གནས་ ཆེན་པོ་བྱ་བ་ཡིན། །ཡ་ཨིཾ་ཨཾ་ཧིཾ་ཡ་ཨི་ཨྃ། །ཛེ་ཨིཛྫ་ཨི་མཱ་ཨ་ཨུྃ། །མཱ་ཨ་ཨུྃ་མཱ་ཨ་དྷ་མྨུ་པཱ། །བིཛྫ་ཨི་ཙིཏྟ་ཡྃ་མུ། །ཙིཎྚི་ཛྫ་ཨཻ་ས་ཨེ་ལ། །སཏྟྲཱ་ཏྠུ་ཀི་རི་ཛྫ་ཨི། །གླུ་འདི་དག་ནི་བླངས་པ་ཡིས། །དབང་རྣམས་ ཀུན་ཀྱང་བླང་བ་སྟེ། །ཆོས་རྣམས་ཐམས་ཅད་ཡང་དག་རྫོགས། །དེ་བཞིན་གཤེགས་པ་ཀུན་གྱི་གཞི། །མཆོད་པ་ཀུན་གྱི་སྤྲིན་ཆེན་མོ། །སྤྲོ་ཞིང་བསྡུ་བར་བརྗོད་པའོ། །ང་ཡིས་རབ་གནས་བཤད་པ་ 86-1-259a ནི། །རྒྱུད་གཞན་ལས་ནི་རྙེད་པར་དཀའ། །རྣལ་འབྱོར་མ་བཞི་ཡི་ཁ་སྦྱོར་ལས་སྦྱིན་སྲེག་རབ་གནས་ཀྱི་བརྟག་པ་སྟེ་ལྔ་པའོ།། །། དེ་ནས་མདོར་བསྡུས་རབ་བཤད་པ། །དེ་ཉིད་གཏན་ལ་དབབ་ པའི་མཆོག །རྟག་ཏུ་སེམས་ནི་རྣམ་རྟོག་མེད། །རྣམ་རྟོག་བཅས་པས་ཅི་ལྟར་འགྱུར། །ཅི་ལྟར་མེ་དག་རབ་འབར་བ། །རྟག་ཏུ་ཤིང་རྣམས་ཚིག་པར་བརྗོད། །དེ་ལ་ཚིག་པ་ཤིང་རྣམས་ཏེ། །འདི་ཡིས་ཚིག་པར་ མཐོང་བ་ཡིན། །དེ་ཡིས་ཚིག་པ་ཇི་བཞིན་དུ། །བློ་ལྡན་རྣམ་རྟོག་མེད་པ་ཡིས། །ཕུང་པོ་ལྔ་ཡི་ཤིང་རྣམས་ཏེ། །དེ་བཞིན་གཟུགས་ཀྱི་ཕུང་པོ་ཉིད། །རུས་པ་རྐང་དང་བད་ཀན་དང་། །ཁྲག་དང་ཁུ་བ་དྲི་ཆེན་དག ། མིག་གཉིས་དེ་བཞིན་རྣ་བ་དང་། །དེ་བཞིན་དུ་ནི་སྣ་ཉིད་དང་། །ས་དང་ཆུ་དང་དེ་བཞིན་མེ། །རླུང་དང་ནམ་མཁའ་ཉིད་དག་དང་། །འབྱུང་བ་ལྔ་པོ་ཐམས་ཅད་ལ། །དེ་ཉིད་ཉི་ཤུ་རྩ་ལྔ་དག །དེ་ཡི་གནས་ནི་བྱེ་བྲག་ཏུ། ། ང་ཡིས་བྱེ་བྲག་བརྗོད་པ་སྟེ། །ལྟེ་བར་གནས་པའི་འཁོར་ལོ་ཆོས། །འདབ་མ་དྲུག་བཅུ་བཞི་དང་ལྡན། །ཤེས་རབ་གནས་སུ་རབ་ཏུ་གསུངས། །ཟླ་བའི་གཟུགས་བཞིན་གསལ་བ་སྟེ། །དེ་ཡི་དབུས་སུ་གནས་ པ་དག །མེ་ལྟ་བུར་ནི་འབར་བ་ཡིན། །མེ་ཆེན་དེ་ནི་འབར་བ་སྟེ། །དེ་ཡི་རྩེ་མོ་མཐོང་བ་ནི། །དེ་ཡིས་དེ་ནི་གཟུགས་མཐོང་ཡིན། །དངོས་པོ་ཐམས་ཅད་གཟུགས་འཛིན་པ། །བློ་ཡི་གནས་སུ་གསུངས་ཤིང་ བརྗོད། །ཧཱུྃ་ཡིག་ང་རོ་ཚུལ་འཛིན་པ། །རྡོ་རྗེ་ཅན་ནི་རྟག་ཏུ་འབྱུང་། །རྡོ་རྗེ་འཛིན་ཆེན་གཟུགས་བཞིན་ནོ། །རླུང་གིས་བསྐྱོད་པ་མེ་ཡིན་ཏེ། །དེ་ཡི་དབུས་སུ་རབ་ཏུ་གྲགས། །གང་ཞིག་རི་བོང་ཅན་གཟུགས་ གསུངས། །ཤེས་རབ་དེ་ཉིད་མདོར་བསྡུས་སོ། །ཇི་ལྟར་ཉི་མར་རབ་ཏུ་བརྗོད། །རྡོ་རྗེ་འཛིན་དང་བཅས་པར་འགྱུར། །སྡེ་ཚན་བརྒྱད་ཀྱི་ཐ་མ་གཟུགས། །ཐིག་ལེ་དང་ནི་ཞབས་ཀྱུར་བཅས། །དེ་ཉིད་ཉི་མ་ཞེས་ 86-1-259b སུ་གསུངས། །འོད་ཟེར་འབར་བའི་ཕྲེང་བ་ཅན། །དེ་ཡི་དབུས་སུ་ཡང་དག་འབྱུང་། །རྡོ་རྗེ་ཅན་གནས་མཉམ་པར་འགྱུར། །ཇི་ལྟར་གཉིད་ཀྱིས་གཟུང་བ་ནི། །ཅུང་ཟད་ཀྱང་ནི་མཐོང་བ་མེད། །གཟུགས་ལ་སོགས་ པའི་གཟུང་བ་དག །ལངས་ན་རྟག་ཏུ་མཐོང་བ་ཡིན། །དེ་རུ་ཐབས་ནི་བསྒོམ་པ་ཡིན། །དེ་ཡི་རང་བཞིན་མཆོག་ཏུ་གྲགས། །སེམས་ཅན་ཐོགས་མེད་བདེ་ཆེན་བརྗོད། །དེ་རུ་དེར་གནས་དངོས་པོ་ཡིས། །ཤེས་ རབ་ཕ་རོལ་ཕྱིན་པ་གསལ། །དེ་ཕྱིར་དེ་ཉིད་དངོས་པོ་ཡིས། །བློ་ལྡན་སེམས་ཀྱིས་དེ་ཉིད་གསུངས། །སེམས་ནི་རྣམ་པར་དག་པ་སྟེ། །འཁོར་བའི་རྒྱ་མཚོར་འཁྱམ་པར་འགྱུར། །སྔགས་པ་གར་ འདོད་འགྲོ་བ་ཡིན། །སྐད་ཅིག་གིས་ནི་གནས་པར་འགྲོ། །འདོད་ཆེན་རྣམས་ནི་ཆགས་པར་འགྱུར། །དྲག་པོ་རྣམས་ལ་དྲག་པོ་མཚོན། །ཞི་བ་རྣམས་ལ་ཞི་བ་སྟེ། །འདི་ནི་མདུན་རྒྱལ་མཐུ་རྩལ་ལས། ། ཇི་ལྟར་འདི་རུ་པད་མ་རིམ། །འདོད་ཆགས་སྐྱོན་གྱིས་གོས་མི་འགྱུར། །སྣ་ཚོགས་བག་ཆགས་སྐྱོན་མི་ཆགས། །ཁམས་གསུམ་པོ་ནི་དེ་བཞིན་དག །སྟོང་པ་མ་ཡིན་མི་སྟོང་མིན། །དབུ་མ་ཉེ་བར་ ཐོབ་པའོ། །ཤེས་རབ་ཕ་རོལ་ཕྱིན་རྣལ་འབྱོར། །ཐབས་ནི་སྙིང་རྗེའི་བདག་ཉིད་དོ། །འདི་ནི་བྱང་ཆུབ་སེམས་རྡོ་རྗེ། །སེམས་དང་སེམས་བྱུང་རང་བཞིན་གྱིས། །དངོས་པོ་མེད་པར་བསྒོམ་པའི་དངོས། ། དེ་ལ་བསྒོམ་པར་བརྗོད་པ་མིན། །ཕྲེང་བ་མེད་ཅིང་བྱ་བ་མེད། །སྤུངས་པ་མེད་པར་བརྗོད་པ་སྟེ། །རྣལ་འབྱོར་འདི་ལ་གནས་པ་ནི། །དབུ་མའི་མཆོག་གི་གོ་འཕང་ངོ་། །བླ་ན་མེད་པའི་ཡེ་ཤེས་ནི། །བླ་ མེད་ཞེས་ནི་རིམ་པ་མེད། །འདིས་ནི་འཁོར་བ་རྣམ་པར་གྲོལ། །ཕྱྀར་མི་ལྡོག་པའི་གོ་འཕང་མཆོག །རྡོ་རྗེ་སེམས་དཔའ་ཞེས་སུ་གསུངས། །དེ་ཡིས་རྡོ་རྗེ་སེམས་དཔའ་འགྲུབ། །སྐྱེ་བ་འདི་ལ་གྲུབ་ 86-1-260a པ་སྟེ། །རྡོ་རྗེ་སེམས་དཔའ་དང་མཉམ་འགྱུར། །ཁྲག་དང་ཁུ་བ་བཟའ་བ་སྟེ། །དྲི་ཆེན་དྲི་ཆུ་ཤ་དང་ལྔ། །དེ་ཡི་ཚེ་ནི་རྒྱས་པར་འགྲོ། །རྡོ་རྗེ་སེམས་དཔའ་དང་མཉམ་འགྱུར། །བ་ཧུ་བི་ཧ་ཧཱུྃ་ཀཱ་ར་ ག་ཏི་བ་ཧཱུྃ་བི་ཧ། རཱུ་པ་དྷཱ་རི་ཎེ་བ་ཧཱུྃ་བི་དྷ་ནཱ་ནཱ་རཉྫི་ཏ། བ་ཧཱུ་བི་ཧ་བྲྀ་ཏྱ་གཱི་ཏདྱ། བ་ཧུ་བི་ཧ་ཛི་བ་སནྟ་ཏྱ་ཤེ། ཥཿནི་ཤེ་ཥ་ས་ཏྭ་བི་ན་ཡ་བི་དི་གྦྷན་ས་མ་ར་སྟུ་བི་ཤུདྡྷེ་ཧཿཧཿཧཿཧཿཧོཿ། ཨ་ཧཻ་སམྦ་རེ་སིཛྫྷ་མ་ཧཱུྃ་ཨ་ཧོ། ཤུྃ་ཧ་ ཧཱུྃ་རེ་ཨུ་པ་རཱུ་ཨ་ལ་ལ་ལ་ལ་ཧོཿ གླུ་འདི་དག་ནི་བླངས་པ་སྟེ། །བརྟག་པ་ཀུན་གྱི་བླ་ན་མེད། །དེ་ཡི་ཚེ་ནི་རྒྱས་པར་འགྲོ། །རྡོ་རྗེ་སེམས་དཔའ་དང་མཉམ་འགྱུར། །རྣལ་འབྱོར་མ་བཞིའི་ཁ་སྦྱོར་ལས་དེ་ཁོ་ན་ཉིད་ གཏན་ལ་དབབ་པ་ཞེས་བྱ་བ་སྟེ་བརྟག་པ་དྲུག་པའོ།། །། དེ་ནས་ཡང་དག་བཤད་བྱ་བ། །དེ་ཉིད་རྣལ་འབྱོར་ཐམས་ཅད་ནི། །སྦྱིན་དང་ཚུལ་ཁྲིམས་བརྩོན་དེ་བཞིན། །བསམ་གཏན་བཟོད་པ་ཤེས་རབ་དང་། ། སྟོབས་དང་དེ་བཞིན་ཐབས་དང་ནི། །སྨོན་ལམ་ཡེ་ཤེས་ཡང་དག་འབྱུང་། །ཕ་རོལ་ཕྱིན་པ་བཅུ་རྫོགས་པ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྦྱིན་པ་རྣམ་པ་བཞི་རུ་གསུངས། །ཚུལ་ཁྲིམས་གསུམ་ གྱི་ངོ་བོ་ཉིད། །བསམ་གཏན་རྣམ་བཞིར་གསུངས་པ་སྟེ། །བརྩོན་འགྲུས་རྣམ་པ་ལྔ་རུ་འགྱུར། །བཟོད་པ་རྣམ་པ་བཅུར་ཤེས་བྱ། །ཤེས་རབ་རྣམ་པ་དྲུག་དུ་འགྱུར། །སྟོབས་ནི་རྣམ་བཅུ་རབ་ཏུ་གསུངས། ། ཐབས་ནི་རྣམ་པ་ལྔར་འགྱུར་ཏེ། །སྨོན་ལམ་གཉིས་སུ་ཤེས་བྱ་སྟེ། །ཡེ་ཤེས་རྣམ་ལྔར་གནས་པའོ། །ཆོས་དང་མི་འཇིགས་རྫས་དང་བྱམས། །སྦྱིན་པ་རྣམ་པ་བཞི་པོ་ནི། །སྦྱིན་པའི་ཕ་རོལ་ཕྱིན་པའོ། ། ངར་འཛིན་མེད་ཅིང་ཁེངས་པ་བྲལ། །བདེན་པ་གཉིས་མེད་གནས་པ་ནི། །ཚུལ་ཁྲིམས་རྣམ་གསུམ་བརྗོད་པ་ནི། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་གསུངས། །གང་གིས་རྣལ་འབྱོར་མ་གཉིས་དང་། །ཕྱི་ཡི་ 86-1-260b རྣམ་པ་གཉིས་སུ་གསུངས། །བསམ་གཏན་ཕ་རོལ་ཕྱིན་པ་ནི། །དྲི་ཆེན་དྲི་ཆུ་དེ་བཞིན་ཤ །ཁྲག་དང་ཁུ་བར་ཡང་དག་འབྱུང་། །འདི་རྣམས་བརྩོན་འགྲུས་ལྔ་པོ་ནི། །དམ་ཚིག་སྒྲ་ཡིས་བརྗོད་པའོ། །ཚིག་རྩུབ་ བརྫུན་དང་ངག་འཁྱལ་དང་། །ཆགས་སྡང་ཞེ་སྡང་ཕྲག་དོག་དང་། །ང་རྒྱལ་ཁྲོ་དང་དེ་བཞིན་དབྱེན། །འདི་བཅུ་རྣམ་པར་བཤད་པ་ནི། །རྡོ་རྗེ་ཅན་ནི་བཟོད་བཅས་འགྱུར། །ཡང་དག་ལྟ་བ་ཡང་དག་རྟོག །ཡང་དག་ ངག་དང་ཡང་དག་ལས། །ཡང་དག་འཚོ་དང་ཡང་དག་རྩོལ། །བདག་གིས་མདོ་རུ་བསྡུས་ནས་ནི། །ཤེས་རབ་རྣམ་པ་དྲུག་དུ་བརྗོད། །དག་པའི་སྟོབས་དང་དྲན་པའི་སྟོབས། །ཏིང་འཛིན་སྟོབས་དང་ཤེས་རབ་ སྟོབས། །ལུས་ཀྱི་སྟོབས་དང་ངག་གི་སྟོབས། །ཡེ་ཤེས་སྟོབས་དང་སྨོན་ལམ་སྟོབས། །བརྩོན་འགྲུས་ཀྱི་ནི་སྟོབས་རྣམས་ཏེ། །འདི་རྣམས་སྟོབས་ནི་བཅུ་པའོ། །མ་སྐྱེས་པ་ཡི་དགེ་བ་བསྐྱེད། །སྐྱེས་ པའི་མི་དགེ་ཡང་དག་སྤོང་། །མི་དགེ་མ་སྐྱེས་མི་བསྐྱེད་དང་། །དགེ་བ་སྐྱེས་པ་འཕེལ་བ་སྟེ། །བཞི་པོ་ཐམས་ཅད་ཆོས་རྣམས་ཀྱི། །དགེ་བའི་ཆོས་རྣམས་གསུངས་པ་ནི། །རྫོགས་པར་བྱེད་པ་ཉིད་དག་གོ། ། སྨོན་ལམ་རྣམ་པ་གཉིས་སུ་གནས། །མེ་ལོང་མཉམ་ཉིད་སོ་སོར་རྟོག །བྱ་གྲུབ་ཆོས་དབྱིངས་རྣམ་པར་དག །ཡེ་ཤེས་རྣམ་པ་ལྔ་རུ་འགྱུར། །འདི་རྣམས་བཅུ་བཞི་པོ་དག་ནི། །ཕ་རོལ་ཕྱིན་པ་མདོར་ བསྡུས་པ། །བདག་གིས་དེ་ཉིད་བརྗོད་པ་སྟེ། །རྡོར་ཅན་ཉོན་ཅིག་གཏན་ལ་དབབ། །བཅུ་གཉིས་མཐའ་དང་དགུ་ཡི་མཐའ། །མགོ་ནས་རྐང་པའི་མཐིལ་བར་དུ། །དེ་ཡི་དབུས་སུ་ངེས་འགྱུར་བ། །ལྟེ་ བའི་དབུས་སུ་རྣམ་པར་གནས། །རྟག་ཏུ་ཤར་བར་འགྱུར་བ་སྟེ། །འདི་རུ་རྡོ་རྗེ་ཅན་གྱིས་མཐོང་། །ལུས་ངག་སེམས་ཀྱི་དབུས་དག་ཏུ། །འབར་བའི་ཕྲེང་བ་འབར་བའོ། །སྟེང་གི་སྒོ་རུ་རྟག་གནས་པའོ། ། 86-1-261a ཉི་མའི་འོད་ཟེར་ཕྲེང་བ་ཅན། །ཅུང་ཟད་ལུས་ལས་མཐོང་བ་མེད། །འགལ་མེའི་འཁོར་ལོའི་གཟུགས་ཅན་ཏེ། །དེ་ཉིད་རྣལ་འབྱོར་ལམ་གྱིས་ནི། །རྟག་པའི་དུས་སུ་རྣམ་པར་གནས། །དེ་ལ་དབྱར་གྱི་ དུས་མེད་ཅིང་། །དཔྱིད་མེད་སྟོན་ཡང་ཡོད་མ་ཡིན། །དགུན་མེད་སོས་ཀྱང་མེད་པ་རུ། །རྣལ་འབྱོར་པས་ནི་རྟག་ཏུ་བསྒོམ། །སྔགས་པས་སེང་གེ་བཞིན་དུ་སྤྱོད། །སྔགས་དང་རྒྱུད་ལ་ཇི་ལྟར་གནས། །ཉ་དང་ ཤ་ནི་བཟའ་བར་བྱ། །ཆང་གི་བཏུང་བ་མཆོག་ཡིན་ནོ། །བཅུད་ཀྱིས་ལེན་གྱི་ཆོ་ག་ཡིས། །སྔགས་ནི་བརྗོད་པར་མི་བྱའོ། །མཚོན་ཆའི་གནས་ལ་དུས་རྟག་ཏུ། །མཚོན་བྱའི་མཚན་ཉིད་མཚོན་པར་བྱ། །བཅོམ་ ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་པ་ལ་འཁོར་ལྷ་དང་། མི་དང་ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།རྣལ་འབྱོར་མ་བཞིའི་ ཁ་སྦྱོར་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྫོགས་སྷོ།། །།དཔལ་ཨོཊྱི་ན་ནས་ངེས་པར་འབྱུང་བའི་རྣལ་འབྱོར་མའི་རྒྱུད་ཆེན་པོ་སྟོང་ཕྲག་བཅུ་གཉིས་པ་ལས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ རྒྱལ་པོ་ཆེན་པོ་དཔལ་ཨིནྡྲ་བྷཱུ་ཏིའི་ཞབས་ཀྱིས་བཀོལ་ཅིང་གསལ་བར་མཛད་པའོ། །བོད་ཀྱི་ལོ་ཙྪ་བ་ལ་ཆིངས་ཡོན་ཏན་འབར་གྱིས་བསྒྱུར་ཏེ། སླད་ཀྱིས་དེ་ཉིད་ཀྱི་ཚེ་པཎྜི་ཏ་གཉིས་ལ་ཡང་གཏུགས་ཏེ་གཏན་ལ་ ཕབ་པའོ།། །། །།༒།།རྒྱ་གར་སྐད་དུ། བིདྱཱ་དྷ་ར་ཎི་བཛྲ་ཡོ་གི་ནཱི་སཱ་དྷ་ན་ནཱ་མ། བོད་སྐད་དུ། རིག་པ་འཛིན་པ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ཤེས་ བྱ་བ། དེ་ནས་ཡང་དག་པར་བཤད་བྱ་བ་སྟེ། འབུམ་ཕྲག་གསུམ་པ་ལས་འབྱུང་བའི་སྒྱུ་འཕྲུལ་དྲ་བ་ཆེན་མོ་རལ་པ་གྱེན་དུ་བརྫེས་པའི་རྒྱུད་ལས་སྒྱུ་མ་ཆེན་མོ་ཞེས་བྱ་བ་སྟེ། སྙིང་ག་ནས་སྤྲོས་པས་རྨི་ལམ་ 86-1-261b ལྟ་བུའི་ལུས་དང་ལོངས་སྤྱོད་དམ་པའི་བདེ་བ་གཉིས་སུ་མེད་པར་གྱུར་པ་དང་། འདིར་དེའི་སྟེང་དུ་མ་ནིང་གི་ས་བོན་བལྟ་སྟེ། ས་བོན་དེ་ཡོངས་སུ་གྱུར་པ་ལས་དམར་མོ་ཞལ་སྟེང་དུ་ཕྱོགས་ཤིང་གྱེན་དུ་གཟིགས་པ། ཞབས་གཡོན་པ་ལ་འཁྱུད་པའི་ཐོད་པའི་ཕྲེང་བ་དང་མེ་ཏོག་གི་ཕྲེང་བ་བཅིངས་པའི་ཕྱག་ཅན་མ། མེ་ཏོག་གི་ཞགས་པ་གཡོན་པའི་ཕྱག་ནའོ། །ཞབས་གཡས་པའི་རྟིང་པ་ལ་རེག་པའི་གཡས་པ་ན་རྡོ་རྗེའི་ཕྱག་ཅན་མ་ རྒྱན་ཐམས་ཅད་སྤངས་པ་མོ། རིག་པ་འཛིན་མའི་རིག་པའི་སྦྱོར་བ་ཅན་མ། སྤྲོ་ཞིང་ཀུན་དུ་བསྡུད་པའི་ལུས་ཅན་མ། མཱནྡཱ་ར་བ་དང་། མྱ་ངན་མེད་པ་དང་། ཡོངས་སུ་འདུ་རྣམས་སྐྱེས་པར་གྱུར་པའི་རིན་པོ་ཆེ་བརྩེགས་ པའི་ཁང་པར་རབ་ཏུ་འཇུག་པར་བདག་ཉིད་བསྒོམ་པར་བྱའོ། །ཨོཾ་བྃ་རྡོ་རྗེ་ཕག་མོའོ། །ཧྃ་ཡྃ་སྔོན་མོ་གཤིན་རྗེ་མའོ། །ཧྲིཾ་མྃ་རྨོངས་བྱེད་མའོ། །ཧྲཱིཾ་ཧྲཱིཾ་ཀུན་དུ་བསྐྱོད་མའོ། །ཧཱུྃ་ཧཱུྃ་ཀུན་དུ་སྐྲག་མའོ། །ཕཊ་ཕཊ་གཏུམ་མོ་ ཡན་ལག་ཐམས་ཅད་ལ་མཚན་མའོ། །ལྟེ་བ་དང་སྙིང་ག་དང་། དེ་བཞིན་དུ་ཁ་དང་། མགོ་བོ་དང་། སྤྱི་བོ་སྟེ་འདི་མཚོན་བྱའོ། །རྣལ་འབྱོར་མ་ལྔ་པོ་འདི་རྣམས་རྡོ་རྗེ་སེམས་དཔར་བཤད་དོ། །རྡོ་རྗེ་མཁའ་འགྲོ་མའི་གོ་ཆ་ བགོས་ལ་རང་བཞིན་བསྐྱེད་པའི་གཏོར་མ་སྦྱིན་པར་བྱའོ། །ཨོཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ཨཱ་ཀཌྜྷ་ཡ་ཨཱ་ཀཌྜྷ་ཡ། པྲ་བེ་ཤཱ་ཡ་པྲ་བེ་ཤཱ་ཡ། ཏོ་ཥཱ་ཡ། ཏོ་ཥཱ་ཡ། སརྦ་ཌཱ་ཀི་ནཱི་ནཱྃ་ཧྲྃ་ད་ཡ་ཧཱུྃ་ཕཊ། ཨོཾ་སརྦ་བུད་དྷ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་ མྃ་བི་ལྃ་ཧཱུྃ་ཨོཾ། ཨོཾ་བཛྲ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་མྃ་བི་ལྃ་ཧཱུྃ་ཧཱུྃ། ཨོཾ་རཏྣ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་མྃ་བ་ལི་ཧཱུྃ་ཏྲཱྃ། ཨོཾ་པདྨ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་མྃ་བ་ལི་ཧཱུྃ་ཧྲཱིཿ། ཨོཾ་བི་ཤྭ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་མྃ་བ་ལིཾ་ཧཱུྃ་ཨཱཿ ཨོཾ་སརྦ་ཡོ་གི་ནི་པྲ་ཏཱིཙྪེ་མྃ་བི་ལྃ་ཧཱུྃ་ཧཱུྃ། ཧ་ཧ་ཧི་ཧི་བཛྲ་ཛཿཧཱུྃ་བྃ་ཧོཿ། ཨོཾ་བཛྲ་ཡོ་གི་ནི་ས་མ་ཡ་སྟྭྃ་དྲྀ་ཤྱ་རཀྵ་རཀྵ་ཧོཿ། རིག་པ་འཛིན་མའི་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་མཁས་པ་ཆེན་པོ་ཛཱ་ཡ་སེ་ནའི་ཞབས་དང་། ལོ་ཙྪ་་བ་བཙུན་བ་དྷརྨ་ 86-1-262a ཡོན་ཏན་གྱིས་བསྒྱུར་བའོ།། །། ༄༅༅། །རྒྱ་གར་སྐད་དུ། སྃ་པུ་ཊི་ནཱ་མ་མ་ཧཱ་ཏན་ཏྲ། བོད་སྐད་དུ། ཡང་དག་པར་སྦྱོར་བ་ཞེས་བྱ་བའི་རྒྱུད་ཆེན་པོ། རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །འདི་ སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་ལ་བཞུགས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ ཀྱིས་རྣལ་འབྱོར་གྱི་དབང་ཕྱུག་བྱེ་བ་ཕྲག་བརྒྱད་བཅུའི་ནང་ནས་རྡོ་རྗེ་སྙིང་པོ་ལ་གཟིགས་ཏེ་འཛུམ་བ་མཛད་དོ། །འཛུམ་བ་མཛད་མ་ཐག་ཏུ་དེའི་ཚེ་རྡོ་རྗེ་སྙིང་པོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བྱས་ ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་བ་བྱས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཡེ་ཤེས་ཀྱི་དབང་པོ་རྒྱུད་ཐམས་ཅད་ཀྱི་གླིང་གཞིའི་གསང་བ་ཡང་དག་པར་ སྦྱོར་བ་ལས་བྱུང་བའི་མཚན་ཉིད་ཉན་པར་འཚལ་ལོ། །ཨེ་མའོ་རྡོ་རྗེ་སྙིང་པོ་ལེགས་སོ་ལེགས་སོ། །སྙིང་རྗེ་ཆེན་པོ་ལེགས་སོ་ལེགས་སོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཡོན་ཏན་གྱི་ཕུང་པོ་ ལེགས་སོ་ལེགས་སོ། །གང་ཞིག་རྒྱུད་ཐམས་ཅད་དུ་གསང་བ་དེ་ཐམས་ཅད་འདོད་པས་ཞུས་ཤིག །དེ་ནས་རྡོ་རྗེ་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་རྣམས་རབ་ཏུ་འཛུམ་ཞིང་ མིག་ཕྱེ་བས་ཕྱག་འཚལ་ཏེ། རང་གི་ཐེ་ཚོམ་ཡང་དང་ཡང་དུ་ཞུས་པ། རྒྱུད་ནི་ཐམས་ཅད་ཅི་ཞེས་བརྗོད། །གླིང་གཞི་ཡང་ནི་ཇི་ལྟར་ལགས། །འདི་ལ་གསང་བ་ཅི་ཞེས་གསུངས། །ཇི་ལྟར་ཡང་ དག་སྦྱོར་བྱུང་མིང་། །དེ་ལ་མཚན་ཉིད་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རྒྱུད་དང་ཐམས་ཅད་དེ་ནི་རྒྱུད་ཐམས་ཅད་དོ། །རྒྱུད་ཐམས་ཅད་ཀྱི་སྒྲས་ནི་འདུས་པ་ལ་སོགས་ 86-1-262b པའོ། །དེ་རྣམས་ཀྱི་གླིང་གཞི་ནི་བྱུང་བར་ངེས་པ་ཞེས་བྱ་བའི་དོན་ཏོ། །ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། ཚངས་པ་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའི་ ཕྱིར་གསང་བའོ། །ཡང་དག་པར་སྦྱོར་བ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་ནོ། །དེ་ལས་བྱུང་བ་ནི་ཡང་དག་པར་སྦྱོར་བའི་ཏིང་ངེ་འཛིན་ཅེས་བྱ་བའི་དོན་ཏོ། །འབྱུང་བ་ནི་སྐྱེ་བ་སྟེ། དེ་ལྟར་ གནས་པ་དང་གཡོ་བའི་དངོས་པོའི་རང་བཞིན་གྱི་བདག་ཉིད་ཅན་དུ་གྱུར་པའོ། །མཚན་ཉིད་ཅེས་བྱ་བ་ནི་འདིས་མཚོན་པར་བྱེད་པའོ། །ཡང་ན་རྒྱུད་ཐམས་ཅད་ཀྱི་གླེང་གཞི་ཡང་དག་པར་སྦྱོར་བ་ ལས་བྱུང་བ་ཞེས་བྱ་བའི་སྒྲས་ནི་རྡོ་རྗེ་སེམས་དཔར་གསུངས་སོ། །གསང་བ་ཞེས་བྱ་བ་འདིས་ནི་མན་ངག་ཅན་གྱི་སྔགས་བཏུ་བ་དང་། དཀྱིལ་འཁོར་གྱི་ལྷ་ལ་སོགས་པའི་མཚན་ཉིད་དོ། ། ཐབས་དང་དང་ཤེས་རབ་བདག་ཉིད་རྒྱུད། །དེ་ནི་ང་ཡིས་བཤད་ཀྱིས་ཉོན། །དང་པོར་སྟོང་ཉིད་བསམས་པས་ནི། །ལུས་ཅན་རྣམས་ཀྱི་དྲི་མ་བཀྲུ། །གཟུགས་ཀྱི་ཁམས་ནི་སྟོང་པ་ཡི། །སྒྲ་ ལ་ཡང་ནི་དེ་ཡིས་བྱ། །དྲི་ཡི་ཁམས་ནི་སྟོང་པ་ཡི། །རོ་ལ་དེ་ཉིད་ཀྱིས་ནི་བྱ། །རེག་བྱའི་ཁམས་ནི་སྟོང་པ་ཡི། །ཡིད་ལ་དེ་ཉིད་ཀྱིས་ནི་བྱ། །རྡོ་རྗེ་སྙིང་པོས་གསོལ་པ། མིག་གི་རང་བཞིན་ སྟོང་པ་ཡི། །ནང་དུ་རྣམ་ཤེས་ཇི་ལྟར་ལགས། །རྣ་བའི་རང་བཞིན་སྟོང་པ་ཡི། །ནང་དུ་རྣམ་ཤེས་ཇི་ལྟར་ལགས། །སྣ་ཡི་རང་བཞིན་སྟོང་པ་ཡི། །ནང་དུ་རྣམ་ཤེས་ཇི་ལྟར་ལགས། །ལྕེ་ཡི་རང་ བཞིན་སྟོང་པ་ཡི། །ནང་དུ་རྣམ་ཤེས་ཇི་ལྟར་ལགས། །ལུས་ཀྱི་རང་བཞིན་སྟོང་པ་ཡི། །ནང་དུ་རྣམ་ཤེས་ཇི་ལྟར་ལགས། །ཡིད་ཀྱི་རང་བཞིན་སྟོང་པ་ཡི། །དབུས་སུ་རྣམ་ཤེས་ཇི་ལྟར་ལགས། ། 86-1-263a དེ་ཕྱིར་གཟུགས་མེད་ལྟ་བ་མེད། །སྒྲ་མེད་ཐོས་པ་པོ་ཡང་མེད། །དྲི་མེད་སྣོམ་པ་པོ་ཡང་མེད། །རོ་མེད་མྱོང་བ་པོ་ཡང་མེད། །རེག་མེད་རེག་པ་པོ་ཡང་མེད། །སེམས་མེད་སེམས་ལས་ བྱུང་བའང་མེད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གཉིས་མེད་གཉིས་ནི་རྣམ་སྤངས་པའི། །དེ་ཉིད་ལམ་ནི་ཇི་བཞིན་ཉོན། །རྟོག་གེ་མེད་ཅིང་རྣམ་ཤེས་མེད། །དེ་བཞིན་རྟོག་གེ་བསམ་མི་ རྟོགས། །སངས་རྒྱས་ཀུན་གྱི་གསང་བ་ནི། །ནམ་མཁའ་ལྟ་བུར་མཉམ་བ་ཉིད། །ཉན་ཐོས་རྣམས་ཀྱིས་མི་ཤེས་ཏེ། །མི་ཤེས་པ་ཡི་མུན་པས་བསྒྲིབས། །བག་ཆགས་སད་པའི་ཡེ་ཤེས་གང་། །རང་རྒྱལ་རྣམས་ ཀྱི་སྤྲུལ་པའོ། །གསང་བ་སངས་རྒྱས་སྤྱོད་ཡུལ་ཉིད། །དེ་རྣམས་ཀུན་གྱིས་མི་ཤེས་སོ། །འཁོར་བའི་རྒྱ་མཚོའི་འཇིགས་པ་ལས། །རྒལ་བར་འགྲོ་བའི་སེམས་ཀྱིས་ནི། །ལུས་ཀྱི་དབུས་སུ་བསྐོར་ བ་ཡི། །རྒལ་བ་མཚོན་པར་གསུངས་པ་སྟེ། །རྣམ་ཤེས་ཡེ་ཤེས་སེམས་ཀྱིས་ནི། །མཚན་ཉིད་མཚན་གཞི་མཚན་པར་བྱེད། །ཡེ་ཤེས་ཀྱིས་ནི་ཤེས་བྱ་བལྟ། །ཤེས་བྱ་རྣམས་ཀྱིས་འགྲོ་བ་བརྟག ། འགྲོ་བ་བརྟག་པའི་སེམས་ཀྱིས་ནི། །ཇི་ལྟར་རང་འདོད་ལ་སོགས་འགྲོ། །འགྲོ་བར་སྔོན་གྱི་སྐྱེ་བ་ནི། །སྟོང་ཕྲག་དུ་མ་དག་ཏུ་འགྲོ། །ཡོ་གིས་སྔར་གསུངས་མཚན་ཉིད་ཀྱི། །མཚན་ཉིད་སྟོང་པར་བསམས་ ནས་ནི། །ལུས་ཀྱི་སྟོང་པའི་ཞིང་སོགས་ལ། །བློ་དང་ལྡན་པས་ས་བོན་གདབ། །རྩ་ཡི་མཛེས་སྤྱི་ལས་བྱུང་བ། །དེ་ནི་རྡུལ་བྲལ་རབ་ཏུ་གྲགས། །དག་པའི་ཤེལ་གྱི་འོད་དང་མཉམ། །བྱང་ཆུབ་སེམས་ ནི་འོད་གསལ་བ། །ཡེ་ཤེས་ལྔ་ཡི་དངོས་དེ་ཉིད། །ཡུངས་ཀར་གྱི་ནི་སྦོམ་ཕྲ་ཙམ། །དེ་ཡི་ནང་དུ་གནས་པའི་ལྷ། །མི་གསལ་གསལ་བའི་རང་བཞིན་ཅན། །མ་མོ་ཕྱེད་པ་མཆོག་ཏུ་ཕྲ། །ཐིག་ལེའི་ 86-1-263b གཟུགས་ཀྱི་ཡིད་ཀྱི་དངོས། །སྙིང་གི་དབུས་སུ་རྟག་གནས་ཤིང་། །འོད་ཟེར་ལྡན་ཞིང་གཟི་བརྗིད་ཆེ། །བཅུ་གཉིས་མཐའ་དང་དགུ་ཡི་མཐར། །རྐང་མཐིལ་མགོ་བོ་མེད་པར་ནི། །ཐག་པ་གཅིག་ནི་རྣམ་ཕྱུང་ ནས། །ལྟེ་བའི་དབུས་སུ་རྣམ་པར་གནས། །ཆ་ནི་ལྔ་པ་ཙམ་ཉིད་ནི། །ཀླུ་དབང་དབྱིབས་སུ་རྒྱས་པ་ལ། །དེ་ཡི་ཆ་ཡང་ཕྱེ་ནས་ནི། །རྡོ་རྗེའི་དབུས་སུ་རྣམ་ཕྱུང་སྟེ། །སྐྱེ་གནས་དབུས་སུ་ས་བོན་གནས། ། ཆོས་དབྱིངས་ཁུ་བར་བྱས་ནས་ནི། །སྒོ་ནི་དགུ་པོ་ཐམས་ཅད་དུ། །དེ་ནི་རིམ་པས་འཕོ་བར་འགྱུར། །དེ་བཞིན་མེ་ནི་ཚངས་པའི་དངོས། །ས་ཡི་ས་བོན་གཉིས་ཀྱིས་ནི། །མིག་ལ་དེ་ཉིད་སྦྱར་བར་བྱ། ། རླུང་གི་སྟོང་སོགས་ས་བོན་གྱི། །སེམས་ཀྱིས་སྣ་དང་རྣ་བ་སོགས། །བདུད་རྩི་ཆུ་ཡི་ས་བོན་ལྕེ། །དབང་པོར་གཙོ་བོ་དབང་ཕྱུག་ཉིད། །མགྲིན་པར་གཏི་མུག་ས་བོན་ཏེ། །ལག་པར་ཉོན་མོངས་དེ་བཞིན་ནོ། ། གཡོ་བ་སྙིང་གི་གནས་རྣམས་སུ། །ཕྱུགས་བདག་ལྟེ་བའི་རྩ་བར་ནི། །ཡན་ལག་བརྒྱད་ཀྱི་ས་བོན་གྱིས། །ཡན་ལག་བརྒྱད་ཀྱི་ཆོ་གས་འཛིན། །བརྟན་སོགས་གཡོ་བར་བཅས་པ་ཡི། །འགྲོ་ཀུན་ཁྱབ་ པར་བྱེད་པས་ཁྱབ། །ཚངས་སོགས་ལྷ་དང་ལྷ་མིན་རྣམས། །དེ་ཡི་གདན་དུ་གྱུར་པ་ཡིན། །གང་ལ་གཙོ་བོ་སྤྱོད་གྱུར་པའི། །ཁྱིམ་ནི་བྷ་ག་ཞེས་སུ་གསུངས། །ཇི་སྲིད་ལུས་ལ་རྣམ་གནས་པ། ། དེ་ཡི་ལས་དང་ལས་མིན་འགྱུར། །དགེ་དང་མི་དགེ་གང་ཅུང་ཟད། །བྱས་པའི་ལས་ནི་ཐམས་ཅད་བྱེད། །རྣལ་འབྱོར་མཉམ་པ་ཉིད་དུ་གསུངས། །རབ་ཏུ་སྦྱོར་བ་བསྒོམ་བ་ཡིན། །གང་ཚེ་ལས་གྱི་ ལུས་བཅོམ་པ། །དེ་ལྟར་ལྷ་རུ་འགྱུར་བ་ཡིན། །གང་གིས་བརྟན་དང་གཡོ་ཁྱབ་པ། །དེས་ནི་དེ་ཚེ་རང་གིས་ནུས། །ནམ་མཁའ་ལྟ་བུར་མཉམ་ཉིད་ནི། །དེ་ཡི་ཁ་དོག་ཤེས་པར་བྱ། །མྱ་ངན་འདས་ 86-1-264a གནས་དཔའ་བོ་ནི། །གོས་པ་མེད་ཅིང་དྲི་མ་སྤངས། །མ་དང་སྲིང་མོ་ཉིད་དང་ཡང་། །བུ་མོ་དེ་བཞིན་གཉེན་མོ་དང་། །བྲམ་ཟེ་མོ་དང་རྒྱལ་རིགས་དང་། །རྗེའུ་མོ་དེ་བཞིན་དམངས་མོ་དང་། ། གར་མ་ཚོས་མ་གཡུང་མོ་དང་། །དེ་བཞིན་དུ་ནི་གདོལ་པ་མོ། །ཐབས་དང་ཤེས་རབ་ཆོ་ག་ཡིས། །དེ་ཉིད་རིག་པས་མཆོད་པར་བྱ། །ཇི་ལྟར་བྱེ་བར་མི་འགྱུར་བར། །རབ་ཏུ་འབད་པས་བསྟེན་པར་བྱ། །མ་ གསང་སྦྲུལ་དང་ཆོམ་རྐུན་སོགས། །ས་ལ་སྤྱོད་པས་སྡུག་བསྔལ་བྱེད། །རིགས་ཀྱི་དབྱེ་བས་ཕྱེ་ནས་ནི། །ཕྱག་རྒྱ་རྣམ་པ་ལྔར་ནི་གསུངས། །བྲམ་ཟེ་སྐྱེ་གཉིས་རིགས་སྐྱེས་མ། །དེ་བཞིན་གཤེགས་པ་ཉིད་ དུ་གསུངས། །རྒྱལ་རིགས་མ་ནི་རྒྱལ་པོའི་རུས། །རྨ་བྱ་ཟླ་སོགས་རིགས་ལས་སྐྱེས། །རྡོ་རྗེ་བདུད་རྩི་ཞེས་བྱར་གྲགས། །རྗེའུ་མོ་བ་གླང་སྐྱོང་བ་སྟེ། །ལས་ཀྱི་རིགས་ལས་སྐྱེས་པར་གསུངས། ། དམངས་མོ་ཡང་ནི་བྲན་མོ་སྟེ། །རྣམ་པར་སྣང་མཛད་ཆེན་པོར་གསུངས། །གར་མ་པད་མའི་རིགས་ཉིད་དོ། །ཚོས་མ་དེ་བཞིན་ལས་ཀྱི་རིགས། །གཡུང་མོ་རྡོ་རྗེའི་རིགས་སུ་བཤད། །རིན་ཆེན་གདོལ་པ་ མོར་ཤེས་བྱ། །ཕྱག་རྒྱ་ལྔར་ནི་རྣམ་པར་ངེས། །འདི་རྣམས་དེ་བཞིན་གཤེགས་པའི་རིགས། །མདོར་བསྡུས་པས་ནི་བརྗོད་པར་བྱ། །དཔལ་ལྡན་དེ་བཞིན་ཉིད་གཤེགས་ཤིང་། །དེ་བཞིན་སླར་ཡང་ གཤེགས་པ་ཉིད། །འདིས་ནི་ཤེས་རབ་རིགས་པས་ནི། །དེ་བཞིན་གཤེགས་པར་མངོན་པར་བརྗོད། །རིགས་ནི་རྣམ་པ་ལྔ་རུ་གསུངས། །རིགས་ནི་བརྒྱ་དང་མཐའ་ཡས་དང་། །སྐུ་གསུངས་ཐུགས་ ཀྱི་དབྱེ་བ་ཡིས། །ཕྱི་ནས་རྣམ་པ་གསུམ་དུ་འགྱུར། །རིགས་དང་འབྱུང་བ་ལྔ་རྣམས་དང་། །ཕུང་པོ་ལྔ་ཡི་རང་བཞིན་གྱིས། །རྡོ་རྗེ་རིན་ཆེན་པད་ནོར་བུ། །འཛིན་པའི་རིམ་པའི་རིགས་རྣམས་སོ། ། 86-1-264b སྒོམ་པ་པོ་མེད་བསྒོམ་བྱ་མེད། །སྔགས་མེད་ལྷ་ཡང་ཡོད་མ་ཡིན། །སྤྲོས་པ་མེད་པའི་རང་བཞིན་ཉིད། །སྔགས་དང་ལྷར་ནི་ཡང་དག་གནས། །རྣམ་སྣང་མི་བསྐྱོད་དོན་ཡོད་དང་། །རིན་ཆེན་དཔག་མེད་ སེམས་དཔའོ། །ཚངས་པ་ཁྱབ་འཇུག་ཞི་བ་དང་། །ཐམས་ཅད་སངས་རྒྱས་དེ་ཉིད་བརྗོད། །ཚངས་པ་སྒྲིབ་བྲལ་སངས་རྒྱས་ཉིད། །འཇུག་ཕྱིར་ཁྱབ་འཇུག་བརྗོད་པར་བྱ། །ཞི་བ་རྟག་ཏུ་དགེ་བ་སྟེ། ། ཐམས་ཅད་ཀུན་གྱི་བདག་ཉིད་གནས། །དམ་པའི་བདེ་བས་དེ་ཉིད་དེ། །དགའ་བ་རྟོགས་ཕྱིར་རྣམ་སངས་རྒྱས། །གང་ཕྱིར་ལུས་ལས་བྱུང་བ་ཉིད། །ལྷ་ཞེས་མངོན་པར་བརྗོད་པར་བྱ། །འདི་ལ་བྷ་ག་མངའ་ བའི་ཕྱིར། །བཅོམ་ལྡན་འདས་ཞེས་བརྗོད་པར་བྱ། །བྷ་ག་རྣམ་པ་དྲུག་ཏུ་བརྗོད། །དབང་ཕྱུག་ལ་སོགས་ཡོན་ཏན་ཀུན། །ཡང་ན་ཉོན་མོངས་ལ་སོགས་པ། །འཇོམས་པའི་ཕྱིར་ན་བཅོམ་ལྡན་འདས། ། གང་ཕྱིར་སྐྱེ་འགྲོ་བསྐྱེད་པའི་ཕྱིར། །ཤེས་རབ་མ་ཞེས་བརྗོད་པར་བྱ། །གང་ཕྱིར་སྐལ་བ་སྟོན་པའི་ཕྱིར། །ཤེས་རབ་དེ་ཉིད་སྲིང་མོ་ཉིད། །ཤེས་རབ་ཚོས་མར་བརྗོད་པ་ནི། །སེམས་ཅན་ཐམས་ཅད་ འཚེད་པའི་ཕྱིར། །བཙོ་བླག་མ་ཞེས་དེ་བཞིན་བརྗོད། །ཡོན་ཏན་འཇོ་བར་གསུངས་པའི་ཕྱིར། །ཤེས་རབ་བུ་མོར་བརྗོད་པར་བྱ། །སྙིང་རྗེ་ཆེན་པོས་གཡོ་བའི་ཕྱིར། །ཤེས་རབ་གར་མར་བརྗོད་པར་ བྱ། །གང་ཕྱིར་བཅོམ་ལྡན་མི་རེག་པ། །དེ་ཕྱིར་གཡུང་མོར་བརྗོད་པར་བྱ། །ཨཱ་ལི་ཀཱི་ལི་རབ་སྨྲས་པ། །བཟླས་པ་སྨྲ་བར་ཡང་དག་བཤད། །རྐང་པའི་རྗེས་ནི་དཀྱིལ་འཁོར་ཡིན། །ཉེད་ཕྱིར་དཀྱིལ་ འཁོར་བརྗོད་པར་བྱ། །ལག་པ་སྒྱུར་བ་ཕྱག་རྒྱ་ཡིན། །སོར་མོ་ཉེད་པའང་དེ་བཞིན་ནོ། །གང་ཕྱིར་རྣམ་སེམས་བསམ་གཏན་ནི། །གང་སེམས་དེ་ནི་བསམ་གཏན་ནོ། །ཕ་ལས་བདེ་བ་གང་ཐོབ་པ། ། 86-1-265a དེ་ཡི་བད་བ་རང་གིས་བཟའ། །བདེ་བ་གང་གིས་འཆིང་བ་འདིར། །དེ་ཡི་བདེ་བ་བསམ་གཏན་བརྗོད། །བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་སོགས་པའི་བསྒོམ་ པའི་དེ་ཁོ་ནའི་རབ་ཏུ་བྱེད་པ་སྟེ་དང་པོའོ།། །། དེ་ནས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་བརྗོད་པར་བྱའོ། །ནང་གི་ལུས་དང་། ཕྱིའི་ལུས་དང་། ཕྱི་ནང་གཉིས་ཀའི་ལུས་ལ་ ལུས་ཀྱི་རྗེས་སུ་བལྟ་ཞིང་གནས་པའི་ཕྱིར་ཡང་དག་པར་རབ་ཏུ་ཤེས་ཏེ། མ་རིག་པ་ལ་སོགས་པས་ཡིད་གཉིས་སུ་གྱུར་པའི་འདུལ་བའི་འཇིག་རྟེན་ལ་དྲན་པ་དང་ལྡན་པའོ། །ནང་གི་ཚོར་བ་དང་། ཕྱིའི་ཚོར་བ་དང་། ཕྱི་ནང་གཉིས་ཀའི་ཚོར་བ་ལ་ཚོར་བའི་རྗེས་སུ་ལྟ་ཞིང་གནས་པའི་ཕྱིར་ཡང་དག་པར་རབ་ཏུ་ཤེས་ཏེ། མ་རིག་པ་ལ་སོགས་པས་ཡིད་གཉིས་སུ་གྱུར་པའི་འདུལ་བའི་འཇིག་རྟེན་ལ་དྲན་པ་དང་ལྡན་པའོ། །ནང་ གི་ཆོས་རྣམས་དང་། ཕྱིའི་ཆོས་རྣམས་དང་། ཕྱི་ནང་གཉིས་ཀའི་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་བལྟ་ཞིང་གནས་པའི་ཕྱིར་ཡང་དག་པར་རབ་ཏུ་ཤེས་ཏེ། མ་རིག་པ་ལ་སོགས་པས་ཡིད་གཉིས་སུ་གྱུར་པའི་ འདུལ་བའི་འཇིག་རྟེན་ལ་དྲན་པ་དང་ལྡན་པའོ། །ནང་གི་སེམས་དང་། ཕྱིའི་སེམས་དང་། ཕྱི་ནང་གཉིས་ཀའི་སེམས་ལ་སེམས་ཀྱི་རྗེས་སུ་བལྟ་ཞིང་གནས་པའི་ཕྱིར་ཡང་དག་པར་རབ་ཏུ་ཤེས་ཏེ། མ་རིག་ པ་ལ་སོགས་པས་ཡིད་གཉིས་སུ་གྱུར་པའི་འདུལ་བའི་འཇིག་རྟེན་ལ་དྲན་པ་དང་ལྡན་པའོ། །འདི་རྣམས་ནི་དྲན་པ་ཉེ་བར་གཞག་པ་བཞིའོ། །སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ ཕྱིར་འདུན་པ་སྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཇོག་གོ། །སྨོན་ལམ་ཡང་དག་པར་འདེབས་སོ། །སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་འདུན་པ་སྐྱེད་དོ། །འབད་ 86-1-265b དོ༑ བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཇོག་གོ། །སྨོན་ལམ་ཡང་དག་པར་འདེབས་སོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་འདུན་པ་སྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། ། སེམས་རབ་ཏུ་འཇོག་གོ། །སྨོན་ལམ་ཡང་དག་པར་འདེབས་སོ། །དེ་ལྟར་དགེ་བའི་ཆོས་སྐྱེས་པ་རྣམས་གནས་པར་བྱ་བའི་ཕྱིར་ཐབས་ཚད་མེད་པས་བསྒོམས་པས་ཡོངས་སུ་གང་བའི་ཕྱིར་ཡོངས་སུ་གང་ བར་གྱུར་པས་བསྒོམ་པ་དམ་པ་འཕེལ་བར་བྱ་བའི་ཕྱིར་འདུན་པ་སྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཇོག་གོ། །སྨོན་ལམ་ཡང་དག་པར་འདེབས་སོ། །འདི་རྣམས་ནི་ཡང་དག་ པར་སྤོང་བ་བཞིའོ། །འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་བསྒོམ་པར་བྱ་སྟེ། བྱེ་བྲག་ཕྱེད་པས་ངེས་པར་འབྱུང་བ་དང་། འདོད་ཆགས་དང་བྲལ་བས་ངེས་པར་འབྱུང་ བ་དང་། འགོག་པས་ངེས་པར་འབྱུང་བ་དང་། རྣམ་པར་བྱང་བར་གྱུར་པས་བདག་གི་འདུན་པ་ནུབ་པར་འགྱུར་ཞིང་ཤིན་དུ་རབ་ཏུ་འཇོག་པ་མ་ཡིན་པའོ། །བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་ པའི་རྫུ་འཕྲུལ་གྱི་རྐང་པ་བསྒོམ་པར་བྱ་སྟེ། བྱེ་བྲག་ཕྱེད་པས་ངེས་པར་འབྱུང་བ་དང་། འདོད་ཆགས་དང་བྲལ་བས་ངེས་པར་འབྱུང་བ་དང་། འགོག་པས་ངེས་པར་འབྱུང་བ་དང་། རྣམ་པར་བྱང་བར་གྱུར་ པས་བདག་གི་བརྩོན་འགྲུས་ནུབ་པར་འགྱུར་ཞིང་ཤིན་དུ་རབ་ཏུ་འཇོག་པ་མ་ཡིན་པའོ། །དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་བསྒོམ་པར་བྱ་སྟེ། བྱེ་བྲག་ཕྱེད་པས་ ངེས་པར་འབྱུང་བ་དང་། འདོད་ཆགས་དང་བྲལ་བས་ངེས་པར་འབྱུང་བ་དང་། འགོག་པས་ངེས་པར་འབྱུང་བ་དང་། རྣམ་པར་བྱང་བར་གྱུར་པས་བདག་གི་དཔྱོད་པ་ནུབ་པར་འགྱུར་ཞིང་ཤིན་ཏུ་རབ་ཏུ་འཇོག་ 86-1-266a པ་མ་ཡིན་པའོ། །སེམས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་བསྒོམ་པར་བྱ་སྟེ། བྱེ་བྲག་ཕྱེད་པས་ངེས་པར་འབྱུང་བ་དང་། འདོད་ཆགས་དང་བྲལ་བས་ ངེས་པར་འབྱུང་བ་དང་། འགོག་པས་ངེས་པར་འབྱུང་བ་དང་། རྣམ་པར་བྱང་བས་ངེས་པར་འབྱུང་བས་བདག་གི་སེམས་ནུབ་པར་འགྱུར་ཞིང་ཤིན་དུ་རབ་ཏུ་འཇོག་པ་མ་ཡིན་པའོ། །འདི་རྣམས་ནི་རྫུ་འཕྲུལ་ གྱི་རྐང་པ་བཞི་སྟེ། འདོད་པར་དཔྱོད་པ་དང་བཅས་པའོ། །འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་དད་པར་བྱེད་དེ། རང་གི་ལས་ཀྱི་རྣམ་པར་སྨིན་པ་ལ་སོ་སོར་ཡིད་ཆེས་པར་གྱུར་པ་གང་ཞིག་དེ་ལྟར་ ལས་བྱེད་པར་འགྱུར་བ་དགེ་བའམ་སྡིག་པ་དེ་དང་དེའི་ལས་ཀྱི་རྣམ་པར་སྨིན་པ་སོ་སོར་ཉམས་སུ་མྱོང་བར་འགྱུར་བའི་ཕྱིར་དེ་ནི་འཚོ་བའི་རྒྱུར་ཡང་སྡིག་པའི་ལས་མངོན་འདུ་མི་བྱེད་པའོ། །འདི་ནི་དད་ པའི་དབང་པོར་གསུངས་སོ། །གང་ཞིག་ཆོས་རྣམས་ལ་དད་པའི་དབང་པོས་དད་པར་བྱེད་པའི་ཆོས་རྣམས་ལ་བརྩོན་འགྲུས་ཀྱི་དབང་པོས་ཤེས་པར་བྱེད་དོ། །འདི་ནི་བརྩོན་འགྲུས་ཀྱི་དབང་པོར་གསུངས་ སོ། །གང་ཞིག་ཆོས་རྣམས་ལ་བརྩོན་འགྲུས་ཀྱི་དབང་པོས་ཤེས་པ་དེའི་ཆོས་རྣམས་ནི་དྲན་པའི་དབང་པོས་རབ་ཏུ་འཇིག་པར་མི་བྱེད་པའོ། །འདི་ནི་དྲན་པའི་དབང་པོར་གསུངས་སོ། །གང་ ཞིག་ཆོས་རྣམས་ལ་དྲན་པས་རབ་ཏུ་འཇིག་པར་མི་བྱེད་པ་དེའི་ཆོས་རྣམས་ནི་ཏིང་ངེ་འཛིན་གྱི་དབང་པོས་རྩེ་གཅིག་ཏུ་བྱེད་པའོ། །འདི་ནི་ཏིང་ངེ་འཛིན་གྱི་དབང་པོར་གསུངས་སོ། །གང་ཞིག་ཆོས་ རྣམས་ལ་ཏིང་ངེ་འཛིན་གྱི་དབང་པོས་རྩེ་གཅིག་ཏུ་བྱེད་པ་དེའི་ཆོས་རྣམས་ནི་ཤེས་རབ་ཀྱི་དབང་པོས་སོ་སོར་རིག་པ་སྟེ། དེ་ནི་ཆོས་དེ་དང་དེ་རྣམས་ལ་སོ་སོར་རྟོག་པ་སྐྱེ་བར་འགྱུར་རོ། །འདི་ནི་ 86-1-266b ཤེས་རབ་ཀྱི་དབང་པོར་གསུངས་སོ། །དབང་པོ་ལྔ་པོ་འདི་རྣམས་འཕེལ་བ་ནི་སྟོབས་ལྔ་རུ་འགྱུར་ཏེ། དད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། དྲན་པའི་སྟོབས་དང་། ཏིང་ངེ་འཛིན་གྱི་སྟོབས་ དང་། ཤེས་རབ་ཀྱི་སྟོབས་ཏེ། འདི་རྣམས་ནི་སྟོབས་ལྔའོ། །དེ་ལ་བྱང་ཆུབ་ཀྱི་ཡན་ལག་བདུན་གང་ཞེ་ན། འདི་ལྟ་སྟེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་ དག་བྱང་ཆུབ་ཀྱི་ཡན་ལག་དང་། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཤིན་དུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་ འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བཏུང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ། བྱེ་བྲག་ཕྱེད་པས་ངེས་པར་འབྱུང་བ་དང་། འདོད་ཆགས་དང་བྲལ་བས་ངེས་པར་འབྱུང་བ་དང་། འགོག་ པས་ངེས་པར་འབྱུང་བ་དང་། ཀུན་ནས་ཉོན་མོངས་པ་དང་བྲལ་བའི་ཀུན་ནས་རྣམ་པར་བྱང་བར་གྱུར་པ་དང་། ཆོས་རབ་ཏུ་འབྱེད་པ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སོགས་པ་བསྒོམ་པའོ། །དེ་ལ་འཕགས་ པའི་ལམ་ཡན་ལག་བརྒྱད་པ་གང་ཞེ་ན། ཡང་དག་པའི་ལྟ་བ་ནི་གང་ཞིག་འཇིག་རྟེན་ལས་འདས་པ་སྟེ། བདག་ཏུ་ལྟ་བས་ཀུན་ནས་བསླང་བ་མ་ཡིན་པ་དང་། སེམས་ཅན་མེད་པ་དང་། འཚོ་བ་མེད་པ་དང་། གསོ་བ་མེད་པ་དང་། སྐྱེས་བུ་མེད་པ་དང་། གང་ཟག་མེད་པ་དང་། ཤེད་ལས་སྐྱེས་མེད་པ་དང་། ཤེད་བུ་མེད་པ་དང་། བྱེད་པ་པོ་མེད་པ་དང་། ཚོར་བ་པོ་མེད་པའི་ལྟ་བས་ཀུན་ནས་བསླང་བ་ཆད་པ་མ་ཡིན་ པ་དང་། རྟག་པར་ལྟ་བས་ཀུན་བསླང་བ་མ་ཡིན་པ་དང་། སྲིད་པ་དང་བྲལ་བའི་ལྟ་བས་ཀུན་ནས་བསླང་བ་དང་། རིགས་སུ་ལུང་བསྟན་པའི་ལྟ་བའི་ཀུན་ནས་བསླང་བ་དང་། ཇི་སྲིད་འཁོར་བ་མ་ཡིན་ཞིང་མྱ་ 86-1-267a ངན་ལས་འདས་པའི་ཡང་མ་ཡིན་པའི་ལྟ་བས་ཀུན་ནས་བསླང་བ་སྟེ། འདི་ནི་ཡང་དག་པའི་ལྟ་བར་གསུངས་སོ། །གང་ཞིག་ཡང་དག་པའི་རྟོག་པ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་ མུག་དང་། ཉོན་མོངས་པས་ཀུན་ནས་བསླང་བའི་རྟོག་པ་དེ་ནི་ཡང་དག་པའི་རྟོག་པར་མི་འགྱུར་རོ། །ཡང་དག་པའི་རྟོག་པ་གང་ཞིག་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོས་ཀུན་ནས་སློང་བ་དེའི་ཡང་དག་པའི་རྟོག་པ་དེ་ནི་ཡང་དག་པའི་རྟོག་པར་འགྱུར་ཏེ། འདི་ནི་ཡང་དག་པའི་རྟོག་པར་གསུངས་སོ། །གང་ཞིག་ཚིག་གིས་ བདག་ལ་གདུང་བར་མི་བྱ་ཞིང་གཞན་ལ་གདུང་བར་མི་བྱ་བ་དང་། བདག་ལ་ཉོན་མོངས་པར་མི་བྱ་ཞིང་གཞན་དག་ལ་ཉོན་མོངས་པར་མི་བྱ་བ་དང་། བདག་ལ་མི་དཔྱ་ཞིང་གཞན་དག་ལ་ཡང་དཔྱ་བར་མི་བྱ་བ་ སྟེ། དེ་མཉམ་པར་གཞག་པ་དང་ལྡན་པས་ཚིག་དང་ལྡན་པར་འགྱུར་ཞིང་། གང་གི་ཚིག་གིས་ཡང་དག་པའི་འཕགས་པར་འཇུག་པར་འགྱུར་བ་འདི་ནི་ཡང་དག་པའི་ངག་ཅེས་གསུངས་སོ། །གང་ཞིག་ ལས་ནག་པོ་དང་ནག་པའི་རྣམ་པར་སྨིན་པ་དེའི་ལས་མངོན་པར་འདུ་མི་བྱེད་པ་དང་། གང་ཞིག་ལས་དཀར་བ་དང་དཀར་པོའི་རྣམ་པར་སྨིན་པ་དེའི་ལས་མངོན་པར་འདུ་མི་བྱེད་པ་དང་། གང་ཞིག་ལས་དཀར་ པོ་དང་། ནག་པོའི་རྣམ་པར་སྨིན་པ་དེའི་ལས་མངོན་པར་འདུ་མི་བྱེད་པ་དང་། གང་ཞིག་ལས་དཀར་པོ་དང་། ནག་པོ་དང་། དཀར་པོའི་རྣམ་པར་སྨིན་པ་དང་། ནག་པོ་ཟད་པའི་བསམ་པས་གནས་པ་ དེའི་ལས་མངོན་པར་འདུ་བྱེད་དེ། དམ་པའི་ལས་ལྟ་བུར་འགྱུར་བ་ནི་ཡང་དག་པའི་ལས་ཀྱི་མཐའོ། གང་གི་ཚེ་འཕགས་པ་ལྟ་བུར་དུལ་བ་དང་། ཡོན་ཏན་ཡང་དག་པའི་ཆས་ཞུམ་ཞིང་དུལ་བ་དང་། ཁ་ 86-1-267b གསག་མེད་པ་དང་། མང་དུ་སྨྲ་བ་མ་ཡིན་པ་དང་། གཏམ་ལ་མི་དགའ་བ་དང་། རང་གི་སྤྱོད་པའི་ཁྲིམས་དང་། འཇིག་རྟེན་ཕ་རོལ་གྱི་དབང་ཕྱུག་དང་ལྡན་པ་དང་། བདག་གི་རྙེད་པ་ཁ་ན་མ་ཐོ་བ་མེད་པས་བདག་ཆོག་ པར་འཛིན་པ་དང་། འཕགས་པའི་བཀའི་གནང་བས་འཚོ་བ་སྟེ། འདི་ནི་ཡང་དག་པའི་འཚོ་བར་གསུངས་སོ། །རྩོལ་བ་ནི་གང་ཞིག་བརྫུན་བ་དང་། འཕགས་པས་མ་གནང་བ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ཉོན་མོངས་པ་རྗེས་སུ་བསྟེན་པར་མི་འདོད་པ་ནི་རྩོལ་བ་སྟེ། རྩོལ་བ་གང་ཞིག་ཡང་དག་པའི་འཕགས་པའི་ལམ་གྱི་བདེན་པར་འཇུག་ཅིང་མྱ་ངན་ལས་འདས་པར་འགྲོ་བ་དང་། སོ་སོའི་གནས་སུ་སྐྱེད་པར་བྱེད་པ་དེ་ནི་རྩོལ་བར་ཡང་དག་པར་རྗེས་སུ་འབྲང་བ་སྟེ། འདི་ནི་ཡང་དག་པའི་རྩོལ་བར་གསུངས་སོ། །གང་ལ་ཉེ་བར་གནས་པ་དེ་ནི་རབ་ཏུ་མི་གཡོ་བ་དང་། ལུས་དྲང་པོས་ ཀྱོག་པོ་མ་ཡིན་པ་དང་། འཁོར་བའི་སྐྱོན་སྣ་ཚོགས་ལ་སོགས་པ་དབང་དུ་བྱེད་པ་སྟོན་ཅིང་། མྱ་ངན་ལས་འདས་པའི་གནས་འདོད་པའི་དྲན་པ་ནི་མི་བརྗེད་པ་སྟེ། འདི་ནི་འཕགས་པའི་ཡང་དག་ པའི་ལམ་ལ་སྦྱར་བའོ། །འདི་ནི་ཡང་དག་པའི་དྲན་པར་གསུངས་སོ། །ཡང་དག་པའི་ཏིང་ངེ་འཛིན་ནི་ཏིང་ངེ་འཛིན་གང་ལ་གནས་ནས་སེམས་ཅན་ཐམས་ཅད་རྣམ་པར་ཐར་བར་བྱ་བའི་ཕྱིར་ཡང་ དག་པར་གནས་ཏེ། མྱ་ངན་ལས་འདས་པ་མནན་པའོ། །འདིས་ནི་ཡང་དག་པའི་ཏིང་ངེ་འཛིན་ཞེས་གསུངས་སོ། །དེ་ཉིད་ཡང་དག་བཤད་པ་ནི། །དགའ་བ་ལ་སོགས་ས་རྣམས་ཏེ། །དབང་པོ་ལ་སོགས་རང་ བཞིན་གྱི། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས། །ཕུང་པོ་ལ་སོགས་ཁྱད་པར་གྱི། །སངས་རྒྱས་ཐམས་ཅད་ཀྱི་ནི་གནས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། །སངས་རྒྱས་ཉིད་ནི་ 86-1-268a མཆོག་ཏུ་འབབ། །བྱང་སེམས་སུམ་བཅུ་རྩ་གཉིས་ཀྱིས། །གང་ཚེ་འདིར་ནི་གང་གྱུར་པ། །དབང་པོ་ཕུང་པོ་འབྱུང་བ་ཡི། །སངས་རྒྱས་དེ་ཡི་དེ་མ་ཐག །རང་ལུས་ཉིད་ལ་སངས་ རྒྱས་ཉིད། །གཞན་གང་དུའང་མི་གནས་སོ། །ལུས་ལས་གཞན་དུ་སངས་རྒྱས་ཉིད། །མི་ཤེས་པ་ཡིས་བསྒྲིབས་པར་བརྗོད། །ཡེ་ཤེས་ཆེན་པོ་རང་ལུས་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། ། དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལ་མ་སྐྱེས་པའོ། །རྡོ་རྗེ་སྙིང་པོས་གསོལ་པ། ལུས་ལ་རྩ་དུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཁོར་ལོ་བཞི་ཡི་རབ་དབྱེ་ བས། །བརྒྱ་ཕྲག་གཅིག་དང་ཉི་ཤུ་ལྷག །བྱང་ཆུབ་སེམས་ཀྱི་རང་བཞིན་གྱིས། །རྩ་རྣམས་སུམ་བཅུ་རྩ་གཉིས་མཆོག །གསུངས་པ། འདི་ལྟ་སྟེ། མི་ཕྱེད་མ་ཞེས་བརྗོད་པ་དང་། ཕྲ་གཟུགས་མ་དང་། བརྩེ་བ་མ་དང་། གཡོན་པ་མ་དང་། ཐུང་ངུ་མ་དང་། རུས་སྦལ་སྐྱེས་མ་དང་། བསྒོམ་པ་མ་དང་། དབང་མ་དང་། སྐྱོན་མ་དང་། འཇུག་མ་དང་། མ་མོ་དང་། མཚན་མོ་དང་བསིལ་སྦྱིན་མ་དང་། ཚ་བ་མ་དང་། བརྐྱང་མ་དང་། རོ་མ་དང་། ཀུན་འདར་མ་དང་། འབབ་མ་དང་། རངས་མ་དང་། མདོག་མ་དང་། གཟུགས་ཅན་མ་དང་། སྤྱི་མ་དང་། རྒྱུ་སྦྱིན་མ་དང་། སྦྱོར་བྲལ་མ་དང་། སྡུག་གུ་མ་དང་། གྲུབ་མ་དང་། འཚེད་ མ་དང་། དེ་བཞིན་དུ་ཡིད་བཟང་མ་དང་། སུམ་སྐོར་མ་དང་། འདོད་མ་དང་། ཁྱིམ་མ་དང་། གཏུམ་མོ་དང་། བདུད་འདྲལ་མའོ། །བཅོམ་ལྡན་འདས་རྩ་འདི་དག་ཇི་ལྟ་བུ་ལགས། སྲིད་གསུམ་ཡོངས་སུ་ གྱུར་པ་སྟེ། གཟུང་བ་དང་འཛིན་པ་ཐམས་ཅད་ཡོངས་སུ་སྤངས་པའོ། །དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། 86-1-268b སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་མཐར་ཐུག་པ་ལ་སོགས་པའི་རྣམ་པར་འགྲེལ་བ་བྱང་ཆུབ་ཀྱི་སེམས་འཇུག་པ་ཞེས་བྱ་བ་སྟེ་རབ་ཏུ་ བྱེད་པ་གཉིས་པའོ།། །། དེ་ནས་བཅོམ་ལྡན་འདས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོད་པ་བྱས་ནས་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། །གསང་བའི་ཡེ་ཤེས་བླ་མེད་ པ། །སྙིང་པོ་བཅོམ་ལྡན་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པར་མཁྱེན་ནས། རྒྱུད་ཐམས་ཅད་ཀྱི་སྙིང་པོ་ཡེ་ཤེས་མར་ མེ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྒྱུད་ཐམས་ཅད་ཀྱི་གསང་བ་འདི་བཀའ་སྩལ་པ། གསང་བ་མཆོག་གི་དགྱེས་པ་ནི། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། ། སངས་རྒྱས་ཀུན་དངོས་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །འདི་ནི་བཅོམ་ལྡན་རྣལ་འབྱོར་ཏེ། །བརྟན་པ་རྟག་པ་མཆོག་ཏུ་ཡང་། །ཡིད་སྲུབ་སོ་སོར་སྐྱེས་པ་ཉིད། །རྟག་ ཏུ་རང་བཞིན་མནན་དཀའ་བ། །སྣ་ཚོགས་ལས་ཀྱི་རྣལ་འབྱོར་གྱིས། །སྣ་ཚོགས་ཆོ་ག་འདོད་པ་ཡི། །སངས་རྒྱས་རྡོ་རྗེ་འཛིན་སོགས་རྣམས། །སེམས་ཅན་རྣམས་ནི་འདུལ་བར་བརྗོད། ། སངས་རྒྱས་ཀུན་སོགས་བརྟན་དང་གཡོ། །ཐམས་ཅད་དངོས་པོ་སྲིད་པ་འདི། །སངས་རྒྱས་ཀུན་དང་མཉམ་སྦྱོར་བ། །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །འདིས་ནི་སྒྱུ་མའི་རྣལ་འབྱོར་ གྱིས། །ཐམས་ཅད་ལས་ནི་སྣ་ཚོགས་མཆོག །སངས་རྒྱས་སོགས་པས་འདུལ་བའི་ཕྱིར། །དངོས་གྲུབ་སེམས་ཅན་ཀུན་དོན་མཆོག །རང་གི་ངོ་བོས་ཡོངས་བསྒྱུར་བས། །བུད་མེད་ 86-1-269a སྒྱུ་མ་ཐམས་ཅད་འགྲུབ། །སྣ་ཚོགས་སྒྱུ་མའི་ཕྱག་རྒྱ་འདི། །མཁའ་འགྲོ་མ་ཞེས་ཀླ་ཀློའི་སྐད། །ཌཻ་བཻ་ཧཱ་ཡ་སར་འགྲོ་བར། །སྐད་དབྱིངས་འདི་ནི་རྣམ་པར་བརྟག །ནམ་མཁའ་ ཀུན་དུ་སྤྱོད་འགྲུབ་པས། །མཁའ་འགྲོ་མ་ཞེས་རབ་ཏུ་གྲགས། །ཀུན་ནས་སྣ་ཚོགས་ཕྱག་རྒྱ་སྟེ། །ཀུན་ལས་སྣ་ཚོགས་སྡོམ་པའོ། །རྡོ་རྗེ་རྡོ་རྗེ་འཛིན་པ་ཉིད། །པད་མ་དེ་བཞིན་པད་མ་ འཛིན། །ནོར་བུ་ནོར་བུ་འཛིན་པ་ཉིད། །འདི་རྣམས་ཀྱི་ནི་རིགས་རྣམས་ཡིན། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་གནོན་པ་རྡུལ་དང་བྲལ་བའི་གནས་ཞེས་བྱ་བའི་ཏིང་ངེ་འཛིན་ ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་བཀའ་སྩལ་པ། སྟོང་མིན་སྟོང་པ་མིན་པའང་མིན། །དབུ་མར་དམིགས་པར་མི་འགྱུར་ཏེ། །ཤེས་རབ་ཕ་རོལ་ཕྱིན་སྦྱོར་བ། །ཐབས་ ནི་སྙིང་རྗེའི་བདག་ཉིད་དེ། །དེ་ནས་མཛེས་པའི་སྙིང་རྗེ་ཐབས། །ཤེས་རབ་ཕ་རོལ་ཕྱིན་གསལ་བ། །རྣམ་རྟོག་མེད་པའི་ཆོས་རྣམས་ལ། །དངོས་པོ་མེད་ཅིང་བསྒོམ་པའང་མེད། །རྣམ་རྟོག་ མེད་པས་རྟག་མོས་པས། །བརྟག་པ་ཀུན་གྱིས་བརྟག་པར་བྱ། །རྣམ་རྟོག་མེད་པའི་ཆོས་རྣམས་ལ། །སེམས་ཅན་དོན་ནི་ཡོངས་སུ་བརྟག །དེ་བཞིན་གཤེགས་པ་ཀུན་བདག་ཆོས། །ཆོས་ ཅན་མེད་ཅིང་ཆོས་ཉིད་མེད། །སྒྲ་བརྙན་ལྟ་བུར་མཉམ་པ་ཉིད། །དེ་ནས་འདི་ནི་ཆོས་དག་འབྱུང་། །དེ་ནས་ཐེག་པ་ཆེན་པོ་ལས་བྱུང་བའི་བསྒོམ་པས་ཡོན་ཏན་རྒྱས་པ་རྣམས་ཀྱིས་དུས་གསུམ་གྱི་ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྟོད་པའི་རྒྱལ་པོ་འདིས་ཡང་དག་པར་བསྟོད་པ། རྣལ་འབྱོར་གྱི་བདག་པོ་སེམས་ཅན་གྲོལ་བར་མཛད་པ་ལ་བསྟོད་ཅིང་ཕྱག་འཚལ་ལོ། །སེམས་ཅན་ 86-1-269b བདག་ཉིད་སྐྱེས་པ་གཅིག་པར་མཛད་པ་ལ་བསྟོད་ཅིང་ཕྱག་འཚལ་ལོ། །འཁོར་བའི་རྒྱ་མཚོའི་གཏི་མུག་གཅོད་པར་མཛད་པ་ལ་བསྟོད་ཅིང་ཕྱག་འཚལ་ལོ། །དེ་ཁོ་ན་ཉིད་ཐམས་ཅད་ཀྱི་ཡེ་ ཤེས་གཅིག་ཏུ་སྟོན་པར་མཛད་པ་ལ་བསྟོད་ཅིང་ཕྱག་འཚལ་ཏེ། བདག་རྟག་ཏུ་ཕྱག་འཚལ་ལོ། །ཡང་མཆོད་པ་བྱས་ནས་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། །ཆོས་རྣམས་ཐམས་ཅད་ གཅིག་པའི་སྐུའི། །སྙིང་པོ་བཅོམ་ལྡན་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དབང་པོ་གང་དང་གང་ལམ་ཉིད། །དེ་དང་དེ་ཡི་རང་བཞིན་འགྱུར། །མཉམ་པར་མ་གཞག་ རྣལ་འབྱོར་གྱིས། །རྟག་པར་ཤིན་དུ་མཉམ་གཞག་ཉིད། །གང་ཕྱིར་ཐམས་ཅད་བདག་ཉིད་ཀྱི། །རྣམ་ཤེས་ཕུང་པོར་གནས་པ་ནི། །སྐྱེས་བུ་ཐ་མལ་སེམས་རྨོངས་པ། །ལ་ལས་སོ་སོར་རྟོག་མི་ ནུས། །སེམས་དང་སེམས་བྱུང་སེམས་ཀྱི་དངོས། །ཡེ་ཤེས་ཤེས་བྱ་རང་བཞིན་ཅན། །འབྲས་བུ་རྣམས་ལ་བྱེད་པ་ཉིད། །ཆོས་དང་ཆོས་ཅན་བསྒོམ་པ་ཉིད། །གང་ཕྱིར་ཆོས་ནི་དུ་མས་ནི། །ཆུ་ བོའི་རྒྱུན་ནི་རྒྱ་མཚོ་ལྟར། །ཐར་པ་ཉིད་ནི་གཅིག་པུ་ཡིན། །མང་པོ་དམིགས་པར་མི་འགྱུར་རོ། །ཇི་ལྟར་ནང་དུ་རྣམ་གནས་པ། །བླ་མའི་ཞལ་ལས་རྙེད་པར་འགྱུར། །དེ་ཁོ་ན་ཉིད་མདོར་བསྟན་པ་ སྟེ་རབ་ཏུ་བྱེད་པ་གསུམ་པའོ།། །། དེ་ནས་རྒྱུད་རྣམས་ཐམས་ཅད་དུ། །གཏན་ལ་ཕབ་པ་རབ་བཤད་བྱ། །སེམས་ཅན་ཀུན་ལ་མཉམ་པའི་ཕྱིར། །གྲུ་གསུམ་རྒྱ་ཆའི་ གཟུགས་ཅན་ཉིད། །ཚངས་སོགས་ལྷ་དང་ལྷ་མིན་བཅས། །དེ་རྣམས་ཀྱི་ནི་གནས་སུ་འགྱུར། །དེ་ཉིད་ཤེས་རབ་ཕ་རོལ་ཕྱིན། །ཀུན་རྫོབ་རྣམ་པའི་གཟུགས་ཅན་མ། །དེ་ཉིད་ཡུལ་ལས་རྣམ་པར་ 86-1-270a འདས། །སྲོག་ཆགས་ཀུན་གྱི་སྙིང་ལ་གནས། །དེ་ཕྱིར་དེ་རྒྱས་ཅི་ཞིག་བྱ། །མདོར་བསྡུས་པས་ནི་སངས་རྒྱས་ཉིད། །བསྐལ་པ་བྱེ་བ་གྲངས་མེད་པས། །ཇི་ལྟར་སངས་རྒྱས་ གང་ཐོབ་པ། །གང་གིས་དམ་པའི་བདེ་བས་ཁྱོད། །སྐྱེ་བ་འདིར་ནི་ཐོབ་པར་འགྱུར། །ཡང་ན་རྡོ་རྗེ་འཛིན་པ་ཉིད། །ཡང་ན་འཁོར་ལོས་སྒྱུར་བ་འམ། །འདིས་ནི་དངོས་གྲུབ་ཆེན་པོ་བརྒྱད། ། གཞན་ཡང་ཡིད་ལ་འདོད་པ་ཡང་། །གཏི་མུག་ཆགས་དང་ང་རྒྱལ་དང་། །ཕྲག་དོག་དང་ནི་ཉོན་མོངས་ལྔས། །སེམས་ཅན་སོ་སོར་བཅིངས་པ་གང་། །རང་གི་ཡན་ལག་ཉིད་ཀྱིས་འཇོམས། །འདིས་ནི་ འགྲོ་དྲུག་སེམས་ཅན་བཅིངས། །འཁོར་བར་འཁོར་ཞིང་སྐྱེ་བ་ཉིད། །ཉོན་མོངས་པས་ནི་རྨོངས་གྱུར་པས། །སྡིག་པ་དུ་མ་བྱེད་པར་འགྱུར། །དེ་ཕྱིར་འདི་བཅོམ་ཅིང་མཁྱེན་ཉིད། །སངས་རྒྱས་ ཀྱིས་སྤྲུལ་རིགས་པས་ནི། །འཁོར་བའི་རྒྱ་མཚོར་ལྷུང་བ་ཡི། །སྦྱོར་བྲལ་སྡུག་བསྔལ་མཐོང་ནས་ནི། །ཐབས་དང་ཤེས་རབ་སྤྲུལ་པའི་རྒྱུས། །ཉོན་མོངས་རྣམས་ནི་ཡིད་ཆེས་འགྱུར། ། མཚོན་པ་འདི་ནི་འབྲས་བུར་གྱུར། །ཁམས་གསུམ་དུ་ནི་དྲི་མེད་སྣང་། །གང་དང་གང་གིས་གནས་གྱུར་པ། །དེ་ནི་དེ་ཡི་ངོ་བོ་ཅན། །བུད་ཤིང་བསྲེགས་པའི་རིགས་པས་ནི། །དགྱེས་པའི་རྒྱལ་བ་གར་ མཁན་མཆོག །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །འདི་ཉིད་རྣམ་དག་མཚོན་པ་འདི། །ཇི་ལྟར་དགྲ་བོ་ནུས་པ་ལ། །དགྲ་བོ་ནུས་པས་དེ་བསྣུན་པ། །གཏི་མུག་དག་པས་གཏྀ་མུག་སྟེ། ། ཞེ་སྡང་དག་པས་ཞེ་སྡང་ཉིད། །འདོད་ཆགས་དག་པས་འདོད་ཆགས་ཏེ། །ང་རྒྱལ་རྣམ་དག་ང་རྒྱལ་ཆེ། །ཕྲག་དོག་དག་པས་ཕྲག་དོག་ཉིད། །ཐམས་ཅད་རྣམ་དག་རྡོར་འཛིན་མགོན། །དེ་ཡི་ 86-1-270b ངོ་བོ་རྣམ་དག་པ། །ཉོན་མོངས་ལྔ་ནི་མཉམ་པར་འགྱུར། །དེ་ལྟར་རིགས་ནི་ལྔ་རྣམས་དང་། །ཡེ་ཤེས་ལྔ་དང་སངས་རྒྱས་ལྔ། །འདི་ལས་རྡོ་རྗེ་སྙིང་པོ་དང་། །ཁྲོ་བོ་ཁམས་གསུམ་སེམས་ཅན་ སྐྱེ། །ནང་གི་དབྱེ་བ་འདི་ཉིད་ནི། །བླ་མའི་ཞལ་ལས་རྙེད་པར་འགྱུར། །བླ་མ་དམད་པའི་སེམས་ཅན་རྣམས། །སྔགས་དང་ཕྱག་རྒྱ་རྙེད་མི་འགྱུར། །གང་ཞིག་ཤིན་དུ་གསལ་བས་ནི། །འཛམ་གླིང་ དེ་འདིར་སངས་རྒྱས་བསྔགས། །གྲུ་གསུམ་དག་པ་ཨེ་ཡི་དབྱིབས། །དབུས་སུ་དགྱེས་པའི་ཨེ་བྃ་ཡིན། །གྲུ་གསུམ་དཀྱིལ་འཁོར་ཉམས་དགའ་བར། །རྡོ་རྗེ་ར་ལི་རྣམ་པར་བྱུང་། །བཙུན་མོའི་ བྷ་ག་ཞེས་ཀྱང་བྱ། །ཆོས་ཀྱི་འབྱུང་གནས་ཞེས་བྱར་བཤད། །དེ་ཡི་ནང་སོང་པད་མ་ནི། །འདབ་མ་བརྒྱད་པ་སྙིང་པོར་བཅས། །དེ་ལ་ཨཱ་ལི་ཀཱ་ལི་འདྲེས། །སྡེ་ཚན་བརྒྱད་ནི་རྣམ་པར་གནས། ། སྔགས་ཀྱི་གཟུགས་ཀྱིས་ལུས་ཅན་གྱི། །ལས་ཀྱི་ཚོགས་ནི་བྱེད་པར་འགྱུར། །ཡི་གེ་རྣམས་ནི་ལྔ་བཅུ་ཉིད། །རིག་བྱེད་རྣམས་ལ་ཉེ་བར་གནས། །སྔགས་རྣམས་ཉིད་དང་རྒྱུད་རྣམས་དང་། །ཕྱི་རོལ་ ཚུལ་གྱི་བསྟན་བཅོས་ཀྱི། །རྡོ་རྗེ་སྙིང་པོའི་རང་བཞིན་འདི། །གཞན་དུ་ཨ་ལས་ཅུང་ཟད་མེད། །ཨ་ཀ་ཙ་ཊ་ཏ་པ་ཡ་ཤ །སྡེ་ཚན་དགའ་བ་ལྔ་བཅུ་ཡང་། །མཉམ་པ་དག་ཏུ་སྤྲུལ་པ་རྣམས། །རྡོ་རྗེ་ ར་ལི་པད་མར་སོན། །འདབ་མ་བརྒྱད་པོ་ཕྱོགས་རྣམས་དང་། །མཚམས་རྣམས་སུ་ནི་འདི་རྣམས་རིགས། །དེ་རྣམས་དབུས་སུ་ཟེ་འབྲུ་ལ། །དམ་པའི་དབང་ཕྱུག་མ་ཡོད་དོ། །སྡེ་ཚན་བརྒྱད་པོ་རྣམས་ ཀྱིས་ནི། །ཡི་གེ་དམ་པ་ཡོངས་སུ་བསྐོར། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་སྡེ་ཚན་གཙོ་བོ་ནི། །ལུས་ཅན་རྣམས་ཀྱི་སྔགས་ཀུན་ནི། །འདི་ཉིད་ལས་ནི་ཡང་དག་བྱུང་། །གང་ཞིག་ 86-1-271a རལ་གྲི་མིག་སྨིན་དང་། །རྐང་བྱུག་རི་ལུ་རྐང་འོག་དང་། །གནོད་སྦྱིན་མོ་ཡི་ཡན་ལག་མ། །འཇིག་རྟེན་གསུམ་གྱི་ཁོངས་སུ་རྒྱུ། །དངུལ་ཆུའི་འགྲོ་བས་རྗེས་སུ་འབྲང་། །གང་ཞིག་ཐམས་ ཅད་མཐུ་ཆེ་བ། །རང་གི་ཁྱིམ་དུ་ལྔ་བཅུ་འདོད་པ་དང་ལྡན་པར་འགྲུབ་བོ། །དེ་ནི་སྡེ་ཚན་བརྒྱད་ནང་སོན། །དབྱངས་མཆོག་སྡེ་ཚན་བདག་ཉིད་འབྱིན། །སྐྱེ་བོ་རྣམས་ཀྱི་ཚིག་རྒྱས་པ། །གང་ཞིག་ཅུང་ཟད་ རྟོགས་བྱ་བ། །དེ་ཀུན་སྔགས་ཀྱི་གཟུགས་ཀྱིས་ནི། །དེ་ཕྱིར་རབ་ཏུ་སྐྱེ་བར་འགྱུར། །ལུས་ཅན་རྣམས་ནི་ཐམས་ཅད་ཀྱི། །སྒྲ་ནི་སྔགས་ཞེས་བརྗོད་པར་བྱ། །སྣ་ཚོགས་མདུད་པའི་གནས་ཆེན་ ལས། །ཆོས་ཀྱི་ར་ལི་རྣམ་པར་འབྱུང་། །དངོས་གྲུབ་རྫུ་འཕྲུལ་རྣམ་གནས་པའི། །སྔགས་དང་ངེས་པ་གང་ཡང་མེད། །རང་བཞིན་གྱིས་ནི་མ་སྐྱེས་པའི། །སྔགས་ཀྱི་ཡི་འབྲུ་དབང་ཕྱུག་མཆོག ། ཡང་དག་སྦྱོར་འབྱུང་མཚན་ཉིད་ནི། །དེ་ནས་མཆོག་ཏུ་རབ་བཤད་བྱ། །ཨེ་ནི་ས་རུ་ཤེས་པར་བྱ། །ལས་ཀྱི་ཕྱག་རྒྱ་སྤྱན་མ་ཉིད། །སྙིང་རྗེ་ཆེན་མོ་ཐབས་ཆེན་མོ། །རང་བཞིན་སྣ་ཚོགས་སྤྱོད་ཡུལ་ མ། །ལྟེ་བར་སྣ་ཚོགས་འདམ་སྐྱེས་ལ། །སྤྲུལ་པའི་འཁོར་ལོར་རྣམ་པར་གནས། །བྃ་ནི་ཆུ་རུ་ཤེས་པར་བྱ། །ཆོས་ཀྱི་ཕྱག་རྒྱ་མཱ་མ་ཀཱི། །བྱམས་པ་དང་ནི་སྨོན་ལམ་ཚུལ། །ལྷ་མོ་རྡོ་རྗེའི་ རིགས་གཙོ་མ། །སྙིང་གར་ཆུ་སྐྱེས་འདབ་བརྒྱད་ལ། །ཆོས་ཀྱི་འཁོར་ལོར་ཡང་དག་གནས། །མ་ནི་མེ་རུ་བརྗོད་པ་སྟེ། །ཕྱག་རྒྱ་ཆེན་མོ་གོས་དཀར་མོ། །དགའ་དང་སྟོབས་ཀྱི་རྣལ་འབྱོར་གྱིས། ། ལྷ་མོ་པད་མའི་རིགས་བྱུང་མ། །ལྐོག་མར་ཆུ་སྐྱེས་འདབ་བརྒྱད་གཉིས། །ལོངས་སྤྱོད་འཁོར་ལོར་ཡང་དག་གནས། །ཡ་ནི་རླུང་གི་རང་བཞིན་ཏེ། །ཉོན་མོངས་ཐམས་ཅད་རབ་འཇོམས་བྱེད། ། 86-1-271b དམ་ཚིག་ཕྱག་རྒྱ་ཆེན་མོར་ངེས། །ལྷ་མོ་ལས་ཀྱི་རིགས་གཙོ་མ། །བཏང་སྙོམས་ཡེ་ཤེས་རྣལ་འབྱོར་གྱིས། །སྒྲོལ་མ་འཁོར་བ་སྒྲོལ་བ་མོ། །འདམ་སྐྱེས་འདབ་མ་སུམ་བཅུ་གཉིས། །བདེ་ཆེན་འཁོར་ ལོ་ཆེན་པོར་གནས། །ཨེ་ནི་ཤེས་རབ་བརྗོད་པར་བྱ། །བྃ་ནི་ཐབས་དང་ལྡན་པ་ཉིད། །བྃ་གྱིས་རྣམ་པར་བརྒྱན་པ་ཉིད། །ཨེ་ནི་ངེས་པར་མཛེས་པར་འགྱུར། །ཐབས་དང་ཤེས་རབ་རང་བཞིན་གྱིས། ། སྟེང་དང་འོག་ཏུ་སྙོམས་པར་འཇུག །ཨེ་ཉིད་དང་ནི་བྃ་ཉིད་དག །གཉིས་གཉིས་སུ་ནི་བརྗོད་པ་ཉིད། །འདི་སྐད་ཅེས་བྱ་བའི་ཚིག་གི་ཕྲད་ནི་དེ་སྐད་ཅེས་གསུངས་ནས་ཞེས་བྱ་བའི་མཐར་ཐུག་པའི་ རྒྱུད་ཀྱི་ཚོགས་ལ་བསྙེགས་སོ་ཞེས་བརྗོད་དོ། །བདག་གིས་ཐོས་པ་ཞེས་བྱ་བ་ནི་དེ་སྐད་དུ་འདོད་ཆགས་ཆེན་པོ་འདི་ལ་རྟག་ཏུ་གནས་པའོ། །ཤྲུ་ཞེས་བྱ་བ་ནི་འཛག་པར་གསུངས་སོ། །ཏ་ཞེས་བྱ་བ་ ནི་གང་ཡང་བདེ་བ་ཆེན་པོའི་མགོན་པོའོ། །བདག་གིས་ཐོས་པ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་ཐོས་པའི་ཕྱིར་རྣ་བའི་ཡེ་ཤེས་ཀྱིས་ཐོས་པ་ཡིན་གྱི། རྟོགས་པ་ནི་མ་ཡིན་ནོ། །བཅོམ་ལྡན་འདས་མི་ རྟོགས་པའི་སྐྱོན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྡུད་པར་བྱེད་པ་དང་འཆད་པ་པོ་དག་དབྱེར་མེད་པར་འགྱུར་རོ། །ཡང་ན་རྟོགས་པ་ཉིད་ནི་གདུལ་བྱའི་སྐྱེ་བོའི་དབང་དུ་བྱས་ ནས་འཆད་པ་པོ་ཉིད་སྡུད་པར་བྱེད་པ་ཡིན་ཏེ། འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པ་ང་། །དེ་དག་ཇི་ལྟར་འཚལ་བར་བགྱི། །གང་དུ་བདེ་བ་ཆེན་པོའི་མགོན་པོ་གར་མཛད་པའི་ཚེ། གཅིག་ཉིད་གཅིག་དང་དུ་མའི་རོ་ཞེས་བྱ་བའི་ཚིག་གིས་རོལ་པར་མཛད་པའོ། །རིགས་ཀྱི་བུ་བཅོམ་ལྡན་འདས་ཀྱིས་གང་ཅུང་ཟད་གསུངས་པ་དེ་བདག་གིས་གཅིག་ན་ཞེས་བྱ་བ་ནི་དུས་གཅིག་ཉིད་ 86-1-272a ལའོ། །གཅིག་ན་ཞེས་བྱ་བ་ནི་སྐད་ཅིག་ཉིད་ལའོ། །ཐོས་པ་ཞེས་བྱ་བ་ནི་ལྷག་པར་སོན་པ་སྟེ། འདིས་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་རྙེད་དོ་ཞེས་བྱ་བར་བསྙེགས་སོ། །དུས་ཞེས་བྱ་བ་ནི་ དུས་ཚོད་ཅེས་གསུངས་སོ། །དུས་ནི་རྣམ་པ་གསུམ་དུ་བརྗོད། །བདེ་བའི་དུས་དང་སྡུག་བསྔལ་དུས། །བསམ་གྱིས་མི་ཁྱབ་དུས་ཉིད་དོ། །འོ་མའི་རྒྱུན་ལྟར་སྣ་བུག་ཏུ། །འོང་བ་བདེ་བའི་དུས་སུ་ གསུངས། །མེ་ཡི་གཟུགས་ཀྱིས་འགྲོ་བ་ཉིད། །སྡུག་བསྔལ་དུས་དང་དེ་གཅིག་གྲགས། །གཅིག་ནི་ལྷན་ཅིག་མེད་པ་ཡིན། །དུས་ནི་བསམ་གྱིས་མི་ཁྱབ་འགྱུར། །འདོད་ཆགས་མེད་ཅིང་ཆགས་ བྲལ་མེད། །དབུ་མར་དམིགས་པར་མི་འགྱུར་རོ། །དེ་ལ་འདོད་ཆགས་ནུས་མཚན་ཉིད། །འདོད་ཆགས་བྲལ་བ་འགོག་པར་གསུངས། །འདི་བྲལ་དབུ་མར་མི་རྟོག་པས། །འདི་གསུམ་དམིགས་ པར་མི་འགྱུར་རོ། །འདོད་ཆགས་ཉིད་དང་ཆགས་བྲལ་ཉིད། །འདྲེས་པར་གྱུར་པ་རྙོག་པ་མེད། །དེ་བཞིན་འདོད་ཆགས་ཆགས་བྲལ་ལས། །རོ་མཉམ་གཅིག་པུའི་སྐད་ཅིག་མ། །དངོས་པོ་ཀུན་ གྱི་རོ་མཉམ་པ། །བསྒོམ་པའི་དུས་ནི་གཅིག་ཏུ་གསུངས། །འདི་ལྟ་སྟེ། དབང་ཕྱུག་དང་། གཟུགས་དང་། གྲགས་པ་དང་། དཔལ་དང་། ཡེ་ཤེས་དང་། བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། བྷ་ག་ དྲུག་ཅེས་གསུངས་སོ། །དེ་འདི་ལ་མངའ་བའི་ཕྱིར་བཅོམ་ལྡན་འདས་སོ། །ཡང་ན་གང་ཞིག་མི་མཐུན་པའི་ཕྱོགས་ཀྱི་ཆོས་དེ་རྣམས་བཅོམ་པའི་ཕྱིར་བཅོམ་ལྡན་འདས་སོ། །དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྣམས་དང་། དེ་རྣམས་ཉིད་ཀྱི་སྙིང་པོ་དང་། དེ་ཉིད་ཀྱི་རྡོ་རྗེ་དང་། དེ་ཉིད་ཀྱི་བཙུན་མོ་དང་། དེའི་བྷ་ག་དེ་ལ་བཞུགས་སོ། །ཀྱེ་བཅོམ་ལྡན་འདས་ 86-1-272b བཞུགས་སོ་ཞེས་བྱ་བས་ཅི་གསུངས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རོ་གཅིག་པ་ཐབས་སྣ་ཚོགས་ཀྱིས་འདུལ་བའི་སྐྱེ་བོའི་ཡིད་ འཕྲོག་པ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་ཀྱི་སྙིང་པོ་རྡོ་རྗེའི་རང་བཞིན་གང་གི་ཆོས་ཀྱི་འབྱུང་གནས་ལ། གང་གི་ཚེ་བཅོམ་ལྡན་ འདས་བཞུགས་པ་དེའི་ཚེ་བདག་གིས་ཐོས་པའོ། །འདི་ལྟ་སྟེ། ཤེས་རབ་གང་གིས་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་འཇོམས་པ་དེའི་ཕྱིར་ཤེས་རབ་བྷ་གར་གསུངས་ཏེ། བྷ་ག་དེར་དེ་བཞིན་ གཤེགས་པ་ཐམས་ཅད་དང་བཙུན་མོ་ལྷན་ཅིག་དུ་བཞུགས་སོ། །ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །ཀུན་མཁྱེན་ཡེ་ཤེས་བླ་ན་མེད། །དེ་བཞིན་གཤེགས་པའི་བདེ་དོན་གང་། །བཙུན་མོ་ཉེ་བར་ མཛད་པའོ། །རིགས་ཀྱི་བུ་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བའི་ཡིག་འབྲུ་ནི། ཆོས་ཀྱི་ཐོག་མར་རྟག་ཏུ་ཡང་དག་པར་གནས་པ་སྟེ། དག་པ་དང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དངོས་གྲུབ་ སྐྱེད་པར་བྱེད་པའོ། །ལག་ན་རྡོ་རྗེ་མ་བཤད་པ་དེ་ངས་ཁྱོད་ལ་བཤད་དོ། །ཚིག་འབྲུ་འདི་རྣམས་ཀྱིས་སེམས་ཅན་རྣམས་འཁོར་བ་ལས་ཕ་རོལ་དུ་ཤིན་དུ་རིང་བར་འགྲོ་བ་མངོན་དུ་མཚོན་པར་ མཛད་པ་དང་། མངོན་དུ་མ་མཛད་པ་དེ་ནུབ་པའི་སེམས་ཀྱིས་སྐྱེ་བ་འདིར་སངས་རྒྱས་ཉིད་དམ། རྡོ་རྗེ་སེམས་དཔའ་ཐོབ་པར་འགྱུར་ཏེ། གང་དག་བསམ་གྱིས་མི་ཁྱབ་པའི་གནས་མ་ཐོབ་ པ་དེ་ནི་བདེ་བར་གཤེགས་པ་སྟེ་སངས་རྒྱས་ཡིན་ནོ། །མཚན་གཞི་མཚོན་པར་བྱེད་པ་ནི་སེམས་དཔར་ཡང་དག་པར་གསུངས་ཏེ། སྡང་བས་བསྟེན་པ་ཙམ་གྱིས་མནར་མེད་པར་རབ་ཏུ་ 86-1-273a ལྟུང་བར་འགྱུར་བས་ན། ཀུན་ནས་ཉོན་མོངས་པ་ཅན་གྱི་སེམས་ཀྱི་རོ་སྤང་བར་བྱའོ། །ཀུན་ནས་ཉོན་མོངས་པ་ཅན་གྱིས་སྲིད་པའི་འཇིགས་པ་ལས་འདས་པའི་སྒྲུབ་པ་པོ་དཔལ་དང་ ལྡན་པས་དག་པའི་སེམས་བསྒོམ་པར་བྱེད་དེ། ཐབས་དང་ཤེས་རབ་ཀྱི་སྦྱོར་བ་འདིས་ཇི་ལྟར་ཡང་དག་པར་ཐོབ་པ་དག་པའི་ཡང་དག་པར་རིག་པའི་བདག་ཉིད་ཅན་གྱི་མཚན་གཞི་ཐབས་དང་ ཤེས་རབ་ཀྱི་ནུས་པས་ནམ་མཁའ་དང་མཉམ་ཞིང་གནས་གསུམ་དུ་སྣང་བ་སྟེ། དེའི་མཚན་གཞི་ནི་མཆོག་པར་དཀའ་བ་དང་། ཐམས་ཅད་དུ་སོན་ཞིང་རྒྱུ་དང་རྐྱེན་སྤངས་པས་ཡིད་བཞིན་གྱི་ ནོར་བུ་ལྟ་བུར་འཇིག་རྟེན་གྱི་རང་དང་གཞན་གྱི་དོན་བྱེད་དེ་དངོས་གྲུབ་ཐམས་ཅད་ཀྱི་མཆོག་གོ། །རྒྱུད་ཐམས་ཅད་ཀྱི་གླིང་གཞི་གསང་བ་དཔལ་ཡང་དག་པར་སྦྱོར་བ་ལས་བྱུང་བའི་བརྟག་པའི་ རྒྱལ་པོ་སྟེ་དང་པོ་རྫོགས་སྷོ།། །། དེ་ནས་ཡང་དག་རབ་བཤད་བྱ། །སྒྲུབ་པ་པོ་ལ་ཕན་དོན་དུ། །གང་གིས་སློབ་མ་དབང་བསྐུར་བའི། །ཆོ་ག་ཡང་ནི་བཤད་པར་བྱ། །དང་ པོར་ལྷ་ཡི་བདག་ཉིད་ཀྱི། །རྣལ་འབྱོར་པས་ནི་ནོར་འཛིན་སྦྱང་། །འབད་པས་ཧཱུྃ་ལས་རྡོ་རྗེ་ཅན། །བྱས་ཏེ་ཕྱི་ནས་དཀྱིལ་འཁོར་བྲི། །ཚལ་དང་སྐྱེ་བོ་མེད་གནས་དང་། །བྱང་ཆུབ་སེམས་དཔའི་ ཁྱིམ་དང་ཡང་། །ཁང་སྟོང་དང་ནི་ཁྱིམ་ནང་དུ། །དཀྱིལ་འཁོར་དམ་པ་བཞེང་བར་བྱ། །རྡུལ་ཚོན་དམ་པ་ཉིད་དང་ནི། །ཡང་ན་འབྲིང་པོ་ཉིད་ཀྱིས་ཏེ། །རིན་ཆེན་ལྔ་ཡི་བདག་ཉིད་ཕྱེས། །ཡང་ན་འབྲས་ལ་སོགས་པས་བྲི། ། དཀྱིལ་འཁོར་ཁྲུ་གསུམ་བྱ་བ་དང་། །མཐེ་བོང་གསུམ་ནི་ལྷག་པར་བྱ། །དེར་ནི་རིགས་ལྔ་ལས་བྱུང་བའི། །རིག་མ་བཟང་པོ་གཞུག་པར་བྱ། །སྔགས་ཀྱི་ལམ་གྱི་རྗེས་བཙལ་བས། །གང་ཚེ་མཁས་པས་དབང་བསྐུར་བ། ། 86-1-273b སངས་རྒྱས་ཀུན་གྱི་མངོན་སུམ་དུ། །དཀྱིལ་འཁོར་བདེ་བར་གཤེགས་གནས་སུ། །འཇིག་རྟེན་ཁམས་ནི་མཐའ་ཡས་བདག །བློ་དང་ལྡན་པས་དེ་བཞིན་བླང་། །རང་བྱིན་བརླབ་པའི་གནས་ཐོབ་པས། །དམ་ ཚིག་ཉམས་པས་འཇིགས་པ་ཡིས། །རྫོགས་སངས་རྒྱས་ཀྱིས་དོན་དམ་ལས། །སྔགས་ཀྱི་ལམ་ནི་དེ་བཞིན་གསུངས། །རྡོ་རྗེ་སེམས་དཔའ་ལ་སོགས་ལྷའི། །དམ་ཚིག་རིམ་པ་ཤིན་དུ་རིང་། །དེ་ཕྱིར་དོན་ ཀུན་ལ་འབད་པས། །དབང་དོན་རྒྱལ་བའི་བདག་ཉིད་སྐྱེས། །རྡོ་རྗེ་སློབ་དཔོན་ཡོན་ཏན་མཚོ། །ཇི་བཞིན་སྦྱོར་བས་གསོལ་བ་གདབ། །ཡང་ན་མ་དང་སྲིང་བུ་མོ། །བུ་སྲིང་མོ་ཡི་བུ་མོ་ཉིད། །འདི་ནང་གང་དེ་ཇི་ལྟ་བར། ། རྙེད་ནས་བསྒྲུབ་པ་ཉིད་དུ་གྱིས། །ཡང་ན་མངོན་དུ་འདི་མེད་ན། །ཀུན་མཁྱེན་གྱིས་བསྔགས་རིག་མ་ནི། །སངས་རྒྱས་རྣམས་ཀྱིས་ཁྱབ་མཛད་པ། །དེ་ནི་དེ་ཕྱིར་གཟུང་བར་བྱ། །སྐྱེ་བ་གཉིས་ཀྱི་བུ་མོ་དང་། །ཡང་ན་ བཙོ་བླག་མ་དང་། ཡང་ན་གདོལ་པ་མོ་དང་། གཡུང་མོ་དང་། རིགས་ལས་སྐྱེས་མ་དང་། ཡང་ན་རྒྱལ་མོ་མ་དང་། གར་མཁན་གྱི་བུ་མོ་དང་། བཟོ་མོ་དང་། ཡང་ན་རི་དགས་ཀྱི་མིག་མ་དང་། རྐེད་པ་ཕྲ་བ་དང་། རོ་སྨད་རྒྱས་པ་དང་། ནུ་མ་མཐོ་བ་དང་། བྷ་ག་བཟང་བ་དང་། དམ་ཚིག་གི་སྤྱོད་པ་ལ་ཤིན་དུ་དམ་པ་དང་། དེ་ཁོ་ན་ལ་གནས་པ་དང་། སྔགས་དང་རྒྱུད་ཤེས་པ་སྟེ། སྒྲུབ་པ་པོའི་དབང་པོ་ལ་གནས་གསུམ་ དུ་ཆེ་བའི་བུ་མོ་འདི་དག་བཤད་དོ། །རིགས་ཀྱི་རིམ་པ་ཉིད་ཀྱིས་འདི་རྣམས་ཀྱིས་ཐམས་ཅད་འགྱུར་རོ། །མ་རྙེད་ཇི་ལྟར་གང་རྙེད་དེ། །དེ་བཞིན་བཅུ་དྲུག་ལོན་པ་ཉིད། །དང་པོའི་ལང་ཚོ་ཕུན་སུམ་ཚོགས། །མིག་མཛེས་ ཕྱག་བརྒྱ་རྙེད་ནས་ནི། །རིག་མ་དེ་ཉིད་བླངས་ནས་ནི། །སྐྱབས་སུ་འགྲོ་བའི་རིམ་པས་ནི། །སྦྱངས་ནས་དེ་ཉིད་གསང་བ་དང་། །སྔགས་དང་རྒྱུད་ཀྱི་རིམ་ཀུན་བསྒྲགས། །སྒྲ་འམ་འོག་གི་ལམ་དུ་ལྕེས། །དེ་ཉིད་དེ་བཞིན་ 86-1-274a སྟེང་དུ་གཞུག །ཀུན་གྱི་ཆ་རིགས་སྣ་ཚོགས་བྱེད། །རིམ་བ་ཉིད་ཀྱི་རྣ་ཆ་དང་། །སྐ་རགས་ཆེ་དང་སེ་མོ་དོ། །ལག་གདུབ་དང་ནི་རྐང་གདུབ་ལྡན། །དེ་ལྟར་དངོས་གྲུབ་དམ་པ་སྟེར། ། གང་ཞིག་སྦྱངས་པའི་རིག་མ་ཀུན། །ཉེ་བར་འཚེ་བ་མེད་གནས་སུ། །རིག་པ་འཛིན་པ་འཁོར་མང་པོ། །དེ་ནས་ཙན་དན་གོས་ཕྲེང་སོགས། །རྣམ་པར་བརྒྱན་ནས་དབུལ་བར་བྱ། །དྲི་དང་མེ་ཏོག་རིམ་གྲོ་ཡི། ། འོ་མའི་མཆོག་སོགས་རྒྱས་པས་ནི། །ཕྱག་རྒྱ་ཐབས་ཅིག་སྒྲུབ་པ་པོས། །གུས་པར་འབད་པས་ཡང་དག་མཆོད། །སློབ་མས་པུས་མོའི་ལྷ་ང་ནི། །ས་ལ་དད་པས་གཙུགས་ནས་ནི། །ཐལ་མོ་སྦྱར་ནས་ བསྟོད་པ་འདིས། །སྟོན་པ་ལ་ནི་ཞུ་བ་བྱ། །སྟོང་པའི་སྙིང་པོ་ཕྱག་འཚལ་བསྟོད། །རྟོག་པ་ཐམས་ཅད་ཡང་དག་སྤངས། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཚོགས། །ཡེ་ཤེས་སྐུ་ལ་ཕྱག་འཚལ་བསྟོད། །འགྲོ་བའི་ མི་ཤེས་ཅོད་པན་ཅན། །དག་པའི་དེ་ཉིད་དོན་སྟོན་མཛད། །བདག་མེད་ཆོས་ལས་བྱུང་བ་ཡི། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་བསྟོད། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས། །ཕ་རོལ་ཕྱིན་པའི་ཡོན་ཏན་ རྣམས། །མགོན་པོ་ལས་ནི་རྟག་ཏུ་བྱུང་། །བྱང་ཆུབ་སེམས་ལ་ཕྱག་འཚལ་བསྟོད། །དཀོན་མཆོག་གསུམ་དང་ཐེག་ཆེན་དང་། །དེ་བཞིན་བརྟན་དང་འགྲོ་བ་དང་། །ཁམས་གསུམ་པོ་ནི་འདི་དག་ཀུན། །འགྲོ་བའི་ དཔའ་བོ་ཕྱག་འཚལ་བསྟོད། །ཡིད་བཞིན་ནོར་བུ་ལྟར་གྱུར་པའི། །འགྲོ་བའི་འདོད་པའི་དོན་གྲུབ་ཕྱིར། །དཔལ་ལྡན་བདེ་གཤེགས་བཀའ་བཞིན་མཛད། །སངས་རྒྱས་སྲས་པོ་ཕྱག་འཚལ་བསྟོད། །དེ་ཉིད་བླ་མེད་བདག་ འཚལ་བས། །ཡོན་ཏན་མཛོད་ཁྱོད་བཀའ་དྲིན་ལས། །ཀུན་མཁྱེན་རྡོ་རྗེ་དབང་གིས་ནི། །ད་ལྟ་ཉིད་དུ་བཀའ་དྲིན་སྐྱོབས། །སངས་རྒྱས་ཀུན་གྱི་གསང་བ་ནི། །ཇི་ལྟར་དཔལ་ཐུགས་རྡོ་རྗེ་ཡིས། །རྡོ་རྗེ་ཆོས་ཅན་ལ་གསུངས་ 86-1-274b བའ། །དེ་བཞིན་མགོན་པོས་བདག་ལ་སྐྱོབས། །བཅོམ་ལྡན་ཞབས་པད་སྤངས་ནས་ནི། །གཞན་དུ་བདག་ལ་འགྲོ་མ་མཆིས། །འཁོར་བའི་འགྲོ་ལས་ངེས་རྒྱལ་བར། །དེ་ཕྱིར་མགོན་པོས་ཐུགས་རྗེ་མཛོད། །དེ་ནས་རྡོ་རྗེ་ སློབ་དཔོན་དཔལ། །རྗེས་སུ་བརྩེ་བཅས་ཕན་སེམས་ཀྱིས། །སློབ་ལ་སྙིང་རྗེ་བསྐྱེད་ནས་ནི། །ཚོགས་ཀྱི་དཀྱིལ་འཁོར་དགུག་པ་དང་། །འདོད་ཡོན་ལྔ་ཡིས་གང་བ་དང་། །བླ་རེ་བྲེས་པས་ཉེ་བར་འབར། །རྣལ་འབྱོར་ མ་དང་སྦྱོར་ལྡན་ཞིང་། །དྲིལ་བུ་སིལ་སིལ་སྒྲ་དང་ནི། །མེ་ཏོག་བདུག་དྲི་ཉམས་དགའ་བ། །ལྷ་ཡི་དྲི་ཕྲེང་བདེ་བའི་མཆོག །དཔལ་ལྡན་རྡོ་རྗེ་སེམས་སོགས་ལྷའི། །དཀྱིལ་འཁོར་མཆོག་ཏུ་ངོ་མཚར་བར། ། སློབ་དཔོན་སྐལ་བ་བཟང་པོ་མཆོག །དེ་ནས་ཕྱག་རྒྱ་སྦྱོར་བྱས་ནས། །རྒྱལ་བའི་བདག་སྐྱེས་བྱང་ཆུབ་སེམས། །པད་མའི་སྣོད་དུ་གཞུག་པར་བྱ། །རྔ་ཡབ་གཡོབ་ཅིང་གདུགས་དང་ནི། །བཀྲ་ཤིས་ཚིགས་བཅད་གླུ་རྣམས་ཀྱིས། ། ཕྱག་རྒྱ་ལྡན་པས་སློབ་མ་དེ། །འགྲོ་བའི་གཙོ་བོས་དབང་བསྐུར་བྱ། །སློབ་དཔོན་མཆོག་གི་དབང་ཕྱུག་གིས། །དབང་ནི་རིན་ཆེན་མཆོག་བྱིན་ནས། །བཟང་པོའི་རང་བཞིན་ལེགས་སྦྱངས་པའི། །དམ་ཚིག་ཡིད་འོང་ངེས་པར་ སྦྱིན། །ཁྲག་ཆེན་དང་ནི་ག་བུར་བཅས། །ཙན་དན་དམར་པོས་སྦྱར་བ་དང་། །རིགས་ཀྱི་བདག་པོའི་ཆུ་ལྡན་ཞིང་། །ལྔ་པ་སེམས་ལས་ཡང་དག་བྱུང་། །འདི་རྣམས་དམ་ཚིག་ཡང་དག་པར། །སངས་རྒྱས་རྣམས་ཀྱིས་ ཉེ་བར་གསུངས། །བཟང་པོ་རྟག་ཏུ་བསྐྱང་བར་གྱིས། །སྡོམ་པ་ཡང་ནི་ད་ལྟར་ཉོན། །སྲོག་ཆགས་གསད་པར་མི་བྱ་ཞིང་། །བུད་མེད་རིན་ཆེན་ཡོང་མི་སྤང་། །དེས་ན་སློབ་དཔོན་སྤང་མི་བྱ། །སྡོམ་པ་ཤིན་ དུ་འདའ་བར་དཀའ། །གོང་དུ་གསུངས་པའི་རིག་མ་འམ། །ཡང་ན་བདག་གི་རྣལ་འབྱོར་མ། །དག་ཅིང་སྤྲུལ་པའི་རིག་མ་ནི། །སི་ཧླ་ག་བུར་བསྒོས་བ་ནི། །ཇི་སྲིད་ཁུ་བ་ལྡན་གྱུར་པ། །དེ་སྲིད་ཕྱག་རྒྱ་བསྟེན་པར་བྱ། ། 86-1-275a ཕྱག་རྒྱའི་གདོང་ཡང་བཅིང་བ་དང་། །ཐབས་ཀྱི་གདོང་ཡང་དེ་བཞིན་ཏེ། །བསྟན་པས་ཡང་དག་གང་བྱུང་བ། །སློབ་མའི་ཁ་རུ་ལྟུང་བར་བྱ། །རོ་མཉམ་སློབ་མའི་སྤྱོད་ཡུལ་ཉིད། །དེ་ཉིད་ལ་ནི་ བྱ་བར་བཤད། །རང་རིག་ཡེ་ཤེས་ཉིད་དུ་འགྱུར། །རང་གཞན་ཡང་དག་རིག་པ་སྤངས། །མཁའ་མཉམ་རྡུལ་བྲལ་སྟོང་པ་ཉིད། །དངོས་དང་དངོས་མིན་བདག་ཉིད་མཆོག །ཐབས་དང་ཤེས་རབ་རྣམ་པར་ འདྲེས། །འདོད་ཆགས་འདོད་ཆགས་བྲལ་བས་འདྲེས། །དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག །དེ་ཉིད་ཡི་གེ་དམ་པ་ཉིད། །དེ་ཉིད་འདི་ནི་ཀུན་ཁྱབ་བྱེད། །དེ་ཉིད་སངས་རྒྱས་ཡེ་ཤེས་ཅན། །ཧེ་རུ་ཀ་དཔལ་ཞེས་བྱར་ བརྗོད། །གཞན་རྣམས་གང་རྣམས་དེ་རྣམས་དང་། །དངོས་དང་དངོས་མེད་དེ་ལས་བྱུང་། །དགའ་བ་དང་པོ་དཔའ་བོ་སྟེ། །མཆོག་ཏུ་དགའ་བ་རྣལ་འབྱོར་མ། །ཤིན་དུ་བདེ་དགའ་ཐམས་ཅད་ངེས། །དེ་བདེ་ཐབས་ལས་ ཐམས་ཅད་རིག །དང་པོ་དགའ་བ་ཙམ་ཉིད་དེ། །མཆོག་ཏུ་དགའ་བ་གཉིས་པའི་གྲངས། །གསུམ་པ་དགའ་བྲལ་དགའ་བར་བཤད། །བཞི་པ་ལྷན་ཅིག་སྐྱེས་པར་བརྗོད། །དེ་ཡང་དབང་ནི་རྣམ་པ་བཞི། །དང་པོ་ ལ་ནི་བུམ་པའི་དབང་། །གཉིས་པ་ལ་ནི་གསང་བའི་དབང་། །གསུམ་པ་ཤེས་རབ་ཡེ་ཤེས་ཏེ། །བཞི་པ་དེ་ཡང་དེ་བཞིན་ནོ། །བྱང་ཆུབ་སེམས་ཀྱི་དབང་གིས་ནི། །སློབ་མ་སྡིག་པ་བྲལ་བ་ཡིན། །སངས་རྒྱས་ གྲོང་ཁྱེར་མཆོག་སྔོན་དུ། །དེ་ནས་དེ་ལ་གནང་བ་སྦྱིན། །བྱང་ཆུབ་སྙིང་པོའི་བར་དུ་ནི། །ཕྱོགས་ཀུན་དུ་ནི་འཁོར་ལོ་ནི། །ཆོས་ཀྱི་འཁོར་ལོ་བླ་ན་མེད། །ཀུན་དུ་མཆོག་ཏུ་རབ་ཏུ་བསྐོར། །ཐབས་དང་ཤེས་རབ་ རང་བཞིན་བདག །ཡིད་བཞིན་ནོར་བུ་ལྟར་མཐོང་ནས། །སྦྱོར་མེད་བྲལ་ཞིང་མ་ཞུམ་པས། །སེམས་ཅན་དོན་ནི་ད་ལྟར་གྱིས། །དབང་དང་བཀའ་གནང་ཐོབ་ནས་ནི། །བྱ་བ་བྱས་པས་རབ་འཛུམ་ཞིང་། །འགྲོ་བ་ 86-1-275b དགའ་བར་བྱེད་པ་ཡི། །ཤིན་དུ་སྙན་པའི་ཚིག་འདི་བརྗོད། །དེང་བདག་སྐྱེ་བ་འབྲས་བུར་བཅས། །བདག་གི་འཚོ་བ་འབྲས་བུར་བཅས། །དེ་རིང་སངས་རྒྱས་རིགས་སུ་སྐྱེ། །ད་ནི་སངས་རྒྱས་རིགས་སུ་འགྱུར། །བསྐལ་པ་ རྒྱ་མཚོར་འཇིགས་ཆེན་པོར། །མནར་མེད་སྐྱེ་བ་ཡང་དག་འཁྲུག །ཉོན་མོངས་འདམ་ནི་བརྒལ་དཀའ་ལས། །བདག་ནི་མགོན་པོ་ཁྱོད་ཀྱིས་བསྒྲལ། །ཁྱོད་ཀྱི་ཞབས་ཀྱི་བཀའ་དྲིན་ལས། །ཐེག་པ་རྫོགས་པ་ལྟ་ བུར་བདག །བག་ཆགས་ཐམས་ཅད་བྲལ་བས་ན། །བདག་ལ་བྱང་ཆུབ་འཚལ་མ་མཆིས། །རངས་ཤིང་མིག་ནི་ཕྱེ་བ་ཡིས། །ཞབས་ལ་འཇུས་ནས་གུས་པར་བྱ། །གང་དང་གང་ཞིག་སྡུག་པའི་རྫས། །རེ་བ་མེད་པའི་ སེམས་ཀྱིས་ནི། །དེ་དང་དེ་ཉིད་དབུལ་བར་བྱ། །བླ་མའང་སྙིང་རྗེ་ལྡན་པས་ནི། །སློབ་མའི་ཞན་པ་བཟློག་པའི་ཕྱིར། །དེ་ལ་ཕན་པའི་བསམ་པས་བཟུང་། །དེ་ནས་ཕྱག་འཚལ་མཆོད་ནས་ནི། །བླ་མ་ལ་ནི་ཡོན་རྣམས་དབུལ། ། གསེར་ནི་སྟོང་ཕྲག་བརྒྱ་དང་ནི། །རིན་ཆེན་རྣམ་པ་སྣ་ཚོགས་དང་། །གོས་ནི་ཟུང་འགྱུར་བརྒྱ་ཉིད་དང་། །གླང་པོ་རྟ་དང་ཡུལ་འཁོར་ཉིད། །རྣ་ཆ་དང་ནི་རྐང་གདུབ་དང་། །ནོར་བུ་དང་ནི་སོར་གདུབ་སོགས། །གསེར་ལས་ བྱས་པའི་མཆོད་ཕྱིར་ཐོགས། །རང་གི་ཆུང་མ་བུ་མོ་དང་། །བྲན་ཕོ་བྲན་མོ་སྲིང་མོ་ཉིད། །ཕྱག་འཚལ་ནས་ནི་དབུལ་བར་བྱ། །བདག་གི་དངོས་པོ་ཐམས་ཅད་ཀྱིས། །བློ་དང་ལྡན་པས་བླ་མར་དབུལ། །དེ་རིང་ཚུན་ཆད་ བདག་བྲན་དུ། །ཁྱོད་ལ་བདག་ནི་འབུལ་ལགས་ཞེས། །དེ་ལྟར་ཞུ་བ་བྱས་གྱུར་པས། །མངོན་པར་འདོད་པའི་གནས་ཐོབ་ནས། །ད་ནི་སངས་རྒྱས་ཐམས་ཅད་ཀྱིས། །བདག་ལ་བཀའ་དྲིན་ལེགས་པར་སྐྱོབས། ། ཇི་ལྟར་བླ་མེད་བྱང་ཆུབ་དེ། །བྱིན་གྱིས་བརླབས་ཀྱིས་བདག་གིས་བསྒྲུབས། །བླ་ན་མེད་པའི་བྱང་ཆུབ་གནས། །ཀུན་མཆོག་མཆོད་པ་བསྐྱེད་པར་བགྱི། །སེམས་ཅན་གནས་གསུམ་སྤྱོད་པ་རྣམས། །དེ་ཉིད་ལ་ནི་ 86-1-276a གཞག་པར་བགྱི། །དབང་ཆོག་འདིས་སྦྱིན་པར་བྱ་ཞིང་སློབ་མའི་ལྷག་པར་མོས་པ་དང་། ཟབ་པ་དང་རྒྱ་ཆེ་བའི་རིག་པས་ལྷག་པར་མོས་པའི་ཡིད་ཀྱིས་ཤེས་པར་བྱས་ནས་ཚིག་ཉིད་ཀྱིས་དབང་རིན་པོ་ཆེ་སྦྱིན་ པར་བྱའོ། །གང་ཐོབ་དབང་རབ་མཆོག་ནི་རིགས་ཀྱི་བདག་པོར་གཟུང་བ་རྙེད་པར་དཀའ་ཞིང་མཚུངས་པ་མེད་པར་གདམས། །ལོངས་སྤྱོད་རྫོགས་པའི་ཞིང་གི་དཔལ་དག་བླང་བར་བྱས་པས་བྱང་ཆུབ་སེམས་དཔའ་ཆེན་པོའི་དབང་ བསྐུར་བ། །བཀའ་ཡི་གནང་བ་རྙེད་ནས་འཇིག་རྟེན་གསུམ་གྱི་དགྲ་བོ་ལས་རྒྱལ་རྩོམ་པའི་གོ་བགོས་པ་ཡི་བློས། །བྱང་ཆུབ་དག་ལ་དགོད་པའི་སངས་རྒྱས་འདིར་ནི་དེ་ཉིད་རྣལ་འབྱོར་པས་ནི་དྲི་མ་མེད་པར་སྤྱོད། །བྱང་ཆུབ་ཀྱི་ སེམས་ཀྱིས་དབང་གཉིས་པ་ལ་རབ་ཏུ་བྱེད་པ་དང་པོའོ།། །། དེ་ནས་ཐབས་དང་ཤེས་རབ་དོན། །བསྒོམ་པ་ཡང་དག་རབ་བཤད་བྱ། །ཕ་རོལ་དོན་བརྩོན་བརྩོན་འགྲུས་ཀྱི། །སྒྲུབ་པ་པོ་ལ་ཕན་པའི་ཕྱིར། །འཁོར་བའི་རྒྱ་མཚོའི་ འཇིགས་པ་ལས། །བསྒྲལ་དཀའ་གང་ཞིག་རྣམ་བསྒོམ་པས། །རྣལ་འབྱོར་པས་ནི་རང་དོན་དུ། །མྱ་ངན་འདས་པར་གནས་མི་འགྱུར། །གང་གིས་ཁྱད་འཕགས་མཐར་ཐུག་པར། །སངས་རྒྱས་དྲི་མེད་ངོ་མཚར་རྨད། ། འགྲིབ་དང་འཕེལ་ལས་རྣམ་པར་གྲོལ། །བྱང་ཆུབ་བླ་མེད་ཐོབ་པར་འགྱུར། །ཕུང་པོ་ལྔ་སོགས་ཆོས་རྣམས་དང་། །ཐེག་གསུམ་ཤིན་དུ་སྤང་མི་བྱ། །ཆོས་དབྱིངས་ཤིན་དུ་མཉམ་པ་ཉིད། །ཆུ་ཤིང་ལྟ་བུར་ཡོངས་སུ་གཟུང་། ། སྟོང་པ་བསྒོམ་པར་མི་བྱ་སྟེ། །སྟོང་མིན་བསྒོམ་པར་མི་བྱའོ། །སྟོང་པ་མི་སྤང་རྣལ་འབྱོར་པས། །སྟོང་མིན་ཡོངས་སུ་མི་སྤང་ངོ་། །སྟོང་དང་སྟོང་མིན་གཟུང་བ་ལས། །རྟོག་པ་ཉུང་མིན་སྐྱེ་བར་འགྱུར། །ཡོངས་སུ་སྤངས་ ན་ཀུན་རྟོག་སྟེ། །དེ་ཕྱིར་དེ་གཉིས་ཡོངས་སུ་སྤང་། །གཉིས་ཀྱིས་གཟུང་བ་ཡོངས་སྤངས་པ། །རྣམ་གྲོལ་གནས་དང་བྲལ་བ་སྟེ། །ང་ཞེས་བྱ་བའི་ཀུན་རྟོག་འདི། །དེ་ཕྱིར་དེ་ནི་ཡང་དག་སྤང་། །རྣམ་པ་མེད་ཅིང་དོགས་པ་མེད། །འདོད་པ་ 86-1-276b མེད་ཅིང་སྡིག་པ་བྲལ། །ཐོག་མ་ཐ་མའི་རྟོག་ལས་གྲོལ། །ནམ་མཁའ་ལྟ་བུར་མཁས་པས་བསྒོམ། །སྙིང་རྗེ་ལྡན་པས་སེམས་ཅན་ལ། །རྒྱབ་ཀྱིས་ཕྱོགས་པར་མི་བྱ་ཞིང་། །སེམས་ཅན་ཡོད་དང་ཡོད་མིན་ཞེས། ། དེ་ལྟར་ཡོངས་སུ་བརྟག་མི་བྱ། །སྤྲོས་པ་མེད་པའི་རང་བཞིན་ཉིད། །ཤེས་རབ་ཅེས་ནི་རབ་ཏུ་གྲགས། །ཡིད་བཞིན་ནོར་ལྟར་མ་ལུས་པའི། །ཐམས་ཅད་དོན་བྱེད་སྙིང་རྗེ་ཉིད། །དམིགས་མེད་གནས་སུ་ཤེས་རབ་དང་། ། དམིགས་མེད་སྙིང་རྗེ་ཆེན་པོ་ཉིད། །བློ་དང་ལྷན་ཅིག་གཅིག་གྱུར་པ། །ནམ་མཁར་ནམ་མཁའ་ཇི་ལྟ་བའོ། །གང་ལ་སྒོམ་པ་པོ་ཡང་མེད། །གང་ཡང་རྣམ་པར་སྒོམ་པའང་མེད། །བསྒོམ་བྱ་ཉིད་ཀྱང་ཡོད་མིན་པ། །དེ་ཡི་ དེ་ཉིད་བསྒོམ་པར་བརྗོད། །གང་ཡང་བྱ་བ་ཡོད་མིན་འདིར། །བཟའ་བྱ་ཉིད་ཀྱང་ཡོད་མ་ཡིན། །བྱེད་པོ་བཟའ་ལས་རྣམ་པར་གྲོལ། །དོན་དམ་རྣམ་པར་བསྒོམས་པས་ན། །འདི་ལ་སྒྲུབ་པོ་གང་ཡང་མེད། །གང་ཡང་ བསྟོད་པར་བྱེད་པ་མེད། །དོར་བ་ཅུང་ཟད་མེད་པར་བརྗོད། །བླང་བའང་ཅུང་ཟད་ཡོད་མ་ཡིན། །དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། །སྒྱུ་མ་སྨིག་རྒྱུ་འདྲ་བ་དང་། །འཕྲོག་པ་ཟླ་བའི་གྲོང་ཁྱེར་མཚུངས། །རྨི་ལམ་རྩེ་བ་ལྟ་བུར་བལྟ་ སྒྱུ་མ་ཇི་བཞིན་ཐམས་ཅད་དུ། །བལྟ་བ་ཉིད་དང་རེག་པར་བྱ། །འགྲོ་བ་ཐམས་ཅད་གནས་པ་ནི། །གང་ཡང་རྙེད་པར་མི་འགྱུར་ཏེ། །སྦྱོར་བའི་འདུས་པར་བསམ་མི་ཁྱབ། །རྨི་ལམ་སད་པ་ལྟ་བུ་ནི། །ཇི་ལྟར་གཞོན་ ནུའི་གཟུགས་ཀྱིས་ནི། །དབང་པོ་གཉིས་ནི་འདུས་པ་ཡིས། །བྷ་གར་ལིང་ག་གཞག་ནས་ནི། །སངས་རྒྱས་རྗེས་སུ་དྲན་བ་བསྒོམ། །ཡེ་ཤེས་ཅི་ཞིག་སྐྱེ་ཞེ་ན། །ཐོག་མ་དབུས་མཐའ་དྲི་མ་མེད། །རང་གིས་ རིག་པའི་ཡེ་ཤེས་དེ། །གཞན་དུ་སྨྲ་བར་མི་ནུས་སོ། །གཟུགས་རྣམས་ཐམས་ཅད་བལྟ་བ་དང་། །སྒྲ་རྣམས་ཉིད་ཀྱང་ཉན་པ་དང་། །སྨྲ་བ་དང་ནི་རྒོད་པ་དང་། །སྣ་ཚོགས་རེ་ནི་ཟ་བ་དང་། །ལས་རྣམས་ཐམས་ཅད་བྱེད་པ་ 86-1-277a ན། །གཞན་དུ་སེམས་ནི་མི་འགྲོ་བས། །དེ་ཉིད་རིག་པའི་རྣལ་འབྱོར་པའི། །རྣལ་འབྱོར་རྟག་ཏུ་སྐྱེ་བར་འགྱུར། །འདི་ནི་གཉིས་སུ་མེད་པར་བརྗོད། །འདི་ནི་བྱང་ཆུབ་སེམས་མཆོག་ཉིད། །རྡོ་རྗེ་ རྡོ་རྗེ་སེམས་དཔའ་དཔལ། །རྫོགས་པའི་སངས་རྒྱས་བྱང་ཆུབ་ཉིད། །འདི་ནི་ཤེས་རབ་ཕ་རོལ་ཕྱིན། །ཕ་རོལ་ཕྱིན་པ་ཀུན་གྱི་དངོས། །མཉམ་ཉིད་བསམ་བྱ་ཉིད་དུ་གསུངས། །སངས་རྒྱས་ཀུན་མཆོག་བསྒོམ་བྱ་ཉིད། །འགྲོ་ བ་བརྟན་དང་གཡོ་བའི་བདག །བྱང་ཆུབ་སེམས་དཔའ་མཐའ་ཡས་དང་། །རྫོགས་སངས་རྒྱས་དང་ཉན་ཐོས་སོགས། །དེ་ཉིད་ལས་ནི་ཐམས་ཅད་སྐྱེས། །དངོས་དང་དངོས་མེད་སྦྱོར་དྲལ་བ། །རྣལ་འབྱོར་པས་ནི་དེ་ཉིད་ བསྒོམ། །དངོས་དང་དངོས་མེད་རྣམ་གྲོལ་བ། །བསྒོམས་ན་མྱུར་དུ་འགྲུབ་པར་འགྱུར། །མ་ལུས་སྐྱོན་ལ་སྡང་བ་དང་། །ཀུན་ནས་ཉོན་མོངས་རྒྱབ་ཕྱོགས་དེས། །དཔལ་ལྡན་བདེ་གཤེགས་ཡོན་ཏན་རྣམས། །མཐའ་ ཡས་དེ་ལས་སྐྱེ་བར་འགྱུར། །ཀུན་རྟོག་མང་པོའི་མུན་པས་ཁྱབ་གྱུར་པའི། །རབ་ཏུ་འཇོམས་པས་སྨྱོ་ཞིང་གློག་འགྱུ་བ། །ཆགས་སོགས་དགག་དཀའི་དྲི་མས་གོས་གྱུར་པའི། །སེམས་ནི་རྡོ་རྗེ་ཅན་གྱིས་འཁོར་བར་ གསུངས། །རང་བཞིན་འོད་གསལ་རྟོག་ལས་རྣམ་པར་གྲོལ། །འདོད་ཆགས་ལས་སོགས་དྲི་མས་གོས་བྲལ་བའི། །གཟུང་བ་དང་ནི་འཛིན་མེད་སེམས་དཔའ་མཆོག །དེ་ཉིད་མྱ་ངན་འདས་པ་མཆོག་ཏུ་གསུངས། ། སྡུག་བསྔལ་ཕུང་པོ་དུ་མའི་མཚན་གྱུར་པ། །འདི་ལས་གཞན་དུ་ཅུང་ཟད་ཡོད་མ་ཡིན། །བདེ་བ་མཐའ་ཡས་འབྱུང་བའི་རྒྱུར་གྱུར་པ། །དེ་ལས་གཞན་དུ་གྲོལ་བའང་ཡོད་མ་ཡིན། །སྡུག་བསྔལ་མ་ལུས་ཟད་པར་འདོད་པ་དང་། ། རྫོགས་སངས་རྒྱས་ཀྱི་བདེ་མཆོག་ཐོབ་འདོད་པས། །སེམས་ནི་བརྟན་པར་བྱས་ནས་འབད་པས་དཔྱད། །དེ་ཡི་རང་བཞིན་དངོས་པོ་མེད་པར་བྱེད། །ཇི་སྲིད་རྟོག་པའི་མུན་པའི་ཡུལ་སྟུག་པོ། །སྐྱེ་དགུའི་ཡིད་བསྒྲིབས་སྡུག་བསྔལ་ 86-1-277b མཐའ་ཡས་ལ། །ཇི་སྲིད་དེ་ནས་དེ་ནི་བྲལ་ཡིན་ཏེ། །དེ་སྲིད་བདེ་བ་རྒྱ་ཆེན་ཐ་དད་མིན། །མཉམ་པ་ཉིད་ཀྱི་མཐར་ཐུག་འཕགས་དགྱེས་པའི། །དེ་ཡི་ཟད་ཕྱིར་རང་གི་བྱ་བ་ཡང་། །རྒྱས་པ་དེ་ཡི་ཡན་ལག་འགྲོ་བ་བལྟ། ། དེ་ལྟར་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པས་རྣལ་འབྱོར་གྱི་ངེས་པར་བྱས་ནས་བཀའི་གནང་བ་དང་། རང་གི་དམ་ཚིག་ལ་གནས་པས། སྒོམ་པར་བྱེད་ན་ལག་པའི་ཕྱག་རྒྱ་དང་། སྔགས་དང་སྐུ་གཟུགས་ཀྱི་ང་རྒྱལ་བསྒོམ་པ་དང་། དམ་ཚིག་གི་ཐུན་མོང་གི་དངོས་གྲུབ་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་པས་ཅི་ཞིག་བྱ། སངས་རྒྱས་ཉིད་ཀྱིས་བྱིན་གྱིས་བརླབ་པའི་མཚོན་པ་མངོན་དུ་རང་གི་ལྷའི་རྣལ་འབྱོར་ཡིན་ཏེ་བསྐྱེད་པ་དང་། དེ་མཚོན་པ་ན་གནས་གསུམ་ པོ་ནམ་མཁའ་ལྟ་བུར་འགྱུར་རོ། །གཞུང་ཐམས་ཅད་སྤངས་ནས་ཐོབ་པའི་གནས་ཀྱི་བསམ་གཏན་གྱི་རྣལ་འབྱོར་དེ་ལ་བརྩོན་པས་རང་རིག་པ་ཙམ་ལ་སྤྲོ་བས་ཉིན་དང་མཚན་དུ་གོམས་པར་བྱའོ། །རིའི་རྩེ་མོ་དང་། ཞི་བའི་གནས་དང་། པད་མའི་ཚལ་དང་། རྒྱལ་པོའི་ཚལ་དང་། དབེན་པ་དང་ཐམས་ཅད་མཁྱེན་པའི་གནས་དང་། རང་གི་ཁྱིམ་འམ། སེམས་ལ་མངོན་པར་འདོད་པ་ཐམས་ཅད་མཁྱེན་པས་སྔགས་པ་འདིའི་ནང་དུ་གང་དང་གང་གི་གནས་དེར་གནས་ཤིང་ སྔགས་ཤེས་པ་སྤྲོ་བ་དང་ལྡན་པས་སྒོམ་པར་བྱེད་དེ། ཐབས་དང་ཤེས་རབ་མ་རྟོགས་པར་སངས་རྒྱས་ཉིད་མངོན་དུ་ཐོབ་པར་མི་འགྱུར་རོ། །དེའི་ཕྱིར་ཤེས་རབ་མ་དངོས་སུ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྦྱིན་པར་བྱེད་པ་ བཟང་མོ་སྤང་བར་མི་བྱ་སྟེ། ཕྱག་རྒྱ་རེ་རེ་དང་ལྡན་པ་འདི་མ་རྟོག་པར་དངོས་གྲུབ་སྟེར་བར་མི་འགྱུར་རོ། །དེ་ཕྱིར་ཡེ་ཤེས་སྐྱེད་པ་ནི། །ཕྱག་རྒྱ་བཞི་ནི་སྦྱར་བར་བྱ། །གཏི་མུག་དམ་ཚིག་ཕྱག་རྒྱ་སྟེ། །ཞེ་སྡང་ཕྱག་རྒྱ་ཆེན་པོར་བརྗོད། ། ཕྲག་དོག་ལས་ཀྱི་ཕྱག་རྒྱ་སྟེ། །འདོད་ཆགས་ཆོས་ཀྱི་ཕྱག་རྒྱ་བདག །ཡོ་གིས་ཕྱག་རྒྱ་སྣ་ཚོགས་འདི། །བསྐྱེད་ནས་རིག་མ་བཟའ་བར་བྱ། །དེ་ལ་གཉིས་ཀ་ཡང་ལྷའི་གཟུགས་སུ་མངོན་དུ་བསམས་ནས་གཏི་མུག་ལས་ 86-1-278a ཞི་བ་དང་། ཁྲོ་བོ་ལས་མ་རུངས་པ་དང་། འདོད་ཆགས་ལས་ཆགས་པས་ལས་རྣམས་བྱེད་དོ། །དེའི་དོན་དུ་རབ་ཏུ་བྱེད་པ་ལྔ་པོ་འདི་རྣམས་ཀྱིས་རྒྱལ་བ་རྣམས་ཡིན་ནོ། །སྔ་དྲོ་དང་ཉི་མའི་མཐའ་དང་། ཉི་མ་ཕྱེད་དང་། །ནམ་ཕྱེད་ཀྱི་དུས་སུ་ཡང་ཕྱག་རྒྱའི་རྣལ་འབྱོར་བྱའོ། །མཉམ་པར་སྦྱོར་བ་ལས་གཞན་དུ་ནི་འགྲུབ་པར་མི་འགྱུར་རོ། །བསྟན་པ་ལ་སྨོད་པའི་འཇིགས་པ་དང་། སྐྱེ་བོ་གདུག་པའི་ནང་དུ་གནས་པའི་རྣལ་འབྱོར་ པས་རང་གི་སེམས་འབའ་ཞིག་དེ་བསམས་པས་སེམས་ལ་ལྷག་པར་མོས་པ་མངོན་དུ་བྱའོ། །གང་ཞིག་ཡང་རྣལ་འབྱོར་པ་བརྩོན་འགྲུས་ཀྱི་འབད་པས་རྣལ་འབྱོར་འདི་བསྒྲུབ་པར་བྱའོ། །ཤེས་རབ་མངོན་དུ་མ་རྙེད་ན་བྱོལ་སོང་ དག་ལའང་རྟག་ཏུ་གོམས་པར་བྱའོ། །དེ་ལྟར་གང་ཞིག་རྣལ་འབྱོར་པས་གལ་ཏེ་པད་མ་འཛིན་པ་ལ་མངོན་དུ་ཉི་མ་རེ་རེའམ། ཟླ་བ་སོ་སོའམ། ལོ་ལ་རེག་པར་མི་བྱེད་ན་དམ་ཚིག་ཉམས་པར་འགྱུར་རོ། །དམ་ཚིག་ཉམས་ པས་རྣལ་འབྱོར་པ་བག་མེད་པར་སྐྱེ་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་དམ་ཚིག་བླང་བར་བྱས་ཡང་མི་བྱེད་པར་སྡོམ་པ་གཟུང་སྟེ། དེའི་ཕྱིར་ཀུན་གྱིས་སྡོམ་པ་དང་ལྡན་ཞིང་དེ་ཁོ་ན་ལ་གནས་པས་ཕྱག་རྒྱའི་རྣལ་འབྱོར་བྱའོ། ། གསང་བའི་ཉེ་བའི་རྫས་དང་སྔགས་དང་རྒྱུད་ཀྱིས་འདི་སྐད་ཡང་དག་པར་རྫོགས་པའི་སངས་རྒྱས་ཡང་དག་པར་སྦྱོར་བའི་རྣལ་འབྱོར་པ་རྟག་ཏུ་ཉེ་བར་འདུག་སྟེ། བསམ་གྱིས་མི་ཁྱབ་པའི་གནས་སུ་གནས་གསུམ་པོ་ རྩེ་གཅིག་པའི་ཚུལ་གྱིས་བསྒོམ་པར་བྱའོ། །ཐབས་དང་ཤེས་རབ་ཀྱི་དོན་བསྒོམ་པ་ཞེས་བྱ་བ་གཉིས་པ་ལས་རབ་ཏུ་བྱེད་པ་གཉིས་པའོ།། །། དེ་ནས་འཁོར་ལོ་ཐམས་ཅད་ཀྱི། །རྣམ་པར་འཕྲུལ་པ་ཡང་དག་བཤད། །དཔལ་ལྡན་ རྡོ་རྗེ་སེམས་སོགས་ལྷའི། །ཐམས་ཅད་ལས་ནི་སྣ་ཚོགས་བྱེད། །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་འདི་ལ་བསྒྲུབ། །རྣམ་པར་བྲལ་དང་གནས་སུ་ཡང་། །རང་གི་ཚལ་སོགས་རྣམས་སུ་ཡང་། ། 86-1-278b ཀུན་ལས་སྣ་ཚོགས་ཕྱག་རྒྱ་སྟེ། །ཀུན་ལས་སྣ་ཚོགས་སྡོམ་པས་ནི། །ཀུན་ལས་སྣ་ཚོགས་བྱ་བ་རྣམས། །ཇི་ལྟར་བདེ་བར་བསྒྲུབ་པར་བྱ། །བདེ་གཤེགས་ཀུན་གྱི་དཀྱིལ་འཁོར་ནི། །སྟོང་པ་ཉིད་ཀྱི་ཡེ་ཤེས་ཉིད། །ཁྲོ་བོའི་ སྒྲུབ་ཐབས་ཐམས་ཅད་དང་། །ཞི་བ་རྣམས་ཀྱི་ལྷ་རྣམས་ལ། །ཅི་ཞིག་ང་ཡིས་བཤད་པར་བྱ། །བསམ་གྱིས་མི་ཁྱབ་སངས་རྒྱས་གར། །བསྒོམ་པ་ལྷ་ཡི་རྣལ་འབྱོར་དང་། །སྔགས་ཀྱིས་བཟླས་པའི་ཆོག་རིམ་དང་། ། བྲིས་སྐུ་འམ་ནི་སྐུ་གཟུགས་དང་། །སེམས་ཀྱི་ཐམས་ཅད་སྤྲུལ་པ་སྟེ། །སེམས་ཅན་རྣམས་ལ་ཕན་འདོད་ཕྱིར། །ང་ཡིས་རྒྱུད་དུ་བསྒྲགས་པ་ཡིན། །སྟོང་ཉིད་གཅིག་ལས་རྡོ་རྗེ་ཅན། །རིགས་ནི་རྣམ་པ་ལྔ་རུ་གསུངས། ། རྡོ་རྗེ་སྙིང་པོས་གསོལ་པ། བསྐྱེད་པའི་ཡིག་འབྲུ་གཟུགས་དང་ནི། །ཕྱག་རྒྱ་དབྱིབས་ཀྱི་ཆོག་རིམ་དང་། །སྔགས་ཀྱི་བཟླས་པའི་ཆོ་ག་ཡང་། །གང་གིས་སྒྲུབ་པོ་འགྲུབ་འགྱུར་བེ། །གཙོ་བོ་ཤིན་པུ་དགའ་ཆེན་པོས། །བཀའ་དྲིན་གྱིས་ ནི་བསྐྱབ་ཏུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དང་པོར་བྱམས་པ་བསྒོམ་པར་བྱ། །གཉིས་པར་སྙིང་རྗེ་རྣམ་པར་བསྒོམ། །གསུམ་པར་དགའ་བ་བསྒོམ་པ་དང་། །ཀུན་གྱི་ཐ་མར་བཏང་སྙོམས་སོ། །ཡང་ནི་སྟོང་ པའི་བྱང་ཆུབ་སེམས། །གཉིས་པ་ལ་ནི་ས་བོན་བསྡུ། །གསུམ་པ་ལ་ནི་གཟུགས་བརྙན་རྫོགས། །བཞི་པ་ལ་ནི་ཡིག་འབྲུ་དགོད། །རེ་ཕས་ཉི་མ་སྔོན་དུ་རྣམ་བསྒོམས་ནས། །ཧཱུྃ་བྱུང་སྣ་ཚོགས་རྡོ་རྗེ་སྟེ། །རྡོ་རྗེ་དེ་ ཉིད་ཀྱིས་ནི་ར་བ་དང་། །གུར་ཡང་ཆོ་ག་བཞིན་དུ་བསྒོམ་པར་བྱ། །དང་པོར་རོ་ནི་བསྒོམ་པར་བྱ། །ཆོས་ཀྱི་དབྱིངས་ཀྱིས་བདག་ཉིད་བརྗོད། །དེ་སྟེང་རྣལ་འབྱོར་པ་གནས་ནས། །ཧེ་རུ་ཀ་ཉིད་རྣམ་པར་བསྒོམ། །རང་གི་སྙིང་ཀར་ རེ་ཕ་བསྒོམ། །དེ་ལས་བྱུང་བའི་ཉི་དཀྱིལ་འཁོར། །དེར་ནི་ཧཱུྃ་གི་དབྱིབས་ཉིད་ནི། །ཐབས་དང་ཤེས་རབ་བདག་ཉིད་ཅན། །ཁ་དོག་ནག་པོ་འཇིགས་ཆེན་པོ། །ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཉིད། །རྡོ་རྗེ་ལྟེ་བའི་དབུས་གནས་པར། །ཡང་ནི་ 86-1-279a ཧཱུྃ་གི་དེ་ཉིད་བསྒོམ། །དེ་ཉིད་ཡོངས་སུ་གྱུར་བལྟས་ནས། །ཞེ་སྡང་བདག་ཉིད་རྣམ་པར་བསྒོམ། །རྡོ་རྗེ་སྐྱེ་བ་དཔའ་བོ་ཆེ། །འདམ་སྐྱེས་སྔོན་པོ་འདྲ་བ་འམ། །ཡང་ན་སྔོ་དང་ཉི་མ་ལྟར། །དད་པས་ངེས་པར་ བསྒོམ་པར་བྱ། །ནམ་མཁར་རྗེ་བཙུན་བལྟས་ནས་ནི། །རྡོ་རྗེ་སྐྱེ་བ་སྙིང་རྗེ་ཆེ། །རྒྱན་རྣམས་ཐམས་ཅད་འཛིན་པ་ཡི། །ལྷ་མོ་བརྒྱད་ཀྱིས་མཆོད་པར་བྱ། །དཀར་མོ་རི་དགས་མཚན་པ་འཛིན། །ཆོམ་རྐུན་བདུད་ལས་རྒྱལ་ བའི་སྣོད། །རོ་ལངས་མ་ནི་ཆུ་ལག་མ། །གྷསྨ་རཱི་ནི་སྨན་འཛིན་ཅིང་། །པུཀྐ་སཱི་ནི་རྡོ་རྗེ་ལག །དེ་བཞིན་རི་ཁྲོད་མ་རོ་འཛིན། །གདོལ་པ་མོ་ནི་ཅང་ཏེའུ་རྡུང་། །གཡུང་མོ་སྐུ་ལ་འཁྱུད་པ་སྟེ། །མཆོད་པའི་ཆོ་ག་རྒྱས་པ་ཡིས། ། འདི་རྣམས་ཀྱིས་ནི་གཙོ་བོ་མཆོད། །དེ་ནས་གནས་ལས་རྣམ་གྲོལ་བའི། །ཆོས་རྣམས་ཀུན་གྱི་བདག་ཉིད་འགྱུར། །ཨཱ་ལི་ཟླ་བ་ཀཱ་ལི་ཉི། །ས་བོན་ནང་དུ་སོན་རིག་པ། །དེ་ཉིད་སེམས་དཔའ་ཞེས་བྱར་བརྗོད། །མཆོག་ཏུ་དགའ་ བའི་རང་བཞིན་ཅན། །ནམ་མཁའི་དཀྱིལ་འཁོར་ཁྱབ་པ་ཡི། །རང་གི་ལུས་མཚུངས་རྣམ་པར་སྤྲོ། །བསྡུས་ནས་སྙིང་གར་དགུག་པ་ན། །ཡོ་གི་ཞེ་སྡང་བདག་ཉིད་འགྱུར། །ནམ་མཁའི་ཁམས་ཀྱི་ནང་སོན་པར། ། དེ་ནས་ཉི་མའི་དཀྱིལ་འཁོར་བསམ། །ཧཱུྃ་སྐྱེས་སྔོ་དང་ཉི་མ་ལྟར། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ཕྱག་གཉིས་པ་ལ་ཞལ་གཅིག་པ། །སྤྱན་གསུམ་སྐྲ་ནི་གྱེན་དུ་སེར། །སྡང་མིག་བརྒྱད་གཉིས་ལོ་ཡི་དབྱིབས། ། འཇིགས་བྱེད་མནན་ཅིང་གཡོན་པ་ན། །རྡོ་རྗེ་ཁ་ཊྭཱྃ་ག་ཉིད་དང་། །ཐོད་པ་ཡང་ནི་གཡོན་པ་ན། །གཡས་ན་རྡོ་རྗེ་ནག་པོ་ཉིད། །ཧཱུྃ་ནི་འདོན་པར་བྱེད་པའི་བདག །ལྷ་མོ་བརྒྱད་ཀྱིས་བསྐོར་ནས་ནི། །དུར་ཁྲོད་དུ་ནི་མགོན་པོ་རོལ། ། དེ་ལྟར་རྣལ་འབྱོར་པས་ནི་བསྒོམ། །རྣལ་འབྱོར་བདུད་རྩི་སྡོམ་པ་ཀུན། །དེ་ཉིད་བཅོམ་ལྡན་རྣལ་འབྱོར་ཏེ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ཁྲོ་བོའི་གཟུགས་ནི་འཛིན་གྱུར་པ། །ཕྱག་བཞི་ཡིས་ནི་རྣམ་པར་བརྒྱན། །བདུད་ 86-1-279b བཞི་རྣམ་པར་དག་པ་ནི། །དགའ་བ་བཞི་ཡི་རང་བཞིན་ནོ། །སྔར་གསུམ་དཀྱིལ་འཁོར་འཁོར་ལོར་གནས། །ཧཱུྃ་གིས་ས་བོན་ལས་བྱུང་བའི། །གཡོན་ན་ཐོད་པ་ལྷ་དང་ནི། །ལྷ་མིན་ཁྲག་གིས་བཀང་བ་དང་། །གཡས་ན་རྡོ་རྗེ་ མེ་ལྟ་བུས། །འཇིགས་པ་ཡང་ནི་འཇིགས་པར་མཛད། །གཞན་པ་ཡི་ནི་ཕྱག་དག་གིས། །ལུས་ལ་ཡང་དག་འཁྱུད་པ་ཉིད། །ཤེས་རབ་རྡོ་རྗེ་ཕག་མོ་ནི། །བཅོམ་ལྡན་འདས་ཀྱི་གཟུགས་སུ་བསྒོམ། །དང་པོར་སྟོང་པ་བསྒོམ་བྱ་ ཞིང་། །གཉིས་པ་ལ་ནི་ཆ་བྲལ་ཉིད། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །ཧཱུྃ་ནི་དེར་ནི་བསྒོམ་པར་བྱ། །དེ་བཞིན་ཞལ་གསུམ་ཕྱག་དྲུག་པར། །ལྷ་ཡི་གཟུགས་སུ་བསྒོམ་པར་བྱ། །དང་པོའི་ཞལ་ནི་དཀར་མིན་ཞིང་། ། གཡས་པ་དཀར་ཞིང་ཞི་བ་ཉིད། །གཡོན་པ་དམར་པོ་ལྟ་བུ་སྟེ། །སྤྱན་གསུམ་བཟང་པོའི་གཟུགས་ཅན་ཉིད། །རྒྱན་རྣམས་ཀུན་གྱིས་ཡང་དག་གང་། །ཐོད་པའི་གདན་ལ་ཡང་དག་གནས། །བཤང་གཅི་ཁུ་བ་ཁྲག་རྣམས་ཀྱིས། ། ཐོད་པ་ཕྱག་གིས་བཟུང་བ་དང་། །གཞུ་དང་མདའ་ནི་འཛིན་པ་ཉིད། །དེ་བཞིན་རྡོ་རྗེ་དྲིལ་བུ་ཉིད། །དང་པོ་རྡོ་རྗེ་འབར་བ་ཉིད། །གསུམ་པར་དེ་བཞིན་རྩེ་གསུམ་པ། །དཔལ་ལྡན་ཤེས་རབ་འཁྱུད་པ་དང་། །རལ་པའི་ཅོད་པན་བརྒྱན་པ་སྟེ། ། སྤྲིན་གྱི་འོད་འབར་དུ་མ་ནི། །སངས་རྒྱས་དམ་ཚིག་སྤྲོ་བར་བྱ། །བྷ་གའི་དབུས་སུ་སྒྲུབ་པ་པོས། །དེར་ནི་བདག་ཉིད་བསྒོམ་པར་བྱ། །ལྷ་མོ་ལྷན་ཅིག་ལྡན་པར་ནི། །དེ་ནས་ཕྱག་རྒྱ་བསྒོམ་པར་བྱ། །ཐོད་པའི་སྟན་ལ་གནས་ པར་ནི། །འདབ་མར་ལྷ་མོ་བྲི་བར་བྱ། །སྣ་ཚོགས་གཟུགས་མ་ཡིད་འོང་མ། །ཞལ་གཅིག་མ་ལ་ཕྱག་བཞི་མ། །དང་པོར་རིག་མ་བྲི་བར་བྱ། །གཞུ་དང་མདའ་ནི་འཛིན་མ་མཛེས། །ཐོད་པ་ཁུ་བས་གང་བ་དང་། །ལྕགས་ ཀྱུ་ལག་པས་འཛིན་པ་མོ། །གཉིས་པ་རྩེ་གསུམ་ལག་པ་དང་། །ཁྲག་གིས་གང་བའི་ཐོད་པ་དང་། །རྡོ་རྗེ་དེ་བཞིན་ཞགས་པ་ཉིད། །གསུམ་པ་ལག་པར་རལ་གྲི་དང་། །ཐོད་པ་ཆུ་ཡིས་གང་བ་དང་། །དེ་བཞིན་རྡོ་རྗེ་དྲིལ་བུ་ 86-1-280a ཉིད། །བཞི་པ་ཁ་ཊྭཱཾྃ་ག་ལག་མ། །གཡོན་པའི་ལག་པས་ཐོད་པ་ཉིད། །མུ་སུམ་དེ་དང་བ་དན་གསུམ། །ལྔ་པ་ཞགས་པའི་ལག་པ་དང་། །ཐོད་པ་ལག་པས་བཟུང་བ་དང་། །དེ་བཞིན་ཨུད་པལ་ཅང་ཏེའུ་ཉིད། ། དྲུག་པའི་ལག་པས་པད་མ་དང་། །ཐོད་པ་ཚིལ་གྱིས་གང་བ་དང་། །དེ་བཞིན་མེ་ལོང་དགྲ་སྟ་ཉིད། །བདུན་པ་འཕང་མདུང་ལག་པ་དང་། །དུང་དང་འཁོར་ལོའི་མཚོན་ཆ་འཛིན། །ཐོད་པ་ཁྲག་གི་གང་བར་ནི། །ཁྲུ་གང་ཙམ་དུ་ཡང་དག་ བྲི། །བརྒྱད་པ་བུམ་པའི་ལག་པ་དང་། །དེ་བཞིན་རྡོ་རྗེ་དྲིལ་བུ་ཉིད། །ཐོད་པ་སྐྱེས་པའི་ལྤགས་པ་ཡིས། །བཀབ་པ་རྫས་ཀྱིས་གང་བ་ནི། །ཟེ་འབྲུར་བདེ་བ་ཆེན་པོ་དང་། །འདབ་མར་ལྷ་མོ་བྲི་བར་བྱ། །རོལ་མོ་རྣམ་པ་སྣ་ཚོགས་རྣམས། ། གསང་བའི་དཀྱིལ་འཁོར་བྲི་བར་བྱ། །ལྷ་མོ་རྡོ་རྗེ་ལྕགས་ཀྱུ་དང་། །རྡོ་རྗེ་ཞགས་པ་ལྕགས་སྒྲོག་དང་། །དེ་བཞིན་རྡོ་རྗེ་དྲིལ་བུ་ཉིད། །སྒོ་ཡི་སྐྱོང་བ་ཡང་དག་བྲི། །བྷ་གའི་དབུས་སུ་བསྒོམ་བྱ་ཞིང་། །ཕྱིས་ནི་བཟླས་པ་ཡང་དག་བརྩམ། ། ཧཱུྃ་ནི་རྡོ་རྗེ་སེམས་དཔའ་ཡི། །ཨོཾ་ནི་དབྱངས་ཀྱི་དབྱེ་བ་ཉིད། །ཨཱ་ནི་ངག་དང་ཡང་དག་ལྡན། །ཤེལ་ནི་དག་པ་ལྟ་བུ་ཉིད། །ཧྲཱིཿནི་དེ་ལ་ཡང་དག་སྦྱར། །དེ་བཞིན་དུ་ཡང་སྭཱ་ཧཱ་ཉིད། །སྔགས་ཀྱིས་བཟླས་པར་ཡང་དག་གསུངས། །བསམ་ གཏན་ཡི་གེ་གཅིག་པོ་ཉིད། །ལྷ་མོ་རྣམས་ཀྱི་ཧྲཱི་ཉིད་ནི། །འདབ་མ་རྣམས་ལ་དེ་ནས་དགོད། །མཆོད་པ་བཞི་ཡི་རང་བཞིན་གྱིས། །ས་བོན་བཞི་དང་ཡང་དག་ལྡན། །སྒོ་ཡི་སྐྱོང་བ་ཐམས་ཅད་དུ། །དང་པོ་དབྱངས་ཡིག་ ལ་སོགས་ལྡན། །བྷ་ག་ཉིད་དུ་སྒྲུབ་པ་པོས། །དེ་ནས་རྡོ་རྗེ་གཞུག་པར་བྱ། །ཧྲཱིཿཡི་རྣམ་པ་ཉིད་དང་ཡང་། །དེ་ལ་ཧཱུྃ་ནི་བརྗོད་པར་བྱ། །ཟླ་མཚན་དུས་སུ་ཁྲག་བཅས་པའི། །ཁུ་བ་ཁ་ཡིས་བཟའ་བར་བྱ། །བདག་ཉིད་དང་ ནི་བྷ་ག་ལ། །མེ་ཏོག་དྲི་ཡིས་མཆོད་པར་བྱ། །གལ་ཏེ་སྒྲུབ་པོ་གྲུབ་འདོད་ན། །དེ་ཉིད་ལ་ནི་བཟླས་པར་བྱ། །རྡོ་རྗེ་དྲག་མོ་དེ་བཞིན་གཅིག །དེ་བཞིན་རྡོ་རྗེ་གཟུགས་བརྙན་གཉིས། །གསུམ་པ་རྡོ་རྗེ་འདོད་ཆགས་མ། །བཞི་པ་རྡོ་རྗེ་ 86-1-280b ཞི་བ་མ། །ལྔ་པ་རྡོ་རྗེ་གནོད་སྦྱིན་མ། །དྲུག་པ་རྡོ་རྗེ་མཁའ་འགྲོ་མ། །བདུན་པ་སྒྲ་ཡི་རྡོ་རྗེ་མ། །དེ་བཞིན་བརྒྱད་པ་རྡོ་རྗེ་ས། །གཉིས་པ་ལས་རབ་ཏུ་བྱེད་པ་གསུམ་པའོ།། །། འཁོར་ལོ་སྒྲུབ་པའི་ཁྱད་པར་གྱི། ། རིམ་པ་ཇི་བཞིན་རྡོ་རྗེ་ཉོན། །ཞི་དང་རྒྱས་དང་དབང་དང་ནི། །བསྲུང་དང་དེ་བཞིན་མངོན་སྤྱོད་ཉིད། །རེའུ་མིག་དགུ་སོགས་འཁོར་ལོ་ཡི། །བྱི་རོལ་མུ་ཁྱུད་ཉིད་དུ་བྱ། །འཁོར་ལོ་ལས་ཀྱི་ཁ་དོག་སོགས། །མཁས་པས་རྣམ་ པར་བསྒོམ་པར་བྱ། །ཨོཾ་ཏཱ་རེ་ཏུཏ་ཏཱ་རེ་ཏུ་རེ་སྭཱ་ཧཱ། འདི་ཡིས་ས་བོན་ཐམས་ཅད་ཀྱིས། །ཕྱག་འཚལ་བསྲེག་བླུགས་ཐ་མ་ནི། །དབུས་སུ་མིང་ནི་སྦྱར་བར་བྱ། །བསྲུང་བའི་ཚིག་ཀྱང་རྣམ་པར་བྱ། །མཉམ་ཉིད་ཡེ་ཤེས་ སྟོང་པས་ནི། །བདག་གི་ལུས་ནི་བཀྲུ་བར་བྱ། །མཉམ་ཉིད་ཐམས་ཅད་རིག་པའི་གནས། །བསྲུང་བའི་འཁོར་ལོ་སྦྱར་བྱ་བ། །བསྲུང་བ་ཡེ་ཤེས་ཅན་གྱིས་བསྒོམ། །འཇིགས་པ་ཐམས་ཅད་རིང་དུ་བྱེད། །སེམས་ ཅན་དངོས་པོ་མེད་ན་ནི། །རྣལ་འབྱོར་དངོས་པོ་བསྒོམ་པར་བྱ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །པད་མའི་གདན་ནི་བསམ་པར་བྱ། །དངོས་གྲུབ་ཐམས་ཅད་རབ་སྟེར་མར། །བདག་གི་ལུས་ནི་བསྒོམ་ པར་བྱ། །ཨོཾ་ཏཱ་རེ་སྭཱ་ཧཱ། མགོ་བོ་ལའོ། །ཨོཾ་ཏུ་རེ་སྭཱ་ཧཱ། མིག་དག་ལའོ། །ཨོཾ་ཏཱ་རེ་སྭཱ་ཧཱ། སྣ་དག་ལའོ། །ཨོཾ་ཏུ་སྭཱ་ཧཱ། རྣ་བ་དག་ལའོ། །ཨོཾ་རེ་སྭཱ་ཧཱ། ལྕེ་ལའོ། །ཨོཾ་ཏཱ་རེ་ནི་སྭཱ་ཧཱ། སྙིང་གར་རོ། ། ཡན་ལག་དྲུག་ནི་རྣམ་པར་གཟུང་། །འཕགས་མ་སྒྲོལ་མ་བསམ་པར་བྱ། །ཕྱག་གཉིས་སེམས་དཔའི་སྐྱིལ་དཀྲུང་བཅས། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ཀུན་ལ་སྐྱབས་སྦྱིན་ལག་པ་དང་། །གཡོན་ པ་ཨུད་པལ་ལྟ་བུ་མཆོག །སྔགས་ཀྱི་རྒྱལ་པོས་བསྐུལ་བ་ཡིས། །ལྷ་རྣམས་ཐམས་ཅད་བསྒྲུབ་པར་བྱ། །ཨོཾ་ཀུ་རུ་ཀུལླི་ཧྲཱ་ཧྲཱི་སྭཱ་ཧཱ། ལས་ཐམས་ཅད་པའི་སྔགས་སོ། །དགྲ་དང་རྒྱལ་པོས་བཅིངས་པ་དང་། ། 86-1-281a འགྲོ་བའི་ཤིན་དུ་འཇིགས་པའི་དུག །ཡན་ལག་རིམས་ནི་སྣ་ཚོགས་དང་། །དུག་སོགས་དུས་མིན་འཆི་བ་ཡི། །འཇིགས་པའི་གནས་ནི་གང་གང་ལ། །དེ་དང་དེ་ལ་རབ་སྦྱར་བྱ། །ཤེས་རབ་ཆུབ་བ་ བློ་ལྡན་པར། །བསྲུང་བ་བྲིས་ནས་གཟུང་བར་བྱ། །བསྲུང་བ་བཟང་པོ་འདི་ཉིད་ནི། །འཇིགས་པ་ཐམས་ཅད་དུ་ནི་སྤངས། །བསྲུང་བའི་འདི་ནི་ཐམས་ཅད་ལས། །རྣལ་འབྱོར་དེ་ཉིད་གོང་ན་མེད། །འབར་བའི་འོད་ཟེར་ལྟ་བུ་ཡི། ། ཉི་མའི་དཀྱིལ་འཁོར་བསམས་ནས་ནི། །དེ་ཡི་དབུས་སུ་ཧྲཱི་ཉིད་ནི། །ཁ་དོག་དམར་པོ་ལྟ་བུའི་འོད། །དེ་ནས་བདག་ཉིད་བསྒོམ་པར་བྱ། །ཞལ་གཅིག་མ་ལ་ཕྱག་བཞི་མ། །མདའ་དང་གཞུ་ཡི་ལག་པ་མ། །ཨུཏྤ་ལ་དང་ ལྕགས་ཀྱུ་འཛིན། །འདི་ནི་བསྒོམས་པ་ཙམ་གྱིས་ནི། །འཇིག་རྟེན་གསུམ་པོ་དབང་དུ་བྱེད། །འབུམ་ཕྲག་གཅིག་གིས་རྒྱལ་པོ་རྣམས། །ཁྲི་ཡིས་འཇིག་རྟེན་ཕལ་པ་ཉིད། །བྱེ་བས་ཕྱུགས་དང་གནོད་སྦྱིན་སོགས། །འབུམ་ ཕྲག་བདུན་གྱིས་ལྷ་མ་ཡིན། །འབུམ་ཕྲག་གཉིས་ཀྱིས་ལྷ་རྣམས་ཉིད། །བརྒྱ་ཕྲག་གཅིག་གིས་སྔགས་པ་ཉིད། །འཁོར་ལོ་འདབ་མ་བརྒྱད་པ་འདི། །ཁ་དོག་དཀར་པོ་ཤིན་དུ་མཛེས། །མཉམ་ཉིད་གཟུགས་སུ་བསམས་ ནས་ནི། །ཁམས་གསུམ་གྱི་ནི་རང་བཞིན་གྱིས། །སྔར་གསུངས་མཚན་ཉིད་ཡང་དག་ལྡན། །གོང་དུ་གསུངས་པས་བསྒྲུབ་པར་བྱ། །ཤེས་རབ་འབར་བའི་ལས་རྣམས་ནི། །འདི་ཡི་འཁོར་ལོ་བསྒོམ་པར་བྱ། ། ཨོཾ་པྲཛྙེ་མ་ཧཱ་པྲཛྙེ་ཧཱུྃ་སྭཱ་ཧཱ། དངོས་པོའི་ངོ་བོས་བསྒོམ་པར་བྱ། །འོད་ཟེར་འབར་བ་དུ་མ་ཡི། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །ཤེས་རབ་བདག་ཉིད་རྣམ་པར་སྤྲུལ། །ཕྱག་གཉིས་སེམས་དཔའི་སྐྱིལ་མོ་ དཀྲུང་། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ཁ་དོག་དཀར་པོ་འོད་གསལ་མ། །ཤེས་རབ་བདག་ཉིད་གཟུང་བར་བྱ། །འདི་ཡི་ས་བོན་བཟླས་ནས་ནི། །ཤེས་རབ་འདབ་མ་ལྟ་བུར་འཕེལ། །གུ་བའམ་བློ་ནི་དམན་པ་ཡི། ། 86-1-281b ཤེས་རབ་འཕེལ་བའི་རྣལ་འབྱོར་རོ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །ཡི་གེ་དེ་ལ་དགོད་པར་བྱ། །ཐོད་པའི་གདན་གྱི་དབུས་གནས་པར། །ཞལ་གཅིག་པ་ལ་ཕྱག་བཞི་པ། །ཞི་བའི་འཁོར་ལོ་དྲིལ་བུ་འཛིན། ། ཐོད་པ་དང་ནི་ཞགས་པ་ཉིད། །དེ་བཞིན་འབར་བའི་ཕྲེང་འཁྲུགས་པར། །ཀུན་དུ་རྣམ་པར་སྤྲོ་བར་བྱ། །འདིར་ནི་རྣལ་འབྱོར་རིམ་པས་ནི། །རིན་ཆེན་འབྱུང་གནས་བསྒོམ་པར་བྱ། །བཙོ་མ་གསེར་གྱི་མདོག་ལྟ་བུ། །སྐུ་མདོག་ སེར་པོ་གཟི་བརྗིད་ཆེ། །ཐོད་པའི་གདན་གྱི་དབུས་བཞུགས་པར། །ཞལ་གཅིག་པ་ལ་ཕྱག་བཞི་པ། །དཔའ་བོ་རིན་ཆེན་ལྕགས་ཀྱུ་འཛིན། །ཐོད་པ་དེ་བཞིན་ཞགས་པ་ཉིད། །འདིར་ནི་རྣལ་འབྱོར་རིམ་པས་ནི། ། པད་མ་རྡོ་རྗེ་འཆང་བ་བསྒོམ། །ཞལ་གཅིག་པ་ལ་ཕྱག་བཞི་པ། །པད་མ་རཱ་ག་ལྟ་བུའི་འོད། །དཔའ་བོ་མདུང་དང་གཞུ་འཛིན་ཅིང་། །ཐོད་པའི་གདན་ལ་ཡང་དག་བཞུགས། །པད་མ་ཞགས་པ་འཛིན་པ་ཉིད། །རྒྱན་རྣམས་ ཀུན་གྱིས་རྣམ་པར་བརྒྱན། །འདིས་ནི་རིམ་པའི་རྣལ་འབྱོར་གྱིས། །དོན་ཡོད་ཕྱག་ན་རལ་གྲི་འཛིན། །ཐོད་པའི་གདན་གྱི་དབུས་བཞུགས་པར། །ཞལ་གཅིག་པ་ལ་ཕྱག་བཞི་པ། །ཐོད་པ་རྡོ་རྗེ་དྲིལ་བུ་དང་། །ལྕགས་ཀྱུ་དང་ནི་ གཡས་པ་འཕྱར། །བཻ་དུརྱཱ་ལྟར་ལྗང་གུ་སྟེ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ནམ་མཁའི་ཁམས་ཀྱི་དབུས་སོན་པ། །ཟླ་བའི་དཀྱིལ་འཁོར་བསམ་པར་བྱ། །དེ་ཡི་ནང་སོན་ས་བོན་ནི། །བྲུྃ་ལས་སྦྱན་གྱི་ དབྱིབས་སུ་ནི། །ཐོད་པའི་གདན་གྱིས་དབུས་གནས་པར། །ཕྱག་ནི་བརྒྱད་ཀྱིས་རྣམ་པར་བརྒྱན། །འཁོར་ལོའི་ལག་པ་མདའ་དང་གཞུ། །དེ་བཞིན་རྡོ་རྗེ་དྲིལ་བུ་ཉིད། །ཞགས་པ་རལ་གྲི་ཐོད་པ་ཉིད། །སྤྱན་ གསུམ་པ་ལ་ཞལ་གཅིག་མ། །རྒྱན་རྣམས་ཀུན་གྱིས་ཡང་དག་གང་། །དོ་ཤལ་དང་ནི་རྐང་གདུབ་བརྒྱན། །ཁ་དོག་དཀར་མོ་ཤིན་ཏུ་མཛེས། །དེ་བཞིན་ཐོད་པའི་དབུ་རྒྱན་ཉིད། །ནམ་མཁའི་ཁམས་ཀྱི་དབུས་སོན་པ། ། 86-1-282a ཟླ་བའི་དཀྱིལ་འཁོར་ཡོངས་གང་བ། །དེ་ཡི་ནང་སོན་བསམ་པར་བྱ། །ཧཱུྃ་ལས་མཱ་མ་ཀཱི་ཡི་དབྱིབས། །ཐོད་པའི་གདན་གྱི་དབུས་གནས་པར། །ཁ་དོག་སྔོན་མོ་འབར་ཆེན་མོ། །སྤྱན་གསུམ་མ་ལ་ ཞལ་གཅིག་མ། །ཐོད་པའི་ཕྲེང་བས་རྣམ་པར་བརྒྱན། །མདའ་དང་གཞུ་ནི་འཛིན་པ་ཉིད། །ལྕགས་ཀྱུ་དང་ནི་རལ་གྲི་ཉིད། །ཞགས་པ་རྡོ་རྗེ་དེ་བཞིན་དུ། །དྲིལ་བུ་དང་ནི་ཐོད་པའོ། །འཁོར་ལོ་རིན་ཆེན་པད་མ་དང་། །ཁ་ཊྭཱྃ་ག་ཉིད་ བཅུ་གཉིས་ནི། །གསང་བའི་དཀྱིལ་འཁོར་བྲི་བར་བྱ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །བྷ་གའི་དབུས་སུ་ཡོངས་གང་བའི། །ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱ། །དེར་ནི་ཧྲཱིཿནི་བསམ་བྱ་ཞིང་། །གོས་ དཀར་ཞེས་བྱ་རྣམ་པར་བསྒོམ། །ཐོད་པའི་གདན་གྱི་དབུས་གནས་པར། །ཁ་དོག་དམར་མོ་འབར་ཆེན་མོ། །རྒྱན་རྣམས་ཀུན་གྱིས་ཡོངས་གང་བ། །ཕྱག་རྒྱ་ཀྱིས་ནི་རྣམ་པར་བརྒྱན། །གཞུ་དང་མདའ་ནི་འཛིན་པ་དང་། ། པད་མའི་ལག་པར་རལ་གྲི་དང་། །ཐོད་པ་རྡོ་རྗེ་དྲིལ་བུ་དང་། །ཞགས་པ་དེ་བཞིན་རིན་ཆེན་ཉིད། །དོ་ཤལ་དང་ནི་རྐང་གདུབ་སྒྲ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །རྣལ་འབྱོར་པས་ནི་འདི་བསྒོམས་ན། །མྱུར་དུ་ སངས་རྒྱས་ཐོབ་པར་འགྱུར། །ནམ་མཁའི་དབུས་སུ་ཡོངས་གང་བའི། །ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱ། །དེ་ཡི་ནང་སོང་ཏཱྃ་ཉིད་ནི། །སྒྲོལ་མའི་དབྱིབས་སུ་བསམ་པར་བྱ། །ཐོད་པའི་གདན་གྱི་དབུས་ གནས་པར། །ཕྱག་ནི་བརྒྱད་ཀྱིས་རྣམ་པར་བརྒྱན། །རལ་གྲི་ཕྱག་ན་ཆགས་བཅས་མ། །ཨུད་པལ་དེ་བཞིན་ལྕགས་ཀྱུ་དང་། །ཐོད་པ་ཁྲག་གི་གང་བ་དང་། །ཞགས་པ་དེ་བཞིན་འཁོར་ལོ་དང་། །གཞུ་དང་མདའ་ནི་ འཛིན་པ་ཉིད། །ཞལ་གཅིག་མ་ནི་ཡང་དག་བྲི། །ཁ་དོག་ལྗང་གུ་སྤྱན་གསུམ་མ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །དེ་ལྟར་རྣལ་འབྱོར་པས་བསྒོམས་པས། །རྡོ་རྗེ་སེམས་དཔའ་མཉམ་པར་འགྱུར། །རྒྱུད་ཐམས་ཅད་ 86-1-282b ཀྱི་གླེང་གཞིའི་གསང་བ་དཔལ་ཡང་དག་པར་སྦྱོར་བ་ལས་བྱུང་བ་ལས་བརྟག་པའི་རྒྱལ་པོ་གཉིས་པའོ།། །། ཧེ་རུ་ཀ་དང་བདག་མེད་མའི། །སྐྱེད་བའི་སྒྲུབ་དང་དེ་ཉིད་ཉོན། །གང་གིས་གདུག་པ་དྲག་པོ་ཡིས། ། སེམས་ཅན་འདུལ་བར་འགྱུར་བ་ཡི། །མཁའ་འགྲོ་མཁའ་འགྲོ་མས་མཛད་པའི། །དེ་དག་ཐམས་ཅད་ཁྱོད་ལ་བཤད། །རྡོ་རྗེ་སེམས་དཔར་གྱུར་ནས་ཡང་། །རྡོ་རྗེ་ཅན་ཉིད་རྡོ་རྗེར་དབབ། །འབར་བའི་ཕྲེང་འཁྲུགས་ དྲག་པོ་ནི། །ཀུན་དུ་རྣམ་པར་སྤྲོ་བར་བྱ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །ས་བོན་ཕྲེང་བ་དེ་ནས་དགོད། །དེ་ནས་རྡོ་རྗེ་ཆགས་ཆེན་ལས། །རིག་མར་བཅས་པ་ཁུ་བར་གྱུར། །སྣ་ཚོགས་གླུ་ཡི་མཆོད་པ་ ལས། །དེ་ནས་རིག་མས་བསྐུལ་བར་བྱ། །རྗེ་བཙུན་སྙིང་རྗེའི་ཡིད་བཞེངས་ཤིག །པུཀྐ་སཱི་ནི་བདག་ལ་སྐྱོབས། །སྟོང་པའི་རང་བཞིན་ཉིད་སྤངས་ལ། །བདག་ལ་བདེ་ཆེན་སྦྱོར་བཞེས་མཛོད། །ཁྱོད་མེད་ན་ནི་བདག་ འགུམ་པས། །ཀྱེ་ཡི་རྡོ་རྗེ་ཁྱོད་བཞེངས་ཤིག །སྟོང་པའི་རང་བཞིན་ཉིད་སྤོངས་ལ། །རི་ཁྲོད་མ་འབྲས་གྲུབ་པར་མཛོད། །དགའ་གཙོ་འཇིག་རྟེན་མགྲོན་གཉེར་བ། །སྟོང་པ་ཉིད་ལ་གཞུགས་སམ་ཅི། །ཁྱོད་མེད་ ཕྱོགས་ནི་མི་འཚལ་བས། །གདོལ་པ་མོ་བདག་ཞུ་བ་བགྱིད། །བདག་གིས་ཁྱོད་ཀྱིས་ཐུགས་འཚལ་གྱིས། །མིག་འཕྲུལ་མངའ་བ་ཁྱོད་བཞེངས་ཤིག །གཡུང་མོ་བདག་ཡིད་དྲན་ཉམས་པས། །སྙིང་རྗེ་རྒྱུན་ ཆད་མ་མཛད་ཅིག །ཨཾ་དང་ཧཱཾ་ལས་རྡོ་རྗེ་ཆེ། །ཁུ་བའི་གཟུགས་ལས་བཞེངས་ནས་ནི། །ཞབས་རྣམས་ས་ལ་རྡེགས་པ་དང་། །ལྷ་དང་ལྷ་མིན་བསྡིགས་པར་མཛད། །གྃ་ཙྃ་བྃ་གྷྃ་པྃ་ཤྃ་ལྃ་ཌྃ། འདི་ཡིས་ ས་བོན་དབྱུང་བར་བྱ། །བདག་པོ་དགའ་མའི་ས་བོན་ལ། །ཨོཾ་ཧཱུྃ་སྔོན་པོ་འབར་འཇིགས་པས། །མ་མོའི་འཁོར་ལོ་གྲོང་ཉམས་དགར། །གཙོ་བོ་འདི་ལྟར་བསྒོམ་པར་བྱ། །ཞལ་བརྒྱད་པ་ལ་ཞབས་བཞི་པ། །ཕྱག་ 86-1-283a ནི་བཅུ་དྲུག་དག་གིས་བརྒྱན། །བདུད་བཞི་མཉམ་པར་མནན་པ་ཉིད། །འཇིགས་པའང་ནི་འཇིགས་པ་པོ། །སྒེག་ཅིང་དཔའ་བོ་མི་སྡུག་པ། །རྒོད་ཅིང་དྲག་ཤུལ་འཇིགས་སུ་རུང་། །སྙིང་རྗེ་རྔམ་དང་ཞི་ བ་ཡི། །གར་དགུའི་རོ་དང་ལྡན་པ་ཉིད། །མགོ་ཡི་ཕྲེང་བས་དོ་ཤལ་མཛད། །ཉི་མར་བཞུགས་ཤིང་རོལ་མོར་བཅས། །ཁ་དོག་ནག་པོ་འཇིགས་པ་པོ། །སྣ་ཚོགས་རྡོ་རྗེ་སྤྱི་བོར་འཛིན། །ཉིད་ཀྱི་ཞལ་ནས་ཧཱུྃ་སྤྲོ་ཞིང་། ། ཐལ་བས་སྐུ་ལ་བྱུགས་པ་ཉིད། །བདག་མེད་ལྷན་ཅིག་མཉམ་སྦྱོར་ཞིང་། །དགའ་བ་གཉིས་གཉིས་སྙོམས་འཇུག་པས། །དབའ་རླབས་མེད་པའི་རང་བཞིན་ཅན། །རྩ་བའི་ཞལ་ནི་བཞད་ཅིང་ནག །གཡས་པའི་ཞལ་ནི་ ཀུན་ད་མཚུངས། །གཡོན་པ་དམར་ཞིང་ཆེར་འཇིགས་པ། །སྟེང་མའི་ཞལ་ནི་རྣམ་པར་གཙིགས། །སྤྱན་ནི་ཉི་ཤུ་རྩ་བཞི་ཆེ། །ལྷག་མའི་ཞལ་ནི་བུང་བ་མཚུངས། །རྡོ་རྗེ་རལ་གྲི་འཛིན་པ་དང་། །མདའ་དང་དེ་བཞིན་འཁོར་ལོ་ ཉིད། །དེ་བཞིན་གཤོར་དང་དབྱིག་པ་དང་། །རྩེ་གསུམ་པ་དང་ལྕགས་ཀྱུ་ཉིད། །གཡོན་པར་དྲིལ་བུ་པད་མར་བཅས། །གཞུ་དང་ཁ་ཊྭཱྃ་ག་འཕྱར་ཞིང་། །ཐོད་པ་དང་ནི་རིན་ཆེན་ཉིད། །བསྡིགས་མཛུབ་ཞགས་པ་དེ་བཞིན་ནོ། ། སངས་རྒྱས་སྤྲིན་གྱི་འོད་ཟེར་ལྡན། །ཀུན་དུ་རྣམ་པར་སྤྲོ་བར་བྱ། །དེ་ལྟར་ཆོ་ག་སྣ་ཚོགས་ཀྱིས། །དཀར་མོ་ལ་སོགས་དེ་རྣམས་དགོད། །དཀར་མོ་ཁ་དོག་དཀར་མོ་སྟེ། །གཞུ་དང་མདའ་ནི་འགེངས་པ་མཆོག །ཐོད་པ་ ཁྲག་གིས་བཀང་བ་དང་། །དེ་བཞིན་རྡོ་རྗེ་གྲི་གུག་ཉིད། །ཆོམ་རྐུན་མ་ནི་ཁ་དོག་དམར། །འཁོར་ལོ་ལྕགས་ཀྱུ་འཛིན་མར་བརྗོད། །ཐོད་པ་དང་ནི་ཅང་ཏེའུ་ཉིད། །གསལ་བའི་གཟུགས་ཅན་དགོད་པར་བྱ། །རྨོངས་བྱེད་མ་ནི་སྐུ་ མདོག་ནག །དེ་བཞིན་ཐོད་པ་དང་ནི་གཤོར། །ས་ལ་རློག་པ་ཉིད་དང་ནི། །གཡས་པ་རྩེ་གསུམ་འཕྱར་བའོ། །རོ་ལངས་མ་ནི་དཀར་སེར་མཚུངས། །ཕྱག་དག་ན་ནི་ཆང་དང་ཆུ། །རལ་གྲི་དང་ནི་ཐོད་པ་ཉིད། །མཛེས་མའི་ 86-1-283b གཟུགས་ཅན་བསྒོམ་པར་བྱ། །པུཀྐ་སཱི་ནི་ཁ་དོག་སེར། །དཔག་བསམ་ཤིང་གི་ལྕུག་མ་དང་། །ཤ་ཡི་གང་བའི་ཐོད་པ་དང་། །རིན་ཆེན་དང་ནི་མཆོག་སྦྱིན་ཉིད། །གདོལ་པ་མོ་ནི་སྔོ་མདོག་མཚུངས། །དེ་བཞིན་རླུང་གི་གོས་འཛིན་མ། ། གཞོན་པ་དག་གིས་ཐོད་པ་དང་། །དེ་བཞིན་པད་མ་དཀར་པོ་ཉིད། །གཡུང་མོ་སྔོ་དང་དཀར་བའི་མདོག །རྡོ་རྗེ་དང་ནི་ལྕགས་ཀྱུ་འཛིན། །གཡོན་པས་ཐོད་པ་འཛིན་པ་སྟེ། །གཞན་པས་རླུང་གི་གོས་འཛིན་མ། །གྷསྨ་རཱི་ ནི་ལྗང་སེར་མཚུངས། །རྡོ་རྗེ་མེ་ཐབ་དགྲ་སྟའི་ལག །ཐོད་པ་ཚིལ་བུས་ཡོངས་གང་བའི། །གཡས་པ་མི་འཇིགས་སྦྱིན་བྱེད་མ། །རི་ཁྲོད་མ་ནི་དཀར་མདོག་མཚུངས། །ཁ་ཊྭཱྃ་ག་དང་ཐོད་པའི་ལག །རྡོ་རྗེ་དེ་བཞིན་ ཞགས་པ་ཉིད། །སྣ་ཚོགས་གཟུགས་ཅན་བསྒོམ་པར་བྱ། །རོ་ཧི་ཏ་དང་ཕག་ཉིད་དང་། །རུས་སྦལ་དེ་བཞིན་ལྟོ་འཕྱེ་ཉིད། །སེང་གེ་དེ་བཞིན་སྟག་ཉིད་དང་། །ཝ་དང་དགེ་སློང་ཉིད་རྣམས་ནི། །དེ་ལྟར་དཀར་མོ་ལ་ སོགས་པའི། །ཐོད་པ་བརྒྱད་དུ་ཆོ་ག་བཞིན། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །སྒེག་པ་ལ་སོགས་རོ་དང་ལྡན། །རྟ་ཡི་གཟུགས་དང་ཕག་གི་གདོང་། །ཁྱི་གདོང་དེ་བཞིན་སེང་གེ་མ། །ཞལ་བཞི་མ་ལ་ ཕྱག་བཞི་མ། །སྦྲུལ་གྱི་རྒྱན་གྱིས་རྣམ་པར་བརྒྱན། །གླིང་བུ་དང་ནི་པི་ཝང་དང་། །མུ་ཀུན་ཊ་དང་རྫ་རྔ་སྟེ། །ཕྱག་གཉིས་མ་ལ་ཞལ་གཅིག་མ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ནག་མོ་དཀར་སེར་ལྟ་བུ་དང་། ། དེ་བཞིན་སྟེང་དུ་རྟ་གདོང་ལྗང་། །སེར་མོ་ནག་མོ་དཀར་མཚུངས་དང་། །དེ་བཞིན་སྟེང་དུ་ཕག་གདོང་དམར། །དམར་ཞིང་ནག་དང་དཀར་མཚུངས་ཤིང་། །དེ་བཞིན་སྟེང་དུ་ཁྱི་གདོང་སེར། །ལྗང་དང་ནག་དང་དཀར་བའི་ གདོང་། །སྟེང་དུ་འབར་བའི་སེང་གེ་གདོང་། །ཐམས་ཅད་སྐྲ་ནི་སྟེང་དུ་འབར། །གཡོན་བརྐྱང་བ་ཡིས་རོ་མནན་ཅིང་། །སྤྱན་གསུམ་ཁྲོ་ཞིང་སྒེག་པ་དང་། །རྒོད་པའི་བཞིན་ནི་བསྒོམ་པར་བྱ། །ཧེ་རུ་ཀ་བསྐྱིད་པ་གསུམ་ 86-1-284a པ་ལས་རབ་ཏུ་བྱེད་པ་དང་པོའོ།། །། ཡེ་ཤེས་མཁའ་འགྲོའི་སྒྲུབ་བ་ནི། །རྡོ་རྗེ་གཙོ་བོ་རྒྱལ་པོ་ཉོན། །གཉིས་མེད་ཡེ་ཤེས་ཆོས་ལྡན་པའི། །གཉིས་ཀྱི་དངོས་པོ་སྤངས་པ་ཡིས། ། རྣལ་འབྱོར་ཀུན་སོགས་དང་པོར་ནི། །དག་པ་གསུམ་ནི་གདོན་པར་བྱ། །སྭ་བྷཱ་བ་ཤུད་དྷཱཿ། སརྦ་དྷརྨཱ་སྭ་བྷཱ་བ་ཤུད་དྷོ྅ཧྃ། བཛྲ་ཤུད་དྷཱཿ། སརྦ་དྷརྨཱ་བཛྲ་ཤུད་དྷོ྅ཧྃ། ཡོ་ག་ཤུད་དྷཱཿསརྦ་དྷཱརྨཱ་ཡོ་ག་ཤུད་དྷོ྅ཧྃ། དེ་ལྟར་བྱས་ནས་ རྣལ་འབྱོར་པས། །ཡང་ནི་བསམ་གཏན་དེ་ཉིད་བྱ། །ཡིད་དང་རྗེས་མཐུན་གནས་རྣམས་སུ། །དེ་ནས་བསམ་གཏན་བརྩམ་བར་བྱ། །བླ་རེ་ཡང་ནི་བྲེ་བ་ཉིད། །སྣ་ཚོགས་གོས་ནི་འཕྱང་བ་དང་། །འཕན་དང་རྒྱལ་མཚན་ བསྒྲེང་བ་དང་། །ཕྱོགས་བཅུའི་གནས་ནི་ཐམས་ཅད་དུ། །དྲི་ཞིམ་མེ་ཏོག་སྣ་ཚོགས་དང་། །དེ་བཞིན་དྲི་ཡི་དཀྱིལ་འཁོར་དུ། །སྐད་ཅིག་གཅིག་པའི་རྣལ་འབྱོར་གྱིས། །བདག་གིས་ལུས་ནི་བསམ་བར་བྱ། །བློ་གྲོས་ལྡན་ པས་སྔར་མཆོད་ནས། །ཡེ་ཤེས་མཁའ་འགྲོ་མ་ནི་གཟུང་། །དེ་ལྟར་ཆོ་ག་སྣ་ཚོགས་ནི། །ངེས་པར་བསྒོམ་པ་ཉིད་དུ་བྱ། །ཡེ་ཤེས་རྒྱ་མཚོ་རི་བོའི་མགོར། །ཕྱོགས་སོགས་ཁ་དོག་བཞི་ནི་བསམ། །དེ་བཞིན་གསེར་ གྱི་རྒྱན་བྱུང་དང་། །རིན་ཆེན་བདུན་གྱིས་རྣམ་པར་སྤྲས། །གཡེར་ཀ་འབར་བའི་ཕྲེང་བ་ནི། །འདོད་པས་ཀུན་དུ་རྒྱས་པར་ནི། །གནས་ནི་ལྔ་རུ་སེང་གེ་ཡི། །གདན་ནི་བསྒོམ་པ་ཉིད་དུ་བྱ། །ཉི་མའི་དཀྱིལ་འཁོར་བསམ་ ནས་ནི། །གདུགས་ནི་དཀར་པོས་རྣམ་པར་སྤྲས། །བདག་གིས་དབུགས་ཀྱིས་ཕྱུང་ནས་ནི། །དབུས་སུ་ཡེ་ཤེས་མཁའ་འགྲོ་མ། །ཞལ་གསུམ་པ་ལ་ཕྱག་དྲུག་ཉིད། །སེམས་དཔའི་སྐྱིལ་མོ་དཀྲུང་གིས་གནས། ། མ་བཅིངས་སྐྲ་ཡིས་མཛེས་པ་དང་། །སངས་རྒྱས་ལྔ་ཡིས་རྣམ་པར་བརྒྱན། །ཁ་དོག་སྔོན་མོ་འཇིགས་ཆེན་མོ། །སྦྲུལ་གྱི་རྒྱན་གྱིས་རྣམ་པར་བརྒྱན། །རྒོད་དང་ཁྲོ་བ་སྒེག་བ་དང་། །སྤྱན་གསུམ་གསལ་བའི་གཟུགས་ 86-1-284b ཅན་མ། །སྒྲ་ཆེར་རྒོད་དང་གཙིགས་པ་མོ། །གོས་ནི་དམར་བོས་ཤིན་དུ་མཛེས། །སྟེང་དུ་ཁ་ཊྭཱྃ་ག་ཉིད་དང་། །གཉིས་པ་ལ་ནི་དགྲ་སྟ་ཉིད། །གསུམ་པ་ལ་ནི་རྡོ་རྗེ་ཉིད། །གཡོན་ན་དེ་བཞིན་དྲིལ་བུའི་སྒྲ། །གཉིས་པ་ལ་ ནི་ལྷུང་བཟེད་ཉིད། །གསུམ་པར་དེ་བཞིན་རལ་གྲི་འཛིན། །འོད་ཟེར་འབར་བ་དུ་མ་དང་། །དབུས་སུ་མཁས་པས་སྒོམ་པར་བྱ། །ཡེ་ཤེས་མཁའ་འགྲོའི་མདུན་དུ་ནི། །བདག་གིས་དབུགས་ཀྱིས་ཕྱུང་ནས་ནི། །ཁ་ དོག་དཀར་མོ་ཤིན་དུ་མཛེས། །མ་བཅིངས་པ་ཡི་སྐྲ་ཡིས་བརྒྱན། །སྦྲུལ་གྱི་རྒྱན་གྱིས་བརྒྱན་པ་དང་། །སྒེག་པའི་རོ་དང་ལྡན་པ་དང་། །ཤིན་དུ་མཛེས་པའི་གོས་ཀྱིས་བརྒྱན། །ཕྱག་གཉིས་ཀྱིས་ནི་རྣམ་པར་སྤྲས། ། རྣལ་འབྱོར་ལྷུང་བཟེད་ཁ་ཊྭཱྃ་ག །རྡོ་རྗེ་མཁའ་འགྲོ་མ་བསྒོམ་བྱ། །ཡེ་ཤེས་བྱང་གི་ཆ་ལ་ནི། །བདག་གིས་དབུགས་ལས་ཕྱུང་ནས་ནི། །ཕྱག་གཉིས་སེམས་དཔའི་སྐྱིལ་མོ་དཀྲུང་། །གཙོ་མ་གསེར་གྱི་མདོག་ལྟ་བུ། ། རྣལ་འབྱོར་ལྷུང་བཟེད་ཁ་ཊྭཱྃ་ག །མ་བཅིངས་སྐྲ་ཡིས་རྣམ་པར་བརྒྱན། །ཡན་ལག་སྦྲུལ་གྱིས་བརྒྱན་དང་ནི། །ཤིན་དུ་མཛེས་པའི་གོས་ཀྱིས་བརྒྱན། །འཇིགས་པའི་མཁའ་འགྲོ་ཞེས་བྱ་བསྒོམ། །ཡེ་ཤེས་ནུབ་ཀྱི་ཆ་ལ་ནི། ། ཡང་ནི་རོ་ལངས་མ་ཕྱུང་ནས། །ཕྱག་གཉིས་སེམས་དཔའི་སྐྱིལ་མོ་དཀྲུང་། །ཁ་དོག་སྔོན་མོ་ཤིན་དུ་མཛེས། །རྣལ་འབྱོར་ལྷུང་བཟེད་ཁ་ཊྭཱྃ་ག །མ་བཅིངས་པ་ཡི་སྐྲ་ཡིས་བརྒྱན། །ལུས་ལ་སྦྲུལ་གྱིས་བརྒྱན་པ་དང་། ། ཤིན་དུ་མཛེས་པའི་གོས་ཀྱིས་བརྒྱན། །ཡེ་ཤེས་ལྷོ་ཡི་ཆ་ལ་ནི། །གདོལ་པ་མོ་ནི་དམར་མོ་ལྟར། །རྣལ་འབྱོར་ལྷུང་བཟེད་ཁ་ཊྭཱྃ་ག །མ་བཅིངས་པ་ཡི་སྐྲ་ཡིས་བརྒྱན། །ཕྱག་གཉིས་མ་ལ་ཞལ་གཅིག་མ། །སྣ་ཚོགས་ རྒྱན་གྱིས་རྣམ་པར་བརྒྱན། །ཡོངས་གང་གཟུགས་དང་གཟི་བརྗིད་ལྡན། །འདི་ནི་རྣལ་འབྱོར་པ་ཡིས་བསྒོམ། །དབང་ལྡན་ལྷ་མོ་སེང་གེ་མ། །གདོང་ནི་སེང་གེར་བསམ་པར་བྱ། །དཀར་དང་སེར་བ་ལྟ་བུར་ནི། ། 86-1-285a ཀླུ་དབང་སྟན་ལ་གཡས་བརྐྱང་གནས། །རྡོ་རྗེ་ལྕགས་ཀྱུ་སྡིགས་མཛུབ་ཞགས། །ཤིན་དུ་མཛེས་པའི་གོས་ཀྱིས་བརྒྱན། །འོད་ཟེར་འབར་བ་དུ་མས་ནི། །ལུས་ནི་འབར་བར་བསྒོམ་པར་བྱ། ། མེར་ནི་སྟག་མོ་ཞེས་བྱ་བ། །རིན་ཆེན་བདུན་པོ་མཆོག་གི་གདན། །ཕྱག་གཉིས་སྔོ་དང་དཀར་བ་མཚུངས། །གོས་དང་རྒྱན་གྱིས་བརྒྱན་པ་དང་། །འབར་བའི་རྡོ་རྗེ་ལྕགས་ཀྱུ་དང་། །དེ་བཞིན་སྡིགས་མཛུབ་ཞགས་པ་ ཉིད། །འོད་ཟེར་འབར་བ་དུ་མས་ནི། །ལུས་ནི་འབར་བར་བསྒོམ་པར་བྱ། །བདེན་བྲལ་ལྷ་མོ་ཝ་གདོང་མ། །སྒྲ་ཆེར་རྒོད་དང་འཇིགས་པ་མོ། །མ་ཧེའི་གདན་དང་ཡང་དག་ལྡན། །དམར་ཞིང་ནག་པའི་ཁ་དོག་མ། ། ལུས་ལ་ཤིན་ཏུ་མཛེས་གོས་དང་། །ཕྱག་གཉིས་ཀྱིས་ནི་རྣམ་པར་སྤྲས། །ལྕགས་ཀྱུ་ཞགས་པ་སྡིགས་མཛུབ་མ། །སྦྲུལ་གྱི་རྒྱན་གྱིས་བརྒྱན་པའོ། །རླུང་དུ་ལྷ་མོ་འུག་པ་མ། །སེར་དང་དམར་བའི་ཁ་དོག་མ། །ཀླུ་ཡི་ གདན་ལ་གནས་པ་དང་། །དེ་ཉིད་རྒྱན་ནི་རབ་ཏུ་བརྟག །ཕྱག་གཉིས་སེམས་དཔའི་སྐྱིལ་དཀྲུང་གནས། །ལྕགས་ཀྱུ་ཞགས་པ་སྡིགས་མཛུབ་མ། །འོད་ཟེར་འབར་བ་དུ་མ་ཡིས། །ཐམས་ཅད་ཀྱི་ནི་ཐམས་ཅད་འབར། ། མཁའ་འགྲོ་མ་བརྒྱད་དབུས་སུ་སྟེ། །ཕྱི་རོལ་དུ་ནི་བཞི་པོ་རྣམས། །དེ་ལྟར་དགོད་པའི་རིམ་བལྟས་ནས། །ཕྱི་ནས་གནས་ནི་རབ་ཏུ་བརྟག །ཤར་དུ་མཁའ་འགྲོ་རྒྱལ་དབང་མོ། །ཕྱག་གཉིས་དང་ནི་མདོག་དཀར་མོ། ། ཡི་དགས་གདན་ལ་གནས་པ་དང་། །སྦྲུལ་གྱི་རྒྱན་གྱིས་བརྒྱན་པ་དང་། །སྐྲ་ནི་གྲོལ་ཞིང་དྲག་མོ་དང་། །མེ་ནི་འབར་བའི་འོད་ལྟ་བུ། །བར་ནི་ལག་པ་བཅུག་ནས་ནི། །སྒྲ་ཆེར་རྒོད་དང་དེ་བཞིན་འབར། །བྱང་དུ་མར་མེ་རྒྱལ་ མོ་དབང་། །ཁ་དོག་གསེར་མདོག་དྲག་ཤུལ་མ། །འཇིགས་པའི་གཟུགས་ཅན་གཙིགས་པ་ཅན། །ཤིན་དུ་མཛེས་པའི་གོས་ཀྱིས་བརྒྱན། །རབ་ཏུ་སོང་བའི་སྟན་ལ་གནས། །འབར་བའི་མེ་ནི་ལྟ་བུའི་འོད། །ཐལ་མོ་གཉིས་ 86-1-285b གཉིས་ཀྱིས་ལག་པ་ནི། །མགོ་བོའི་སྟེང་དུ་མར་མེ་བཞིན། །ནུབ་ཏུ་ལྷ་མོ་འཇིབ་བྱེད་མ། །ཁ་དོག་དམར་མོ་འཇིགས་པ་མོ། །རབ་ཏུ་སོང་བའི་སྟན་ལ་གནས། །ཤིན་དུ་མཛེས་པའི་གོས་ཀྱིས་བརྒྱན། །ཁྲག་གི་སྲད་བུ་ལག་ པ་ཡི། །སྙིམ་པར་ཁྲག་ནི་འཐུང་བར་བྱེད། །མེ་ནི་འབར་བའི་འོད་དྲག་མོ། །ལྷ་མོ་གཙོ་མོ་འཇིབ་བྱེད་མ། །ལྷོ་རུ་གཡོ་ལྡན་ཞེས་བྱ་མ། །ཁ་དོག་ནག་མོ་ལྟ་བུ་འོད། །རབ་ཏུ་སོང་བའི་སྟན་ལ་གནས། །མ་བཅིངས་ པ་ཡི་སྐྲ་ཡིས་བརྒྱན། །གོས་ནི་དམར་པོ་ཤིན་དུ་མཛེས། །སྦྲུལ་གྱི་རྒྱན་གྱིས་བརྒྱན་པ་དང་། །སྡིགས་མཛུབ་དང་ནི་གཏུན་ཤིང་ལག །ཐམས་ཅད་སེམས་ནི་རྨོངས་པར་བྱེད། །འབར་བའི་མེ་ཡི་འོད་དྲག་མོ། ། ཐམས་ཅད་རིགས་པས་ཐམས་ཅད་བསྒོམ། །འདི་རྣམས་གཟུགས་སོགས་མདུན་དུ་ནི། །དམ་ཚིག་དེ་བཞིན་བསྟན་པར་བྱ། །རླུང་དང་མེ་ཡིས་བདུན་པའི་དོན། །རྡོ་རྗེའི་ས་བོན་གྱིས་ནི་བསྐུལ། །ཐིག་ ལེ་སྒྲས་ནི་མནན་པས་ནི། །རྒྱུན་གྱི་ཆར་ནི་ཞེས་བྱར་གསུངས། །གསུམ་པ་ལས་རབ་ཏུ་བྱེད་པ་གཉིས་པའོ།། །། དེ་ནས་བདག་མེད་སྒྲུབ་པ་ནི། །ཅི་གསུངས་མདོ་རུ་བསྡུས་ ནས་བཤད། །ནམ་མཁའི་ཁམས་ཀྱི་དབུས་སན་པར། །ཉི་མའི་དཀྱིལ་འཁོར་བསམ་པར་བྱ། །འཁོར་ལོ་སྔོན་དུ་ཅི་རིགས་པར། །ལྷ་རྣམས་ཇི་ལྟར་འབྱུང་བ་ཉིད། །འཁོར་ལོ་ས་དང་ཆུ་ནི་སྔོན། ། གོ་རིམས་བཞིན་དུ་བྱིན་ཟ་དང་། །ལྷ་རྣམས་ཀྱི་ནི་རླུང་ཆེན་དང་། །ཇི་ལྟར་བསྒོམ་པ་པོ་འབྱུང་བའི། །ཆོས་འབྱུང་ལས་སྐྱེས་འཁོར་ལོ་ནི། །འཕར་མ་གཉིས་དག་སྐྱོན་མེད་པ། །ཟེ་འབྲུ་ལས་ནི་གཅིག་ཡིན་ཏེ། ། རྡོ་རྗེ་ཅན་གྱི་སྐུ་གསུམ་མཆོག །བཅྭ་ལྔའི་གདན་དང་ལྡན་པ་ཡིས། །རོ་ནི་ངེས་པར་བསམ་པར་བྱ། །དེ་ཡི་སྟེང་དུ་ཟླ་བ་ཡིན། །ཟླ་བའི་སྟེང་དུ་ས་བོན་ཉིད། །ཕྱི་ནས་བདུད་ལས་རྒྱལ་བས་མནན། །གཉིས་ 86-1-286a འདུས་པ་ལས་བདེ་ཆེན་པོ། །ཨཱ་ལི་ཟླ་བའི་གཟུགས་ཀྱིས་གནས། །ཀཱ་ལིའི་གཟུགས་ཀྱིས་སྣང་བྱེད་དོ། །ཟླ་བ་ཉི་མ་གཉིས་འདུས་པས། །དཀར་མོ་ལ་སོགས་རབ་ཏུ་གྲགས། ། ཟླ་བ་མེ་ལོང་ཡེ་ཤེས་ལྡན། །དེ་བཞིན་མཉམ་ཉིད་ཡེ་ཤེས་ཉིད། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོག་པར་བརྗོད་པར་བྱ། །ཐམས་ཅད་གཅིག་གྱུར་ནན་ཏན་ཉིད། །གཟུགས་བརྙན་རྫོགས་ པར་དག་པའོ། །མཁས་པས་ཆོ་ག་གསུངས་པ་ནི། །རྣམ་པ་ལྔ་པོ་བསྒོམ་པར་བྱ། །ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ། །རྡོ་རྗེ་སེམས་དཔའ་ཉིད་ཀྱི་གདན། །ཡི་གེ་ལས་བྱུང་གོང་བུ་ལ། །ཧཱུྃ་ཕཊ་རྣམ་པ་འདོད་ མི་བྱ། །སེམས་དཔའི་གཟུགས་བརྙན་ལས་བྱུང་བ། །དཀྱིལ་འཁོར་བདག་པོ་བསྒོམ་པར་བྱ། །ཕྱག་མཚན་ཞལ་སོགས་གོང་མ་བཞིན། །ཟླ་བ་ཆུ་ཤེལ་ནོར་བུའི་འོད། །ཐབས་དང་ཤེས་རབ་རང་བཞིན་ལས། །དེ་ལྟར་ ཐམས་ཅད་རྫོགས་པ་ཉིད། །ཨཱ་ལི་ཤེས་རབ་ཀཱ་ལི་ཐབས། །ཟླ་བ་ཉི་མའི་རབ་དབྱེ་བ། །གང་ཕྱིར་དཀར་མོ་ལ་སོགས་པ། །ཁ་དོག་དབྱེ་བ་སོ་སོ་ཡིན། །དེ་ཕྱིར་ཀུན་དུ་རབ་འབད་པས། །དཀྱིལ་འཁོར་བ་ཡང་རབ་ ཏུ་བརྟག །རྣལ་འབྱོར་མ་ལྔ་འདི་དག་ནི། །ནང་གི་འཕར་མ་ཡང་དག་གནས། །ཕུང་པོ་ལྔ་ཡི་རང་བཞིན་གྱིས། །རྣལ་འབྱོར་རིག་པས་རྟག་ཏུ་བསྒོམ། །དབང་པོར་རྡོ་རྗེ་གཤིན་རྗེར་དཀར། །ཆུ་བདག་ཆུ་ཡི་རྣལ་འབྱོར་ མ། །ལུས་ངན་རྡོ་རྗེ་མཁའ་འགྲོ་མ། །དབུས་སུ་བདག་མེད་རྣལ་འབྱོར་མ། །ཕྱི་རོལ་འཕར་མར་དཀར་མོ་དང་། །ཆོམ་རྐུན་དེ་བཞིན་རོ་ལངས་མ། །གྷསྨ་རཱི་དང་པུཀྐ་སཱི། །རི་ཁྲོད་མ་དང་གདོལ་བ་མོ། །བརྒྱད་པ་ གཡུང་མོས་གང་བའོ། །འོག་ལྡན་མ་དང་སྟེང་ལྡན་ཉིད། །མཁའ་སྤྱོད་ས་སྤྱོད་མ་ཞེས་བརྗོད། །སྲིད་དང་ཞི་བའི་རང་བཞིན་གྱིས། །ངོས་སུ་གྱུར་མ་ཡང་དག་གནས། །ལྷ་མོ་ཐམས་ཅད་སྣ་ཚོགས་མདོག ། 86-1-286b དྲག་ཆེན་ཕྱག་རྒྱ་ལྔ་ཡིས་བརྒྱན། །ཞལ་གཅིག་མ་ལ་ཕྱག་བཞི་མ། །སྤྱན་གསུམ་གསལ་བའི་གཟུགས་ཅན་མ། །འཁོར་ལོ་རྣ་ཆ་མགུལ་རྒྱན་དང་། །ལག་པ་གདུ་བུ་སྐ་རགས་ཉིད། །སངས་རྒྱས་ལྔ་ནི་ རྣམ་དག་པས། །འདི་ལྔ་ཕྱག་རྒྱ་དག་པར་གསུངས། །ཇི་ལྟར་བདག་མེད་རྣལ་འབྱོར་མ། །དེ་ལྟར་ཐམས་ཅད་རྣམ་པར་བཤད། །གཡོན་པས་རྣལ་འབྱོར་ལྷུང་བཟེད་དང་། །དེ་བཞིན་སྟེང་དུ་ཁ་ཊྭཱྃ་ག །གཡས་ ན་རྡོ་རྗེ་སྔོན་པོ་དང་། །དེ་བཞིན་དུ་ཡང་གྲི་གུག་ཉིད། །རོ་ལ་ཞོན་ཞིང་གཟི་བརྗིད་འབར། །སྤྱན་དམར་དེ་བཞིན་སྟེང་སྐྱེས་སེར། །ཁ་དོག་སྔོན་མོ་ཆེས་གསལ་མ། །སྟག་གི་ལྤགས་པས་རྣམ་དཀྲིས་ ཤིང་། །འཇིགས་པའི་མེ་ནི་ལྟ་བུར་ནི། །གསལ་བའི་གཟུགས་ཅན་མ་དེ་གནས། །གཡས་ན་དཀར་དང་སྔོ་བ་སྟེ། །གཡོན་ན་མར་གད་སྔོ་དང་མཚུངས། །ཕྱག་གཉིས་མ་ལ་ཞལ་གཅིག་མ། །རྒྱན་ རྣམས་ཀུན་གྱིས་རྣམ་པར་བརྒྱན། །ལག་པ་གཅིག་ན་ཐོད་པས་བྲེལ། །གཡས་ན་གྲི་གུག་འཛིན་པ་མ། །རྒོད་དང་ཁྲོ་དང་སྒེག་པ་དང་། །དེ་ནི་མཆོད་པའི་གཟུགས་གནས་པས། །སངས་རྒྱས་སྤྲིན་དང་མཉམ་ པ་ཡི། །འོད་ཟེར་སྣ་ཚོགས་ཀུན་དུ་སྤྲོ། །དེ་ཉིད་གསུམ་གྱི་རང་བཞིན་བདག །མཁས་པས་དབུས་སུ་བསྒོམ་པར་བྱ། །གསུམ་པ་ལས་རབ་ཏུ་བྱེད་པ་གསུམ་པའོ།། །། དེ་ནས་དཀྱིལ་ འཁོར་ཆེན་པོ་མཆོག །ཡང་དག་རབ་ཏུ་བཤད་པར་བྱ། །རྡོ་རྗེ་དབྱིངས་དང་མཉམ་པའི་དབྱིབས། །རྡོ་རྗེ་དབྱིངས་ཞེས་བྱ་བར་གསུངས། །དཀྱིལ་འཁོར་གནས་ནི་སྦྱངས་ནས་ནི། །ཕྱག་རྒྱ་ཆེན་པོར་ཡོངས་སུ་ གཟུང་། །ཐམས་ཅད་རྣམ་པར་བལྟས་ནས་ནི། །སྔགས་པས་འདི་ནི་བསྒྲུབ་པར་བྱ། །སར་པ་ལེགས་པར་བཀལ་བ་དང་། །ཤིན་དུ་ཚད་མ་མཛེས་པས་ནི། །སྲད་བུས་ཐིག་གདབ་ཤེས་རབ་ཅན། །ཇི་ལྟར་ 86-1-287a ནུས་པར་དཀྱིལ་འཁོར་ཉིད། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་རྣམས་ཀྱིས་ཤིན་ཏུ་མཛེས། །ཐིག་བཞི་དང་ནི་ཡང་དག་ལྡན། །གོས་དང་མེ་ཏོག་ཕྲེང་བས་བརྒྱན། །མཚམས་ཀྱི་ཆ་རྣམས་ཐམས་ཅད་དང་། ། སྒོ་ཡི་ཁྱུད་ཀྱི་གྲྭ་རྣམས་སུ། །རྡོ་རྗེ་རིན་ཆེན་རྣམས་ཀྱིས་སྤྲས། །དཀྱིལ་ཐིག་བྱ། །དེ་ཡི་འཁོར་ལོ་སོ་སོའི་སྐབས། །ནང་དུ་ཡང་ནི་ཞུགས་ནས་ནི། །རྡོ་རྗེ་ཐིག་ནི་ཡོངས་བཅུག་ཅིང་། །ཕྱི་རོལ་དཀྱིལ་འཁོར་ཐིག་གདབ་བྱ། །ཀ་བ་བརྒྱད་ ཀྱིས་ཉེ་བར་མཛེས། །རྡོ་རྗེ་ཀ་བའི་པ། །དཀྱིལ་འཁོར་ལྔ་ཡིས་རྣམ་པར་བརྒྱན། །ད་ནས་དཀྱིལ་འཁོར་ནང་དུ་ནི། །སངས་རྒྱས་གཟུགས་བརྙན་རྣམ་པར་དགོད། །གསུངས་པའི་དཀྱིལ་འཁོར་ཆོ་ག་ ཡང་། །སྒྲུབ་པའང་ཁྱོད་ལ་བཤད་པར་བྱ། །དེ་ལ་དང་པོར་ལྷ་ཉིད་ཀྱི། །ཁྱིམ་དུ་སྔགས་པ་ཞུགས་ནས་ནི། །ཨ་ལས་ཟླ་བའི་དཀྱིལ་འཁོར་ནི། །བསམས་ནས་དེ་སྟེང་རྡོ་རྗེ་ནི། །དཀར་པོ་རྩེ་མོ་ལྔ་པ་ཉིད། ། ཆོ་གས་བསམ་པར་བྱས་ནས་ནི། །དེ་བཞིན་གཤེགས་པ་ཀུན་སོགས་ལ། །མཆོད་ནས་ཕྱག་འཚལ་འདི་སྐད་གསོལ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །བདག་ལ་དགོང་པ་མཛད་ དུ་གསོལ། །བདག་ནི་ཆེ་གེ་མོ་ཞེས་བགྱི། །དུས་འདི་ནས་ནི་བཟུང་ནས་ནི། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ མེད་མཆོག །དམ་པ་བདག་གིས་བསྐྱེད་པར་བགྱི། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་དང་། །ཚུལ་ཁྲིམས་བསླབ་པ་རྣམ་པ་གསུམ། །སོ་སོར་བདག་གིས་བརྟན་པར་གཟུང་། ། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དིང་ནས་བརྟན་པོར་གཟུང་། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་ 86-1-287b རྒྱ་ཡང་། །དེ་ཉིད་ལས་ནི་སོ་སོར་གཟུང་། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་ཀྱི་རྣལ་འབྱོར་གྱིས། །དམ་ཚིག་ཡིད་དུ་འོང་བ་ལ། །ཉི་མ་རེ་རེ་དྲུག་བྱས་ནས། །སྦྱིན་པ་རྣམ་བཞི་ རབ་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བ། །པད་མའི་རིགས་མཆོག་དག་པ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་སོ་སོར་གཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། ། སྡོམ་པ་ཐམས་ཅད་ལྡན་པར་ནི། །ཐམས་ཅད་སོ་སོར་གཟུང་བར་བྱ། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པོ། །དམ་པ་བདག་གིས་བསྐྱེད་པར་བགྱི། །སེམས་ཅན་ ཀུན་གྱི་དོན་གྱི་ཕྱིར། །སྡོམ་པ་མ་ལུས་གཟུང་བར་བགྱི། །མ་བསྒྲལ་བ་དག་བསྒྲལ་བར་བགྱི། །མ་གྲོལ་བ་དག་གྲོལ་བར་བགྱི། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་གཞག ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི་རྩེ་མོ་ལས་བྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཚིག་འདིས་བཀའ་སྩལ་པ། །དེ་ནས་བསམ་གཏན་ གནས་འདུག་ནས། །ཆོས་རྣམས་ཐམས་ཅད་བདག་མེད་པར། །ཡང་དག་རྗེས་སུ་བལྟ་བར་བྱ། །ཕྱི་དང་ནང་གི་བདག་ཉིད་ཅན། །འདི་དག་ཐམས་ཅད་སེམས་ཀྱིས་བརྟགས། ། སེམས་ལས་མ་གཏོགས་པ་ཉིད་ནི། །གཞན་དུ་ཡོད་པ་མ་ཡིན་ནོ། །ཆོས་ཀུན་རང་བཞིན་འོད་གསལ་བ། །ཆོས་ཀུན་དང་པོར་མ་སྐྱེས་ཕྱིར། །ཡིད་ཀྱིས་ཨ་ནུཏྤནྣཱ་བརྗོད། ། དེ་ནས་རང་སེམས་དེ་ཉིད་འདིས། །རང་བཞིན་གྱིས་ནི་འོད་གསལ་བ། །འདོད་པའི་སྔགས་ཀྱིས་བཟླས་པས་ནི། །ཟླ་བའི་དཀྱིལ་འཁོར་རྣམ་པར་བལྟ། །ཨོཾ་ཙིཏྟ་པྲ་ཏི་བེ་དྷྃ་ཀ་རོ་མི། ཚོགས་ཀྱི་ 86-1-288a དཀྱིལ་འཁོར་ཆེ་དག་པ། །ནམ་མཁའ་ལྟ་བུ་དྲི་མ་མེད། །ཡིད་གཉིས་ཀུན་ལས་རྣམ་པར་གྲོལ། །མཆོག་ཏུ་རྣམ་པར་རྟོག་པ་འཇོམས། །ཉོན་མོངས་དྲི་མ་ཐམས་ཅད་དག ། དང་པོ་ཟླ་བ་ལྟར་བལྟས་ནས། །སངས་རྒྱས་ཀུན་གྱི་ཡོན་ཏན་འདིར། །ཨ་ཡི་གཟུགས་ཀྱིས་འཇུག་པར་འགྱུར། །ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རི་རཱི་ལི་ལཱི་ཨེ་ཨཻ་ཨོ་ཨཽ་ཨྃ་ཨཿ བཅོམ་ལྡན་ཟླ་བའི་དཀྱིལ་འཁོར་ གྱི། །ཡོན་ཏན་ཁྱད་པར་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གྲུ་གསུམ་རྒྱ་ཆེན་རང་བཞིན་ཅན། །སངས་རྒྱས་ཀུན་གྱི་ཡོན་ཏན་གནས། །འདི་ནི་ཨ་སོགས་ གཟུགས་ཀྱིས་ནི། །སངས་རྒྱས་ཡོན་ཏན་འཇུག་པར་འགྱུར། །ཤེལ་དང་ཟླ་བ་ལྟ་བུར་ནི། །དེ་ཡི་སྟེང་དུ་འཇུག་པར་འགྱུར། །སེམས་ནི་རང་བཞིན་འོད་གསལ་བས། །དེ་ཉིད་ དགའ་བར་བྱེད་པའི་རྒྱུ། །སྔགས་པས་འདི་ཡི་སྔགས་ཀྱིས་ནི། །བྱང་ཆུབ་སེམས་ནི་བསྐྱེད་པར་བྱེད། །ཨོཾ་བོ་དྷི་ཙིཏྟ་ཨུཏ་པཱ་ད་ཡ་མཱི། བྱས་པའི་རྗེས་སུ་རིམ་འབྱུང་བ། ། སེམས་ཅན་རྗེས་སུ་འཛིན་པ་པོ། །དགེ་བའི་ཆོས་ཀྱིས་ཡང་དག་གང་། །ཉོན་མོངས་ཐམས་ཅད་ངེས་པར་གནོན། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། ། བྱང་ཆུབ་ཟླ་བ་གཉིས་པ་ཅན། །འདིར་ཡང་སྐར་མའི་རྣམ་པས་ནི། །སངས་རྒྱས་ཡོན་ཏན་ཀ་སོགས་ཀྱི། །གཟུགས་ཀྱིས་གཟུགས་བརྙན་ལྟ་བུའི་། །རྣལ་འབྱོར་ གྱིས་ནི་འཇུག་པར་འགྱུར། །ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། འདི་ཡི་དཀྱིལ་འཁོར་ཆོག་ 86-1-288b ཀུན། །རྒྱུད་ནི་གཞན་དུ་མ་གསུངས་སོ། །དེ་ལ་དབུས་སུ་རྩེ་ལྔ་པ། །འོད་ཟེར་དཀར་པོ་བཅས་པ་ཉིད། །ཀུན་དུ་བཟང་པོའི་སེམས་བསྐྱེད་པས། །བརྟན་པར་བྱེད་པའི་རྒྱུ་ཡི་ཕྱིར། །བདག་ཉིད་རྡོ་རྗེའི་ གཟུགས་བརྙན་དུ། །འདི་ཡི་སྔགས་ཀྱིས་བསྒོམ་པར་བྱ། །ཨོཾ་ཏིཥྛ་བཛྲ། བྱང་ཆུབ་སྤྱོད་པ་བླ་ན་མེད། །དེ་ཡི་ས་ནི་རྟོགས་པ་འདི། །ཡེ་ཤེས་དག་པ་ཟག་པ་མེད། །ཟླ་བའི་དཀྱིལ་འཁོར་དབུས་ སུ་ནི། །རྡོ་རྗེ་ངེས་པར་བརྟག་པར་བྱ། །ནམ་མཁའི་ཁམས་ནི་ཐམས་ཅད་ཀྱིས། །ཚད་དུ་ཡང་དག་གང་བ་ཡི། །རྡོ་རྗེའི་ལུས་ཀྱི་བདག་ཉིད་དུ། །སྔགས་པས་བསྒོམ་པར་བྱ་བའོ། །འདིས་ནི་སྔགས་ ཀྱི་རྣལ་འབྱོར་གྱིས། །སྤྲོ་བ་དང་ནི་བསྡུ་བར་བྱ། །ཨོཾ་བཛྲ་ཨཱཏྨ་ཀོ྅ཧྃ། སངས་རྒྱས་ཀུན་གྱི་སྐུ་གང་ནི། །སྣང་བ་མེད་ཅིང་གནས་པ་མེད། །མ་སྐྱེས་མ་བྱས་དག་པ་ཉིད། །དངོས་པོ་མེད་པ་ལ་ སོགས་སྤངས། །གཅད་མེད་དབྱེར་མེད་གཟུང་དུ་མེད། །ཆོས་ཀྱི་སྐུ་ནི་གཟུགས་མེད་པ། །རྡོ་རྗེ་བདག་མེད་ཡང་དག་གྱུར། །རྡོ་རྗེའི་སྐུ་ནི་གོང་ན་མེད། །དེ་ལྟར་ཡང་དེ་རྡོ་རྗེས་མཚན་པ་བསྒོམ་པར་བྱ་ བ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཉོན་ཅིག །ཡང་ནི་རྡོ་རྗེ་སེམས་དཔའ་ནི། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །སངས་རྒྱས་རྣམས་ཀྱི་གཟུགས་བརྙན་ནི། །འདི་ཡི་ སྔགས་ཀྱིས་བསྒོམ་པར་བྱ། །ཨོཾ་ཡ་ཐཱ་སརྦ་ཏ་ཐ་གཱ་ཏཱ་སྟ་ཐཱ་ཧྃ། སྐུ་དང་གསང་བ་དེ་བཞིན་སྤྱོད། །སྤྱོད་ཡུལ་དེ་ཉིད་རྟོགས་པ་ནི། །མངོན་པར་བྱང་ཆུབ་རྣམ་པ་ལྔ། །སངས་རྒྱས་ཀུན་གྱིས་བདག་ ཉིད་དགེ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། རྡོ་རྗེ་སྙིང་པོ་ལ་སོགས་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གསང་བའི་རྡོ་རྗེ་དང་། པད་མའི་རིགས་ཀྱི་མིང་ཅི་ལགས། 86-1-289a བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྡོ་རྗེ་དེ་བཞིན་གཤེགས་པ་ཀུན་ལ་གནས། །པད་མའི་རིགས་ནི་ལྷ་མོ་ཆེན་མོ་ལྡན། །དེ་ཡི་རྡོ་རྗེ་པད་མའི་སྟེང་དུ་གནས། །དེ་ལས་དེ་ བཞིན་གཤེགས་པ་ཐམས་ཅད་དོན། །དེ་ནས་བདག་ཉིད་རྣམ་པར་སྣང་མཛད་དུ་བསྐྱེད་ནས་སྟེང་དང་འོག་དུ་སྔགས་ཀྱི་ཡི་གེ་བཀོད་དེ། ཆོ་ག་བཞིན་དུ་རི་རབ་དང་། གྲུ་གསུམ་རྒྱ་ཆེན་པོ་བསྐྱེད་པར་བྱ་སྟེ། འོད་ཟེར་སྣ་ཚོགས་ཀྱི་དཀྱིལ་འཁོར་གྱིས་བརྒྱན་པ་ལས་ཡང་དག་པར་བྱུང་བའི་མཛེས་པའི་གནས་བསྒོམས་ནས། དེར་པྃ་ལས་བྱུང་བའི་སྣ་ཚོགས་པད་མར་ཉི་མའི་དཀྱིལ་འཁོར་རོ། །རླུང་དང་མེའི་ དཀྱིལ་འཁོར་དང་ལྡན་པ་ཡ་ར་ལ་ཝས་བརྒྱན་པའོ། །དེ་ནས་དེའི་སྟེང་དུ་སྔགས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་ཅིང་བསྟོད་པ་རབ་ཏུ་བསྔགས་པ་ནོར་བུ་རིན་པོ་ཆེ་ཆེན་པོས་ འོད་གསལ་བ་དང་། ཁ་དོག་སྣ་ཚོགས་ཤིང་དྲིལ་བུ་དཔྱངས་པ་དང་རླུང་གིས་བསྐྱོད་པའི་གོས་དང་། འཕན་དང་། མེ་ཏོག་གི་ཕྲེང་བ་དང་དོ་ཤལ་དང་། དོ་ཤལ་ཕྱེད་པ་དང་། ཟླ་བས་ཉེ་བར་མཛེས་པར་ རྡོ་རྗེ་ནོར་བུའི་རྩེ་མོར་གཞལ་མེད་ཁང་བསམ་པར་བྱའོ། །ཧཱུྃ་གི་སྔགས་འདིས་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་དུ་སྔགས་འདི་བཀོད་དེ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པ་བསྒོམ་པར་བྱའོ། །ཡང་སངས་ རྒྱས་ཐམས་ཅད་སྤྲོ་བ་དང་། བསྡུ་བར་བྱ་ཞིང་རྡོ་རྗེ་དེ་ཉིད་ཡང་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་ཟླ་བའི་ཁ་དོག་གི་འོད་ལྟ་བུ་སྟེ། ཟླ་བའི་དཀྱིལ་འཁོར་གྱི་ སྟེང་ན་བཞུགས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དཔའ་བོ་ཤེས་རབ་དང་དགའ་བ་གཅིག་པུས་མཛེས་པས་རྡོ་རྗེ་དང་། དྲིལ་བུ་དང་། རལ་གྲི་དང་། ལྕགས་ཀྱུ་ཉིད་དང་། ཐོད་པ་དང་། ཞགས་པ་ 86-1-289b འཛིན་པ་ཉིད་དོ། །གཡས་པ་ནི་ཁ་དོག་ནག་པོའོ། །གཡོན་པ་ནི་པད་མ་རཱ་གའི་འོད་དེ། །ཞལ་གསུམ་པ་དང་། ཕྱག་དྲུག་པ་ཉིད་དང་། སྤྱན་གསུམ་པ་ཉིད་དང་། བཟང་པོའི་གཟུགས་ཅན་ཏེ། རང་གི་རིག་ མའི་པད་མ་ལ་བཞུགས་པ། །དགྱེས་པའི་དཀྱིལ་འཁོར་བསྒོམ་པར་བྱའོ། །རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པར་དཀྱིལ་འཁོར་པའང་རབ་ཏུ་བརྟག་པར་བྱའོ། །ཤར་དུ་ནི་རྣམ་པར་སྣང་མཛད་ དོ། །ལྷོར་ནི་རིན་འབྱུང་གནས་སོ། །ནུབ་ཏུ་ནི་འོད་དཔག་ཏུ་མེད་པའོ། །བྱང་དུ་ནི་གདོན་མི་ཟ་བར་གྲུབ་པའོ། །དབང་ལྡན་དུ་ནི་སྤྱན་ནོ། །མེར་ནི་མཱ་མ་ཀཱིའོ། །བདེན་བྲལ་དུ་ནི་གོས་དཀར་མོའོ། །རླུང་དུ་ ནི་སྒྲོལ་མའོ། །ཕྱི་རོལ་གྱི་འཕར་མ་ལ་དྲག་ཤུལ་མ་ནི་ཁ་དོག་དཀར་མོའོ། །ལྷོ་རུ་ནི་རྡོ་རྗེ་གཟུགས་བརྙན་མ་ནི་ཁ་དོག་སེར་མོའོ། །ནུབ་ཏུ་ནི་འདོད་ཆགས་རྡོ་རྗེ་མ་ཁ་དོག་དམར་མོའོ། །བྱང་དུ་ནི་རྡོ་རྗེ་ཞི་ བ་མོ་ཁ་དོག་ལྗང་གུ་མའོ། །དབང་ལྡན་དུ་ནི་རྡོ་རྗེ་གནོད་སྦྱིན་མོ་ཁ་དོག་དཀར་སེར་ལྟ་བུའོ། །མེ་རུ་ནི་རྡོ་རྗེ་མཁའ་འགྲོ་མ་དམར་སེར་ལྟ་བུའོ། །བདེན་བྲལ་དུ་ནི་སྒྲའི་རྡོ་རྗེ་མ་ནི་སྔོན་དམར་ལྟ་བུའོ། ། རླུང་དང་སའི་རྡོ་རྗེ་མ་ནི་ཁ་དོག་ལྗང་སྐྱ་མ་ལྟ་བུའོ། །ཕྱི་རོལ་གྱི་འཕར་མ་ལ་དབང་ལྡན་དུ་ནི་གླིང་བུ་མའོ། །མེ་རུ་ནི་པི་བྃ་མའོ། །བདེན་བྲལ་དུ་ནི་མུ་ཀུན་ད་མའོ། །གླིང་བུ་མ་ལ་སོགས་པ་ ནི་ཕྱག་གཉིས་མ་ལ་ཞལ་གཅིག་མའོ། །ཕྱི་རོལ་གྱི་སྣམ་བུ་ལ་མེ་ཏོག་མ་ལ་སོགས་པའི་མཚན་མ་འཛིན་པའི་རྣལ་འབྱོར་མ་དེ་གཞག་པར་བྱ་སྟེ། དེ་བཞིན་དུ་ཕྱག་གཉིས་མའོ། །ཤར་གྱི་སྒོ་ ལ་ལྷ་མོ་རྡོ་རྗེ་ལྕགས་ཀྱུ་མ་ནམ་མཁའ་སྔོ་བསངས་མའི་མདོག་བྲི་བར་བྱ་སྟེ། ཞལ་གཡས་པ་དང་། གཞན་པ་ནི་གནག་པ་དང་། དཀར་པོའོ། །ཕྱག་གཡས་པའི་དང་པོ་ནི་ལྕགས་ཀྱུའོ། །གཉིས་པ་ལ་ 86-1-290a ནི་རལ་གྲི་འཕྱར་བའོ། །གསུམ་པ་ལ་ནི་འཁོར་ལོའོ། །གཡོན་པ་ན་ནི་ཞགས་པ་དང་། སྡིགས་མཛུབ་དང་། དྲིལ་བུ་འཛིན་པ་སྟེ་ཕྱག་དྲུག་པ་བྲི་བར་བྱའོ། །ལྷོའི་སྒོར་ལྷ་མོ་རྡོ་རྗེ་ཞགས་ པ་མ་ཁ་དོག་དཀར་སེར་ཏེ། ཞལ་གཡས་པ་དང་། གཞན་པ་ནི་གནག་པ་དང་དམར་བའོ། །གཡས་པ་ན་ནི་ཞགས་པ་དང་། རྡོ་རྗེ་དང་། རལ་གྲི་འཕྱར་བའོ། །འཁོར་ལོ་དང་། དྲིལ་བུ་དང་། སྡིགས་ མཛུབ་ཞགས་པ་ཅན་ཏེ་ཕྱག་དྲུག་གོ། །ནུབ་ཀྱི་སྒོ་ལ་ནི་རྡོ་རྗེ་ལྕགས་སྒྲོག་མ་སྟེ། དེ་བཞིན་དུ་ཡང་ཁ་དོག་དམར་ཞིང་གཟི་བརྗིད་ཆེ་བ་སྟེ། ཞལ་གཡས་པ་དང་གཞན་པ་ནི་གནག་པ་དང་དཀར་བའོ། ། ཕྱག་དྲུག་ན་ལྕགས་སྒྲོག་དང་། རྡོ་རྗེ་དང་། རལ་གྲི་དང་། འཁོར་ལོ་དང་། དྲིལ་བུ་དང་། ལྕགས་ཀྱུའོ། །བྱང་གི་སྒོ་ལ་ནི་རྡོ་རྗེ་དྲིལ་བུ་མ་འཇིགས་པར་བྱེད་པ་སྟེ། ཞལ་གསུམ་ནི་ལྗང་གུ་དང་། ནག་ མོ་དང་། དཀར་མོའོ། །ཕྱག་དྲུག་ན་ནི་དྲིལ་བུ་དང་། རྡོ་རྗེ་དང་། ལྕགས་ཀྱུ་དང་། འཁོར་ལོ་དང་། རལ་གྲི་དང་། ཞགས་པའོ། །ཐམས་ཅད་ཀྱང་སྐྲ་སྟེང་དུ་འབར་བ་སྟེ། སྣ་ཚོགས་པད་མར་ ཉི་མའི་དཀྱིལ་འཁོར་དུ་གཞག་པར་བྱའོ། །མེའི་ཕྱོགས་ནས་བརྩམས་ཏེ་མེ་ཏོག་ལ་སོགས་པའི་མཚན་མ་འཛིན་པའི་རྣལ་འབྱོར་མ་དེ་གཞག་པར་བྱ་སྟེ་ཕྱག་གཉིས་མར་གསུངས་སོ། ། ཤར་ལ་སོགས་པའི་སྒོ་རྣམས་སུ་ནི་རྣལ་འབྱོར་མ་ལྕགས་ཀྱུ་མ་དང་། ཞགས་པ་མ་དང་། ལྕགས་སྒྲོག་མ་དང་། དྲིལ་བུ་མའི་ལག་པ་སྟེ། སྒོ་སྲུངས་མ་དང་ཡང་དག་པར་ལྡན་པའོ། །ཛཿཧཱུྃ་ བྃ་ཧོཿ ཞེས་བྱ་བ་འདི་རྣམས་ཀྱི་སྙིང་པོ་བསྟན་པ་སྟེ་ཐེ་ཚོམ་མི་ཟའོ། །དེ་ལྟར་བཀོད་པ་དང་བྱས་པ་ལ་སོགས་པའི་ཚུལ་གྱིས་ཀྱང་མཚན་མ་དང་ཕྱག་རྒྱ་དང་ལྡན་པའི་དཔལ་རྡོ་རྗེ་སེམས་དཔའི་ 86-1-290b ཕྱིའི་དཀྱིལ་འཁོར་རོ། །གོང་མ་ལྟ་བུ་དེའི་ཕྱེད་ཀྱིས་དེའི་ནང་དུ་ཟླ་བ་ཕྱེད་པའི་དབྱིབས་ལྟ་བུའི་རླུང་གི་དཀྱིལ་འཁོར་དང་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པ་དང་། ཕྱི་རོལ་དུ་རི་མོ་བཞིས་ ཡོངས་སུ་བསྐོར་བའོ། །ལྷ་མོ་ཐམས་ཅད་ཀྱི་གནས་སུ་ཇི་སྐད་གསུངས་པའི་གདན་རྣམས་ནི་དཀར་མོ་ལ་སོགས་པ་རབ་ཏུ་བརྟག་པར་བྱའོ། །དེ་ལ་དབུས་སུ་ཧིའི་ཡི་གེ་རྣམ་པར་བསྒོམ་ པར་བྱའོ། །དེའི་ཤར་གྱི་རེའུ་མིག་ལ་ནི་ཧྲིའོ། །ལྷོ་རུ་ནི་ཧོའོ། །ནུབ་ཏུ་ནི་གཻའོ། །བྱང་དུ་ནི་ཛིའོ། །མེ་རུ་ནི་ཧྃ་ངོ་། །བདེན་བྲལ་དུ་ནི་ཛྃ་ངོ་། །རླུང་དུ་མྃ་ངོ་། །དབང་ལྡན་དུ་ཧྃ་ངོ་། །དཀྱིལ་འཁོར་ གྱི་ཕྱི་རོལ་དུ་དགོད་པ་ནི་མེའི་མཚམས་སུ་ནི་ཨྃ་ངོ་། །བདེན་བྲལ་དུ་ནི་ཨུའོ། །རླུང་དུ་ནི་ཨེའོ། །དབང་ལྡན་དུ་ནི་ཨཻ་དགོད་པར་བྱའོ། །ཤར་གྱི་སྒོ་ལ་ཛཿའོ། །ལྷོ་རུ་ནི་ཧཱུྃ་ངོ་། །ནུབ་ཏུ་ ནི་བྃ་མོ། །བྱང་དུ་ནི་ཧོཿདགོད་པར་བྱའོ། །ཕྱི་རོལ་དུ་དུར་ཁྲོད་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་དཀྱིལ་འཁོར་བསམས་ཏེ། དེར་དབང་ལྡན་ལ་སོགས་པའི་འབྱུང་པོ་ཆེན་པོ་བརྒྱད་པོ་ འཇིགས་པར་བྱེད་པར་དགོད་པར་བྱའོ། །ཤར་དུ་ཧ་རི་པཱ་ས་ལ། །ལྷ་ཡི་ཚོགས་ནི་ཡང་དག་བྲི། །ལྷོ་རུ་ཙཱུ་ཏའི་ཤིང་ལ་ནི། །གཤིན་རྗེའི་གཙོའི་དབང་ཕྱུག་བྲི། །ནུབ་ཏུ་ཨ་ཤོ་ཀ་གནས་སུ། ། སྤྲིན་གྱི་རྒྱལ་པོ་དེར་ནི་དགོད། །དེ་བཞིན་བྱང་དུ་བྱང་ཆུབ་ཤིང་། །གནོད་སྦྱིན་སྡེ་དཔོན་མཉམ་པར་གཞག །དེ་བཞིན་མེར་ནི་ཀ་རན་ཛར། །དྲང་སྲོང་ཚོགས་ཀྱིས་ཡང་དག་ཁྱབ། །བདེན་ བྲལ་ལ་ཏ་ཛ་ཏར་ནི། །སྲིན་པོ་ལ་སོགས་དེ་ནས་དགོད། །རླུང་དུ་པཱཪྠི་པ་ལ་ནི། །རླུང་གི་བདག་པོ་ཡང་དག་བྲི། །དབང་ལྡན་པ་ཊ་སྠ་ལར་ནི། །ཡི་དགས་ཚོགས་ནི་ཡང་དག་བྲི། །དྲག་བཅས་ 86-1-291a དབང་བཅས་ཉེ་དབང་བཅས། །ཟླ་བཅས་ཉི་མ་གཤིན་རྗེའི་ཆ། །རྒྱས་བཏབ་རྨོངས་བྱས་ཟོས་བྱས་ཤིང་། །ཐལ་བའི་དངོས་ཙམ་འཚོ་བར་བྱེད། །ཐབས་དང་ཤེས་རབ་རྣལ་འབྱོར་གྱིས། ། གཡོན་པར་ཁ་ཊྭཱྃ་བརྟེན་ནས་སུ། །དྲིལ་བུ་སིལ་སིལ་སྒྲ་སྒྲོགས་ཤིང་། །ཁྲག་གིས་བཀང་བའི་ཐོད་པ་བསྣམས། །གཡས་སུ་རྡོ་རྗེ་འབར་བ་སྟེ། །འཇིགས་པ་ཡང་ནི་འཇིགས་པར་མཛད། ། སྐྱིལ་དཀྲུང་ཕྱེད་པ་བྱས་ནས་ནི། །ཉིད་ཀྱི་བརླབ་སྟེངས་གཡོན་པ་མནན། །ཚངས་པ་ལ་སོགས་མནན་པ་དེ། །གྲགས་པ་ཉེ་བར་མི་ཟ་སྟེ། །ཀུན་དུ་འོད་ཟེར་སྣ་ཚོགས་ཀྱི། །སངས་རྒྱས་སྤྲིན་དང་ མཉམ་པ་འདིས། །སྤྲོ་བ་ཡང་ནི་སྦྱིན་པར་བྱ། །དེ་ལྟར་རྣལ་འབྱོར་པས་བསྐོམས་ན། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །དཔལ་ཡང་དག་པར་སྦྱོར་བ་ལས་བྱུང་བ་སྟེ་བརྟག་པའི་རྒྱལ་པོ་ གསུམ་པའོ།། །། བཅོམ་ལྡན་རྣལ་འབྱོར་རྣལ་འབྱོར་མའི། །ངག་གི་ཕྱག་རྒྱའི་མཚན་ཉིད་ཅི། །གསང་བ་ཉན་པར་འཚལ་ལགས་ན། །ཐུབ་པ་ཆེན་པོས་བཤད་དུ་གསོལ། །དེ་ནས་ བཅོམ་ལྡན་འདས་མཁའ་འགྲོ་མ་རྣམ་པར་རྒྱལ་བའི་སྟོབས་ཤེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་མཁའ་འགྲོ་མའི་དམ་ཚིག་གི་ཕྱག་རྒྱ་བཀའ་སྩལ་པ། ཀོལླ་ཨི་རིཊྛི་ ཨ་བོལླ། མུམྨུ་ཎི་རེ་ཀཀྐོ་ལ། གྷ་ཎ་ཀི་པིཊྚ་ཧོ་བཱཛྫ་ཨི། ཀཱ་རུ་ཎེ་ཀི་ཨ་ཨི་ཎ་རོ་ལཱ། ཏ་ཧིཾ་བྷ་ལཱ་ཁཱཛྫ་ཨི། གྷ་ཊྷེཾ་མ་ཨ་ཎཱ་པིཛྫ་ཨི། ཧ་ལེ་ཀཱ་ལིཉྫ་ར་པ་ཎི་ཨ་ཨི། དུ་དྷུ་ར་བཛྫ་ཨ་ཨི། ཙ་ཨུ་ས་ མ་ཀཱསྠུ་རི་སི་ཧླ། ཀཔྤུ་རུ་ལཱ་ཨི་ཨ་ཨི། མ་ལ་ཨིནྡྷ་ཎྃ་ཤཱ་ལི་ཨ། ཏ་ཧིཾ་བྷ་རུ་ཁཱ་ཛ་ཨི་ཨ་ཨི། ཁ་ཎ་ཁེཊྚ་ཀ་རནྟེ། ཤུདྡྷ་ཨ་ཤུདྡྷ་ཎ་མུ་ཎི་ཨ་ཨི། ཎི་རྃ་ཤུ་ཨང་ག་ཙ་ཌཱ་བི་ཨ་ཏ་ཧིཾ་ཛ་ 86-1-291b ས་རཱ་བ་པ་ཎི་ཨ་ཨི། མ་ལ་ཨ་ཛེྃ་ཀུན་དུ་རུ་བཱཊྚ་ཨི། ཌིཾ་ཌི་མ་ཏ་ཧིཎྞ་བཛྫ་ཨ་ཨི། མུ་ཁེ་གྷོ་གྷུ་གུ་གྷུ། མུ་གྷུ་ལུ་གྷུ། དྲཥྚུ། འདི་རྣམས་བལྟས་ནས་རྣལ་འབྱོར་པས་མཚན་མ་གསུངས་པ་ཞེས་བྱ་བ་ ལ་སྤྲོ་བར་བྱའོ། །ཌཱ། ཌཱི། བུ། སུ། མཱ། ཡོ། བྷི། དྷཱི། ལུ། སྟྲཱི། ས། པེ། ཕཱེ་ད་བྷ། བྷུ། པཱི། བྷུ། ཧི། ག །ཏྲི། ཀུ། ཧཱ། ཛཱ། ཀེ། བྷ། སྭཱ། པུ། ཛཱ། ཨོ། ཨཱ། གོ། རཱ། དེ། མཱ། ཀཱ། ཨོ། ཏྲི། ཀོ། ཀ ། ལ། ཀཱ། ཧི། པྲེ། གྲྀ། སཽ། སུ། ན། ཤི། མ། ཀུ། དེ་ནས་ངག་གི་ཙྪོ་མ་ཡི། །ཆོ་གའི་རིམ་པ་བཤད་པར་བྱ། །གང་གིས་སྤུན་དང་སྲིང་མོར་ཡང་། །ཐེ་ཚོམ་མེད་པར་ཤེས་བྱ་བ། །པོ་ཏྃ་གཱི་དང་། པྲ་ཏི་པོ་ཏྃ་ གཱི་དང་། ག་མུ་དང་། ལུ་མ་བ་དང་། ནི་ག་ར་དང་། ཙ་རུ་ཀྃ་དང་། ཧྲྀ་ད་ཡ་དང་། ཀཽ་ར་བ་དང་། ཀཪྞྞི་ཀཱ་དང་། ཨ་ལི་ཀ་ར་ཎ་དང་། བ་རཱ་ཧ་དང་། ཤྲ་མ་ཎ་དང་། མ་ནྠཱ་ན་དང་། ན་རཿདང་། ཏཱ་ལི་ཀཱ་དང་། ན་ར་ ཀཱ་དང་། ཨ་མུ་ཀྃ་དང་། ཀཱ་ཁི་ལཱ་དང་། སྭ་ས་ཎྃ་དང་། པ་རི་དྷིཿདང་། བི་ར་དྷི་དང་། ཀྲུ་རཿདང་། ཨནྟཿདང་། ཨ་ལི་ཀཿདང་། བྷ་གི་ནི་དང་། མུ་ཏ་ཀྃ་དང་། གྲྀ་ཧཱ་ན་དང་། མུ་དྲཱ་དང་། དན་ཏ་སྤཪྴ་ཛི་ཧྭ་ དང་། གནྡྷ་བ་ཧི་ཎི་དང་། ཨ་ག་མ་ནྃ་དང་། སྠཱ་ན་ཏ་དང་། ཀི་ར་ནོ་དང་། གོ་མ་དང་། ནཱ་དཱ་དང་། ལམ་པོ་ད་ར་དང་། དནྟཿདང་། ནི་རོ་དྷ་དང་། བི་ཛྙ་པྟི་དང་། དྷུ་ཏྱ་དང་། དྷཱུ་མྲ་པྲི་ཡ་དང་། སཱ་ནུ་དང་། ས་རི་ ཏོ་དང་། ཨྃ་གུ་ལྱཱ་དང་། བ་ད་ནཱྃ་དང་། རཱ་ཛི་ཀཱ་དང་། ཨ་ད་ནཱ་དང་། པྃ་ཀ་ཏི་དང་། ཙྪན་དྷོ་ཧ་དང་། ཙ་ལོ་དང་། མྲྀ་ཀ་པ་ཏི་དང་། མཎ་ཌ་ལྃ་དང་། སཱ་མཱ་དང་། ཕལ་གུ་ཤཾ་དང་། མ་ཧཱ་ཀྵ་ར་དང་། ཙྪཱནཱ་གོ་ དང་། མ་དང་། བྷི་དང་། ཧ་དང་། ཨ་པྱ་ཀཱ་དང་། སྠ་དང་། དནྟ་སྤཪྴ་ན་དང་། མུ་ཁ་སྤཪྴ་ནི་དང་། ཧོ་དང་། ཧྲཱི་ཀ་དང་། ཤཱུ་ནྱ་སྤཪྴ་ནེ་དང་། ཨུ་རུ་སྤཪྴ་ནེ་དང་། སྟེང་དང་། འོག་ཏུ་ཡོད་པ་ནི་ཕྱག་རྒྱ་དང་ཕྱག་ 86-1-292a རྒྱའི་ལན་དུ་གསུངས་སོ། །ཡི་གེ་དང་ངག་གི་ཙྪོ་མ་སྟེ་བཞི་པ་ལས་རབ་ཏུ་བྱེད་པ་དང་པོའོ།། །། རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེ། །ཡིད་ནི་གཅིག་ཏུ་གྱུར་པས་ཉོན། །གཟུགས་ ཅན་མ་དང་འོ་བྱེད་མ། །ལཱ་མཱ་ཡོངས་གྱུར་བྱིས་བཅས་མོ། །མི་ལྡོག་མོ་དང་འདོད་པ་མོ། །འདི་དག་མཁའ་འཁྲོ་བདུན་དུ་གསུངས། །མངོན་པར་ཞེན་པས་བལྟ་བ་དང་། །སྨིན་མ་ཡོན་པོར་གང་ བྱེད་ཅིང་། །སྔོན་གྱི་གཟུགས་ནི་སྡུད་པ་དང་། །ཕྱིས་ནི་འཇིགས་པར་བྱེད་པ་ཡང་། །དེ་ནི་གཟུགས་ཅན་མར་ཤེས་བྱ། །དཔའ་བོས་གཉིས་མེད་བསྟན་པའོ། །སྡུག་པའམ་གལ་ཏེ་མི་སྡུག་པའི། ། བྱིས་པ་ལྟ་ཞིང་འོ་བྱེད་མ། །དེ་ནི་འོ་བྱེད་མར་ཤེས་བྱ། །མཁའ་འགྲོ་མཆོག་ཀྱང་དེ་ཉིད་ཡིན། །བྱོལ་སོང་ལྟ་སྟངས་ཁྲོ་གཉེར་གདོང་། །འདི་ནི་སྨིན་སྒྱུར་བསྡིགས་པར་བྱེད། །གཞན་དུ་དབུགས་ ཀྱི་འཇིགས་བྱེད་མ། །དེ་ནི་ལཱ་མཱར་རྣམ་པར་བསྟན། །ཕག་དང་ལྕེ་སྤྱང་བྱི་ལ་དང་། །རྟ་རྣམས་ཐམས་ཅད་འཇིགས་བྱེད་པ། །དེ་ནི་ཡོངས་གྱུར་མ་རུ་གསུངས། །རབ་ཏུ་དགའ་ཞིང་གསལ་བར་ དགོད། །སོང་བར་གྱུར་ནས་མི་ལྡོག་མ། །དེ་ནི་བྱིས་བཅས་མོ་རུ་གསུངས། །གང་ཞིག་སྐྱོ་བྱས་ལག་པ་འམ། །བོང་བ་འམ་ནི་རྐང་པས་སམ། །གོས་མཐའམ་ཡང་ན་ཤིང་གིས་ནི། །དེས་ རེག་པ་ནི་འཚོ་མི་འགྱུར། །དེ་ནི་མི་ལྡོག་མར་ཤེས་བྱ། །རྒོད་དང་སྨྲ་དང་ངུ་བ་དང་། །གློ་བུར་དུ་ནི་ཁྲོ་འགྱུར་བ། །དེ་ནི་འདོད་པ་མར་ཤེས་བྱ། །མཁའ་འགྲོ་རྣལ་འབྱོར་མ་མོར་གསུངས། ། ཐོད་པ་དགྲ་སྟ་མཆེ་བ་དང་། །ཆུ་སྲིན་རྒྱལ་མཚན་རལ་གྲི་དང་། །འཕང་མདུང་དུང་ནི་བདུན་དུ་གསུངས། །ཡང་དག་སྦྱོར་བའི་ཆོ་ག་འདི། །རྣལ་འབྱོར་རིག་པས་རྟག་ཏུ་མཆོད། །ལུས་ 86-1-292b སྲུལ་མོའི་མཚན་མ་དང་ཕྱག་རྒྱ་སྟེ་བཞི་པ་ལས་རབ་ཏུ་བྱེད་པ་གཉིས་པའོ།། །། དེ་ནས་ལཱ་མཱའི་མཚན་ཉིད་ནི། །ཡང་དག་རབ་ཏུ་བཤད་པར་བྱ། །དམར་ཞིང་དཀར་བའི་བུད་མེད་གང་། ། པད་མའི་འདབ་མ་ལྟ་བུའི་འོད། །དཀར་པོའི་གོས་ལ་རྟག་དགའ་ཞིང་། །ཙན་དན་སེར་པོའི་དྲི་དང་ལྡན། །བདེ་གཤེགས་འདུས་པ་ཉིད་ལ་དགའ། །ཆགས་ཤིང་མཐོང་ན་རྗེས་འགྲོ་མ། །ཁྱིམ་དུ་པད་ མ་འབྲི་བྱེད་པ། །པད་མ་གར་དབང་རིགས་ལས་བྱུང་། །སྨིན་མའི་དབུས་སུ་རྩེ་གསུམ་སོན། །ལུས་ནི་སྔོ་བསངས་སྐྱ་བ་དང་། །ཨུཏ་པལ་སྔོན་པོའི་དྲི་དང་མཚུངས། །ཁྱིམ་དུ་རྡོ་རྗེ་བྲིས་ནས་ནི། ། རྟག་ཏུ་མཆོད་པ་བྱེད་པ་ནི། །ཧེ་རུ་ཀ་དཔལ་རིགས་བྱུང་བ། །དེ་ནི་མཁའ་འགྲོ་མར་ཤེས་བྱ། །མིག་དམར་དཀར་དང་དམར་བ་དང་། །དེ་བཞིན་རྐང་པ་ལག་པ་དམར། །ར་སྐྱེས་ཁྱིམ་བྱ་དག་གིས་ཀྱང་། ། རྟག་ཏུ་དགའ་བར་གྱུར་པ་དང་། །དེ་ཡི་ཁྱིམ་དུ་རྡོ་རྗེ་ནི། །བྲིས་ནས་རྟག་ཏུ་མཆོད་བྱེད་པ། །ཧེ་རུ་ཀ་དཔལ་རིགས་བྱུང་བ། །མཁའ་འགྲོར་འདི་ལ་ཐེ་ཚོམ་མེད། །འཁོར་ལོ་གང་གི་དཔྲལ་བ་འམ། ། ལག་པར་ཡང་ནི་མཐོང་གྱུར་པའི། །སེར་ཞིང་སྔོ་བསངས་བུད་མེད་གང་། །རྟག་ཏུ་གོས་སེར་དགའ་བ་ཉིད། །མེ་ཏོག་དཀར་པོའི་དྲི་ཆེན་དང་། །སྐལ་བཟང་ཕུན་སུམ་ཚོགས་མ་དེ། །ཁྱིམ་དུ་ འཁོར་ལོ་འབྲི་བར་བྱེད། །དེ་བཞིན་གཤེགས་པའི་རིགས་རྗེས་འགྲོ། །གནག་ཅིང་སྔོ་བསངས་བུད་མེད་གང་། །སོ་ནི་དཀར་ཞིང་མཐོ་བ་དང་། །རྟག་ཏུ་གདུག་པའི་གཡོན་པ་ནི། །སྐྲ་ནི་རྟག་ཏུ་ གྲོལ་བ་ཡིན། །རྟག་ཏུ་ཁྲུས་ལ་དགའ་བ་དང་། །སྤྱོད་ཅིང་མང་དུ་སྨྲ་བ་དང་། །རྡོ་རྗེ་ཁྱིམ་དུ་བྲིས་ནས་ནི། །རྟག་ཏུ་མཆོད་པ་བྱེད་པ་ནི། །རྡོ་རྗེ་ཕག་མོའི་རིགས་ལས་བྱུང་། །དཀར་ཞིང་གསེར་དང་ 86-1-293a མཚུངས་པ་དང་། །འབར་བའི་མིག་དང་བ་སྤུ་གང་། །རྡོ་རྗེ་གང་གི་དཔྲལ་བ་འམ། །ལག་པར་ཡང་ནི་མཐོང་གྱུར་པ། །རྟག་ཏུ་རྒྱལ་སྲིད་དགའ་བ་དང་། །སྙེམས་ཤིང་བདེན་པར་སྨྲ་བ་དང་། ། མ་ལི་ཀ་ཡི་དྲི་དང་ལྡན། །ཁྱིམ་དུ་རྡོ་རྗེ་བྲིས་ནས་ནི། །རྟག་ཏུ་མཆོད་པ་བྱེད་པ་ནི། །དུམ་སྐྱེས་མ་ཡི་རིགས་ལས་བྱུང་། །རྣལ་འབྱོར་དབང་ཕྱུག་ཆེན་མོ་མཆོག །ཤ་ལ་དགའ་བའི་བུད་མེད་གང་། །མིག་ སྨན་ནག་པོ་ལྟ་བུའི་འོད། །དཔྲལ་བར་མདུང་རྩེའི་རྣམ་པ་ཉིད། །དྲག་ཤུལ་ལས་ལ་དགའ་བ་གང་། །རྟག་ཏུ་དུར་ཁྲོད་འགྲོ་གང་དང་། །འཇིགས་མེད་སྐྱུག་བྲོ་མེད་པ་དང་། །གང་གི་དཔྲལ་བར་བསྡུས་ནས་ ནི། །ཁྱིམ་དུ་ཐོད་པ་འདྲི་བྱེད་ཅིང་། །རྟག་ཏུ་མཆོད་པ་བྱེད་པ་ནི། །ཧེ་རུ་ཀ་ཡི་རིགས་ལས་བྱུང་། །ཆར་སྤྲིན་མདོག་འདྲའི་བུད་མེད་གང་། །སོ་ནི་མི་མཉམ་པར་གནས་ཤིང་། །རྟག་ཏུ་དྲག་ཤུལ་ལས་རྣམས་ དང་། །གཡོན་པའི་མཆེ་བ་བྱུང་བ་ནི། །ཁྱིམ་དུ་དགྲ་སྟ་འབྲི་བྱེད་ཅིང་། །རྟག་ཏུ་མཆོད་པ་བྱེད་པ་ནི། །རྣམ་པར་འདྲེན་པའི་རིགས་བྱུང་བ། །དེ་ནི་མཁའ་འགྲོར་ཐེ་ཚོམ་མེད། །གང་གི་སྐྲ་ནི་ལི་བ་དང་། །བཞིན་ ནི་ཡོངས་སུ་ཟླུམ་པ་དང་། །རྟག་ཏུ་ཁ་ལ་སྨ་ར་དང་། །སྨིན་མ་རིང་ཞིང་བ་སྤུ་དང་། །གོས་དཀར་གཙང་ཞིང་ཞི་བ་དང་། །མི་བསྐྱོད་བདེན་པར་སྨྲ་བ་དང་། །རྟག་ཏུ་དམ་པའི་ཆོས་དགའ་བ། །དཔའ་བོའི་ སྲིང་མོར་དེ་ཤེས་བྱ། །པད་མའི་ཕྱག་རྒྱ་སྦྱིན་པར་བྱ། །ཡང་ན་རུས་སྦལ་ཕྱག་རྒྱ་བྱ། །རིལ་བ་སྤྱི་བླུགས་མཆོད་བྱེད་པ། །ཕྱག་རྒྱའི་ལན་དུ་བརྗོད་པར་བྱ། །དེ་ནི་ཚེས་བཅུའི་རེས་དག་ལ། །ཁྱིམ་ དུ་པད་མ་འདྲི་བར་བྱེད། །མ་མཆུ་འཕྱང་ཞིང་མིག་ཡངས་མ། །མིག་ནི་དམར་ཞིང་སེར་བ་དང་། །ཆེ་ཞིང་སྐལ་བཟང་ནོར་དང་ལྡན། །སེར་ཞིང་ཙམ་པ་ལྟ་བུ་ཉིད། །རིང་ཞིང་ལག་པ་རིང་བ་དང་། །སྣ་ 86-1-293b ཚོགས་གོས་ལ་དགའ་བ་དང་། །རི་མོ་གསུམ་ནི་དཔྲལ་བ་འམ། །སྟེང་གི་མཚམས་སུ་ངེས་པར་གནས། །རྒོད་པ་དང་ནི་དགའ་བ་ཉིད། །ལམ་གྱི་རྣམ་པ་གནོན་ཅིང་གནས། །གཡུལ་དུ་ཤི་བ་རྣམས་ཀྱི་ནི། །གཏམ་ལ་ རྟག་ཏུ་དགའ་བ་ཉིད། །དེ་འདྲའི་རབ་མྱོས་མཐོང་ནས་ནི། །མདུང་རྩེའི་ཕྱག་རྒྱ་རབ་བསྟན་བྱ། །རྐང་པ་གཡོན་པ་བསྐུམས་པ་ཡི། །གར་ཉིད་ཀྱང་ནི་རབ་བསྟན་བྱ། །གཡོན་གྱི་ཡོངས་སུ་བསྐོར་བ་ནི། །ཕྱག་ རྒྱའི་ལན་དུ་བརྗོད་པར་བྱ། །བཅུ་བཞི་པ་དང་བརྒྱད་པ་ལ། །ཁྱིམ་དུ་མདུང་རྩེ་བྲིས་ཤིང་མཆོད། །འཇིག་རྟེན་དབང་ཕྱུག་མཚན་ཉིད་ཡིན། །དམར་ཞིང་དཀར་བའི་བུད་མེད་གང་། །མིག་ནི་ལྗང་ཞིང་སེར་བ་ དང་། །དེ་བཞིན་སྐྲ་ནི་འཁྱིལ་བ་དང་། །དར་དཔྱངས་བཅིངས་པར་སྣང་བ་ཉིད། །རི་མོ་གཅིག་པར་རབ་ཏུ་གནས། །དེ་བཞིན་སྟེང་དུ་རིང་བ་དང་། །རྟག་ཏུ་གོས་དམར་ལ་དགའ་ཞིང་། །རྟག་ཏུ་རྒོད་ཅིང་ གླུ་ལེན་དང་། །བློ་བུར་དུ་ནི་ཁྲོ་བ་དང་། །ཁྱད་པར་དུ་ནི་སེམས་གཡོ་དང་། །རྩོད་པ་རྟག་ཏུ་དགའ་བ་ཉིད། །དེ་འདྲའི་རབ་མྱོས་མཐོང་ནས་ནི། །འཕང་མདུང་ཕྱག་རྒྱ་རབ་བསྟན་བྱ། །གཉིས་པ་ཡིས་ ཀྱང་འབད་པ་ཡིས། །དྲིལ་བུའི་ཕྱག་རྒྱ་རབ་ཏུ་སྦྱིན། །གཡོན་གྱིས་ཡོངས་སུ་བསྐོར་བ་ནི། །ཕྱག་རྒྱའི་ལན་དུ་བརྗོད་པར་བྱ། །ཐུང་ཞིང་བྱིན་པ་སྦོམ་པ་དང་། །རྟག་ཏུ་གོས་སེར་དགའ་བ་དང་། ། མགྲིན་པ་ནས་ནི་གོས་འཕྱང་བ། །དེ་འདྲའི་རབ་མྱོས་མཐོང་ནས་ནི། །འཁོར་ལོའི་ཕྱག་རྒྱ་རབ་བསྟན་བྱ། །གཉིས་པའང་རབ་ཏུ་འབད་པས་ནི། །དུང་གི་ཕྱག་རྒྱ་སྦྱིན་པར་བྱ། །དེ་བཞིན་ཡོངས་སུ་ བསྐོར་བ་ཉིད། །དེ་ཡི་དུས་ནི་བཅུ་བཞི་ལ། །ཁྱིམ་དུ་རྡོ་རྗེ་འདྲི་བར་བྱེད། །ཡན་ལག་ཀུན་ལ་བ་སྤུར་བཅས། །མིག་ནི་ནག་ཅིང་སེར་བ་དང་། །གཙིགས་ཤིང་རྣམ་འགྱུར་འཇིགས་པ་དང་། །བཞིན་ 86-1-294a སྦོམ་ཁ་ནི་སྦོམ་པ་དང་། །མ་མཆུ་འཕྱང་ཞིང་ཁུང་མིག་དང་། །སྣ་ནི་ཉམས་པར་གྱུར་པ་དང་། །རྟག་ཏུ་དྲི་ཟ་འདོད་པ་དང་། །སྤྲིན་གྱི་ཁ་དོག་ལྟོ་ཆེ་བ། །དེ་འདྲའི་རབ་མྱོས་མཐོང་ནས་ནི། ། ཀླུ་ཡི་ཕྱག་རྒྱ་རབ་སྦྱིན་བྱ། །གཉིས་པ་ཡང་ནི་འབད་པ་ཡིས། །འཕང་མདུང་ཕྱག་རྒྱ་སྦྱིན་པར་བྱ། །ཡོངས་སུ་བསྐོར་བ་གོང་མ་བཞིན། །དེ་ནི་བཅུ་གཅིག་ཚེས་ལ་ནི། །མཆེ་བ་འབྲི་ཞིང་རྟག་ཏུ་ མཆོད། །མཚན་མའི་ཕྱག་རྒྱ་སྟེ་བཞི་པ་ལས་རབ་ཏུ་བྱེད་པ་གསུམ་པའོ།། །། དེ་ནས་ཡན་ལག་ཕྱག་རྒྱ་ཡི། །མཚན་ཉིད་ཡང་དག་རབ་བཤད་བྱ། །བུད་མེད་གང་ཞིག་སྤྱི་གཙུག་རེག ། སྤྱི་བོ་དེ་ལ་རབ་བསྟན་བྱ། །གང་ཞིག་དཔྲལ་བ་སྟོན་པ་ལ། །མཁུར་ཚོས་དེ་ལ་རབ་བསྟན་བྱ། །གང་ཞིག་སོ་ནི་སྟོན་པ་ལ། །ལྕེ་ནི་དེ་ལ་རབ་བསྟན་བྱ། །གང་ཞིག་མ་མཆུ་སྟོན་པ་ལ། །ཀོས་གོ་དེ་ལ་ རབ་བསྟན་བྱ། །གང་ཞིག་མགྲིན་པ་རེག་པ་ལ། །ལྟོ་བ་དེ་ལ་རབ་བསྟན་བྱ། །གང་ཞིག་ལྟོ་བ་སྟོན་པ་ལ། །ལྟེ་བ་དེ་ལ་རབ་བསྟན་བྱ། །གང་ཞིག་མཇུག་མ་སྟོན་པ་ལ། །ས་ནི་དེ་ལ་རབ་བསྟན་བྱ། ། གང་ཞིག་གསང་བ་སྟོན་པ་ལ། །ལིང་ག་དེ་ལ་རབ་བསྟན་བྱ། །གང་ཞིག་པུས་མོ་སྟོན་པ་ལ། །བྱིན་པ་དེ་ལ་རབ་བསྟན་བྱ། །གང་ཞིག་ལག་པ་སྟོན་པ་ལ། །དཔུང་པ་དེ་ལ་རབ་བསྟན་བྱ། །གང་ཞིག་ རྐང་པ་སྟོན་པ་ལ། །རྐང་མཐིལ་དེ་ལ་རབ་བསྟན་བྱ། །གང་ཞིག་སོར་མོ་སྟོན་པ་ལ། །སེན་མོ་དེ་ལ་རབ་བསྟན་བྱ། །གང་ཞིག་ས་ནི་སྟོན་པ་ལ། །ནམ་མཁའ་དེ་ལ་རབ་བསྟན་བྱ། །གང་ཞིག་ནམ་ མཁའ་སྟོན་པ་ལ། །ཉི་མ་དེ་ལ་རབ་བསྟན་བྱ། །གང་ཞིག་ཆུ་བོ་སྟོན་པ་ལ། །རྒྱ་མཚོ་དེ་ལ་རབ་བསྟན་བྱ། །གང་ཞིག་སོར་མོ་གཅིག་སྟོན་པ། །ལེགས་པར་འོངས་ཞེས་བརྗོད་པ་ཡིན། །གང་ཞིག་ 86-1-294b སོར་མོ་གཉིས་སྟོན་པ། །ཤིན་ཏུ་ལེགས་འོངས་བརྗོད་པ་ཡིན། །གཡས་པའི་སྨིན་མ་སྒྱུར་ཚུལ་དང་། །གཡོན་པའི་སྨིན་སྒྱུར་ཚུལ་སྟོན་པ། །སློབ་དཔོན་གཉིས་དང་འདུ་བ་སྟོན། །རྒྱུད་ཐམས་ཅད་ཀྱི་གསང་ བ་ཡང་དག་པར་སྦྱོར་བ་ལས་བྱུང་བ་རྡོ་རྗེ་མཁའ་འགྲོ་མའི་བརྡ་སྟེ་བརྟག་པའི་རྒྱལ་པོ་བཞི་པའོ།། །། དེ་ནས་སྐྱེ་བ་དམ་པ་ཀུན། །འདུ་བ་ཡང་དག་རབ་བཤད་བྱ། །དེ་ལ་ཟས་གཅིག་བཟའ་བར་ བྱ། །སྣོད་གཉིས་སུ་ཡང་མ་ལུས་བརྩོན། །ཀྱཻ་བཅོམ་ལྡན་འདུ་བའི་གནས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གནས་དང་ཉེ་བའི་གནས་དང་ནི། །ཞིང་དང་དེ་བཞིན་ཉེ་བའི་ཞིང་། ། ཙྪན་དོ་ཉེ་བའི་ཙྪན་དོ་ཧ། །འདུ་བ་དེ་བཞིན་ཉེ་འདུ་བ། །དུར་ཁྲོད་ཉེ་བའི་དུར་ཁྲོད་དང་། །འཐུང་གཅོད་ཉེ་བའི་འཐུང་གཅོད་ཉིད། །འདི་རྣམས་ས་ནི་བཅུ་གཉིས་ཏེ། །ས་བཅུའི་དབང་ཕྱུག་མགོན་པོ་ཉིད། །འདི་ནི་ གཞན་གྱིས་བརྗོད་མི་བྱ། །ཀྱཻ་བཅོམ་ལྡན་འདས་གནས་ལ་སོགས་པ་གང་ལགས། དེ་བཞིན་དུ་ས་བཅུ་གཉིས་པོ་རྣམས་རྒྱ་ཆེན་པོ་ལས་འབྱུང་བ་བཀའ་དྲིན་གྱིས་བསྐྱབ་ཏུ་གསོལ། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། །གནས་ནི་ཛཱ་ལན་དྷ་རར་གསུངས། །དེ་བཞིན་དུ་ནི་ཨོཌྱཱ་ཎི་ཉིད། །གནས་ནི་ཀོལླ་གི་རི་དང་། །དེ་བཞིན་ཨར་བུ་ད་ཉིད་དོ། །ཉེ་གནས་གོ་དཱ་བ་རི་ཉིད། །དེ་བཞིན་དགའ་ བའི་དབང་ཕྱུག་དང་། །དེ་བཞིན་དེ་བི་ཀོ་ཊར་བཤད། །དེ་བཞིན་མཱ་ལཱ་ཝེ་ཉིད་དང་། །དེ་བཞིན་ཀཱ་མ་རཱུ་པར་གསུངས། །ཨོ་དྲེ་ཞིང་ནི་ཉིད་དུ་གསུངས། །ཉེ་ཞིང་ཏྲི་ཤ་ཀུ་ནི་དང་། །དེ་བཞིན་ཀོ་ཤ་ལ་ཉིད་དང་། ། ཀ་ལིཾ་ཀར་ནི་ཅི་གསུངས་པའོ། །དེ་བཞིན་ལམ་བཱ་ཀ་ཉིད་དང་། །ཀཱཉྩི་ཁ་བའི་གནས་ཉིད་ནི། །ཙྪན་དོར་ཡང་དག་གསུངས་པ་དང་། །ཉེ་བ་ཡི་ཡང་ཙྪན་དོའོ། །པྲེ་ཏ་ཨ་ཧི་བཱ་སི་གསུངས། །དེ་བཞིན་ཁྱིམ་གྱི་ 86-1-295a ལྷ་ཉིད་དང་། །སཽ་རཱཥྚ་དང་གསེར་གླིང་ཉིད། །འདུ་བ་དེ་བཞིན་ཉེ་འདུ་བ། །ནཱ་ག་ར་དང་སིན་དྷཱུ་ནི། །དུར་ཁྲོད་ཉིད་དུ་བརྗོད་པ་དང་། །མ་རུ་དང་ནི་ཀུ་ལུ་ཏཱ། །ཉེ་བ་ཡི་ནི་དུར་ཁྲོད་ཉིད། །སྙིང་རྗེ་དེ་ བཞིན་ལས་ཀྱི་བྲང་། །ཧ་རི་ཀེ་ལ་ཉིད་དང་ནི། །ལན་ཚ་རྒྱ་མཚོའི་ནང་སོང་དང་། །བིནྡྷ་གཞོན་ནུའི་གྲོང་ཁྱེར་ཉིད། །འཐུང་གཅོད་ཉེ་བའི་འཐུང་གཅོད་དོ། །དེ་དང་ཉེ་བ་དུར་ཁྲོད་ཉིད། །རབ་སོང་དགེ་འདུན་རྒྱ་མཚོའི་ འགྲམ། །སྐྱེད་མོས་ཚལ་དང་རྫིང་བུའི་འགྲམ། །ཉེ་བའི་དུར་ཁྲོད་བརྗོད་པར་བྱ། །དེ་ནས་གནས་ལ་ལྷག་པར་གནས་པའི་ཆོ་ག་བཤད་པར་བྱ་སྟེ། རྡུལ་བྲལ་གནས་སུ་ཙཱུ་ཏ་གནས། །ཀོང་ཀ་ནར་ནི་ ཟླ་བའི་གླིང་། །ཀརཉ་ཛཱར་གནས་ཙཱ་རི་ཏྲ། །ཨཊྚ་ཧ་སར་ཀ་དམ་པ། །ལྷ་མོའི་མཁར་དུ་བ་ཊ་གནས། །ཧ་རི་ཀ་ལར་ཧི་ར་གནས། །ཨོཌྱཱན་ཨ་ཤོ་ཀ་ནི་གནས། །ཛཱ་ལནྡྷ་རར་གསེར་ཤིང་གནས། །གནས་ ནི་རབ་ཏུ་དགའ་བའི་ས། །དེ་བཞིན་ཉེ་གནས་དྲི་མ་མེད། །ཞིང་ནི་འོད་བྱེད་ཤེས་པར་བྱ། །ཉེ་བའི་ཞིང་ནི་འོད་འཕྲོ་ཅན། །ཙྪན་དོ་མངོན་དུ་གྱུར་པར་ངེས། །ཉེ་བའི་ཙྪན་དོ་སྦྱང་དཀའ་བ། །འདུ་བ་རིང་དུ་སོང་བ་ སྟེ། །ཉེ་བའི་འདུ་བ་མི་གཡོ་བ། །དུར་ཁྲོད་ལེགས་པའི་བློ་གྲོས་ཉིད། །ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། །ཕ་རོལ་ཕྱིན་བཅུའི་ས་རྣམས་ལ། །རྣལ་འབྱོར་མ་ཡི་ཀླ་ཀློའི་སྐད། །པཱུ་ལ་སོགས་པ་ཅི་གསུངས་ པ། །ཕྱི་དང་ནང་དུ་བསམ་པར་བྱ། །རྣལ་འབྱོར་མ་རྣམས་ལེགས་འདུ་བའི། །ཉིན་པར་ཉིད་ཀྱང་ལེགས་བཤད་བྱ། །ཡི་དགས་ཟླ་ཕྱེད་བཅུ་བཞི་དང་། །བརྒྱད་པ་ལ་ཡང་ཁྱད་པར་དུ། །རྒྱལ་མཚན་ དང་ནི་མཚོན་བསྣུན་ཉིད། །སྐྱེ་བ་བདུན་པ་ཁྱད་པར་དུ། །འབད་པས་སྙིང་རྗེ་བསྐྱེད་ནས་ནི། །མཁས་པས་གསད་པར་བྱ་བ་ཉིད། །སྙིང་རྗེ་མེད་ན་མི་འགྲུབ་པས། །དེ་ཕྱིར་སྙིང་རྗེ་ཡང་དག་བཤད། ། 86-1-295b ཇི་ལྟར་བདག་བཞིན་སེམས་ཅན་ཉིད། །ཇི་ལྟར་སེམས་ཅན་དེ་བཞིན་བདག །འདི་ལྟར་སེམས་པའི་རྣལ་འབྱོར་བདག །དངོས་གྲུབ་མྱུར་དུ་འཐོབ་པར་འགྱུར། །འདུ་བའི་གནས་ཏེ་ལྔ་པ་ལས་རབ་ཏུ་བྱེད་ པ་དང་པོའོ།། །། གསང་བའི་པད་མའི་མཚན་ཉིད་ནི། །ཡེ་ཤེས་དབང་པོ་ཉན་པར་འཚལ། །ཡེ་ཤེས་སེམས་དང་འདྲེས་པ་ཡི། །རྫོགས་པའི་བྱང་ཆུབ་རིམ་པ་ཅི། །བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། །གནས་བཞི་མཉམ་པར་གནས་ནས་ནི། །རྫོགས་བྱང་རིམ་པ་རྡོ་རྗེ་འཛིན། །མཉམ་ཉིད་སེམས་ནི་བསྐྱེད་ནས་ནི། །འདོད་ཆགས་ལ་སོགས་རིང་དུ་སྤངས། །ཡིད་དང་མཐུན་པའི་གནས་ སུ་ནི། །བདེ་བའི་སྟན་ལ་འདུག་ནས་ནི། །བརྟན་དང་གཡོ་བའི་དངོས་པོ་ཀུན། །སྙིང་རྗེ་ཕན་པའི་བསམ་བར་བྱ། །སྤྱི་བོ་མེད་པའི་སྤྱི་བོ་དང་། །སྒྲ་མཐའི་དེ་བཞིན་གསང་པད་མ། །ཆ་ནི་སྣ་ཚོགས་ཡིག་ འབྲུ་རྣམས། །དེ་བཞིན་དུ་ཡང་སྟན་རྣམས་ཉིད། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི། །ཆོས་ཀྱི་དབྱིངས་ཀྱི་རྣམ་པར་བྱེད། །བསྡུས་ནས་གོང་བུའི་རྣལ་འབྱོར་གྱིས། །རྡོ་རྗེ་སེམས་དཔར་རང་ཉིད་འགྱུར། །ཆུ་ ཡི་ཁམས་དང་མེ་ཡི་ཁམས། །རོ་གཅིག་མཆོག་གི་གནས་སུ་ནི། །ཐབས་དང་ཤེས་རབ་བདག་ཉིད་སྦྱར། །སངས་རྒྱས་གཟུགས་བརྙན་དབང་པོ་དྲུག །བསྟན་བཅོས་ཚད་མ་སློབ་དཔོན་དང་། །ལུང་གི་རྗེས་ འབྲངས་དེ་ཉིད་ཤེས། །གསང་དོན་དེ་ཉིད་དངོས་པོ་ཡང་། །དེ་ཉིད་ལས་གཅིག་ཅིག་ལས་གཅིག །སྔར་གྱི་མཚན་ཉིད་ཐམས་ཅད་ཀྱིས། །སྟོང་སོགས་དེ་ཉིད་མཚན་ཉིད་ཀྱིས། །ལུས་ཀྱི་དྲི་མ་བཀྲུས་ནས་ནི། ། རྫོགས་པའི་བྱང་ཆུབ་རིམ་པར་སྦྱར། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །ཡེ་ཤེས་སེམས་དཔའ་བསམ་པར་བྱ། །མདོག་དཀར་ཀུན་ད་ཟླ་བ་ཡི། །འོད་ཟེར་རྣམ་པར་སྤྲོ་བ་ནི། །ཕྱག་གཉིས་ 86-1-296a སེམས་དཔའི་སྐྱིལ་མོ་ཀྲུང་། །པད་མའི་གནས་ལ་ཡང་དག་བཞུགས། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །སངས་རྒྱས་ལྔ་ཡིས་རྣམ་པར་བརྒྱན། །ཕྱག་རྒྱ་ཆེན་པོ་ཕྱག་གཉིས་ཀྱིས། ། སྙིང་གི་གནས་སུ་གཟིར་བར་མཛད། །གཟུགས་དང་གཟི་བརྗིད་ཡོངས་གང་བ། །ཡེ་ཤེས་སེམས་དཔར་བསྒོམ་པ་ཉིད། །ཆུ་ཤིང་མེ་ཏོག་ལྟ་བུར་ནི། །ལྟེ་བ་རུ་ནི་ཡང་དག་གནས། །ལངས་ནས་སྙིང་གར་ ཀུན་དུ་གནས། །སྔར་གྱི་མཚན་ཉིད་ཡོངས་གང་བ། །བཏོན་ནས་དང་པོའི་པད་མ་ནི། །འདབ་མ་བརྒྱད་པ་ཤིན་དུ་མཛེས། །ཟེ་བ་དང་ནི་ཟེ་འབྲུར་བཅས། །ཡི་གེ་རྣམ་དགོད་དགོད་པར་བྱ། །དཀྱིལ་འཁོར་ དབུས་སུ་གནས་པ་ཡི། །ཕྱག་གཉིས་ཞལ་གཅིག་དཀར་པོ་ནི། །བཟང་པོ་དྲི་མེད་དབུས་སུ་བསམ། །དེ་ཡི་དབུས་སུ་རྣམ་ཤེས་དང་། །ཡེ་ཤེས་དེ་ཉིད་སྦྱར་བར་བྱ། །དང་པོ་ཤར་གྱི་འདབ་མ་ལ། །བྱམས་ པར་ལྡན་པའི་མི་བསྐྱོད་པ། །ལྷོ་ཡི་སྒོར་ནི་སྙིང་རྗེ་ཉིད། །རིན་ཆེན་དེ་ཉིད་ས་བོན་ལས། །ནུབ་ཀྱི་སྒོ་ཡི་འདབ་མ་ལ། །འོད་དཔག་མེད་པའི་ས་བོན་དགོད། །བྱང་གི་སྒོ་ཡི་གནས་སུ་ནི། །སེམས་ཀྱི་དོན་ ཡོད་གཙོ་བོ་ཉིད། །དང་པོའི་དབྱངས་སོགས་ས་བོན་གྱི། །ཟླ་བའི་ཐིག་ལེ་ཇི་བཞིན་རིམ། །ཟླ་བའི་འོད་ཟེར་དཀར་བརྒྱན་པའི། །ཡི་གེ་བཞི་ནི་དགོད་པར་བྱ། །མཚམས་རྣམས་སུ་ནི་མ་ནིང་ཉིད། །རྣམ་པ་ བཞི་པོ་སྔར་གསུངས་པ། །དེ་ཡི་དབུས་སུ་དེ་ཡི་སེམས། །ཡི་གེ་ཡིས་ནི་སྦྱར་བར་བྱ། །རྡོ་རྗེ་སྙིང་པོས་གསོལ་པ། སེམས་ལ་ཐེ་ཚོམ་འཁྲུངས་ལགས་པ། །བཅོམ་ལྡན་བདག་ལ་བཤད་དུ་ གསོལ། །སྟོང་པ་མཚོན་དུ་མེད་པ་ལ། །ཡི་གེའི་རྣལ་འབྱོར་ལ་སོགས་ཅི། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དེ་ཉིད་ཇི་ལྟར་རྡོ་རྗེ་ཉོན། །མཚན་གཞི་མཚན་ཉིད་སྟོང་པ་ཉིད། །སྙིང་པོ་མེད་ 86-1-296b པའི་ཆུ་ཤིང་ལས། །སྙིང་པོ་བདུད་རྩི་འབྲས་འབྱུང་ལྟར། །འབྲས་བུ་རྣམ་ཤེས་ཡེ་ཤེས་ནི། །གཟུགས་མེད་པ་ལ་ཡེ་ཤེས་གཟུགས། །ཡེ་ཤེས་སྐུ་ནི་སྐྱོན་མེད་པ། །མཚན་ཉིད་མཚོན་དུ་མེད་པ་ཉིད། ། དངོས་དང་དངོས་མེད་རྣམ་པར་གྲོལ། །ཡིག་འབྲུ་མེད་ལས་ཡིག་འབྲུའི་གཟུགས། །དེ་དབུས་ངོ་བོ་སྟོང་པ་ཉིད། །དེ་ཉིད་རྣལ་འབྱོར་པ་ཡིས་གཟུང་། །ཇི་ལྟར་མཚན་ཉིད་ཤེས་ཀྱང་ནི། །མཉམ་ཉིད་ཡེ་ ཤེས་སེམས་ཀྱིས་ནི། །དེ་ཡི་རྫོགས་པའི་བྱང་ཆུབ་ལམ། །མྱུར་བ་ཉིད་དུ་མཐོང་བར་འགྱུར། །བླ་མའི་མན་ངག་ལམ་གྱིས་ནི། །ཡེ་ཤེས་རྣམ་ཤེས་ངོ་བོ་ལས། །མཚན་ཉིད་བསྟན་བཅོས་མདོར་ བསྡུས་པ། །དེ་ཉིད་དཔའ་བོ་སྟོན་པ་པོ། །འདི་ཡི་བསྒོམ་པ་ཐམས་ཅད་ཀྱི། །འོད་ཟེར་དཀར་པོས་རྣམ་པར་བརྒྱན། །ལྕགས་སྒྲོག་ལྔ་པོ་མཆོད་རྟེན་གྱི། །བདུད་རྩིའི་ས་བོན་བསམས་ནས་ནི། །ཁ་དོག་དཀར་ པོ་འོད་གསལ་བ། །བདུད་རྩིའི་རྒྱུན་ནི་འཛག་པར་འགྱུར། །སྙིང་གི་ས་བོན་པད་དབུས་སུ། །མཐེ་བོང་ཡོངས་ཀྱིས་དཀྱིལ་འཁོར་འདི། །དེ་ཡི་དབུས་སུ་ས་བོན་ནི། །ཨཱ་ལི་ཀཱ་ལི་ཡོངས་བཏུས་པ། །ཁ་དོག་ དཀར་པོ་ཤིན་དུ་མཛེས། །ཟླ་བའི་འོད་ཟེར་འཕྲོ་བ་ནི། །དེ་ཡི་དབུས་སུ་སྒོ་རྣམས་ཀྱི། །ཐིག་ལེ་བསམ་པར་རབ་ཏུ་གྲགས། །སྐྲ་ཡི་རྩེ་མོ་བརྒྱ་སྟོང་ཆར། །ཕྲ་རབ་གཟུགས་སུ་ཡང་དག་གནས། ། རྣམ་པར་ཤེས་པའི་རང་བཞིན་ལས། །ཡེ་ཤེས་ཅན་གྱི་མཚན་ཉིད་མཚོན། །གོ་འཕང་གནས་ཀྱི་ཐིག་ལེ་ལྟོས། །སེམས་ཀྱི་མཚན་ཉིད་ཐམས་ཅད་ཤེས། །སྙིང་ལ་ཚངས་པའི་སྒོ་ཡི་ནི། །ཐིག་ལེ་སྒོ་ ཡི་ལམ་ལས་ནི། །བླ་མའི་མན་ངག་བརྩོན་པ་ཡིས། །རྣམ་ཤེས་ཡེ་ཤེས་ཀྱི་ཡང་བླང་། །ལམ་གྱི་ཕྱི་རོལ་བསྟན་བཅོས་ཀྱང་། །མ་ཡིན་རིང་བར་གྱུར་པ་མིན། །བསྟན་བཅོས་རྣམས་ནི་རྙེད་སླ་ཡང་། ། 86-1-297a སྦྱོར་བ་དེ་ལ་རྙེད་པར་དཀའ། །རྣལ་འབྱོར་པ་ཡི་ཐབས་ཀྱིས་ནི། །བླ་མ་གསོལ་བ་འདེབས་ལ་བརྩོན། །བླ་མའི་མན་ངག་ལམ་གྱིས་ནི། །རྣམ་པར་མཁས་པས་མཐོང་བར་འགྱུར། །མཉམ་ བཞག་དངོས་པོ་འི་རང་བཞིན་གྱིས། །གཡོ་བ་མེད་ཅིང་འཚེ་བ་མེད། །ཡིད་ནི་ཆོས་རྣམས་སྔོན་དུ་འགྲོ། །ཡིད་ནི་དག་ཅིང་ཡིད་ལྟར་མགྱོགས། །ཡིད་ཀྱི་རྒྱལ་པོའི་བཀའ་དྲིན་གྱིས། །སྨྲ་བ་དང་ནི་ བྱེད་པར་འགྱུར། །དེ་ཕྱིར་ཡིད་ཀྱི་བདག་ཉིད་ཀུན། །ཡིད་ལ་བྱུང་བར་བློ་ལྡན་པས། །སྙིང་གར་སེམས་བསྒོམ་སྡོམ་པ་ནི། །གལ་ཏེ་འདོད་ན་ཡོ་གིས་བཟླས། །རྒྱུ་རུ་གྱུར་པའི་ས་བོན་ཏེ། །དེ་ཉིད་ དཔྱད་པས་མ་ཡིན་ནོ། །འབྲས་བུ་རྒྱུ་ཡི་ས་བོན་ཏེ། །དེ་ཉིད་མཐོང་བ་མ་ཡིན་ནོ། །གཟུགས་སོགས་སྲིད་པའི་ལོངས་སྤྱོད་ཀྱིས། །དམིགས་པའི་ས་བོན་རྣམ་པ་ལྔ། །སྤྱི་བོ་སྤྱི་མེད་ཡང་དག་གནས། ། ཀུན་ནས་ཀུན་ཏུ་འབབ་པར་འགྱུར། །རྟག་ཏུ་རྩ་བའི་ས་བོན་གྱི། །ཡེ་ཤེས་རྣམ་ཤེས་ས་བོན་ལས། །ཐིག་ལེ་སྒྲ་དང་ཡང་དག་ལྡན། །འཁོར་བའི་ལོངས་སྤྱོད་འདོད་པ་ཡིས། །ཡིད་ཀྱི་བཟླས་པ་ཡང་དག་ ལྡན། །ཡི་གེ་དག་ནི་རྣམ་པར་སྤངས། །ངེས་པར་རྟག་ཏུ་གོ་འཕང་གནས། །རྟག་པ་དང་ནི་ཆོས་ཀྱི་དབྱིངས། །རྟག་ཏུ་ཕྲ་ཞིང་སྐྱོན་མེད་པ། །ཡེ་ཤེས་ལ་ནི་རྣམ་ཤེས་ནུབ། །ཡེ་ཤེས་དངོས་པོས་རྣམ་ ཤེས་ཀྱི། །རྫོགས་པའི་བྱང་ཆུབ་རིམ་མཐོང་འགྱུར། །དང་པོར་མཚན་མ་ཐམས་ཅད་ཀྱི། །མར་མེའི་རྣམ་པ་མཐོང་བར་འགྱུར། །གཉིས་པ་མཚན་མོ་མེ་ཁྱེར་གྱི། །རྣམ་པའི་རྡུལ་ནི་མཚོན་པར་བྱེད། །རྡུལ་དཀར་ཙན་དན་ ཀ་དབྱིབས་སུ། །ཕྱོགས་བཅུར་དེ་བཞིན་མཐོང་བར་འགྱུར། །གསུམ་པར་ཉོན་མོངས་བཅོམ་པ་ནི། །རྣལ་འབྱོར་པ་ཡིས་རྣམ་པར་བརྟག །ལྷ་ཡི་ལོངས་སྤྱོད་འདོད་པ་ཡང་། །བཞི་པར་ཡང་ནི་བསྟན་པའོ། ། 86-1-297b ལྷ་ཡི་གཟུགས་ནི་ཐམས་ཅད་ཀྱང་། །ལྔ་པར་སེམས་ཀྱིས་བརྟག་པར་བྱ། །དྲུག་པ་གཟུགས་ནི་མེད་པའི་ཆ། །བདུན་པ་ཆོས་ཀྱི་དབྱིངས་ཉིད་དེ། །བརྒྱད་པར་རང་འདོད་རྣལ་འབྱོར་པའི། །སངས་རྒྱས་རྣམས་ཀྱི་ འབྲས་བུའི་དོན། །རྡོ་རྗེ་སེམས་དཔའ་སྙིང་རྗེ་ཆེ། །ཡིད་ནི་གཅིག་ཏུ་གྱུར་པས་ཉོན། །ངེས་པར་དངོས་པོ་ཐམས་ཅད་ཀྱི། །དག་པ་དེ་བཞིན་ཉིད་དུ་བརྗོད། །ཕྱིས་ནི་རེ་རེར་དབྱེ་བ་ཡིས། །ལྷ་རྣམས་ཀྱི་ནི་བརྗོད་ པར་བྱ། །ལུས་ཅན་རྣམས་ཀྱི་ཕུང་པོ་དང་། །ཁམས་རྣམས་དང་ནི་སྐྱེ་མཆེད་རྣམས། །རང་བཞིན་གྱིས་ནི་རྣམ་པར་དག །ཉོན་མོངས་མི་ཤེས་སྒྲིབ་སྦྱང་བྱ། །རང་རིག་བདག་ཉིད་དག་པ་ཉིད། །དག་པ་གཞན་ གྱིས་རྣམ་གྲོལ་མིན། །ཡུལ་གྱི་དངོས་པོ་དག་པའི་ཕྱིར། །རང་གིས་རིག་པའི་བདེ་བ་མཆོག །གཟུགས་ལ་སོགས་པའི་ཡུལ་གང་དང་། །གཞན་ཡང་རྣལ་འབྱོར་པ་སྣང་བ། །དེ་ཀུན་རང་བཞིན་དག་པ་སྟེ། །དེ་ ཕྱིར་སངས་རྒྱས་སྣ་ཚོགས་དངོས། །ཀྱེ་བཅོམ་ལྡན་འདས་རྣམ་པར་མ་དག་པ་གང་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ལ་སོགས་པའོ། །དེ་ཅིའི་སླད་དུ་ཞེ་ན། གཟུང་བ་དང་འཛིན་ པའི་ཕྱིར་རོ། །གསོལ་པ། གཟུང་བ་དང་འཛིན་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིག་གིས་གཟུགས་ནི་གཟུང་བར་བྱ། །སྒྲ་ནི་རྣ་བས་མཉན་པར་བྱ། །དྲི་ནི་སྣ་ཡིས་ཚོར་བར་བྱ། །ལྕེ་ ཡིས་རོ་ནི་རིག་པར་བྱ། །ལུས་ཀྱིས་དངོས་པོ་རིག་པར་བྱ། །ཡིད་ཀྱིས་བདེ་སོགས་ཐོབ་པ་ནི། །དག་པས་དུག་མེད་བྱས་ནས་ནི། །བསྟན་བྱ་འདི་དག་བསྟེན་པར་བྱ། །གཟུགས་ནི་སངས་རྒྱས་རྣམ་སྣང་མཛད། ། ཚོར་བ་རྡོ་རྗེ་ཉི་མ་སྟེ། །འདུ་ཤེས་པད་མ་གར་དབང་ཕྱུག །དེ་བཞིན་འདུ་བྱེད་རྡོ་རྗེ་རྒྱལ། །རྣམ་ཤེས་རྡོ་རྗེ་སེམས་དཔའ་ཉིད། །ཀུན་གྱི་ངོ་བོ་ཧེ་རུ་ཀ །མིག་ལ་གཏི་མུག་རྡོ་རྗེ་བཤད། །ཞེ་སྡང་རྡོ་རྗེ་མངོན་ཐོས་པ། ། 86-1-298a ཕྲག་དོག་རྡོ་རྗེ་དེ་བཞིན་སྣ། །ཁ་ནི་འདོད་ཆགས་རྡོ་རྗེར་བཤད། །རེག་ལ་སེར་སྣ་རྡོ་རྗེ་མ། །ཁམས་དང་སྐྱེ་མཆེད་ཐམས་ཅད་ནི། །དམ་པའི་དབང་ཕྱུག་ཧེ་རུ་ཀ །ས་ཡི་ཁམས་ནི་ལྟུང་བྱེད་མ། ། ཆུ་ཁམས་གསོད་པར་བྱེད་མར་བརྗོད། །མེ་ཡི་ཁམས་ནི་འགུགས་བྱེད་མ། །དེ་བཞིན་རླུང་ནི་གར་དབང་ཕྱུག །ནམ་མཁའི་ཁམས་སུ་བརྗོད་པ་ནི། །པད་མ་འབར་བ་འཁྱིལ་པ་ཉིད། །འདི་ལྟར་ལུས་ཅན་ རྣམས་ཀྱིས་ལུས། །ཕུང་པོ་ལ་སོགས་ལྷ་བདག་ཉིད། །བདེ་དང་སྡུག་བསྔལ་དེ་བཞིན་ལས། །ཉོན་མོངས་ལ་སོགས་དེས་བསྐྱེད་པའི། །བསྐྱེད་པའི་ཆ་ལ་ལེགས་གནས་པས། །སྲིད་དང་མྱ་ངན་འདས་པ་ ཐོབ། །ཕུང་པོ་དང་སྐྱེ་མཆེད་རྣམ་པར་དག་པ་སྟེ་ལྔ་པ་ལས་རབ་ཏུ་བྱེད་པ་གཉིས་པའོ།། །། དེ་ནས་སྤྱོད་པས་རྟོག་པ་རྣམས། །འཇིག་པར་བྱེད་པ་བཤད་པར་བྱེད། །ཆོས་རྣམས་ཀུན་ལ་མཉམ་ བྱུང་བ། །དེ་ཉིད་སྤྱོད་པ་གོང་ན་མེད། །སངས་རྒྱས་སྲས་ལ་ཕན་པའི་ཕྱིར། །རྫོགས་པའི་བྱང་ཆུབ་རྣམ་གནས་པ། །གང་ཞིག་ཡང་ནི་དེ་ཉིད་ལས། །རྡོ་རྗེ་ཡན་ལག་མེད་པ་ཡི། །ཤེས་རབ་ཕ་རོལ་ཕྱིན་པ་མཆོག ། སྐྱེ་བའི་རྒྱ་མཚོ་འཇིགས་ཆེན་པོར། །རྒ་བའི་རླབས་ཀྱིས་འཁྲུགས་པ་ལས། །སེམས་ཅན་ཐམས་ཅད་སྒྲོལ་བར་བྱེད། །ཚོང་པ་དགེ་བར་འགྲོ་བ་དང་། །མྱུར་དུ་དངོས་གྲུབ་གསལ་བྱེད་ཅིང་། །སྙིང་པོའི་ཡོན་ཏན་ ཀུན་གྱི་གནས། །སེམས་ཀྱི་རིན་ཆེན་ལས་བྱུང་བ། །འདོད་དོན་རབ་ཏུ་སྒྲུབ་པར་བྱེད། །རྡོ་རྗེ་འཛིན་པས་རབ་བསྔགས་པའི། །ལོངས་སྤྱོད་རྫོགས་པའི་ཡོན་ཏན་ཀུན། །ལུས་འབྱུང་འདི་ལས་མ་གཏོགས་ པར། །དགའ་བའི་དངོས་གྲུབ་འབྱུང་མི་འགྱུར། །མཁས་མཆོག་སྤྱོད་པ་མཚུངས་མེད་འདི། །གྲོལ་བར་འདོད་པས་སྤྱད་པར་གྱིས། །ལྷའི་དགྲ་དང་བརྒྱ་བྱིན་དང་། །གྲོང་ཁྱེར་སུམ་བརྩེགས་དགྲ་བོ་དང་། །ནོར་ 86-1-298b སྦྱིན་ཚངས་པ་ལ་སོགས་པས། །ཞབས་ཀྱི་འདམ་སྐྱེས་མཆོད་པ་ཡིས། །སྡིག་པ་འཇིག་བྱེད་འདི་ལ་སྤྱོད། །མྱུར་དུ་དེ་བཞིན་གཤེགས་པ་ཡི། །གནས་ཀྱི་མཆོག་ནི་ཐོབ་པར་འགྱུར། །དཔལ་ལྡན་རྡོ་རྗེ་སེམས་ དཔས་ནི། །གང་ཞིག་འགྲོ་ལ་ཕན་པར་ནི། །ཀུན་འདར་གྱི་ནི་སྤྱོད་པ་གསུང་། །དེ་ལྟར་མཆོག་ཏུ་བསམ་པས་གནས། །ཤིན་ཏུ་གསུང་བ་ཡོ་གིས་བསྒོམ། །རྟོག་པ་ཐམས་ཅད་བྲལ་བར་ནི། །དམ་ཚིག་ལ་ནི་སྤྱད་པར་ བྱ། །རྒྱུ་མཐུན་འབྲས་བུ་རང་བཞིན་ལས། །དང་པོའི་རྩོམ་པ་ཡོ་གི་གནས། །དེ་ནས་བསྒོམས་པས་དུབ་པ་ན། །བསྡུས་ནས་བྱིས་པའི་རྩེ་བར་བྱ། །སྣ་ཚོགས་གདུལ་བྱའི་འཇིག་རྟེན་ལ། །འཇམ་པའི་གཟུགས་ ཅན་རང་ཉིད་བསྒོམ། །གྲུབ་པར་གྲགས་པ་མ་ལུས་པ། །ཅི་གསུངས་རྣམ་པ་སྣ་ཚོགས་པའི། །སྤྱོད་པས་བླ་ན་མེད་པ་ཡི། །ཀུན་བཟང་མཚུངས་པ་མེད་འགྲུབ་པས། །སྤྱོད་པ་ངེས་རིག་རྡོ་རྗེ་ཅན། །བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་ཏོ། །དཔལ་ལྡན་སློབ་དཔོན་རྡོ་རྗེ་ཅན། །ཀུན་གྱི་མགོན་ལ་ཕྱག་འཚལ་ལོ། །གསང་བའི་སྤྱོད་པས་གནས་ནས་ནི། །བློ་གྲོས་ཆེན་པོ་བྱ་བ་བྱས། །དེ་ནས་རང་གི་འདོད་སྒྱུར་བས། ། སྦྱོར་བ་ཀུན་ལ་ཁ་ཕྱིར་བལྟས། །ཀུན་དུ་སེང་གེ་ལྟ་བུར་ནི། །དེ་ཉིད་ལྡན་པས་བདག་གིས་སྤྱད། །ཇི་ལྟར་བྱུང་དོན་ཡང་དག་རྀག །འགྲོ་བ་འདོན་བའི་བསམ་པ་ཡིས། །ཡང་དག་ལྟ་བ་རབ་སྒྱུར་བདག །བརྟན་ པའི་སེམས་ནི་གནས་པས། །ཕུང་པོ་ཁམས་སོགས་མཚན་ཉིད་ནི། །ཐམས་ཅད་རྨི་ལམ་སྒྱུ་མ་ལྟར། །ཁམས་གསུམ་འདི་དག་ཐམས་ཅད་ནི། །མདོར་བསྡུས་ནས་ནི་འདིར་ཤེས་བྱ། །སྒྲིབ་པ་ཀུན་ལས་ རྣམ་པར་གྲོལ། །འཚོ་བར་དབང་ཕྱུག་འདུ་བ་དང་། །དེ་བཞིན་འཇིག་རྟེན་ཆོས་བརྒྱད་ནི། །ཐམས་ཅད་ཤིན་ཏུ་རིང་དུ་སྤངས། །རྟག་ཏུ་རྟོག་པ་མེད་གྱུར་པས། །གཉིས་སུ་མེད་པར་ངེས་བྱས་ནས། །ཕ་རོལ་ 86-1-299a ཕྱིན་དྲུག་རྣལ་འབྱོར་གྱིས། །སངས་རྒྱས་དངོས་གྲུབ་རབ་གྲུབ་ཕྱིར། །སེམས་ཅན་དོན་ལ་ལེགས་ནུས་ཀྱང་། །སེམས་ཅན་ཡོངས་སུ་བརྟག་མི་བྱ། །བྱང་ཆུབ་ལ་ནི་སེམས་བཞག་ནས། ། ཕྱོགས་ལས་རྒྱལ་བའི་སྤྱོད་པ་བརྩམ། །ཐབས་དང་ཤེས་རབ་ལྡན་པའི་བདག །སྦྱོར་བ་ཀུན་ལ་རྒྱབ་ཀྱིས་ཕྱོགས། །དེ་ཉིད་གོམས་པར་རབ་བྱས་པས། །སྐྱེ་བ་འདིར་ནི་འགྲུབ་པར་འགྱུར། །རྟོག་པ་ཀུན་ ལས་རྣམ་པར་གྲོལ། །སེམས་ཅན་བསམ་པའི་ཁྱད་པར་ལས། །སྒྱུ་མ་ལྟར་སོགས་རྣལ་འབྱོར་གྱིས། །ཐམས་ཅད་ཉིད་ནི་བཟའ་བར་བྱ། །ཆོས་ཀྱི་དབྱིངས་ལས་ཡང་དག་བྱུང་། །མི་མཐུན་ཕྱོགས་ནི་གང་ ཡང་མེད། །དོགས་པ་མེད་པའི་སེམས་ཀྱིས་ནི། །ཇི་ལྟར་འདོད་པར་རབ་ཏུ་བཟའ། །ལོངས་སྤྱོད་རྫོགས་དོན་འདི་དག་ཀུན། །ཁམས་གསུམ་དག་ནི་མ་ལུས་པ། །སྒྲུབ་པ་པོ་ལ་ཕན་པའི་ཕྱིར། །རྡོ་རྗེ་སེམས་ དཔས་རྣམ་པར་སྤྲུལ། །ཡེ་ཤེས་མཐའ་ཡས་ཐོབ་པ་ཡིས། །དེ་བཞིན་གཤེགས་ཕྱག་མི་བྱ་ན། །རྟག་ཏུ་སྒོམ་པ་ལྡན་པ་ཡིས། །དབང་བསྐུར་མེད་སོགས་སྨོས་ཅི་དགོས། །བྱང་ཆུབ་སེམས་ཀྱི་རང་ བཞིན་ལས། །དངོས་པོ་ཀུན་གྱི་རང་བཞིན་འདི། །དེ་ཉིད་བཅོམ་ལྡན་རྡོ་རྗེ་ཅན། །དེ་ཕྱིར་དེ་ཉིད་ལྷ་རྣམས་ཉིད། །དཀྱིལ་འཁོར་བསྙུང་བ་མི་བྱ་ཞིང་། །ཕྱག་རྒྱ་མཆོད་རྟེན་ལས་མི་བྱ། །དཔལ་ལྡན་རྡོ་རྗེ་མགོན་ པོས་ནི། །གང་ཡང་གཞན་དུ་བསྟན་པ་རྣམས། །ལྷག་པར་མོས་པས་གནས་གང་ཡང་། །དེ་རྣམས་ཀྱིས་ཀྱང་དེ་ཉིད་རིག །ཇི་ལྟར་བདུད་རྩིའི་དོན་གཉེར་བས། །སྙིང་པོས་བླངས་ནས་དོར་བ་སྤོང་། །དེ་ལྟར་ཆོས་ ཀྱི་སྙིང་པོ་ནི། །ཐོབ་ནས་རྟོག་པ་ཐམས་ཅད་སྤངས། །རྟོག་མེད་གང་ཚེ་བློ་ལྡན་པས། །དོགས་པ་སྤངས་ཤིང་གནས་མེད་པ། །ཐུགས་ཀྱི་རྡོ་རྗེ་ཅི་གསུངས་བཞིན། །དེ་ཚེ་འགྲུབ་འགྱུར་ཐེ་ཚོམ་མེད། །རྟོག་ 86-1-299b པས་དམྱལ་བར་འགྲོ་འགྱུར་ཏེ། །འགྲོ་བ་དྲུག་གི་འཁོར་བ་ཡི། །རྒྱ་མཚོ་རུ་ནི་འཁོར་བར་འགྱུར། །རྟོག་པ་མེད་ན་གྲོལ་འགྱུར་ཞིང་། །གནས་ནི་དྲི་མེད་ཞི་བ་ཉིད། །དེ་ཕྱིར་རྟོག་པའི་དགྲ་གཞོམ་ཕྱིར། །དམ་ཚིག་ སངས་རྒྱས་མཛད་པ་གང་། །དེ་ནི་རྟག་ཏུ་གོམས་པར་བྱ། །གང་གིས་དམ་ཚིག་གནས་གྱུར་པ། །སྔགས་ཤེས་བསམ་པའི་ནུས་པས་བྱ། །དངོས་པོ་ཀུན་ལ་བལྟ་བར་བྱ། །ངེས་པར་ཐམས་ཅད་མ་སྐྱེས་པའི། ། རྣམ་པ་ཡི་ནི་རྣལ་འབྱོར་གྱིས། །ཁྱི་དང་བོང་བུ་རྔ་མོ་དང་། །གླང་པོ་ལ་སོགས་ཁྲག་འཐུངས་ནས། །ཤ་ཡང་རྟག་ཏུ་བཟའ་བ་ཉིད། །ཤ་ཆེན་ཁྲག་གིས་བགོས་པ་ནི། །ཐམས་ཅད་ཁྱད་པར་དུ་ནི་བལྟ། །དམན་པའི་ ཤ་ནི་ཐམས་ཅད་དང་། །སྲོག་ཆགས་འབུམ་ཕྲག་བརྒྱ་ལྡན་བཟའ། །རྣམ་སྣང་ཤིན་དུ་རུལ་བ་ཡི། །སྲིན་བུ་བརྒྱ་ཕྲག་ཟི་ཟིར་ལྡན། །ཁྱི་དང་མི་སྐྱུགས་བསྲེས་ནས་ནི། །ཤ་ནི་རྡོ་རྗེའི་ཆུས་གོས་ལྡན། །རྣལ་ འབྱོར་པས་ནི་སྤྲོ་བ་ཡིས། །རྣམ་སྣང་བསྲེས་ནས་བཟའ་བར་བྱ། །རྡོ་རྗེའི་ཆུ་ནི་བཏུང་བར་བྱ། །གང་གི་ཚེ་འགའ་ཞིག་ཏུ་ཤའི་བཟའ་བ་མ་རྙེད་ན་བཟའ་བའི་དོན་དུ་ཤའི་གཟུགས་སུ་རྣམ་པར་བརྟགས་ཏེ་ བཟའོ། །གང་ཞིག་གཞན་པའི་འཇིག་རྟེན་ཟ་བ་དེ་བཟའ་བར་བྱའོ། །དེ་ཁོ་ནའི་སྒྲུབ་པ་པོའི་དབང་པོ་གང་ཞིག་བགྲོད་པར་བྱ་བ་མ་ཡིན་པ་དེ་ལ་བགྲོད་པར་བྱ་བ་དང་། གང་ཞིག་བྱ་བ་མ་ཡིན་པ་དེ་ནི་དེའི་བྱ་བ་དང་། བགྲོད་པ་དང་བགྲོད་པར་བྱ་བ་མ་ཡིན་པར་རྣམ་པར་རྟོག་པ་དང་། བཟའ་བ་དང་བཟའ་བར་བྱ་བ་མ་ཡིན་པ་དང་། སྡུག་པ་དང་མི་སྡུག་པ་དང་། བཏུང་བ་དང་བཏུང་བ་མ་ཡིན་པར་སྔགས་པས་མི་བྱ་སྟེ། སྐུ་དང་། གསུང་དང་། ཐུགས་མཉམ་པར་གཞག་པར་འགྱུར་རོ། །ཇི་ལྟར་ཡང་སེམས་འཁྲུལ་པ་མ་ཡིན་པ་དེ་ལྟར་ཆང་རྣལ་འབྱོར་པས་རྟག་ཏུ་བཏུང་བར་བྱ་བ་དང་། དམན་པས་ཤིན་ཏུ་སྒེག་པ་དང་། རིགས་དང་བཅས་ 86-1-300a པ་དང་། རིགས་མེད་པ་དང་། སྡུག་ཅིང་ཕོངས་པའི་སེམས་ཅན་ཐམས་ཅད་ལ་གཅིག་པའི་ཚུལ་གྱིས་རྒྱལ་བ་ལྟ་བུར་བལྟ་བ་དང་། གླེགས་བམ་བཀླག་པར་གསུངས་པ་མི་བྱ་བ་དང་། དཀྱིལ་ འཁོར་དང་མེ་ཏོག་བསྡུ་བར་མི་བྱ་བ་དང་། སྔགས་ཀྱི་བཟླས་པ་མི་བྱ་བ་དང་། ལྷ་དང་དབང་བསྐུར་བ་ལ་སོགས་པ་ལ་ཕྱག་མི་བྱ་བ་དང་། བརྫུན་དུ་སྨྲ་བ་དང་། ཕ་རོལ་གྱི་བུད་མེད་སྐལ་བ་བཟང་མོ་བསྟེན་པར་བྱ་བ་ དང་། གདུག་པ་ཅན་ལ་བྱམས་པ་མི་བྱ་བར་གསུངས་པ་དང་། སངས་རྒྱས་དང་སྲོག་ཆགས་གསད་པ་དང་། རྒྱལ་བས་མཆོད་པའི་སློབ་དཔོན་དང་། ཡེ་ཤེས་ཀྱི་དམ་ཚིག་ནི་སེམས་ཅན་དེ་དམ་ཚིག་གིས་དངོས་ གྲུབ་སྣ་ཚོགས་སྦྱིན་པར་བྱེད་དེ། བློ་དང་ལྡན་པ་ལ་ཕྱོགས་བཅུར་རྣམ་པར་བཞུགས་པ་མཆོད་པར་བྱེད་དོ། །གང་གི་ཕྱིར་རྫོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བསོད་ནམས་གང་ཞིག་སློབ་ དཔོན་གྱི་བ་སྤུའི་ཁུང་བུའི་རྩེ་མོ་ལ་མཐོང་བ་དེའི་ཕྱིར་བྱང་ཆུབ་སེམས་དཔས་སློབ་དཔོན་ལ་སངས་རྒྱས་ཀྱིས་མཆོད་པ་བྱེད་པ་མཐོང་ངོ་། །ངེས་པར་རང་གི་དམ་ཚིག་སངས་རྒྱས་འདོད་པས་དངོས་གྲུབ་སྦྱིན་ པར་བྱེད་པས་བླ་མ་དམ་པ་ལ་སྨད་པར་མི་བྱ་བ་དང་། རྡོ་རྗེ་སྤུན་ལ་མི་གུས་པར་མི་བྱ་བ་དང་། གང་ཞིག་བྱིན་བ་དེ་བཟུང་ནས་མཆོད་རྟེན་ལ་ཕྱག་མི་བྱ་བ་དང་། སྤུན་དང་། བུ་དང་། ཕ་དང་། རྒྱལ་སྲིད་ཀྱི་ལོངས་ སྤྱོད་དང་། གཏེར་དང་། ནོར་བུ་དང་། འབྲུ་ཐམས་ཅད་ལ་རྩྭ་ལྟ་བུར་མཐོང་ནས་ཁམས་གསུམ་གྱི་རྒྱལ་པོ་བསྒྲུབ་པར་བྱའོ། །འཁྱུད་པའི་སྤྱོད་པ་སྟེ་ལྔ་པ་ལས་རབ་ཏུ་བྱེད་པ་གསུམ་པའོ།། །། དེ་ནས་ ཡང་དག་རབ་བཤད་བྱ། །སྤྱོད་པ་ཕ་རོལ་ཕྱིན་མཚན་ཉིད། །གང་གི་རིང་ནས་ཤེས་པ་དང་། །རྡོ་རྗེ་ཡོ་གིར་ཐེ་ཚོམ་མེད། །མཁའ་འགྲོ་མ་སོགས་གཏོར་མ་ནི། །ཇི་ལྟར་སྙེད་དང་བཟའ་བཏུང་ནི། །དེ་བཞིན་རྣལ་འབྱོར་ 86-1-300b པ་ཡིས་བཟའ། །རོ་ཡི་ཁྲིས་མའི་གོས་བཟང་དང་། །རོ་བསྲེས་ཐལ་བས་རྣམ་པར་བརྒྱན། །ཕྲུ་ཆག་ཤིན་ཏུ་གསང་བར་ནི། །མཚན་མོའི་དུས་སུ་རྒྱུ་བར་བྱ། །བཞི་མདོ་དང་ནི་རི་བོ་དང་། །ཤིང་གཅིག་གམ་ནི་ དུར་ཁྲོད་དང་། །བཞིར་ནི་དེ་ནས་སྔགས་པ་ཡིས། །བསྒོམ་པ་བཟང་པོ་བྱ་བར་བརྗོད། །མ་མོའི་ཁྱིམ་དང་མཚན་མོ་དང་། །ཡང་ན་དབེན་པའམ་བས་མཐར་ནི། །ཅུང་ཟད་དྲོད་ནི་ཐོབ་པ་ཡིས། །གལ་ཏེ་སྤྱོད་པ་ བྱེད་འདོད་ན། །བདག་ཉིད་གལ་ཏེ་འགྲུབ་འདོད་པས། །བྱིས་པ་བཞིན་དུ་སྤྱད་ནས་ནི། །སེམས་ཅན་རྗེས་སུ་གཟུང་བའི་རྒྱུར། །བློ་ལྡན་ཆེན་པོས་རྒྱུ་བར་བྱ། །ཞེན་པ་མེད་པའི་སེམས་ཀྱིས་ནི། ། ཁ་དོག་ཅན་གྱི་རྟག་སྒྲིབ་པ། །བ་སྤུའི་ཁུང་བུའི་བུ་ག་ནས། །ཕྱོགས་བཅུ་རྣམས་སུ་དབྱུང་བར་བྱ། །འཇམ་པའི་རྡོ་རྗེར་རང་གྱུར་ནས། །དཀྱིལ་འཁོར་པར་ནི་རབ་ཏུ་བརྟག །པད་མའི་ཚལ་ནི་ཉམས་ དགའ་བར། །ཆུ་བོ་འདུས་པ་རྣམས་སུ་ཡང་། །དེར་གནས་རྣལ་འབྱོར་པས་བསྒོམས་ནི། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །ཕུག་གམ་རི་ཡི་རྩེ་མོར་ནི། །ཤིན་དུ་མཉམ་པར་གཞག་པས་གནས། ། ཇི་ལྟར་རྙེད་པ་བཞིན་དུ་བཟའ། །ཟོས་ཤིང་ཟོས་ནས་གཏོར་མ་སྦྱིན། །འབྲས་བུ་སྣ་ཚོགས་དོ་ཤལ་སོགས། །འོལ་མ་ཟི་སོགས་དེ་བཞིན་སྤྲས། །སྲོག་ཆགས་ཡན་ལག་གོས་གྱོན་ཞིང་། །བདེ་དོན་ གཉེར་ལ་བདེ་བ་སྦྱིན། །རེས་འགའ་ལེགས་སྦྱར་ཟུར་ཆག་ནི། །བཟློག་པ་ཡིས་ནི་འདོན་པར་བྱེད། །བཟའ་དང་བཟའ་མིན་ཅི་སྙེད་པ། །སྨྱོན་པའི་སྦྱོར་བས་བཟའ་བར་བྱ། །གཞན་པའི་ཡུལ་འཁོར་ གྲུབ་པ་དང་། །རི་ཡི་ཕུག་དང་ཚང་ཚིང་དང་། །གདོད་ནས་གྲུབ་པའི་དུར་ཁྲོད་ཆེ། །རྒྱ་མཚོ་ཆེན་པོའི་འགྲམ་དུ་ཡང་། །དེར་གནས་ཤེས་རབ་ཅན་གྱིས་བསྒོམ། །སྐྲག་པ་ཐམས་ཅད་རྣམ་སྤངས་ཏེ། །དེ་ལྟར་ 86-1-301a བྱས་ནས་རྣལ་འབྱོར་པས། །ཡང་ནི་ཕྱོགས་ལས་རྣམ་རྒྱལ་བརྩམ། །སྒྲིབ་པ་ཀུན་ལས་རྣམ་པར་གྲོལ། །ཕྱོགས་བཅུར་རྣམ་པར་གནས་པ་ཡི། །སྐྱེ་བའི་སྒྲིབ་པས་བསྒྲུབ་པ་ཡི། །ཀུན་གྱི་བསམ་ པ་འགེངས་པར་བྱེད། །གཟུང་བ་དང་ནི་འཛིན་པ་ཀུན། །བསྒོམ་པས་སྤོངས་ཤིང་རྣམ་པར་སྤངས། །འདིས་ནི་བསྒོམས་པ་ཐམས་ཅད་ཀྱིས། །ཕྱོགས་ལས་རྣམ་རྒྱལ་མངོན་པར་བརྗོད། །དེ་ལྟར་རེ་ཤིག་གནས་ བྱས་ནས། །དེ་ཉིད་མིག་ཤིགས་རྣལ་འབྱོར་པས། །རིག་མའི་ལྷ་མོ་འདོད་པ་ཡི། །ཤིན་ཏུ་གཟུགས་ཅན་བསྡུས་ནས་བྱ། །ཆུས་བྱུང་ཡིད་འོང་རིན་ཆེན་དང་། །རིག་པ་འཛིན་པའི་ཉམས་དགའ་འམ། ། ལྷ་ཡི་བུ་མོ་གནོད་སྦྱིན་མོ། །ཡང་ན་ཀླུ་མོ་རྐང་འོག་ཏུ། །གནས་པ་དང་ནི་ལྷ་མིན་མོ། །འདི་ཡི་ནང་ནས་རིག་མ་གཅིག །རང་གི་སེམས་ལ་མངོན་འདོད་པ། །ལྕགས་ཀྱུ་ཞགས་པའི་རབ་སྦྱོར་བས། ། རྣལ་འབྱོར་པ་ཡིས་བཀུག་ནས་བསྒྲུབ། །ཉེ་བར་དགོས་པ་རྒྱས་པ་ཀུན། །མ་བསླངས་པར་ནི་ལྷ་ཡིས་སྟེར། །རྒ་དང་ནད་ལས་རྣམ་པར་གྲོལ། །གཉིས་མེད་གནས་གསུམ་སྡིག་པ་མེད། །ལུས་ཀྱིས་སྦྱིན་ པ་བྱིན་ནས་ནི། །ཕྱིས་ནི་སྤྱོད་པ་ཡང་དག་བརྩམ། །སྐལ་དང་སྐལ་མེད་རྣམ་དཔྱད་པས། །དེ་ཕྱིར་སྦྱིན་པ་སྦྱིན་མི་བྱ། །བཟའ་བཅའ་དེ་བཞིན་བཏུང་བ་ཉིད། །ཇི་ལྟར་རྙེད་པ་བཟའ་བར་བྱ། ། ཡིད་འོང་མི་འོང་རྣམ་རྟོག་ཕྱིར། །ཞན་པ་ཙམ་དུ་མི་བྱའོ། །བསླབ་དང་དབང་ལས་རྣམ་པར་གྲོལ། །དེ་བཞིན་ངོ་ཚའི་བྱ་བ་ཉིད། །དངོས་པོ་ཀུན་གྱི་རང་བཞིན་གྱིས། །ཡོ་གིས་རྣམ་དཔྱད་སྙིང་རྗེ་ཆེ། ། མཆོད་སྦྱིན་སྦྱིན་སྲེག་དཀའ་ཐུབ་འདས། །སྔགས་དང་བསམ་གཏན་རྣམ་པར་སྤངས། །དམ་ཚིག་སྡོམ་ལས་རྣམ་པར་གྲོལ། །ཤིན་དུ་རྣལ་འབྱོར་ལྡན་སྤྱོད་ཀྱིས། །ངེས་པར་སྔོན་དུ་ལྷ་མིན་གང་། །བརྒྱ་བྱིན་ལྟ་བུ་ 86-1-301b ཡིན་ན་ཡང་། །དེ་ལ་འཇིགས་པར་མི་བྱ་སྟེ། །སེང་གེའི་གཟུགས་ཀྱིས་རྣམ་པར་རྒྱུ། །སེམས་ཅན་ཀུན་གྱི་དོན་གྱིས་ཕྱིར། །རྟག་ཏུ་སྙིང་རྗེས་བཏུང་བར་བྱ། །རྣལ་འབྱོར་བཏུང་དགའ་རྣལ་འབྱོར་པ། །གཞན་གྱི་བཏུང་བས་ བཟི་བ་མེད། །ཡང་ན་དཔལ་ལྡན་རྒྱལ་ཚབ་ཆེའི། །བརྟུལ་ཞུགས་སྤྱོད་པ་བསྒྲགས་པར་བྱ། །གང་གིས་དངོས་གྲུབ་མཐར་འགྲོ་བ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །སྒོམ་པ་པོ་ཡིས་རྣམ་གཟུང་བ། ། རྣ་བ་དག་ལ་རྣ་ཆ་བཟང་། །སྤྱི་བོར་འཁོར་ལོ་རྣམ་པར་འཛིན། །ལག་པ་དག་ལ་ལག་གདུབ་ཉིད། །རྐེད་པ་ལ་ནི་སྐ་རགས་ཉིད། །རྐང་པར་དེ་བཞིན་རྐང་གདུབ་བོ། །དཔུང་པའི་རྩ་བར་དཔུང་རྒྱན་ཉིད། །མགྲིན་ པ་ལ་ནི་ནོར་བུ་སྟེ། །བགོ་བ་སྟག་གི་ལྤགས་པ་ཉིད། །བཟའ་བ་མི་འཆི་བཅུ་ཕྱེད་དེ། །ཧེ་རུ་ཀ་སྦྱོར་སྐྱེས་བུ་ཉིད། །མཉམ་པར་གཞག་པས་གནས་པར་བྱ། །ཤིན་དུ་བཞིན་བཟང་མིག་ཡངས་མ། ། རང་གིས་དབང་བསྐུར་སྙིང་རྗེ་ཅན། །རྡོ་རྗེའི་བུ་མོ་འདི་ཁྱེར་ནས། །སྤྱོད་པ་བརྟུལ་ཞུགས་རྟོགས་པར་བྱ། །རྡོ་རྗེའི་རིགས་ཀྱི་དངོས་མེད་ན། །གང་ཞིག་རང་གི་འདོད་པ་ལྷའི། །རིགས་ཀྱིས་ཀྱང་ནི་བྱ་བའོ། ། ཡང་ན་གཞན་གྱི་རིགས་བྱུང་བ། །བྱང་ཆུབ་ས་བོན་བཅུག་པ་ཡིས། །སྦྱང་བ་བྱས་ཏེ་ཁྱེར་ནས་ནི། །གང་ཚེ་རྡོ་རྗེ་མཆོག་ལྡན་པར། །དེ་ཚེ་གླུ་ནི་བླང་བར་བྱ། །གང་ཚེ་དགའ་བ་སྐྱེས་པ་ན། །ཐར་པའི་རྒྱུར་ནི་གར་ བྱ་སྟེ། །དེ་ཚེ་རྡོ་རྗེ་རྐང་པས་གར། །རྟག་ཏུ་རྣལ་འབྱོར་པ་ཡིས་བྱ། །འཁོར་ལོའི་གཟུགས་ཀྱིས་མི་བསྐྱོད་པ། །རྣ་ཆའི་བདག་ཉིད་འོད་དཔག་མེད། །མགུལ་གྱི་ཕྲེང་བར་རིན་ཆེན་བདག །ལག་པར་རྣམ་ པར་སྣང་མཛད་བརྗོད། །སྐ་རགས་ལ་ནི་དོན་ཡོད་གནས། །ཤེས་རབ་ཁ་ཊྭཱྃ་ག་གཟུགས་ཅན། །ཐབས་ཀྱི་གཟུགས་ཀྱིས་ཅང་ཏེའུ། །སྨན་ནི་རྣམ་པར་བཟའ་བར་བྱ། །ཆུ་ནི་རྟག་ཏུ་བཏུང་བྱ་སྟེ། །རྒ་ཤིས་ 86-1-302a ཟིལ་གྱིས་མི་ནན་ཅིང་། །ཀུན་དུ་བསྲུང་བར་གྱུར་པ་དེའི། །རྐུན་མའི་སྐྲས་ཀྱང་ཅོད་པན་བྱ། །དེ་ལ་ཧཱུྃ་བྱུང་སྦྱར་བར་བྱ། །སངས་རྒྱས་ལྔ་ཡི་ཐོད་པ་རྣམས། །རྣལ་འབྱོར་སྤྱོད་པས་རྣམ་པར་ འཛིན། །སོར་ལྔའི་དུམ་བུར་བྱས་ནས་ནི། །ཅོད་པན་ལ་ནི་རྣམ་པར་འཛིན། །ཐབས་དང་ཤེས་རབ་རང་བཞིན་ལས། །སྐྲ་ཡི་སྐ་རགས་ཉིས་སྐོར་ཉིད། །ཐལ་བ་སྐྲ་ཡི་མཆོད་ཕྱིར་ཐོགས། །རྣལ་འབྱོར་པ་ཡི་ སྤྱོད་པས་འཛིན། །ཅང་ཏེའི་སྒྲ་ནི་བཟླས་པ་སྟེ། །སེམས་ཅན་ཐམས་ཅད་མགྲོན་གཉེར་བའོ། །ཁ་ཊྭཱྃ་ག་ནི་ཤེས་རབ་སྟེ། །རྡོ་རྗེ་བཟླས་དང་བསྒོམ་པ་ཡིན། །ཐོད་པ་ཅན་དུ་རང་གྱུར་བ། །བརྐམ་དང་རྨོངས་དང་ དེ་བཞིན་འཇིག །ཁྲོ་དང་ངོ་ཚའི་བྱ་བ་ནི། །རྟག་ཏུ་རྣམ་པར་སྤང་བར་བྱ། །ཧེ་རུ་ཀ་བདག་རྣལ་འབྱོར་པ། །རིགས་ལྔ་ལ་ནི་གནས་པར་བྱ། །རིགས་ལྔ་དག་དང་མཉམ་པར་ལྡན། །རིགས་ནི་གཅིག་ཏུ་རྣམ་པར་ བརྟག །རིགས་གཅིག་དུ་མ་ཉིད་ཀྱིས་ནི། །གང་ཕྱིར་དབྱེ་བས་བསྐྱེད་མི་བྱ། །བདག་ཉིད་ཀྱིས་ནི་གཉིད་སྤངས་ནས། །ཐེ་ཚོམ་མེད་པར་སྤྱོད་པ་བྱ། །དཔལ་ཡང་དག་པར་སྦྱོར་བ་ལས་བྱུང་བ་ལས། སྤྱོད་པའི་བརྟག་པ་སྟེ་ལྔ་པའོ།། །། ལྷ་ལགས་ཉན་པར་འཚལ་ལགས་ན། །རང་བྱིན་བརླབ་པའི་རིམ་ཅི་ལགས། །གསང་བ་ལ་སོགས་དགོངས་པ་ཅི། །རྡོ་རྗེ་སེམས་དཔའ་སྙིང་རྗེ་ ཆེ། །ཡང་ནི་གཅིག་ཏུ་གྱུར་པས་ཉོན། །ཐམས་ཅད་རྒྱུད་ཀྱི་གཏན་ཕབ་པ། །མདོར་བསྡུས་ནས་ནི་བསྒྲག་པར་བྱ། །ཨེ་ཡི་རྣམ་པ་གང་གསུངས་པ། །གནས་ཀྱི་མཚན་ཉིད་མི་གསལ་བར། ། འགྲོ་དང་རྗེས་སུ་འོང་བ་ཉིད། །ཁམས་དང་སེམས་ཀྱི་རྟག་འགྲོ་བའོ། །ཁམས་ཞེས་བྱ་བའི་སྒྲ་དུ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །འདི་ལྟར་གསང་བའི་ཡི་གེ་བཅུ་དྲུག་བརྗོད་ 86-1-302b པར་བྱ་སྟེ། ར་ཡི་རྣམ་པ་ཁྲག་གི་ཁམས། །ཧ་ནི་དེ་བཞིན་རེག་བྱ་ཉིད། །སྱེ་ནི་བད་ཀན་ཞེས་བྱར་གསུངས། །པ་ཡི་རྣམ་པ་སེམས་ཉིད་དང་། །ར་ཡི་རྣམ་པ་རོ་ཉིད་དེ། །མི་ནི་དེ་བཞིན་ལྟོ་ཆིལ་དག །ར་ནི་མེ་ཉིད་ དུ་ནི་གསུངས། །མེ་ཡི་རྣམ་པ་ཤ་རུ་གསུངས། །ས་ཡི་རྣམ་པ་བཤད་པར་གསུངས། །རྦཱ་ཡི་རྣམ་པས་དེ་བཞིན་ཚིལ། །ཏྨ་ན་ལྤགས་པ་ཉིད་དུ་གསུངས། །ནི་ཡི་རྣམ་པས་རུས་པ་ཉིད། །ས་ནི་གཅི་བ་ ཉིད་དུ་གསུངས། །ད་ཡི་རྣམ་པས་གློ་བ་ཉིད། །སྠི་ནི་པད་མ་ཉིད་དུ་གསུངས། །ཤིན་དུ་མཛེས་པའི་རྫས་དང་ལྡན། །ཏ་ཡི་རྣམ་པས་ཁུ་བ་ནི། །བྱང་ཆུབ་སེམས་ལས་བྱུང་བ་ཡིན། །རྩ་ཡི་སྒྲ་ཡི་རང་བཞིན་ལས། ། དེ་ལྟར་ལྷ་མོ་བསྒྲགས་པ་ཡིན། །བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །ཆ་ཡི་བདག་ཉིད་འགྱུར་བ་ཉིད། །ར་ནི་མེ་ཞེས་བྱ་བར་གསུངས། །ཁྲག་ལས་མཁྲིས་པ་ཡང་དག་ལངས། །མཚན་ཉིད་གཅིག་ འདོད་བད་ཀན་ལས། །རྡུལ་དང་ཆུ་རྒྱུས་ཡང་དག་བྱུང་། །དེ་ཡི་མགོན་པོར་བརྗོད་པའི་རླུང་། །ཧ་ནི་ཀུན་དུ་འགྲོ་བར་གསུངས། །རུས་པའི་མཚམས་ནི་འདི་རྣམས་སུ། །ས་བོན་ལྔ་ནི་ཡང་དག་བཏབ། ། རྐན་དུ་ར་དང་ཐམས་ཅད་དུ། །ས་བོན་བཞི་ནི་དམ་པ་ཉིད། །དང་པོའི་རེའུ་མིག་གནས་དེར་ནི། །ས་བོན་ལྔ་ནི་མཛེས་པ་ཉིད། །ཧ་ནི་དབྱངས་ཀྱི་དྲུག་ལྡན་པ། །རྣམ་པར་ཤེས་པར་ཡོངས་སུ་གྲགས། ། ཧ་ཡི་རྣམ་པས་ཐམས་ཅད་དུ། །སངས་རྒྱས་ཀུན་དང་མཉམ་པར་སྦྱོར། །སྒྲ་ཡི་ཚུལ་ལས་བྱུང་བཏོན་ཞིང་། །དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ཉིད། །འཇིག་རྟེན་གསུམ་དུ་རྙེད་དཀའ་བ། །ཐོག་མ་དབུས་ མཐའ་ཡང་དག་གནས། །བསྲུབ་དང་སྲུབ་བྱེད་སྦྱོར་བ་ལས། །ཇི་ལྟ་བ་ནི་དེ་བཞིན་ནོ། །སྔགས་བཟླས་བསམ་གཏན་ལ་སོགས་ལྡན། །རྒྱུད་ལས་གསུངས་པ་མཉན་པར་གྱིས། །རྩ་གཉིས་སྐྱེས་གནས་ 86-1-303a དབུས་སུ་ནི། །གཡོན་དང་གཡས་སུ་དེ་བཞིན་དུ། །གཡོན་དུ་ཁུ་བ་རྣམ་ཤེས་བྱ། །གཡས་པ་ལ་ནི་ཁྲག་ཉིད་དེ། །དེ་ཡི་ཕན་ཚུན་བསྡུ་བ་ཡང་། །ཆོས་ཀྱི་དབྱིངས་ནི་སྡུད་པ་ཡིན། །སྙིང་སྟོབས་ སྐུ་དང་རྡུལ་དག་བཅས། །མུན་པ་སེམས་ཀྱི་རང་བཞིན་ལས། །སྙིང་སྟོབས་ཁུ་བ་རིན་ཆེན་རྡུལ། །མུན་པ་སྐྱེད་པར་བྱེད་པ་ཉིད། །རྡོ་རྗེ་པད་མོ་མཉམ་སྦྱོར་བས། །དངོས་དང་དངོས་མེད་རོ་གཅིག་འགྱུར། ། བཤང་བ་གཅི་བ་བད་ཀན་དང་། །ཁྲག་དང་ལྔ་པ་ཁུ་བ་ཉིད། །བདུད་རྩི་ལྔ་ཡི་གོང་བུའི་དངོས། །དེ་ཕྱིར་རྡོ་རྗེ་ཅན་དུ་བརྗོད། །རུས་པ་རྐང་དང་ཁུ་བ་ནི། །ཕ་ལས་སྐྱེས་པར་དེ་བཞིན་གསུངས། །ལྤགས་པ་དང་ནི་ ཤ་དང་ཁྲག །མ་ལས་སྐྱེས་པ་ཞེས་བྱར་བསྒྲགས། །གོང་བུའི་བསྡུ་བ་རྣམས་ཀྱི་ཡང་། །ཚད་ནི་འདི་དག་གསུངས་པ་སྟེ། །གོང་བུ་གཅིག་པུ་གཉིས་སུ་འགྱུར། །གཉིས་སུ་གྱུར་པ་དུ་མ་རྣམས། ། གཅིག་པུ་དུ་མའི་རང་བཞིན་གྱིས། །དེ་ཕྱིར་རྡོ་རྗེ་ཅན་འདིར་གསུངས། །རྩ་ཡི་ཀུན་སྤྱོད་ཉིད་གསུངས་པ། །དེ་ཡི་སྒོ་ཡང་དེ་གཉིས་ལ། །དེ་རྣམས་འདུ་བའི་དུས་སུ་ནི། །ལྷ་ནི་དམིགས་པར་འགྱུར་ བ་ཡིན། །སྟེང་གི་སྒོ་དང་འོག་ཉིད་དེ། །འོག་གི་སྒོ་ནི་རྣམ་པར་ཤེས། །སྟེང་གི་སྒོ་ནི་དབྱིངས་ཉིད་དོ། །རྩ་ནི་ཐམས་ཅད་མཉམ་སྦྱོར་བས། །རྣལ་འབྱོར་པས་ནི་འཇུག་པར་བསམ། །དེ་ཡི་ལུས་ཀྱིས་ སྟེང་སྒོ་ལའང་། །རྡོ་རྗེ་ཅན་གྱི་རྟག་རྒྱུན་བཞུགས། །སྟེང་གི་སྒོར་ནི་སྦྱོར་བ་གསུམ། །སྒོ་དགུ་རྣམས་ཀྱིས་ཡོངས་སུ་བསྐོར། །ཀྱེ་བཅོམ་ལྡན་འདས་སྦྱོར་བ་གསུམ་ནི་ཅི་ཞེས་བཤད། །ཇི་ལྟར་གང་ གི་རྣམ་པ་ཡིས། །སེམས་ཀྱི་རྟག་ཏུ་འགྲོ་བ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གསུམ་ཉིད་སྦྱོར་བ་སྦྱོར་བ་གསུམ། །རྣམ་གསུམ་དབྱེ་བས་རྣམ་པར་གནས། །སྐུ་གསུང་ཐུགས་ཀྱི་རང་ 86-1-303b བཞིན་གྱིས། །ཐ་མ་འབྲིང་པོ་དམ་པ་ཉིད། །ཀ་བ་གཅིག་དང་སྒོ་དགུ་པ། །སྦོམ་པོ་ལྔ་ནི་ལྷག་པའི་ལྷ། །བུབ་པ་དགུར་ནི་སོན་པའི་སྒོ། །དགུ་ཡི་རྣམ་པར་ཡོངས་སུ་གྲགས། །ཐ་མའི་སྒོ་ནི་སྐུར་ལྡན་པ། །སྦོམ་པོ་ལྷ་ཡི་ སྤྲུལ་པའོ། །སེམས་དང་སྐྱེས་བུ་སྐྱེས་བུ་ཅན། །ཁྱད་པར་རྣལ་འབྱོར་པ་ཡི་དོན། །རྟག་པར་ཀུན་དུ་དུས་སུ་ནི། །འགྲོ་དང་འོང་བའི་ཁྱད་པར་ལས། །རྐང་མེད་རྐང་གཅིག་རྐང་གཉིས་དང་། །རྐང་བཞི་ལས་ནི་སོགས་ པ་ཡི། །རླུང་ལ་སོགས་པས་རབ་དབྱེ་བས། །རྟག་ཏུ་འགྲོ་བ་རླུང་རྣམ་བཞི། །སེམས་ཀྱི་གནས་པ་རྣམ་པ་གཉིས། །ནུབ་དང་རབ་རྒྱུའི་ཆོ་ག་ཡིས། །རྟག་ཏུ་ནུབ་དང་རབ་རྒྱུ་བ། །སེམས་ཅན་ཀུན་ལ་འགྲོ་བའོ། ། དེ་ལྟར་གང་ཞིག་མི་རིག་པ། །སེམས་མེད་སྐྱེད་བུ་དམ་པ་དང་། །ཡིད་དང་ལྡན་པ་མེད་པ་དང་། །རྣལ་འབྱོར་པ་ཡི་དོན་མེད་པ། །མེ་ཉིད་གང་དང་རླུང་དང་ནི། །དབང་ཆེན་དང་ནི་དེ་བཞིན་ཆུ། །འཁོར་ལོར་སེམས་ ཀྱི་ཀུན་སྤྱོད་པ། །སྟེང་དང་ངོས་དང་དྲང་འོག་འགྲོ། །ཟླ་བ་ཉི་མའི་རབ་དབྱེ་བས། །གསུམ་པའི་སྒོ་ནི་ཡིད་དང་བཅས། །རྔུབ་དང་དབྱུང་བ་གཉིས་ཀ་ཡང་། །སྒོ་ཡི་དམ་པ་ཉིད་ཡིན་ཏེ། །གཙོ་བོ་དམ་པ་ཡི་ནི་སྒོ། ། སྟེང་དང་འོག་ཏུ་རབ་ཏུ་གྲགས། །འོག་གི་སྒོས་ནི་རྣམ་པར་ཤེས། །སྟེང་གི་སྒོས་ནི་དབྱིངས་ཉིདང་། །རྣམ་སྣང་ལ་སོགས་སངས་རྒྱས་རྣམས། །སྟེང་གི་སྒོར་ནི་གཡོ་ཞིང་གནས། །དེ་རྣམས་འོག་ཏུ་རྣམ་པར་ གནས། །སྟེང་གིས་གཤེགས་སུ་གསོལ་བ་ཉིད། །སྤྱན་དྲངས་གཤེགས་སུ་གསོལ་བ་ཡི། །ཚུལ་གྱི་སེམས་ཀྱིས་རྟག་ཏུ་འགྲོ། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །མཁའ་འགྲོ་རྣལ་འབྱོར་མ་མོ་ རྣམས། །འཇུག་པ་དང་ནི་ལྡོག་པ་ལ། །ཡོན་ཏན་སྐྱོན་ནི་རབ་སྐྱེད་པས། །བདེ་དང་སྡུག་བསྔལ་རང་བཞིན་གྱིས། །ལྷན་ཅིག་སྐྱེས་པ་གྲུབ་པའི་གནས། །རྡོ་རྗེ་སེམས་དཔའ་བདེ་ཆེན་པོ། །བཅོམ་ལྡན་རྡོ་རྗེ་ཅན་ 86-1-304a གྱིས་གསུངས། །དེ་ནས་བཅོམ་ལྡན་ལྷ་མོས་ནི། །བོལླ་ཀྐོ་ལར་བཅུག་ནས། །སེམས་དཔའ་ཆེན་པོ་མཉེས་བྱས་ཏེ། །ཚིག་ནི་འདི་དག་ཡང་དག་གསོལ། །དཔྱིད་ཅེས་བགྱི་བ་ཇི་ལྟར་ལགས། ། ཐིག་ལེ་བགྱི་བ་ཇི་ལྟར་ལགས། །མི་ཕྱེད་ལ་སོགས་ཇི་ལྟར་གནས། །དེ་ཡི་གནས་ནི་ཇི་ལྟར་ལགས། །པུལླཱི་ར་སོགས་ཅི་གསུངས་དང་། །འཁོར་ལོ་དགོད་པ་དེ་བཞིན་གཞན། །ཇི་ལྟར་རྩ་ཡི་རྫོགས་པ་ཡི། ། དེ་ཡི་དབྱེ་བ་བདག་ལ་གསུངས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ལྷ་མོ་བཤད་པར་བྱ་ཡིས་ཉོན། །གསང་བ་ལས་ནི་ཆོས་གསང་མཆོག །རྩའི་རང་བཞིན་དང་། གནས་ལ་སོགས་པ་དང་། ས་བཅུ་དང་། ཕ་རོལ་ཏུ་ཕྱིན་པའི་སྐུ་དང་། གསུང་དང་། ཐུགས་ཀྱི་འཁོར་ལོར་སོན་པ་གནས་ཀྱི་ནང་གི་རབ་ཏུ་དབྱེ་བས་ཉི་ཤུ་རྩ་བཞིར་གསུངས་པ། སྤྱི་བོ་མ་ལ་ཡ་ཡི་ཡུལ། །དེ་བཞིན་སྤྱི་གཙུག་འབར་བ་འཛིན། །དེ་བཞིན་ དུ་ནི་ཨ་ཌིཎ་ཉིད། །རྣ་བ་གཡས་པ་ཉིད་དུ་བརྗོད། །རྩིབ་མའི་རྒྱབ་ནི་ཨརྦུ་ད། །བཞི་ནི་གནས་ཤེས་བྱའོ། །རྣ་བ་གཡོན་པའི་རང་བཞིན་ནི། །དེ་བཞིན་གོ་དཱ་བ་རིར་ཤེས། །དགའ་བའི་དབང་ཕྱུག་བཤད་པ་ནི། །སྨིན་མའི་དབུས་གནས་ རབ་ཏུ་སྐུལ། །དེ་བཞིན་མིག་དག་ལྷ་མོ་མཁར། །ལག་པའི་རྩ་བར་མཱ་ལ་བ། །དེ་ལྟར་ཉེ་བར་གནས་ཉིད་དེ། །ཐུགས་ཀྱི་འཁོར་ལོར་རྣམ་པར་གནས། །གནས་ཀྱི་ཁྱད་པར་རང་བཞིན་གྱི། །མཁའ་སྤྱོད་རྣམས་ཀྱི་ཡང་དག་ བཤད། །མཆན་ཁུང་ཀཱ་མ་རཱུ་པ་ཉིད། །ནུ་མ་ཨོ་དྲེ་རབ་ཏུ་གྲགས། །འདི་དག་ཞིང་དུ་ཡང་དག་བརྗོད། །ལྟེ་བ་ཏྲི་ཤ་ཀུ་ནིར་བརྗོད། །སྣ་ཡི་རྩེ་མོར་ཀོ་ཤ་ལཱ། །ཉེ་བའི་ཞིང་དུ་བརྗོད་པའོ། །ཁ་ནི་ཀ་ལིང་ག་རུ་བརྗོད། །མགྲིན་པ་ལམ་ པ་ཀ་རུ་གསུངས། །ཚན་དོ་ཧ་ཞེས་རྣམ་པར་བཤད། །སྙིང་ནི་ཀཱཉྩིར་བརྗོད་པ་སྟེ། །དབང་པོ་ཧེ་མ་ལ་ཡ་ཉིད། །ཉེ་བ་ཡི་ནི་ཚན་དོར་བརྗོད། །དེ་ལྟར་ཡུལ་རྣམས་ཐམས་ཅད་དུ། །གསུང་གི་འཁོར་ལོར་རྣམ་པར་གནས། །གནས་ཀྱི་ 86-1-304b ཁྱད་པར་ཡུལ་གྱི་ནི། །ས་སྤྱོད་རྣམས་ཀྱི་ཡང་དག་བཤད། །རྟག་ལ་ཡི་དགས་ལྷག་པར་གནས། །གསང་བ་ལ་ནི་ཁྱིམ་གྱི་ལྷ། །འདི་དག་འདུ་བར་བརྗོད་པའོ། །བརླ་ནི་སཽ་རཱཥྚ་རུ་བརྗོད། །རྗེ་ངར་གཉིས་ནི་གསེར་གླིང་གི། །རང་གི་ངོ་བོར་རྣམ་ པར་བཤད། །ཉེ་བ་ཡི་ནི་འདུ་བ་ཉིད། །སོར་མོ་ན་ག་ར་རུ་བརྗོད། །རྐང་པའི་རྒྱབ་ནི་སིན་དུར་ངེས། །དུར་ཁྲོད་དུ་ནི་ཡང་དག་བརྗོད། །མཐེ་བོང་ལ་ནི་མ་རུ་ཟེར། །བུ་མོ་ཀུ་ལ་དཱ་རུ་བརྗོད། །འདི་དག་ཉེ་བའི་དུར་ཁྲོད་ཉིད། །མཁའ་འགྲོ་མར་ནི་གསུངས་པའོ། །འདི་དག་ ཡུལ་དང་རང་ལུས་སྐྱེས། །རང་གི་ནང་དང་ཕྱི་རོལ་གནས། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ལ། །ཉི་ཤུ་རྩ་བཞིར་ཕྱེ་བ་ཡིས། །མཁའ་འགྲོ་མ་ནི་ཀུན་གྱི་གནས། །ཐམས་ཅད་དུ་ནི་ཡང་དག་བཤད། །འདི་རྣམས་གནས་ སུ་མཁའ་འགྲོ་མ། །རྩ་ཡི་གཟུགས་ཀྱིས་ཡང་དག་གནས། །དྲུག་པ་ལས་རབ་ཏུ་བྱེད་པ་དང་པོའོ།། །། དེ་ནས་གཞན་ཡང་དམ་པའི་དེ་བཞིན་གཤེགས་པའི་སྐུ་ཇི་ལྟར་གནས་སུ་སོན་པའི་རྩ་ཡི་འཁོར་ལོ་བཤད་ པར་བྱའོ། །སྙིང་གི་ནང་སོང་པད་མ་ནི། །འདབ་མ་བརྒྱད་པ་སྙིང་པོར་བཅས། །དེ་ཡི་ནང་དུ་སོན་པའི་རྩ། །མར་མེའི་རང་གི་ངོ་བོ་ཅན། །ཆུ་ཤིང་གི་ནི་མེ་ཏོག་ལྟར། །བརྐྱང་ཞིང་ཁ་ནི་འོག་ཏུའོ། །དེ་ཡི་ནང་གནས་དཔའ་བོ་ནི། ། ཡུངས་ཀར་གྱི་ནི་སྦོམ་ཕྲ་ཙམ། །མི་ཤིགས་ཧཱུྃ་གི་ས་བོན་ནི། །ཁ་བ་ལྟ་བུར་འཛག་པ་ཉིད། །ལུས་ཅན་རྣམས་ཀྱི་སྙིང་དགའ་བ། །དཔྱིད་ཅེས་བྱ་བར་རྣམ་པར་བཤད། །རྒོད་མའི་མེ་ཡི་གཟུགས་ཀྱིས་ནི། །བདག་མེད་ མ་ནི་ཐིག་ལེར་བརྗོད། །ལས་ཀྱི་རླུང་གིས་བསྐུལ་བ་ཡིས། །ལྟེ་བའི་དཀྱིལ་འཁོར་དུ་ནི་འབར། །དཔྱིད་ཐོབ་པ་ཡི་ཆོག་ཤེས་པས། །སྙོམས་པར་འཇུག་པས་རྣམ་པར་གནས། །དཔའ་བོ་ཤྲཱི་ནི་ཧེ་རུ་ཀ །འདི་ནི་དཔྱིད་ཀྱི་ ཐིག་ལེར་བརྗོད། །རྣལ་འབྱོར་མ་ཡི་གཟུགས་འཛིན་མ། །རྒྱུ་དང་མི་རྒྱུ་བཅས་པར་གནས། །སྐུ་གསུང་ཐུགས་ཀྱི་དབྱེ་བས་ནི། །སྒོ་ནི་རྣམ་གསུམ་འབྱུང་བ་ལས། །འགྲོ་བ་དང་ནི་འོང་བར་བྱེད། །འདི་ནི་ཀུན་གྱི་ལུས་ལ་གནས། ། 86-1-305a ལྟེ་བར་ཨ་ཡི་གཟུགས་ཀྱིས་ནི། །ཐུང་ངུ་རུ་ནི་རབ་ཏུ་གྲགས། །སྙིང་ལ་ཡང་ནི་ཧཱུྃ་ཉིད་དོ། །རིང་པོ་མ་མོ་གཉིས་དང་གནས། །མགྲིན་པ་ཨོཾ་གྱི་གཟུགས་ཀྱིས་ནི། །མ་མོ་གསུམ་བརྗོད་པ་ལུ་ཏ། །དཔྲལ་བར་ ཧྃ་གི་རྣམ་པ་འདི། །སྒྲ་དང་ཐིག་ལེ་མི་ཤིགས་པ། །འཁོར་ལོ་བཞི་ཡི་རབ་དབྱེ་བས། །ས་སོགས་འབྱུང་བ་ཆེན་པོ་དང་། །ཐུན་བཞིར་བྱིན་གྱིས་བརླབ་པ་དང་། །པད་མ་བཞི་ལས་བྱུང་བ་དང་། །དགའ་བ་བཞི་ཡི་ངོ་བོ་ཡིས། ། རྣལ་འབྱོར་བཞི་ནི་མངོན་དུའོ། །མཆོག་ཏུ་དགའ་བའི་ངོ་བོ་ཡིས། །བྱ་དང་བྱེད་པའི་དངོས་པོ་ལས། །རྡོ་རྗེ་སེམས་དཔའི་གཟུགས་ཀྱིས་ནི། །འདི་ནི་ཇི་ལྟར་བདེ་བར་རོལ། །འདབ་མ་རྣམས་ཀྱིས་བཞི་ལ་ཡང་། ། འབྱུང་བ་བཞི་ཡི་རྩ་རྣམས་ནི། །མར་མེའི་རང་བཞིན་ལྟ་བུར་ནི། །ཕྱོགས་བཞི་ལ་ནི་རྣམ་པར་གནས། །རྩ་རྣམས་བཞི་ཡང་མཚམས་རྣམས་སུ། །རྣམ་པར་གནས་ཤིང་དེར་སོན་པའང་། །བདུད་ རྩི་ལྔ་ནི་འབབ་པ་སྟེ། །དེ་མཆོད་རང་གི་གཟུགས་གནས་པས། །དེ་ཡི་དངོས་པོའི་ངོ་བོ་ལས། །མཆོད་པ་བཞི་ནི་རྣམ་པར་བཤད། །ལུས་ཀྱི་སྙིང་གི་ནང་དུ་ནི། །རྩ་ལྔ་རྣམས་ནི་རྣམ་པར་གནས། ། སྐུ་གསུངས་ཐུགས་ཀྱི་དབྱེ་བ་ཡིས། །ཉི་ཤུ་རྩ་བཞི་ཉེ་བར་བརྗོད། །གནས་སོགས་དབྱེ་བ་ལ་གནས་ནས། །གནས་དང་གནས་ལ་རྣམ་པར་གནས། །སྤྱི་བོར་ཡང་དག་བྱུང་བ་ཡི། །རྩ་ནི་སྤྱི་བོ་ སྐྱེས་ཞེས་བརྗོད། །རྡུལ་དང་སྙིང་སྟོབས་མུན་པའི་ཚུལ། །དེ་ཡི་ནང་ནས་གཙོ་མོ་ནི། །པུལླཱི་རར་ནི་མི་ཕྱེད་མ། །སོ་དང་སེན་མོ་འབབ་པར་བརྗོད། །འབར་བ་འཛིན་པ་ཕྲ་གཟུགས་མ། །དེ་བཞིན་ སྐྲ་དང་བ་སྤུ་འབབ། །ཨོ་ཌྱིཎ་གནས་ནི་ཆེན་པོ་ལ། །རྩེ་བ་མ་ནི་རྣམ་པར་གནས། །རྣ་བ་གཡས་པར་གནས་ནས་ནི། །ལྤགས་པ་དྲི་མ་འབབ་མ་གནས། །ཨརྦུ་དར་ནི་གཡོན་པ་མ། །མཁའ་འགྲོ་མ་ 86-1-305b ནི་ཤ་འབབ་མ། །གང་ཞིག་ཆུ་རྒྱུས་འབབ་པའི་རྩ། །བ་ཡི་མཆོག་སྦྱིན་རྣམ་པར་གནས། །དེ་ནི་སྲ་བའི་ཚུལ་གྱིས་གནས། །ཐུང་ངུ་མར་ནི་རྣམ་པར་བཤད། །གང་ཞིག་དགའ་བའི་དབང་ཕྱུག་རྩ། ། དེ་བཞིན་རུས་སྦལ་སྐྱེས་མར་གྲགས། །སྲ་བའི་དངོས་པོས་གནས་པའི་ཕྱིར། །རུས་པའི་ཕྲེང་བ་འཁྲུགས་པར་གནས། །ལྷ་མོའི་མཁར་དུ་གང་ཞིག་རྩ། །འཇམ་པ་བསྒོམ་པ་མ་རུ་བརྗོད། །དེ་ནི་རྟག་ ཏུ་མཆིན་པ་འབབ། །ཐམས་ཅད་ལུས་ལ་རྟག་པར་གནས། །མཱ་ལ་བར་ནི་དབང་མ་ནི། །རྒྱལ་བའི་དབང་ཕྱུག་སྙིང་ལ་གནས། །རྩ་ནི་གང་ཞིག་མིག་འབབ་མ། །འདོད་པའི་གཟུགས་སུ་རྣམ་པར་ གནས། །གཟུགས་ནི་མཐོང་བར་འདོད་པ་སྟེ། །སྐྱོན་བྲལ་མ་ཞེས་རྣམ་པར་བཤད། ཨོ་ཌིར་མཁྲིས་པ་འབབ་པའི་རྩ། །གང་ཞིག་འཇུག་མ་ཆེན་མོར་བརྗོད། །ཏྲི་ཤ་ཀུ་ནེར་བྱུང་བ་ནི། །མ་མོ་ངེས་པར་ གློ་བར་བཅས། །ཀོ་ཤ་ལར་ནི་མཚན་མོ་ཉིད། །རྒྱུ་མའི་ཕྲེང་བཟང་ཁྱབ་ཅིང་འབབ། །ཀ་ལིང་ཀར་ནི་བསིལ་སྦྱིན་མ། །ངོས་ཀྱི་ཆུ་རྒྱུས་ཡང་དག་བཤད། །ཚ་བ་མ་ནི་ལྟོ་གནས་ངེས། །ལམ་པ་ཀར་ནི་ རབ་ཏུ་གྲགས། །འབབ་མ་ཉིད་ནི་ཀཱཉྩིར་གནས། །ཐམས་ཅད་དུ་ནི་བཤང་བ་འབབ། །མཚམས་ཀྱི་མཐའ་ཡི་ནང་དུ་ཡང་། །ཁ་ཡི་གནས་སུ་རངས་མའི་གདོང་། །ཤིན་དུ་གཟུགས་ཅན་བད་ཀན་ ལྡན། །ཡི་དགས་ལྷ་གནས་ཡང་དག་གནས། །གང་ཞིག་རྟག་ཏུ་རྣག་འབབ་པ། །ཁྱིམ་གྱི་ལྷར་ནི་ཡང་དག་གནས། །མཁའ་འགྲོ་དམ་པའི་དབང་ཕྱུག་གིས། །སྤྱི་མ་ཉིད་དུ་རྣམ་པར་བཤད། །སཽ་རཱཥྚར་ ན་གང་ཞིག་རྩ། །རབ་སྦྱིན་མ་ནི་དམར་པོ་འབབ། །རྡུལ་ནི་འབབ་པར་གྱུར་པ་ནི། །གསེར་གླིང་དུ་ནི་ཡང་དག་བཤད། །ཡན་ལག་གཟི་བརྗིད་ཀུན་ཁྱབ་མ། །སྦྱོར་བྲལ་མར་ནི་རབ་ཏུ་གྲགས། །ནཱ་ག་རར་ནི་ 86-1-306a སྡུ་གུ་མ། །ཚིལ་ཅན་སྦོམ་ཞིང་མྱོས་བྱེད་འབབ། །སིན་དྷུར་ཤིན་དུ་གྲུབ་པ་ཉིད། །མྱ་ངན་མཆི་མ་འབབ་མར་བརྗོད། །མ་རུང་གནས་མ་ལུད་སྐམ་འབབ། །འཚེད་མ་མ་ཞེས་རྣམ་པར་ བསྟན། །ཀུ་ལུ་ཏཱར་ནི་ཡིད་བཟང་མ། །ཤ་དང་སྣབས་ནི་འབབ་མའོ། །དྲུག་པ་ལས་ཡུལ་གྱི་དགོད་པ་སྟེ་རབ་ཏུ་བྱེད་པ་གཉིས་པའོ།། །། ལྷ་ལགས་མཉན་པར་འཚལ་ལགས་ན། །ནང་ གི་དཀྱིལ་འཁོར་མཆོད་པ་ལ། །སོགས་པའི་ལས་ནི་ཇི་ལྟར་ལགས། །སྦྱིན་སྲེག་ལས་ནི་མི་འཚལ་བས། །བདེ་བ་ཆེན་པོས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཧེ་རུ་ཀ་ལ་ སོགས་པའི་ལྷ། །རྩ་གཟུགས་མཛེས་པར་ཡང་དག་བྱུང་། །ལུས་ཀྱི་དཀྱིལ་འཁོར་ཉམས་དགའ་བར། །སྒོ་བཞི་ཇི་སྐད་གསུངས་པའོ། །རང་གི་ཡན་ལག་བརྒྱད་བྱུང་བས། །ཀ་བ་དེ་ཡིས་བསྐོར་ ནས་གནས། །དངོས་པོ་ཀུན་གྱིས་མཉམ་པའི་ཕྱིར། །གྲུ་བཞི་པར་ནི་རབ་ཏུ་གྲགས། །སྐུ་གསུང་ཐུགས་ཀྱིས་ངོ་བོས་ནི། །དཀྱིལ་འཁོར་འཁོར་ལོ་གཅིག་ཏུ་གསུངས། །དེ་ནི་མགོ་བོའི་ཟེ་འབྲུ་ལ། ། ཇི་ལྟར་རྩོམ་ཆེན་ལ་སོགས་རིམ། །བླ་མའི་དུས་ཐབས་རིམ་ཉིད་ཀྱིས། །དེ་ནི་རྫོགས་པའི་དཀྱིལ་འཁོར་གནས། །རྐང་པའི་མཐིལ་དུ་རྩོམ་ཆེན་རླུང་། །གཞུ་ཡི་དབྱིབས་སུ་རྣམ་པར་གནས། །སུམ་མདོ་ ཡི་ནི་གནས་སུ་ནི། །དེ་བཞིན་གྲུ་གསུམ་འབར་བ་ཉིད། །ཟླུམ་པོའི་རྣམ་པའི་དབྱིབས་ཀྱིས་ནི། །ཆུ་ནི་ལྟེ་བར་རྣམ་པར་གནས། །སྙིང་གར་ཡང་ནི་ས་ཉིད་དེ། །ཀུན་ནས་གྲུ་བཞི་པ་ཉིད་དོ། ། སྒལ་ཚིགས་དབྱུག་དགུའི་གཟུགས་ཀྱིས་ནི། །རི་རབ་རི་རྒྱལ་དེ་བཞིན་ནོ། །དེར་ནི་སྤྱི་བོའི་ཆར་གནས་པ། །འདམ་སྐྱེས་འདབ་མ་སུམ་བཅུ་གཉིས། །དབྱངས་དང་གསལ་བྱེད་མཛེས་པར་གནས། ། 86-1-306b སུམ་བཅུ་རྩ་གཉིས་བྱང་ཆུབ་འདོད། །པད་མའི་ནང་དུ་སོན་པ་གང་། །དེ་ནི་ཟླ་བའི་དཀྱིལ་འཁོར་བརྗོད། །སྤྱི་བོའི་ནང་དུ་ཀླད་པ་ནི། །གང་ཞིག་གནས་པ་དེ་རུ་གསུངས། །དེ་ནང་ཧཾ་གི་རྣམ་པ་ཉིད། ། ཐིག་ལེའི་གཟུགས་ཅན་མི་ཤིགས་པ། །འཇིག་རྟེན་ཀུན་གྱི་རྩ་བ་དེ། །བརྟན་པའི་བདག་ཉིད་གཡོ་བའི་བདག །གསལ་དང་མི་གསལ་གཟུགས་ལས་ནི། །ས་བོན་གཟུགས་ཀྱིས་རྣམ་པར་ གནས། །ལུས་ཅན་རྣམས་ནི་ཀུན་གྱི་གཟུགས། །དེ་ཕྱིར་གདོད་ནས་རྫོགས་པ་ཉིད། །བདུད་རྩིའི་གཟུགས་ཀྱིས་འཛག་པར་ནི། །ཉིན་དང་མཚན་དུ་རྣམ་པར་གནས། །དེ་ཉིད་ཀྱིས་ནི་སྒྲ་འབྱེད་ཅིང་། ། མེ་ནི་དགའ་བར་བྱེད་པ་སྟེ། །དེས་ནི་གང་བའི་དཀྱིལ་འཁོར་ནི། །ཡིན་པ་ཉིད་དུ་ཐེ་ཚོམ་མེད། །དེ་ཉིད་དཀྱིལ་འཁོར་ཞེས་བྱར་གསུངས། །དངོས་པོ་རྣམས་ཀྱི་སྙིང་པོ་མཆོག །དེ་ནི་ལེན་ཅིང་གཅོད་པའི་ཕྱིར། ། ལུས་ནི་དཀྱིལ་འཁོར་ཉིད་དུ་བརྗོད། །རྩ་ཆེན་སུམ་བཅུ་རྩ་གཉིས་ཀྱི། །འཁོར་ལོ་ཡང་ནི་དཀྱིལ་འཁོར་བརྗོད། །བྱང་ཆུབ་སེམས་ནི་རིན་པོ་ཆེ། །དཀྱིལ་འཁོར་དེ་ཉིད་དཀྱིལ་འཁོར་ཉིད། །ཕྱི་རོལ་བཅས་པའི་ ནང་གཟུགས་ཀྱིས། །སྣ་ཚོགས་ཁྱབ་ཅིང་རྣམ་པར་གནས། །ཕྱི་རོལ་གཟུགས་དང་སྒྲ་ལ་སོགས། །དབང་པོ་ཐམས་ཅད་འཇུག་པའོ། །ནང་ནི་ཁུ་བ་ལ་སོགས་པ། །གྲུབ་པའི་རྫས་ནི་རྣམ་པར་གནས། ། ཕྱི་རོལ་བཅས་པའི་ནང་ཉིད་ཀྱིས། །རྡོ་རྗེ་ཅན་གྱི་བྱང་ཆུབ་སེམས། །སྦོམ་དང་ཕྲ་བའི་རང་བཞིན་གྱིས། །འགྲོ་བའི་གཉེན་རང་བཞིན་ཅན། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། །དམ་ཚིག་དོན་དུ་གསུངས་པས་ནི། ། དཀྱིལ་འཁོར་གོམས་པས་སྐྱེ་བ་འདིར། །སངས་རྒྱས་ཉིད་ནི་ཐོབ་པར་འགྱུར། །ཉན་ཐོས་རྣམས་ཀྱི་སངས་རྒྱས་དང་། །དེ་བཞིན་རང་རྒྱལ་རྣམས་ཀྱི་དང་། །ཚངས་པ་ལ་སོགས་ལྷ་རྣམས་ཀྱི། །དཀྱིལ་ 86-1-307a འཁོར་གོམས་པས་རྫོགས་པ་ཉིད། །ཤེས་རབ་མེ་ནི་ཆེར་འབར་བར། །ནང་གི་ཁུ་བ་ལ་སོགས་དང་། །དེ་བཞིན་ཕྱི་རོལ་གཟུགས་སོགས་ཀྱིས། །བསྲེག་རྫས་ཀྱིས་ནི་སྦྱིན་སྲེག་བྱ། ། སྐྱེ་མཆེད་དྲུག་དང་ཁམས་རྣམས་དང་། །ཕུང་པོ་ལ་སོགས་ཁྱད་པར་ལས། །དེ་རྣམས་ཀྱི་ནི་གཟུགས་ཅན་ལྷ། །དེ་བཞིན་མཁའ་འགྲོ་མ་ཉིད་ནི། །དེས་ནི་དེ་མཆོད་གང་གིས་ཕྱིར། །རྣལ་འབྱོར་མཆོད་པར་ཡང་ དག་བཤད། །ཐོད་པ་འདི་ནི་མགོ་བོ་ཉིད། །སྲེས་རྫས་ཀྱི་ནི་སྣོད་དུ་གསུངས། །བླུགས་བཟར་རོ་མར་བཤད་པ་སྟེ། །སྙིང་གི་འཁོར་ལོ་བརྐྱང་མ་དག །དགང་བཟར་ཞེས་བྱར་ཡང་དག་བརྗོད། །ཐབ་ཁུང་ལྟེ་བའི་ དཀྱིལ་འཁོར་དུ། །ལས་ཀྱི་རླུང་གིས་བསྐྱོད་པ་ཡི། །ཚངས་པའི་མེ་ནི་སུམ་མདོར་གནས། །སྒྲ་ནི་སྔགས་ཞེས་བརྗོད་པ་སྟེ། །བཟླས་པ་འཁོར་བར་བྱེད་པ་ཡིན། །བསྒོམ་པ་མཚུངས་པར་སྣང་བ་ཉིད། །དཀྱིལ་ འཁོར་གཉིས་མེད་རྣལ་འབྱོར་ཕྱིར། །ལྷན་ཅིག་སྐྱེས་པ་ཞོན་པ་འདི། །འདི་ནི་རྒྱལ་བའི་དཀྱིལ་འཁོར་གསུངས། །དཀྱིལ་འཁོར་བདག་པོའི་གཟུགས་ཀྱི་ཕྱིར། །སློབ་དཔོན་སེམས་ཀྱི་རྒྱལ་པོ་ཉིད། ། དེ་སྐད་ལ་སོགས་ཅི་གསུངས་པ། །རྒྱུད་ནི་ཐམས་ཅད་རྟོགས་པར་བྱ། །ད་དུང་བདག་ལ་ཐེ་ཚོམ་མཆིས། །ཆོས་དང་ལོངས་སྤྱོད་སྤྲུལ་པ་དང་། །བདེ་བ་ཆེན་པོའི་གཟུགས་ཀྱིས་ནི། །མགོན་པོ་ཇི་ལྟར་རོལ་བར་འགྱུར། ། དེ་རྣམས་དབྱེ་བ་མི་འཚལ་བས། །བདེ་བ་ཆེན་པོས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྤྱི་བོར་ལྟེར་སོན་འཁོར་ལོ་ནི། །ཨེ་ཡི་དབྱིབས་སུ་ཡང་དག་གནས། །སྙིང་དང་མགྲིན་པར་ཡང་ དག་གནས། །བྃ་གི་རྣམ་པ་ལྟ་བུར་བརྗོད། །ལྟེ་བའི་ནང་གནས་པད་མ་ནི། །འདབ་མ་དྲུག་བཅུ་རྩ་བཞིར་ལྡན། །འདམ་སྐྱེས་འདབ་མ་སུམ་བཅུ་གཉིས། །སྤྱི་བོའི་ནང་དུ་རྣམ་པར་གནས། །མགྲིན་པའི་ནང་དུ་སོན་ 86-1-307b པ་ཡང་། །པད་མ་ལོ་མ་བཅུ་དྲུག་ཉིད། །དེ་ཡི་སྙིང་གའི་གནས་སུ་ནི། །པད་མ་འདབ་མ་བརྒྱད་དུ་བརྗོད། །འདབ་མ་དྲུག་བཅུ་རྩ་བཞི་ཉིད། །སྤྲུལ་པ་ལ་ནི་རབ་ཏུ་གྲགས། །པད་མ་ཆེན་པོ་འདབ་བརྒྱད་པར། །ཆོས་ ཀྱི་སྐུ་ནི་རབ་ཏུ་བསྐོར། །ལོངས་སྤྱོད་རྫོགས་པ་བཅུ་དྲུག་རྩིབས། །དེ་བཞིན་འདབ་མ་སུམ་བཅུ་གཉིས། །བདེ་ཆེན་ཡེ་ཤེས་ཆེན་པོ་ལ། །ཀུན་དུ་ཡང་དག་རྣམ་པར་གནས། །སྤྲུལ་པའི་འཁོར་ལོའི་དབུས་སུ་ནི། ། སྡེ་ཚན་བརྒྱད་ཀྱིས་ཡོངས་སུ་བསྐོར། །ཡིག་འབྲུ་དང་པོའི་ངོ་བོ་ཡིས། །འདི་ནི་ཨ་སྟེ་ཡི་གེ་མཆོག །ཆོས་ཀྱི་འཁོར་ལོར་རྣམ་བཤད་པ། །ཧཱུྃ་ནི་མི་ཤིགས་པ་རུ་བརྗོད། །དབྱངས་སྒྲ་ལྔ་ནི་ཡང་དག་ལྡན། ། ཡ་ར་ལ་ཝས་རྣམ་པར་བརྒྱན། །ལོངས་སྤྱོད་འཁོར་ལོའི་ནང་གནས་པ། །ཨོཾ་ནི་ཡིག་འབྲུ་གསལ་བར་བྱེད། །ཚ་ནི་རྣམ་པ་བཞི་རྣམས་ཀྱིས། །ཀུན་དུ་ཡོངས་སུ་བསྐོར་བའོ། །བདེ་ཆེན་འཁོར་ལོ་ཆེན་པོ་ ལ། །ཧྃ་ནི་ཐིག་ལེའི་གཟུགས་ཅན་ནོ། །གཡོན་དང་གཡས་པའི་ངོས་དག་ལ། །ཟླ་བ་ཉི་མ་རྣམ་པར་བཤད། །མགྲིན་པ་ནས་བརྩམས་གཡོན་པའི་རྩ། །ལོངས་སྤྱོད་རྫོགས་པའི་སྐུ་ཅན་མ། ། ལྟེ་བའི་ནང་དུ་ངལ་སོས་ཤིང་། །ཁ་ནི་འོག་ཏུ་མྱོས་བྱེད་འབབ། །གང་ཞིག་ལྟེ་བ་ལས་སྟེངས་རྩ། །དེ་བཞིན་ཁ་ནི་སྟེང་དུ་འབའ། །མགྲིན་པའི་ནང་དུ་ངལ་སོས་ཤིང་། །ཁྲག་འབབ་པར་ནི་རབ་ཏུ་གྲགས། ། མྱོས་བྱེད་ཟླ་བ་ཞེས་བྱར་བཤད། །ཁྲག་ནི་ཉི་མ་ཞེས་བྱར་གསུངས། །སྒོ་གཉིས་མཉམ་པར་གཞོན་ནས་ནི། །སྟེང་དང་འོག་ཏུ་མཉམ་གནས་པ། །འདི་དག་ཟླ་བ་ཉི་མ་གཉིས། །རྩ་ནི་གཉིས་སུ་རབ་ཏུ་གྲགས། །དཔའ་ བོ་རྣམས་དང་མཁའ་འགྲོ་མའི། །འགྲོ་བ་དང་ནི་འོང་བའི་རྒྱུར། །ནུབ་པ་དང་ནི་འཆར་དོན་དང་། །ལོག་དང་སད་པ་ལྟ་བུར་གསུངས། །གཡོན་དང་གཡས་པའི་ངོས་ལ་ནི། །དབྱངས་ནི་བཅུ་གཉིས་ཡང་དག་གནས། །ཁ་ནི་ 86-1-308a སྟེང་དུ་ཡང་དག་བཤད། །ཀ་ལ་སོགས་པ་རྣམས་ཀྱིས་བསྐོར། །ཁ་ནི་འོག་གི་གནས་སུ་གནས། །ལྷག་པར་བྱས་ནས་སྦྱར་བ་ཉིད། །ཀྵ་ནི་སྲིན་པོ་ཉིད་གསུངས་པ། །འོག་གི་ཆར་ནི་ རྣམ་པར་གནས། །གང་ཚེ་མགྲིན་པར་ཆགས་ཆེན་གྱི། །གཟུགས་ཀྱི་ཟླ་བ་གནས་པ་ན། །སངས་རྒྱས་རྣམས་ཀྱི་དམ་པའི་སྐུ། །དེ་ཚེ་ལོངས་སྤྱོད་རྫོགས་པར་བཤད། །གང་ཚེ་རྡོ་རྗེའི་རྩེར་གནས་པ། །དེ་ཚེ་དེར་ ནི་སྣ་རྩེར་རོ། །གང་ཚེ་ལོངས་སྤྱོད་རྫོགས་སྐུ་ཡང་། །ནུབ་པར་གནས་པར་གྱུར་པས་ན། །བྷ་གའི་ནང་དུ་སོན་དེ་ཡང་། །ཡུངས་དཀར་ཙམ་དུ་རྣམ་པར་གནས། །ཉི་མའི་གཟུགས་སུ་ཡང་དག་བཤད། །སྤྲུལ་ པའི་སྐུར་ནི་བརྗོད་པ་སྟེ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། །སྤྲོས་པ་ང་ཡིས་བསྐྱེད་པ་འོ། །པད་མ་གར་དབང་རྒྱལ་པོ་ནི། །འདབ་མ་བྱེད་པའི་སྦྱོར་བ་ཅན། །སྤྲུལ་པའི་སྐུ་ཡི་གཟུགས་སུ་ནི། ། དེར་ནི་ཉི་མ་ནུབ་པ་ན། །གང་ཚེ་རྫོགས་པའི་བྱང་ཆུབ་སེམས། །གོང་བུར་གྱུར་པ་རྙོག་པ་མེད། །འཁོར་བའི་ལམ་ནི་རྣམ་བཅད་ཅིང་། །སྤྲོས་པ་ཉེར་ཞིང་དགེ་བ་སྟེ། །གཉིས་མེད་མཆོག་ཏུ་དག་པ་ཉིད། །དཔལ་ ལྡན་རྡོ་རྗེ་སེམས་དཔའི་གཟུགས། །ཤྲཱི་ནི་ཧེ་རུ་ཀ་ཞེས་བརྗོད། །རྒྱུད་ནི་སྲིན་བུའི་གཟུགས་ཅན་ཉིད། །རྒོད་དང་ལྟ་དང་ལག་བཅངས་ཉིད། །རྒྱུད་དུ་དེ་ཉིད་རྣམ་པར་གནས། །འདོད་ཆགས་ཉིད་དང་ཆགས་བྲལ་ ཡང་། །ཟོས་ནས་སྲིན་བུ་གནས་པ་ཉིད། །རྩ་ཐམས་ཅད་ཀྱི་མཉམ་པར་སྦྱོར་བ་མཁའ་འགྲོ་མའི་དྲ་བའི་སྡོམ་པ་སྟེ་དྲུག་པ་ལས་རབ་ཏུ་བྱེད་པ་གསུམ་པའོ།། །། དེ་ནས་བྱང་ཆུབ་སེམས་ དཔའ་ཆེན་པོ་རྡོ་རྗེ་སྙིང་པོ་ལ་སོགས་པ་དང་། རྣལ་འབྱོར་མ་བདག་མེད་མ་ལ་སོགས་པས་འདི་སྐད་ཅེས་གསོལ་ཏོ། །འཁོར་ལོའི་བསྒོམ་པའི་ལམ་དང་ནི། །ལྷ་རྣམས་ཇི་ལྟར་འབྱུང་བ་དང་། །མཁའ་འགྲོའི་ 86-1-308b འཁོར་ལོའི་ཁྱད་པར་དང་། །དགོངས་པའི་སྐད་ཀྱི་ཁྱད་པར་ནི། །བཅོམ་ལྡན་འདས་ཀྱིས་སྔར་གསུངས་ན། །སྡོམ་པའང་བདག་ལ་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རྣལ་འབྱོར་ མ་ལུས་དབུས་གནས་པར། །ཨ་གི་རྣམ་པར་སྡོམ་པའི་གནས། །ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། །སྡོམ་པ་དེ་ཉིད་རབ་ཏུ་ཕྱེ། །བོ་ལའི་བདེ་བ་ཕྱག་རྒྱ་ཆེ། །རྡོ་རྗེ་སྐྱེ་མཆེད་ཐམས་ཅད་ཉིད། །འདིས་ནི་གསང་ བའི་སྙོམས་འཇུག་པས། །ཕྱི་རོལ་གཉིས་གཉིས་བསྟན་པ་མེད། །སྐུ་གསུམ་ལུས་ཀྱི་ནང་དུ་ནི། །འཁོར་ལོའི་གཟུགས་ཀྱིས་བརྗོད་པར་བྱ། །སྐུ་གསུམ་ཡོངས་སུ་ཤེས་པ་ལས། །བདེ་བ་ཆེན་པོའི་ འཁོར་ལོར་བརྗོད། །ཆོས་དང་ལོངས་སྤྱོད་སྤྲུལ་པ་དང་། །དེ་བཞིན་བདེ་བ་ཆེན་པོ་ཉིད། །སྐྱེ་གནས་མགྲིན་སྙིང་དབུས་སུ་ནི། །སྐུ་གསུམ་པོ་ནི་རྣམ་པར་གནས། །མ་ལུས་པ་ཡི་སེམས་ཅན་གྱི། །སྐྱེ་བ་གང་ ལ་བརྗོད་བྱ་བ། །གང་ཞིག་སྤྲུལ་པ་གནས་བརྟན་ཕྱིར། །དེ་ལ་སྤྲུལ་པའི་སྐུ་ཉིད་ཡིན། །སེམས་ནི་ཆོས་ཀྱི་རང་བཞིན་ཏེ། །ཆོས་ཀྱི་སྐུ་ཡང་སྙིང་ཀར་ཡིན། །རོ་རྣམས་དྲུག་གི་གཟུགས་ཅན་གྱི། །བཟའ་ བ་ངེས་པར་ལོངས་སྤྱོད་བརྗོད། །ཆོས་རྣམས་ཀུན་ལ་གནས་བརྟན་ཕྱིར། །ཐམས་ཅད་ཡོད་པའི་རང་བཞིན་ཅན། །མགྲིན་པར་ལོངས་སྤྱོད་འཁོར་ལོ་དང་། །བདེ་བ་ཆེན་པོ་སྤྱི་བོར་གནས། །ཨེ་བྃ་རྣམ་པ་ རྒྱུ་མཐུན་ཉིད། །རྣམ་སྨིན་ཆོས་ཀྱི་འཁོར་ལོ་ལས། །སྐྱེས་བུ་བྱེད་པ་ལོངས་སྤྱོད་ལ། །བདེ་ཆེན་འཁོར་ལོར་དྲི་མེད་ཉིད། །རྒྱུ་འཐུན་ལ་སོགས་རབ་དབྱེ་བས། །འབྲས་བུ་རྣམ་པ་བཞི་ཞེས་བརྗོད། ། ལས་ཀྱི་རླུང་གིས་བསྐུལ་བ་ཡིས། །ལས་ལ་བཅོམ་ལྡན་ཤེས་རབ་བརྗོད། །གང་ཞིག་སྤྲུལ་པ་གནས་བརྟན་ཕྱིར། །སྤྲུལ་པའི་འཁོར་ལོ་གནས་བརྟན་བརྗོད། །ཆོས་ནི་ངག་ལས་བྱུང་བའི་ཕྱིར། །འཁོར་ལོ་ 86-1-309a ཐམས་ཅད་ཡོད་པར་སྨྲ། །གང་ཞིག་མགྲིན་པར་ཀུན་བཀུར་ཕྱིར། །ལོངས་སྤྱོད་འཁོར་ལོར་ཀུན་བཀུར་ཉིད། །གང་ཞིག་བདེ་ཆེན་མགོར་གནས་ཕྱིར། །བདེ་ཆེན་འཁོར་ལོར་དགེ་འདུན་ཆེ། །སྡེ་པ་ སྐུ་ཞེས་བརྗོད་པ་སྟེ། །ལྟོ་བ་གནས་སུ་བརྗོད་པར་བྱ། །སྐྱེ་གནས་འདོད་ཆགས་བྲལ་བ་ཉིད། །མངལ་གྱི་ཁྲུ་མ་ཆོས་གོས་ཏེ། །དེ་བཞིན་མ་ནི་མཁན་པོ་ཉིད། །མགོ་བོར་ཐལ་མོ་སྦྱར་བ་ཕྱག །འགྲོ་བའི་བྱ་བ་ ཁྲིམས་ཀྱིས་གནས། །དེ་བཞིན་སྔགས་བཟླས་ཨ་དང་ཧྃ། །སྔགས་འདོན་སྐྱེས་པ་དགེ་སློང་ཉིད། །གཅེར་བུ་སྐྲ་དང་ཁ་སྤུ་བྲེགས། །འདི་རྣམས་རྐྱེན་གྱིས་སེམས་ཅན་རྣམས། །སངས་རྒྱས་ཉིད་དུ་ ཐེ་ཚོམ་མེད། །ཟླ་བ་བཅུ་ཡང་ས་རྣམས་ཏེ། །སེམས་ཅན་ས་བཅུའི་དབང་ཕྱུག་གོ། །བཙུན་མོའི་བྷ་ག་བདེ་ཅན་དུ། །ཁུ་བ་ཞེས་བྱ་རྣམ་པར་གནས། །དེ་མེད་པས་ན་བདེ་མེད་འགྱུར། །བདེ་བ་སྤངས་ན་ དེ་མེད་འགྱུར། །ནུས་པ་མེད་ཕྱིར་ལྟོས་དང་བཅས། །ལྷ་ཡི་རྣལ་འབྱོར་ལས་བདེ་བ། །དེ་ཕྱིར་སངས་རྒྱས་དངོས་པོ་མིན། །དེ་ཉིད་དངོས་མེད་ཚུལ་ཡང་མིན། །ཞལ་ཕྱག་རྣམ་པ་གཟུགས་ཅན་ཉིད། ། མཆོག་ཏུ་བདེ་བ་གཟུགས་མེད་པ། །དེ་ཕྱིར་འགྲོ་ཀུན་ལྷན་ཅིག་སྐྱེས། །ལྷན་ཅིག་སྐྱེས་པའི་རང་བཞིན་བརྗོད། །རྣམ་དག་རྣམ་པའི་སེམས་ཀྱིས་ནི། །རང་བཞིན་གྱིས་ནི་མྱ་ངན་འདས། །ཞལ་ཕྱག་ ཁ་དོག་དབྱིབས་ལས་ནི། །ལྷ་ཡི་གཟུགས་ཀྱི་རྣལ་འབྱོར་ནི། །སྐྱེས་པ་ཙམ་གྱིས་རྣམ་པར་གནས། །འོན་ཀྱང་བག་ཆགས་ཕལ་བས་སོ། །ལྷ་མོ་དེ་སྐད་བཤད་པ་ནི། །རྣལ་འབྱོར་ཀུན་གྱི་གོང་ན་ མེད། །དེ་ནས་རྣལ་འབྱོར་མ་བདག་མེད་མ་ལ་སོགས་ལྷ་མོ་ཐམས་ཅད་ལ་འདི་ལྟ་སྟེ། སྤྱན་མ་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྐྲོན་མ་དང་། ཁྲོ་གཉེར་ཅན་དང་། སྐུལ་བྱེད་མ་དང་། རི་ཁྲོད་མ་ཤིང་ལོ་ཅན་ 86-1-309b དང་། འོག་ཞལ་མ་དང་། སྡོམ་པ་མ་དང་། དེ་དག་ལ་སོགས་པ་རི་རབ་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་རྣལ་འབྱོར་མ་རྣམས་མཆོག་ཏུ་ངོ་མཚར་བར་གྱུར་ཅིང་བརྒྱལ་བ་དང་། སྐྲག་པར་གྱུར་ཏོ། །དེ་ནས་ མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །རྣལ་འབྱོར་མ་ནི་ཀུན་གྱིས་ཚོགས། །བཅོམ་ལྡན་འདས་ཀྱིས་བསླང་དུ་གསོལ། །དེ་ནས་ བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་རྣམ་པར་རྒྱལ་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྣལ་འབྱོར་མ་ཐམས་ཅད་བསླབ་པའི་ཕྱིར་འདི་སྐད་ཅེས་བཀའ་ སྩལ་ཏོ། །སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ནས་ནི་སངས་རྒྱས་ཉིད། །བཅོམ་ལྡན་འདས་དེ་དེ་བཞིན་ནོ། །རིགས་ཀྱི་བུ་གང་ཞིག་མི་ཤེས་འཇིག་ རྟེན་པ། །བཙན་དུག་ཟོས་པས་བརྒྱལ་བར་འགྱུར། །རྨོངས་སྤངས་དེ་ཉིད་ཡིད་ཀྱིས་ནི། །དེ་ཡི་དེ་ཉིད་ཡོངས་སུ་གཅོད། །དུག་གི་དུམ་བུ་གང་ཉིད་ཀྱིས། །སྐྱེ་བོ་ཐམས་ཅད་འཆི་བར་འགྱུར། །དུག་གི་དེ་ཉིད་ ཤེས་པ་དེས། །དུག་གིས་དུག་ནི་འབིགས་པར་བྱེད། །ཇི་ལྟར་རླུང་གིས་ཟིན་དེ་ལ། །མ་ཥའི་བཟའ་བ་སྦྱིན་པར་བྱ། །ལྡོག་པའི་སྨན་ནི་བརྟགས་པ་ལས། །རླུང་གིས་རླུང་ལ་སྣུན་པར་བྱེད། །སོ་སོར་རྟོག་ ལས་རྣམ་རྟོག་དང་། །སྲིད་པ་ཉིད་ཀྱི་སྲིད་དག་བྱེད། །ཇི་ལྟར་རྣ་བར་ཆུ་ཞུགས་པ། །ཆུ་གཞན་གྱིས་ནི་དགུག་པར་བྱ། །དེ་བཞིན་དངོས་པོའི་རྣམ་རྟོག་ཀྱང་། །རྣམ་པར་ངེས་པས་སྦྱང་བར་བྱ། །ཇི་ལྟར་འཚེད་ པས་ཚིག་པ་ལ། །ཡང་ནི་མེ་ཡིས་གདུང་བར་བྱ། །དེ་བཞིན་འདོད་ཆགས་མེས་ཚིག་པ། །འདོད་ཆགས་མེས་ཡིས་གདུང་བར་བྱ། །སྐྱེ་བོ་མི་ཟད་པ་ཡི་ལས། །གང་དང་གང་གིས་འཆིང་འགྱུར་བ། ། 86-1-310a ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །འདོད་ཆགས་ཀྱིས་ནི་འཇིག་རྟེན་འཆིང་། །འདོད་ཆགས་ཉིད་ཀྱིས་རྣམ་པར་གྲོལ། །བཟློག་པའི་བསྒོམ་པ་ འདི་ཉིད་ནི། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། །འབྱུང་བ་ལྔ་ཡི་རང་བཞིན་ལས། །ཀུན་དུ་རུ་ལས་ལྔ་རུ་འགྱུར། །དགའ་བ་ཆེན་པོ་གཅིག་ཉིད་ལས། །དབྱེ་བས་ལྔ་རུ་འགྲོ་བར་འགྱུར། །བོལླ་ཀཀྐོ་ལ་ སྦྱོར་བས། །རེག་པ་སྲ་བའི་བག་ཆགས་ཀྱིས། །སྲ་བ་གཏི་མུག་ཆོས་ཡིན་ཕྱིར། །གཏི་མུག་རྣམ་པར་སྣང་མཛད་བརྗོད། །གང་ཕྱིར་བྱང་སེམས་གཤེར་བ་ཉིད། །གཤེར་བ་ཆུ་ཡི་ཁམས་སུ་བརྗོད། ། ཆུ་ནི་མི་བསྐྱོད་ངོ་བོའི་ཕྱིར། །ཞེ་སྡང་འདྲེན་པ་མི་བསྐྱོད་པ། །གཉིས་ཀྱི་བསྐྱོད་པའི་སྦྱོར་བ་ལས། །རྟག་ཏུ་དྲོད་ནི་སྐྱེ་བར་འགྱུར། །འདོད་ཆགས་དཔག་མེད་རྡོ་རྗེ་ཡིན། །འདོད་ཆགས་དྲོད་ལས་ འབྱུང་བར་འགྱུར། །ཀཀྐོ་ལར་ནི་གང་ཞིག་སེམས། །དེ་ནི་རླུང་གི་རང་བཞིན་ཅན། །དོན་ཡོད་རླུང་ལས་བྱུང་བའི་ཕྱིར། །ཕྲག་དོག་དོན་ཡོད་གྲུབ་པ་ཡིན། །བདེ་བ་འདོད་ཆགས་སེམས་ཡིན་ཏེ། ། རིན་ཆེན་ཁྲག་དང་འདོད་ཆགས་ཉིད། །སེར་སྣ་ནམ་མཁའ་ལས་བྱུང་བ། །ནམ་མཁའ་སེར་སྣ་རྡོ་རྗེ་ཡིན། །སེམས་ནི་ཆེན་པོ་གཅིག་ཉིད་ལ། །ལྔ་ཡི་གཟུགས་ཀྱིས་མཚོན་པ་ཉིད། །རིགས་ནི་ལྔ་པོ་སྐྱེས་པ་ལྔ། ། དེ་ལ་སྟོང་ཕྲག་དུ་མ་ཉིད། །དེ་ཕྱིར་འདི་དག་རང་བཞིན་གཅིག །བདེ་ཆེན་མཆོག་ཏུ་ཕན་པ་ཉིད། །འདོད་ཆགས་ལ་སོགས་སེམས་ལྔ་ཡིས། །དབྱེ་བས་ལྔ་རུ་འགྲོ་བར་འགྱུར། །གང་གཱའི་ཀླུང་ནི་བཅུ་ཡི་བྱེ་མ་སྙེད། ། རིགས་གཅིག་ལ་ནི་དེ་བཞིན་གཤེགས་པའི་ཚོགས། །རིགས་ཆེན་ལ་ནི་རིགས་ནི་དུ་མ་རྣམས། །དེ་རྣམས་རིགས་ལས་བརྒྱ་ཕྲག་དུ་མ་རྣམས། །དེ་རྣམས་ལ་ཡང་འབུམ་འཕྲག་རིགས་ཆེན་རྣམས། །བྱེ་བའི་ 86-1-310b རིགས་ལ་གྲངས་ནི་མེད་པར་འགྱུར། །དེ་ལ་རིགས་ལ་གྲངས་མེད་རིགས་རྣམས་ཉིད། །མཆོག་ཏུ་དགའ་བའི་རིགས་ལས་བྱུང་བ་རྣམས། །ཞེས་བཀའ་སྩལ་ཏོ། །འདིར་གསོལ་བ་ཅི་གོང་བུའི་གཟུགས་ཅན་དུ་ཆུང་ བ་དེ་ཉིད་ཀྱི་རང་བཞིན་དུ་འགྱུར་བ་ཅི་ཟེར། ཙམ་དུའང་ཆུང་བ་དེ་སྙེད་ཀྱི་རང་བཞིན་དུ་འགྱུར་བ་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྐྲ་ཡི་ཁྱོན་ཙམ་ཕྲ་བ་ལ། །བྱེ་མའི་ལམ་ནི་གཅིག་པུ་ལ། །སངས་རྒྱས་ དུ་མ་དོག་མིན་ཅིང་། སངས་རྒྱས་ཞིང་ཁམས་དུ་མ་ནི། །གནས་དང་དོག་དང་འབྱེར་མིན་པ། །དེ་བཞིན་འདིར་ཡང་བལྟ་བྱ་སྟེ། །སྟོབས་བཅུ་དག་དང་ལྡན་པའི་ལྷ། །གཟེར་མིན་སྟོབས་བཅུ་མངའ་བའི་ལྷ། བཞེངས་ཤིག་བཞེངས་ ཤིག་བདག་གི་ནི། །སྡུམ་པར་སྟོན་མོ་བཞེས་པར་འཚལ། །རྫུ་འཕྲུལ་སྟོབས་ཀྱིས་རིགས་ཀྱི་བུ། །ཡང་དག་བྱུང་བ་བཀའ་སྩལ་པ། །ཡང་དག་སྦྱོར་བྱུང་མཚན་ཉིད་ནི། །བཤད་པར་བྱ་ཡིས་ལྷ་མོ་ཉོན། །གསང་བ་ལ་ནི་ས་ ཡི་ཁམས། །མཆོག་ལ་དེ་བཞིན་དུ་ནི་ཆུ། །དགྱེས་པ་ལ་ནི་མེ་རུ་བཤད། །ཐམས་ཅད་བདག་ཉིད་རླུང་ལ་གནས། །རྟག་ཏུ་བཞུགས་པར་བརྗོད་པ་འདི། །སངས་རྒྱས་ཀུན་གྱི་སྡོམ་པ་བདག །ཡང་ན་མེ་ལོང་ལྟ་བུའི་ཚུལ། ། དེ་བཞིན་དུ་ཡང་མཉམ་པ་ཉིད། །སོ་སོར་རྟོག་པའི་ཆོ་ག་བཞིན། །དེ་བཞིན་བྱ་བ་ནན་ཏན་ལ། །རྟག་ཏུ་བཞུགས་པར་བརྗོད་པ་འདི། །ཤིན་དུ་རྣམ་དག་རང་བཞིན་ཅན། །དེ་བཞིན་རྣམ་པར་སྣང་མཛད་ཉིད། །གཞན་ཡང་མི་ བསྐྱོད་པ་ཉིད་དང་། །ཡང་ན་རིན་ཆེན་འབྱུང་གནས་དང་། །ཡང་ན་འོད་དཔག་མེད་པ་ཡིས། །གང་ཚེ་རྟག་བཞུགས་དོན་ཡོད་ལ། །བདུད་རྩི་ལྔ་ཡི་གོང་བུའི་དངོས། །ཐིག་ལིའི་གཟུགས་ཏེ་ཡིད་ལྟ་བུ། །ཤིན་དུ་ཡང་དག་ ཡེ་ཤེས་ཆེ། །ལྷ་མོ་ཀུན་གྱི་རང་བཞིན་ཅན། །རྡོ་རྗེ་སེམས་དཔའ་ཞེས་བྱར་བཤད། །བདེ་བ་དམ་པ་རུ་ནི་བརྗོད། །རང་བྱུང་ངོ་བོ་འདི་ཉིད་ནི། །ཆོས་ཀྱི་སྐུར་ནི་རབ་ཏུ་གྲགས། །དེ་ཡི་ཤེས་རབ་ལྷན་ཅིག་སྐྱེས། །དེ་ཕྱིར་གནས་ 86-1-311a གནས་པའི་གཟུགས་ཅན་མ། །ལས་ཀྱི་རླུང་གིས་བསྐུལ་བ་ཡིན། །ལྟེ་བའི་དཀྱིལ་འཁོར་དུ་ནི་འབར། །བདག་མེད་པ་ཞེས་རྣམ་པར་བཤད། །དཔྱིད་ཀྱི་ཐིག་ལེ་ཉིད་དུ་བརྗོད། །སྐྲ་ཡི་རྩེ་མོ་བརྒྱ་སྟོང་ ལུས། །གློག་གི་ཟེར་མ་མཉམ་པའི་འོད། །ལྷ་ཡི་རྣལ་འབྱོར་དུས་སུ་ནི། །བ་སྤུའི་ཁུང་བུའི་རྩེ་བུག་ནས། །ཕྱོགས་བཅུར་རྣམ་པར་ཕྱུང་ནས་ནི། །ཀུན་དུ་ལྷ་དང་ལྷ་མིན་བསྡིགས། །སྙིང་ལ་ཆོས་ཀྱི་འཁོར་ལོར་ནི། ། བསྲེགས་ནས་ལོངས་སྤྱོད་འཁོར་ལོར་སོང་། །སྣ་ཡི་བུ་ག་གཡས་པ་ནས། །ཐམས་ཅད་དུ་ནི་ཕྱུང་ནས་ནི། །མཛོད་སྤུར་སོང་བ་དག་གིས་ཀྱང་། །བུག་པ་ངེས་པར་ཕྱོགས་བཅུ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། ། ཤངས་ཀྱི་བུ་ག་གཡོན་པར་ནི། །ཞུགས་ནས་སྤྱི་གཙུག་འཁོར་ལོར་ནི། །ཀུན་བསྲེགས་རྣམ་པར་ཕྱུང་ནས་ནི། །སྔར་གསུངས་ཉིད་ཀྱི་བུག་པ་ནས། །ཡང་ནི་སྤྱི་གཙུག་ཞུགས་པར་བྱ། །སངས་རྒྱས་རྣམས་ནི་ བསྲེགས་པ་ཡི། །དགའ་བ་དེ་ནས་བསྐྱེད་པར་བྱ། །ལྟེ་བའི་དཀྱིལ་འཁོར་ཕྱིན་ནས་ནི། །སྔ་མ་བཞིན་དུ་གནས་པར་འགྱུར། །ཡང་དག་པར་སྦྱོར་བ་ལས་བྱུང་བའི་རྒྱུད་ཆེན་པོ་ལས་དཔྱིད་ཀྱི་ཐིག་ལེ་ཞེས་བྱ་བའི་བརྟག་པའི་ རྒྱལ་པོ་སྟེ་དྲུག་པའོ།། །། ངག་གི་ཕྱག་རྒྱའི་མཚན་ཉིད་ནི། །བཅོམ་ལྡན་བདག་ནི་ཉན་པར་འཚལ། །དགོངས་པའི་སྐད་ནི་ཅི་ཞེས་བགྱི། །རྣལ་འབྱོར་མ་ཡི་རྟག་དམ་ཚིག །ཉན་ཐོས་ལ་སོགས་མི་ཤེས་པ། ། རྒོད་དང་ལྟ་བ་དག་གིས་ཀྱང་། །འཁྱུད་དང་དེ་བཞིན་གཉིས་གཉིས་སོགས། །རྒྱུད་ཀྱང་རྣམ་པ་བཞི་རྣམས་ཀྱིས། །དགོངས་པའི་སྐད་ནི་མ་བསྒྲགས་པ། །བཅོམ་ལྡན་འདས་ཀྱིས་གསུང་དུ་གསོལ། །དགོངས་པའི་སྐད་ནི་ སྐད་ཆེན་པོ། །དམ་ཚིག་བརྡ་ནི་རྒྱས་པ་རུ། །རྡོ་རྗེ་སྙིང་པོ་ངས་བཤད་ཀྱིས། །དེ་ཉིད་རྩེ་གཅིག་སེམས་ཀྱིས་ཉོན། །མ་ད་ན་ཆང་བ་ལ་ཤ །འདུ་བ་མ་ལ་ཡ་ཛ་ཉིད། །འགྲོ་བ་ཁེཊ་རོ་ནི་ཤྲབ། །རུས་པའི་རྒྱན་ནི་ནི་རྃ་གུ། ། 86-1-311b འོང་བ་པྲེཾ་ཀ་ཎ་རུ་བརྗོད། །ཅང་ཏེ་ཀྲི་བྲི་ཏ་རུ་བརྗོད། །སྐལ་མེད་དུ་དུ་ར་ཞེས་བཤད། །སྐལ་ལྡན་ཀཱ་ལིཉྫ་རྃ་བརྗོད། །རེག་མིན་ཌིཾ་ཌི་མ་ཞེས་བརྗོད། །ཐོད་པ་པད་མ་བྷ་ཛ་ནྃ། །བཟའ་བ་ཏི་བི་ཏུར་ཤེས་བྱ། །ཚོད་མཱ་མཱ་ལཱ་ཏཱིན་ ཚདྷ་ནྃ། །བཤང་བ་ཙ་ཏུ་སྶ་མྃ་བརྗོད། །གཅི་བ་ཀསྠུ་རི་ཞེས་བརྗོད། །རང་བྱུང་སིཧླ་ར་ཤེས་པར་བྱ། །ཁུ་བ་ག་བུར་བརྗོད་པར་བྱ། །ཤ་ཆེན་ཤཱ་ལི་ཛ་ཞེས་བརྗོད། །དབང་པོ་གཉིས་སྦྱོར་ཀུན་དུ་རུ། །རྡོ་རྗེ་བོལླ་ཞེས་བརྗོད་དེ། ། པད་མ་ཀཀྐོ་ལ་ཞེས་ཟེར། །མུ་ཁི་སོར་མོ་ཁ་རུ་བཅུག་པ་ནི། །མཁའ་འགྲོ་མའི་མཚན་མའོ། །གྷ་གྷུ་ཐལ་མོ་སྤྱི་བོར་ཡང་དག་གཞག །མར་མེ་མ་ཡི་མཚན་མའོ། །གྷུ་གྷུ་མཐེ་བོ་རྒན་བོ་བཅས་པ་ནི། །འཇིབ་བྱེད་ མའི་མཚན་མའོ། །གྷུ་གྷུ་ལག་པས་རྣ་བ་བརྡེབས་པ་ནི། །གཡོ་ལྡན་མ་ཡི་མཚན་མ་ཉིད། །ལུ་གྷུ་སྣ་རྩེར་ཐལ་མོ་བརྡེབས་པ་ནི། །དགེ་བ་ཡི་ནི་གཏམ་འདྲི་བའོ། །དྲ་ཥྚུ་རི་དགས་མགོ་སྟོན་པ། །རྣལ་འབྱོར་ མ་ཡི་མཚན་མར་མཚོན། །ཌ་ཞེས་བྱ་བ་སྐྱེས་བུར་ངེས། །ཌི་ནི་བུད་མེད་དེ་ནས་བརྗོད། །བུ་ཞེས་བྱ་བར་རེངས་པ་ཉིད། །སུ་ནི་དེ་བཞིན་ཟ་བ་ཉིད། །མ་ཞེས་བྱ་བ་མ་རུ་བརྗོད། །ཡོ་ནི་དེ་བཞིན་ཆུང་མར་ངེས། །བྷི་ཞེས་ བྱ་བ་སྲིང་མོ་ཉིད། །དྷི་ཞེས་བྱ་བ་མཛའ་མོར་བརྗོད། །ལུ་ཞེས་བྱ་བ་བུ་མོར་ངེས། །སྟི་ནི་ཁྲག་ཏུ་ཤེས་པར་བྱ། །སྭ་ནི་ཞི་བའི་བཏུང་བ་ཉིད། །ཕེ་ཞེས་བྱ་བ་ཐུགས་པ་སྟེ། །ཕི་ཞེས་བྱ་བ་ངེས་པར་ཤ །བྷ་ཞེས་བྱ་བ་ བཟའ་བར་བརྗོད། །བྷུ་ཞེས་བྱ་བ་འདུ་བ་ཉིད། །བི་ཞེས་བྱ་བ་དུར་ཁྲོད་ཉིད། །བྷུ་ཞེས་བྱ་བ་རོ་རུ་བརྗོད། །ཌི་ཞེས་བྱ་བ་རྣལ་འབྱོར་མ། །ག་ནི་དེ་བཞིན་ལཱ་མཱ་ཉིད། །སྟི་ཞེས་བྱ་བ་གཟུགས་ཅན་མ། །ཀུ་ཞེས་བྱ་བ་མཁའ་ འགྲོ་མ། །ཁ་ཞེས་བྱ་བ་དུམ་སྐྱེས་མ། །ཛ་ཞེས་བྱ་བ་བྱིན་པ་ཟུང་། །ཀ་ཞེས་བྱ་བ་ལག་པ་གཉིས། །བྷ་ཞེས་བྱ་བ་ཕྱག་འཚལ་བ། །སྭ་ནི་ལེགས་འོངས་བྱ་བ་ཡིན། །འདི་རྣམས་ནི་ཡི་གེ་རེ་རེ་ཞིང་ཡང་བརྡ་སྟེ། 86-1-312a དཔའ་བོ་དང་སྲིང་མོར་དེས་ཤེས་པར་བྱའོ། །ཡི་གེའི་དམ་ཚིག་གི་ཕྱག་རྒྱའི་ཡེ་ཤེས་སོ། །རྡོ་རྗེ་སྙིང་པོས་གསོལ་པ། ངག་གི་བརྡ་ནི་མི་འཚལ་བས། །བདེ་བ་ཆེན་པོས་བཤད་དུ་གསོལ། །བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། །མདོར་བསྡུས་ནས་ནི་བཤད་བྱ་བ། །དེ་ནི་ང་ཡིས་བཤད་ཀྱིས་ཉོན། །པོ་ཏྃ་གི་ཞེས་བྱ་བ་ནི་ཕྱག་གོ། །པྲ་ཏི་པོ་ཏྃ་གི་ཞེས་བྱ་བ་ནི་ཕྱག་གི་ལན་ནོ། །ག་མུ་ཞེས་བྱ་བ་ནི་འགྲོ་བ་ཞེས་བརྗོད་པར་འགྱུར་ རོ། །ལུམ་པ་ཞེས་བྱ་བ་ནི་འོང་བ་ཉིད་དོ། །ནི་ག་རཾ་ཞེས་བྱ་བ་ནི་བྱིན་ཅིག་ཅེས་བརྗོད་པར་འགྱུར་རོ། །ཙ་ཊུ་ཀ་ཞེས་བྱ་བ་ནི་ཁྱེར་ཅིག་ཅེས་བརྗོད་པ་ཡིན་ནོ། །ཧྲི་ད་ཡ་ཞེས་བྱ་བ་ནི་དཔའ་བོ་ཞེས་བྱ་བ་ཡིན་ནོ། །ཀཽ་ར་བ་ཞེས་བྱ་བ་ནི་ གསོད་པ་ཞེས་བརྗོད་པ་ཡིན་ནོ། །ཀར་ཎྞི་ཀ་ཞེས་བྱ་བ་ནི་དྲིལ་བུ་ཞེས་བརྗོད་པ་ཡིན་ནོ། །ཨ་ལི་ཀ་ར་ཎ་ཞེས་བྱ་བ་ནི་སྤྱི་བོ་ཞེས་བརྗོད་པ་ཡིན་ནོ། །བ་ར་ཧ་ཞེས་བྱ་བ་ནི་སྐྲ་ཞེས་བརྗོད་པ་ཡིན་ནོ། །ཤྲ་བ་ཎ་ཞེས་བྱ་བ་ ནི་རྣ་བའོ། །མནྠཱ་ཞེས་བྱ་བ་ནི་བདུད་རྩིའོ། །ན་ར་ཞེས་བྱ་བ་ནི་མཉམ་པར་སྦྱར་བ་ཞེས་བརྗོད་པ་ཡིན་ནོ། །ཏཱ་ལི་ཀཱ་ཞེས་བྱ་བ་ནི་མཁའ་འགྲོ་མའོ། །ན་ར་ཀ་ཞེས་བྱ་བ་ནི་དཀྱིལ་འཁོར་རོ། །ཨ་མུ་ཀྃ་ཞེས་བྱ་བ་ནི་ དུར་ཁྲོད་དོ། །ཀཱ་ཁི་ལ་ཞེས་བྱ་བ་ནི་སྒོའོ། །སྭ་ས་ཎྃ་ཞེས་བྱ་བ་ནི་བྲམ་ཟེའོ། །པ་རི་དྷི་ནི་རྒྱལ་རིགས་སོ། །པ་ར་ཏི་རི་ནི་རྗེའུ་རིགས་སོ། །ཀྲུ་ར་ཞེས་བྱ་བ་ནི་དམངས་རིགས་སོ། །ཨནྡྷ་ནི་གདོལ་པའི་ཁྱིམ་མོ། ། ཨ་ལི་ཀ་ནི་ཕྱུགས་སོ། །བྷ་ཀི་ནི་ནི་མཁའ་འགྲོ་མའོ། །མུ་ད་ཀྃ་ནི་ཚིལ་བུའོ། །གྲི་ཧྣ་ཞེས་བྱ་བ་ནི་ཕྱག་རྒྱའོ། །ད་ན་སྤཪྴ་ཏི་ཛི་ཧྭ་ཞེས་བྱ་བ་ནི་བཀྲེས་སོ་ཞེས་བརྗོད་པ་ཡིན་ནོ། །གྷནྡ་པ་ཧི་ནི་སྲེད་པའོ། །ཨ་ཀ་མ་ ན་ཞེས་བྱ་བ་ནི་གན་དུའོ། །སྠཱ་ན་ཏ་ན་ཞེས་བྱ་བ་ནི་ཆེ་གེ་མོར་རོ། །ཀི་ར་ཎ་ནི་མེ་ཏོག་གོ། །ལམ་པོ་ནི་འཇིགས་པའོ། །དནྟ་ནི་རྒོད་པ་ཞེས་བརྗོད་པ་ཡིན་ནོ། །ནི་རོ་དྷ་ནི་ཆར་པའོ། །བི་ཛཱ་པྟི་ནི་ཆོག་པར་འཛིན་པའོ། ། 86-1-312b དྷུ་མཱ་ནི་སྤྲིན་ནོ། །དྷུ་མྲ་པྲི་ཡ་དང་། སྭ་ནུ་ནི་རིའོ། །ས་རི་ཏོ་ནི་ཆུ་བོའོ། །ཨོཾ་གུ་ལྱ་ནི་ཡན་ལག་དང་ཉིང་ལག་གོ། །བ་ད་ནྃ་ནི་ཁའོ། །རཱ་ཛི་ཀཱ་ནི་ལྕེའོ། །ཨ་ད་ནཱ་ནི་སོའོ། །བཾ་ག་ཏེ་ནི་རྒྱལ་མཚན་ནོ། །ཙྪན་དོ་ནི་ཕྲེང་བའོ། །ཙ་ལ་ནི་ རླུང་ངོ་། །མྲྀ་ག་པ་ཏི་ནི་ཕྱུགས་སོ། །མན་ཌ་ལ་ནི་མཉམ་པའོ། །སྭཱ་ས་ནི་ལམ་གྱི་བཞི་མདོའོ། །ཕལ་གུ་ཤ་ནི་སྐྱ་བའོ། །མ་ཧཱ་ཀཱ་ར་ནི་ཕྱུགས་ཆེན་པོའོ། །ཙྪ་ནི་རའོ། །ན་ཞེས་བྱ་བ་ནི་སྐྱེས་པའོ། །གོ་ཞེས་བྱ་བ་ནི་བ་གླང་ངོ་། ། མ་ཞེས་བྱ་བ་ནི་མ་ཧེའོ། །བྷི་ཞེས་བྱ་བ་ནི་བཟའ་བའོ། །ཧ་ཞེས་བྱ་བ་ནི་རྣམ་གྲངས་སོ། །ཨ་ཕྱ་ཀ་ཞེས་བྱ་བ་ནི་རྒྱལ་པོའི་སྐྱེས་བུའོ། །སྠཱ་ཞེས་བྱ་བ་ནི་གནས་སོ། །མུ་ཁ་པཪྴ་ན་ནི་ཟོས་ཤེས་བྱའོ། །དནྟ་སྤཪྴ་ན་ ནི་འགྲངས་སོ་ཤེས་བྱ་བའོ། །ཧོ་ཞེས་བྱ་བ་ནི་གང་ཡང་རྣམ་གྲངས་སོ། །ཧྲཱི་ཀཱ་ནི་ངོ་ཚ་བའོ། །ཤཱུ་ནྱ་སྤཪྴ་ནེ་ནི་མཻ་ཐུ་ནྃ་གྱིས་ཤིག་ཅེས་བྱ་བའོ། །ཨུ་རུ་སྤཪྴ་ན་ནི་དེ་ལྟ་ད་ལྟར་གྱིས་ཤིག་ཅེས་བྱ་བའོ། །ངག་གི་བརྡ་ཡི་ ཡེ་ཤེས་སོ། །མཉམ་པར་དྲག་ཤུལ་དཔྲལ་བ་ཅན། །རྟག་ཏུ་ལྟུང་བར་བྱེད་པར་བརྗོད། །དབང་གི་ལྟ་སྟངས་གཡོན་ན་གནས། །གཡོན་པ་ནས་ནི་གཟུགས་བརྙན་གཉིས། །གཡས་པའི་ཆ་ལ་དགུག་པ་ཉིད། ། གཉིས་ནི་སྟེང་དུ་སྦྱར་བར་བྱ། །དབུ་མ་རེངས་པའི་ལྟ་སྟངས་ཉིད། །སྣ་ཡི་རྩེ་མོའི་དབུས་སུ་གཉིས། །དུད་འགྲོའི་ལྟ་སྟངས་གསད་པ་ལ། །སྣ་ཡི་རྩེ་མོར་གཟུགས་བརྙན་གཉིས། །འབྱུང་བ་ཉིད་ཀྱིས་ལྟུང་བར་ བྱེད། །བུམ་པ་ཡིས་ནི་དབང་དུ་བྱེད། །དགའ་བ་ཡིས་ནི་འགུགས་པ་ཉིད། །ཞི་བ་ཉིད་ཀྱིས་རེངས་པར་བྱེད། །རློན་པའི་ཤིང་ལ་ལྟུང་བྱེད་ཉིད། །མེ་ཏོག་ལ་ནི་དབང་དུ་གྲགས། །རྡོ་རྗེ་ཤིང་ལ་དགུག་པ་ཉིད། །གཡོ་ བཅས་རྩྭ་ལ་རེངས་བྱེད་ཉིད། །ཟླ་དྲུག་གོམས་པའི་རྣལ་འབྱོར་གྱིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །འདི་ལ་འཁྲུལ་བར་མི་བྱ་སྟེ། །སངས་རྒྱས་རྫུ་འཕྲུལ་བསམ་མི་ཁྱབ། །སློབ་དཔོན་གཉིས་ལ་ཕྱག་འཚལ་ 86-1-313a ནས། །ཤིན་དུ་ཕྱག་འཚལ་དཔལ་ལྡན་ནི། །རྡོ་རྗེ་སེམས་སོགས་རྣལ་འབྱོར་གྱིས། །གཡས་པའི་སྨིན་མ་སྒྱུར་ཚུལ་གྱིས། །ནམ་མཁར་འགྲོ་བར་བསྒོམ་པས་ནི། །གང་ཞིག་གནས་པས་འགྲུབ་པར་འགྱུར། ། གཡོན་པའི་སྨིན་སྒྱུར་ཕ་རོལ་གྱི། །སྡེ་ལས་མཆོག་ཏུ་རྒྱལ་བར་འགྱུར། །བདུད་ཀྱི་དཔུང་ནི་གཞོམ་པའི་ཕྱིར། །དེ་ཉིད་ཀྱི་ནི་རྣལ་འབྱོར་གྱིས། །གཡོན་པའི་མིག་བསྒུལ་ཞེས་བྱ་བས། །དཀར་ མ་ལ་སོགས་གཟུགས་བསྒོམས་པས། །དེར་ནི་རྫོགས་ནས་འགྲུབ་པར་འགྱུར། །གཡས་པའི་མིག་བསྒུལ་ཞེས་བྱ་བས། །དཔལ་ལྡན་རྡོ་རྗེ་སེམས་སོགས་ཀྱིས། །སྐྱེས་བུའི་གཟུགས་ནི་ རྫོགས་པར་འགྱུར། །ངག་གི་ཐ་སྙད་མ་གཏོགས་པར། །འཇིག་རྟེན་རབ་ཏུ་གྲགས་པ་ཡི། །ཐ་སྙད་དུ་ཡང་འགྲུབ་པར་འགྱུར། །དེ་ལྟར་ཡོ་གིས་འཇིག་རྟེན་དང་། །འཇིག་རྟེན་འདས་ པར་བསྡུས་པ་འགྲུབ། །ལེགས་པར་བཤད་པའི་དངོས་གྲུབ་པོ། །ལྟ་སྟངས་ཀྱི་ཕྱག་རྒྱའི་ཡེ་ཤེས་སོ། །དཔལ་ལྡན་རྡོ་རྗེ་སེམས་སྦྱོར་ཞིང་། །ཇི་ལྟར་དབྱིབས་ཀྱི་སྐུ་ལྡན་པས། ། འདིར་ནི་མེ་ཡི་ཐོད་པ་ཡི། །ཡུངས་དཀར་ཆོ་ག་བཞིན་དུ་གདབ། །བཙོས་པའི་མར་ཁུ་བཟའ་བྱས་ཤིང་། །མགོ་བོས་འབྲས་བུས་དེ་བཞིན་བྱུགས། །ཕྱོགས་མཚམས་ནམ་མཁའ་ས་བཅིངས་ པས། །བསྲུང་བ་ཀུན་གྱིས་གོང་ན་མེད། །དཔལ་ལྡན་རྡོ་རྗེ་སེམས་སྦྱོར་ཞིང་། །ཚེམས་ནི་བསྡམས་ཤིང་ཞལ་བཙུམས་པས། །དཔལ་ལྡན་གཡོན་པ་བསྒྱིངས་འཛིན་ཅིང་། ། གཡས་པར་འཁོར་ལོ་ཕྱོགས་ཚུལ་གྱིས། །གསལ་བར་སྟེང་འོག་བྱིན་གྱིས་བརླབ། །ས་ལ་རང་གི་ཕྱག་རྒྱ་བྱ། །སངས་རྒྱས་ཀུན་དངོས་དངོས་གྲུབ་སྦྱིན། །སྐྱེ་བ་གཉིས་པའི་ཐོད་པར་ 86-1-313b འདི་བཏབ་ནས། ཕྱི་ནས་གཞན་མིའི་ཐོད་པར་རོ། །དེ་ནས་བླངས་ནས་བུད་མེད་དང་། སྐྱེས་པ་དང་། མ་ནིང་ལ་སོགས་པ་དང་། ཁྭ་དང་། འུག་པ་དང་། བྱ་རྒོད་དང་། མཆིལ་པའི་དངོས་ གྲུབ་སྣ་ཚོགས་བྱེད་དོ། །འོལ་མ་ཟི་དཀར་པོ་སྒྲུབ་པའི་ཆོ་གས་ཀྱང་། འདོད་ན་གླང་པོ་དང་། རྟའི་གཟུགས་འཛིན་པར་འགྱུར་བ་དང་། འདོད་ན་བ་གླང་དང་། མ་ཧེའི་གཟུགས་འཛིན་ པར་འགྱུར་བ་དང་། འདོད་ན་ཁྱི་དང་། བྱི་ལ་དང་། ལྕེ་སྤྱང་གི་གཟུགས་འཛིན་པར་འགྱུར་བ་དང་། འདོད་ན་བུད་མེད་དང་། སྐྱེས་པའི་གཟུགས་འཛིན་པར་འགྱུར་རོ། །རོའི་ཁའི་བུག་པའི་ ནང་དུ་སོན་པའི་པུ་ར་ནག་པོ་རོ་བསྲེགས་པའི་མེས་མར་ངོའི་འབྱུང་པོའི་ཉི་མ་ལ་གདུངས་ཤིང་བདུག་པ་བྱིན་ན་འགྲོ་བ་མ་ལུས་པ་འབེབས་པར་འགྱུར་རོ། །ཀ་ན་ཀའི་འབྲས་བུ་དང་། ཨ་ལོ་ ཀ་དང་། མ་དུ་ལང་ག་དང་། ཙི་ཏྲ་ཀ་དང་། བ་ཙ་ཀ་དང་། ཁྱིམ་བྱའི་སྒོང་ང་དང་། ཨ་ཀེའི་འབྲས་བུ་རྣམས་ཐམས་ཅད་བདུག་པ་ལས། རྒྱུ་བ་དང་མི་རྒྱུ་བའི་འཇིག་རྟེན་ཀུན་འབེབས་པར་ འགྱུར་རོ། །རྟ་གསོད་པ་སྐྱ་བོའི་རྩ་བ་དང་། ཉི་མའི་ལྗོན་ཤིང་དང་། ཕེ་ཆག་པ་དང་། སྡིག་པའི་རྔ་མ་དང་། དུག་ཏུ་ངེས་པའི་བརྒྱའི་ཆ་དང་ལྡན་པ། འདིས་དེ་རྣམས་ཆ་བསྙམས་ཏེ་ལག་པ་ལ་ བྱུགས་ན་བ་གླང་གི་སྣར་འགྱུར་རོ། །དི་ན་ཀ་རའི་འོ་མས་བཱ་ན་རི་ཉི་མ་བདུན་དུ་བྱུགས་ནས་ནགས་ཀྱི་མི་ཞག་བདུན་སྦངས་ཏེ། དེ་བཞིན་དུ་ཁ་ཊི་ཀས་བྲིས་པའི་ལག་པ་དག་གིས་རེག་ན་ ཀླུའི་དབང་པོའི་དུག་འབྱིན་པ་སྦྱིན་པར་འགྱུར་རོ། །འདིའི་ཕྱིར་བཟློག་པ་སྦྱིན་པར་བྱ་སྟེ། མ་ལ་ཡ་ལས་བྱུང་བ་དང་། ནཱ་ག་གེ་སར་དང་། ནད་ཀྱི་དབང་པོ་དང་། མ་ད་ན་ཕ་ལ་དང་། ཛཱ་གུའི་ 86-1-314a ཡུལ་དང་། ཏ་ཀ་ར་དང་ལྡན་པར་འབྲས་ཀྱི་ཆུ་དང་ལྡན་པས་འགྲོ་བའི་དུག་སྣ་ཚོགས་འཇིག་པར་བྱེད་དོ། །དེའི་ཉིན་པར་བསྐྱེད་པའི་བྱིས་པའི་རོ་ཙ་ན་དང་ཏ་རཀ་ རའི་སྙིང་པོར་གནས་པའི་རི་ལུ་ཟོས་ན་ལག་ན་རྡོ་རྗེ་ལྟ་བུར་ཇི་ལྟར་འདོད་པར་དུག་བཏུང་བར་བྱའོ། །སྦལ་པ་དང་། སྦྲུལ་གདོང་གཉིས་པའི་ཚིལ་བུ་བསྡུས་ལ་ཤླེཥྨའི་ཤིང་གི་འབྲས་ བུ་འདིས་ལག་པ་བྱུགས་པས། རེག་ན་དུག་ཞི་བར་བྱེད་དོ། །བའི་མར་དང་། བཛྲི་དང་། བ་ཧྲིའི་ཁྲག་དང་། སྦྲུལ་མགོ་གཉིས་པའི་ཤ་དང་། སྒལ་ཚིགས་ཀྱིས་ལག་པ་ལ་བྱུགས་ན་གནས་ གནས་གྱི་ཡང་དུག་མེད་པར་བྱེད་དོ། །གཅེར་བུ་ལ་སོགས་པའི་ཆོ་གས་མཉམ་པར་བཞག་པས། བཱ་ལ་ཀའི་རྩ་བ་ཆ་བདུན་དུ་བྱས་ནས། འབྱུང་པོའི་ཉི་མ་ལག་པ་ལ་བཅིངས་ན་ཉིན་བཞི་པ་འཇིག་ པར་བྱེད་དོ། །ལྟོ་འཕྱེའི་དབང་པོའི་ཤུན་པ་སར་པ་དང་། ལྟོ་འཕྱེའི་དགྲའི་གཤོག་པའི་ཆ་དང་ལྡན་པར་བདུག་པ་དང་ལྡན་པ་ཙམ་གྱིས་འཇིག་རྟེན་གསུམ་པོ་སྡང་བར་བྱེད་དོ། །ཡང་ན་ཀཱ་གཉིས་དང་ ཉིན་མོ་འཇིགས་པའི་གཤོག་པ་དག་ཆོ་ག་བཞིན་དུ་བདུག་པས་ནི་འཕྲོག་བྱེད་མ་སྨད་ཀྱང་འབྱེ་བར་བྱེད་དོ། །གཞན་དུ་ནི་མ་ཡིན་ནོ། །རྟའི་རྨིག་པའི་ཁུང་བུར་སྦྲུལ་གྱི་མགོ་གཞག་ཅིང་གནོད་སྦྱིན་ སྨྱོན་པའི་ལྕེ་དང་ལྷན་ཅིག་དགྲའི་གནས་ཀྱི་སྒོར་སྦས་ན། ཉི་མ་བདུན་གྱིས་སྐྲོད་པར་འགྱུར་རོ། །ཧ་ལི་ནི་དང་། ཕག་གི་རྟུག་པ་དང་། རོའི་མགོ་སྐྱེས་དང་། མགྲིན་རིངས་ཀྱིས་རུས་པ་ རྣམས་གནས་གསུམ་གྱི་སྦྱོར་བའི་མཆོག་སྟེ། ཉི་མ་བདུན་གྱིས་སྐྲོད་པར་བྱེད་དོ། །རྟ་གསོད་པ་དམར་པོའི་མེ་ཏོག་དང་། བྷལླཱ་ཏ་ཀ་དང་། སྟར་བུ་རྣམས་ཀྱིས་མེ་ལོང་ལ་བསྐུས་ན་རྟ་དང་། 86-1-314b བོང་བུ་དང་། རྔ་མོ་ལ་སོགས་པའི་གཟུགས་མཐོང་བར་འགྱུར་རོ། །རྟ་དང་། བ་གླང་དང་། ཕག་དང་། སྤྲེའུ་དང་། བོང་བུ་དང་། རྔ་མོའི་ལག་སྐྱེས་རྣམས་ཁ་སྦྱོར་དུ་མེས་བསྲེགས་ ནས་སྦལ་པའི་ཚིལ་བུ་བསྲེས་པས། དེ་རྣམས་ཀྱི་གཟུགས་སྔ་མ་བཞིན་དུ་མཐོང་བར་འགྱུར་རོ། །ཨོཾ་ཀོ་ཊ་ཀའི་ས་བོན་གྱིས་མར་ཁུ་དང་། བའི་འོ་མ་དང་། མིག་སྨན་གྱི་འབྲས་བུ་ བྱུགས་ནས་གང་ཞིག་སྲིད་པའི་མཐའི་གཟུགས་རྣམས་མེ་ལོང་གི་དབུས་སུ་མིག་སྨན་གྱིས་བྱུགས་པའི་མིའི་མིག་གིས་མཐོང་བར་འགྱུར་རོ། །ཏ་ཀ་རའི་འབྲས་བུ་དང་། ཨ་ཀོ་ཊའི་འབྲས་ བུ་དང་། མར་ཁུའི་ཚིགས་མས་རང་བཞིན་གྱིས་གནས་པའི་སྐྱེས་བུ་བཟང་པོ་མཐོང་བར་འགྱུར་ཏེ། ཏ་ཀ་རའི་མིག་སྨན་གྱིས་བྱུགས་པས་མི་མཐོང་བར་འགྱུར་རོ། །རི་བོང་ཅན་གྱི་ཆུ་དང་། ཛ་ལུ་ཀ་དང་། སྦལ་པའི་མར་ཁུ་དང་། པཱ་ཊ་ལིའི་རྩ་བས་རྐང་པའི་མཐིལ་བྱུགས་ན། སྐྱེས་བུ་མེ་མར་མུར་གྱི་ཚོགས་ལ་འགྲོ་བར་འགྱུར་རོ། །ཤྲ་མ་ཎི་ཀ་དང་། སྦལ་པའི་ཚིལ་བུ་དང་། ཛ་ལོའུ་ཀ་དང་། ཟླ་བ་ལས་བྱུང་བ་དང་ལྡན་པས་ལག་པ་དང་། རྐང་པ་བྱུགས་ན་མི་ཁ་བ་ལྟར་གསལ་བར་བྱེད་པར་འགྱུར་རོ། །ཁའི་ནང་དུ་དུན་དུ་བའི་རིན་པོ་ཆེ་བཅུག་སྟེ། ཆུར་ཞུགས་ན་ཤཱཀྱའི་གནས་ ཀྱི་ནང་དུ་ཞུགས་པ་ལྟ་བུར་བློ་དང་ལྡན་པར་འདོད་པས་གནས་སོ། །སོ་ན་གའི་ས་བོན་གྱིས་རྐང་པའི་ལྷམ་ཟུང་བྱས་ན་ཆུའི་སྟེང་དུ་སྐྱེས་བུ་ཤིན་ཏུ་རྣམ་པར་དག་པ་གྲུར་ལྟ་བུར་ འཆག་ཅིང་འགྲོ་བར་འགྱུར་རོ། །མར་སར་དང་། བཙག་སྐྱ་བོ་དང་། དྲི་ང་བ་དང་། ཉའི་མར་ཁུའི་ཚིགས་མས་བུག་པ་ཐམས་ཅད་བྱུགས་ན། སྐྱེས་པ་བློ་དང་ལྡན་པ་ཆུ་སྲིན་ལྟ་བུར་རྒྱུ་བར་འགྱུར་རོ། ། 86-1-315a ས་བོན་དང་། ཀ་ན་ཀའི་དྲུངས་པ་ཆེན་པོའི་སྲིན་བུའི་ཕྱེ་མ་དང་ལྡན་པ་དང་། ཀོ་ཀྐི་ལ་རྣམས་ཀྱིས་སྐྱེས་པ་འདྲེར་བྱེད་པར་འགྱུར་རོ། །བུ་རཾ་དང་། ཨ་ར་ན་ལ་ དག་གིས་ནི་ཕྱིར་ཟློག་པར་བྱེད་དོ། །སྐྱེ་བ་གཉིས་པ་དང་། བྱི་ལ་དང་། སྤྲེའུ་དང་། རང་འཚེད་དང་། ཁྭའི་དགྲ་དང་། སྲེ་མོང་གི་སྤུ་རྣམས་བརྡུངས་ཤིང་། ཙ་ར་མའི་རྟུག་པའི་ཕྱེ་མས་ འཇིག་རྟེན་པ་ཐམས་ཅད་སྨྱོ་བར་བྱེད་དོ། །བ་གླང་ཚེའི་རྔ་མ་དང་། ཁ་གཉིས་པའི་གཤོག་པ་གཡས་པ་དང་ལྡན་པ་མལ་དུ་བཅུག་ན་མྱུར་དུ་དགྲ་བོ་རྗེད་བྱེད་ཀྱིས་འཇིགས་པར་ བྱེད་དོ། །ཀ་ན་ཀའི་འབྲས་བུ་དང་། མ་དུ་ལུང་ག་དང་། ཕུག་རོན་དང་། རྨ་བྱ་དང་། ཟངས་ཀྱི་གཙུག་པུད་ཅན་གྱི་ལན་གཅིག་སྨྱོ་བར་བྱེད་ཅིང་བློ་གྲོས་དང་བྲལ་བར་བྱེད་དོ། ། སྐྲའི་ལས་ཀྱི་མཐའ་ཡིན་ནོ། །ཀ་ན་ཀའི་འབྲས་བུ་བླངས་ནས། དམ་ཚིག་ཆེན་པོ་དང་། སྲིན་བུའི་ཕྱེ་མ་དང་བསྲེགས་ནས་བཟའ་བ་དང་བཏུང་བ་ལ་སྦྱར་ན་དེའི་སྐད་ཅིག་ ལ་སྨྱོ་བར་འགྱུར་ཏེ། ཉི་མ་བདུན་གྱིས་འཆི་བར་འགྱུར་རོ། །ཚ་བའི་མར་ཁུས་པི་ཙུ་མརྡའི་ཤིང་ལ་གཏོར་ཟན་གྱི་ཚང་བླངས་ཏེ་བྱུགས་ནས། ལག་པ་དེ་ཉིད་ཀྱིས་མ་ རེག་པར་དུར་ཁྲོད་དུ་ཤིང་བསྲེགས་པའི་ཐལ་བ་བླངས་ནས་གང་གི་སྤྱི་བོར། བྱིན་པ་དེ་སྐྲོད་པར་བྱེད་དོ། །ཁྭ་དང་འུག་པའི་གཤོག་པ་དག་དང་། བྲམ་ཟེ་དང་། གཅེར་བུ་པ་དག་ གི་སྐྲ་གཅིག་ཏུ་བྱས་ནས་དྷ་དུ་རའི་ཤིང་ལ་མེ་སྦར་ནས། དུ་བ་མེད་པར་བསྲེགས་ཏེ། དེའི་ཐལ་བ་བླངས་ལ་སྐྱེས་པའམ་བུད་མེད་ཀྱི་གནས་མལ་གྱི་འོག་ཏུ་བཅུག་ན་དེའི་སྐད་ཅིག་ལ་སྡང་ 86-1-315b བར་འགྱུར་རོ། །རྣམ་པར་ཤེས་པ་དང་ཡེ་ཤེས་སོ། །ཡང་ན་དབང་དུ་བྱ་བར་འདོད་ན་དགའ་བ་དང་བཅས་པ། དཀར་མོའི་སྙིང་པོའི་ནུས་པ་མདའི་རྨ་ཕྱེ་མར་བྱས་ནས། འདོད་པའི་ཕྱེ་མས་ རང་གི་ས་བོན་དང་ལྡན་པས་རྒྱལ་ལ་བདག་པོའི་བརྟུལ་ཞུགས་མ་ཡང་དབང་དུ་བྱེད་དོ། །སྐྱེས་མ་སྐལ་བ་ངན་པ་བཟུང་ནས་ར་ན་རའི། ཤིང་གི་ཡལ་གའི་ཚིགས་མ་དང་། གླང་པོ་ཆེའི་ ཆང་མཉམ་པར་བུ་མོའི་ལག་པར་གཞག་ན། སྐལ་བ་བཟང་བ་པོ་སྟེང་དུ་འདྲེན་པར་བྱེད་དོ། །བྷུ་ཏ་ཀེ་ཤི་དང་། རུ་དན་ཏི་དང་། དཎྜ་ཨུཏྤ་ལ་དང་། ཧ་ས་དེ་བ་དང་། ཕྱོགས་ཀྱི་ཆུ་དང་། བདག་ཉིད་ཀྱི་མྱོས་བྱེད་དང་བཏགས་པས་སྐད་ཅིག་གིས་བརྐྱང་མ་དབང་དུ་བྱེད་དོ། །བུཏྟ་ཉྫ་རི་དང་། ཨ་པ་ན་ཏ་དང་། རྟག་ཏུ་ངུ་དང་། དཎྜ་ཨུཏ་པལ་ལྷན་ཅིག་བཏགས་ པའི་ཕྱེ་མ་དང་། ཕྱོགས་ཀྱིས་ཆུས་སམ་རེག་པ་ཉིད་ཀྱིས་འགྲོ་བའི་ཡན་ལག་མ་དབང་དུ་བྱེད་དོ། །བིཥྞུ་ཀྲཱན་ཏྭ་དང་། སྲ་བན་ཏི་དང་། ལ་ཀྵ་ཎ་དང་། ཨ་བ་ན་ཏཱ་དང་། མིག་ལས་བྱུང་བ་དང་། ཕྱོགས་ཀྱི་ཆུ་ལྷན་ཅིག་བཏགས་པའི་ལྷའི་དབང་པོའི་བརྐྱང་མ་ཡང་། སྐད་ཅིག་གིས་དབང་དུ་བྱེད་དོ། །འདི་ན་ཀ་ར་དཀར་པོའི་ཤིང་གི་རྩ་བ་དང་། མཉྫིཥྚ་དང་། མཆིལ་བ་དང་། ཀུཥྚ་དང་། རང་གི་ཡན་ལག་གི་རྨ་ལས་བྱུང་བ་དང་། དི་ག་དྷི་འདི་རྣམས་ཀྱིས་གནས་གསུམ་པོ་དབང་དུ་བྱེད་དོ། །ར་མ་དུ་ཏཱི་ 86-1-316a དང་། རུ་དན་ཏི་དང་། ཀྵི་ར་མི་དང་། བདག་གི་མྱོས་བྱེད་དང་བསྲེས་ཤིང་སེང་ལྡེང་དང་བཏགས་པའི་རི་ལུ་དང་སོ་རྩི་ལྷན་ཅིག་པས་རང་བྱུང་གི་བརྐྱང་མ་ཡང་སྐད་ཅིག་གིས་དབང་དུ་བྱེད་དོ། །མ་ཧེ་ལ་བཅིངས་ པའི་སྣ་ཐག་དང་། ཀ་ན་ཀའི་ཤིང་གིས་རོ་བསྲེགས་པའི་ཐལ་བ་དང་ཡན་ལག་ཅན་ཤི་བའི་རོ་བསྲེགས་པའི་མེ་མདག་ཀ་ན་ཀའི་ཁུ་བ་བསད་པའི་ཕྱེ་མ་དང་། བདག་མྱོས་བྱེད་ཀྱིས་ལྷའི་བདག་པོའི་བུ་མོ་ཡང་སྐད་ཅིག་གིས་ དབང་དུ་བྱེད་དོ། །རེག་པ་ལ་སོགས་པས་བདག་གི་ཡེ་ཤེས་སོ། །ཤི་ཁ་དང་། མཁའ་འགྲོའི་བདག་པོའི་འཁོར་ལོ་དང་། ལྷའི་བདག་པོའི་སྦས་པ་དང་། བ་བླ་དང་། བ་ལང་གི་འགི་ཝང་དང་། ལྡོང་རོས་དང་ལྡན་པས་ དཔྲལ་བར་ཐིག་ལེ་བྱས་ན་སྐད་ཅིག་གིས་དབང་དུ་བྱེད་དོ། །དུརྦ་དཀར་པོ་དང་། རི་དགས་ཀྱི་དུརྦ་དང་། བ་ལང་གི་འགི་ཝང་དང་། ལྷན་ཅིག་པས་དཔྲལ་བར་ཐིག་ལེ་བྱས་ཤིང་ལྷན་ཅིག་མཐོང་བས་མིའི་དབང་པོ་ ཡང་དབང་དུ་བྱེད་དོ། །ནམ་མཁའ་ལྡིང་གི་བདག་པོའི་འཁོར་ལོ་དང་། ལྷའི་བདག་པོའི་སྦས་པ་དང་། ཨ་བ་ན་ཏའི་རལ་པ་དང་། རུ་དན་ཏི་དང་། ཕྱོགས་ཀྱི་ཆུ་དང་བཏགས་པའི་ཕྱེ་མས་མའི་བདག་པོའི་བརྐྱང་མ་ཡང་ སྐད་ཅིག་གིས་དབང་དུ་བྱེད་དོ། །སྐྱེས་པ་བག་མ་སར་པ་མངོན་པར་བླངས་པ་ཤི་བའི་མེ་དོག་དང་། དབང་ཕྱུག་ཆེན་པོ་ལ་བྷན་དུ་ཀའི་མཆོད་པའི་སྤྱི་བོའི་མེ་ཏོག་དང་། སྐྱེས་པ་ཤི་བ་དང་མཚུངས་པར་གཡོན་པ་ བསྲེགས་པའི་ཐལ་བ་དང་། བདག་གི་མྱོས་བྱེད་ལྷན་ཅིག་པས་བསྣུན་པའི་བུད་མེད་ཕྱི་ནས་རྗེས་སུ་འབྲང་བར་འགྱུར་རོ། །བིཥྚུ་ཀྲཱན་ཏ་དང་ལྡན་པའི་བདག་པོས་སྦས་པ་དང་། མཚན་ཉིད་དང་། དུ་བ་དང་། ལྟོའི་ སྲིན་བུ་དང་། ལྷན་ཅིག་ནམ་མཁའི་ཆུ་དང་བཏགས་པའི་ཕྱི་མས་སྐད་ཅིག་གིས་དབང་དུ་བྱེད་དོ། །ཨུ་གྲཱ་དང་། ཙྪནྡ་དང་། དཀར་པོ་དང་། བྃ་སེ་དང་། ཀ་ན་བྷི་དང་། ཨིན་དྲ་ཡ་བ་མཉམ་པ་འདི་རྣམས་ 86-1-316b དང་ལྡན་པས་མན་ངག་ལས་ཐིག་ལེ་བྱས་པས་དབང་དུ་བྱེད་དོ། །ཤྲཱི་རི་ས་ཀ་ལ་དང་། ཨ་ནུ་ཎ་དང་། ཙནྡན་དང་། རི་བོང་འཛིན་པ་འདི་རྣམས་ཀྱིས་མཉམ་པར་ཤིན་དུ་སྦྱར་བ་དང་། དྲང་སྲོང་གི་བུ་མཁའ་འགྲོ་ མའི་ཁྲག་གིས་བྱུགས་པའི་ཐིག་ལེས་འགྲོ་བ་དབང་དུ་བྱེད་དོ། །ཛ་ཡན་ཏི་དཀར་པོའི་ས་བོན་དང་། དེ་བཞིན་དུ་གི་རི་ཀར་ཎྞི་ཀ་དཀར་པོའི་ས་བོན་དང་། ལྷན་ཅིག་འགི་ཝང་དང་དེ་ཡང་ཕག་གི་སོས་བཏགས་ཏེ། རྒྱལ་ལ་དཔྲལ་བར་ཐིག་ལེ་བྱས་ཤིང་རྒྱལ་པོའི་དབང་པོ་ལ་བལྟས་ན་ཁྲོ་བར་མི་འགྱུར་རོ། །ཐིག་ལེ་འབྱུང་བར་བྱེད་པའི་ཡེ་ཤེས་སོ། །ཡང་ན་རི་ལུ་བྱ་བར་འདོད་པས་བྱི་ལ་ནག་པོའི་དྲི་མ་དང་། བྱ་རོག་ནག་ པོའི་མིག་དང་། ཕག་ནག་པོའི་རྣ་བ་གཡོན་པའི་ཁྲག་བཏག་ཅིང་བདེ་བར་གཤེགས་པའི་གདུང་གི་དངོས་པོའི་རི་ལུ་ཉི་མ་དང་། ཟླ་བ་དང་། མེའི་ནང་དུ་སོན་པར་སོ་སོར་དཀྲིས་པ་རྒྱ་ལ་བསྒྲུབ་ཅིང་རང་འདོད་པའི་ལྷའི་ སྔགས་ཀྱིས་བཟླས་པས་འགྲུབ་པར་འགྱུར་ཏེ། ཁར་བཅུག་ན་དཔལ་དང་ལྡན་པ་གནོད་སྦྱིན་ལྟར་འདོད་པའི་གཟུགས་ཅན་དུ་རྣམ་པར་སྤྱོད་དོ། །ཡང་ན་ངང་མོ་ནག་མོའི་མིག་དང་། བྱ་རོག་ནག་པོ་དང་། འུག་པ་ནག་པོའི་མིག་དང་། ཁུ་བྱུག་ནག་པོའི་མིག་དང་། བདེ་བར་གཤེགས་པའི་གདུང་དུ་ཡིད་ཆེས་པ་དང་། བཛྲིའི་འོ་མས་རི་ལུ་བྱས་པ་ཉི་མ་དང་། ཟླ་བ་དང་། མེའི་ནང་དུ་སོན་པར་དཀྲིས་ནས་ཁར་བཅུག་ ན་མི་སྣང་བར་བྱེད་དོ། །ཡང་ན་གདུང་གི་དངོས་པོའི་རི་ལུ་སྐྱེས་པ་ཤི་བ་དང་མཚུངས་པར་བུད་མེད་བསྲེགས་པའི་ཐལ་བ་དང་། ཀ་པིཏྠ་ཡོངས་སུ་སྨིན་མའི་ཕྱེ་མ་དང་། སརྫ་ར་རྫའི་ཁུ་བ་དང་། རྡུལ་དང་། དེ་ཡོངས་སུ་བཏགས་པས་བདེ་བར་གཤེགས་པའི་གདུང་གི་དངོས་པོ་ཡིད་ཆེས་པ་ཉི་མ་དང་། ཟླ་བ་དང་། མེའི་ནང་དུ་སོན་བར་དེ་ཉིད་ཀྱིས་ཡོངས་སུ་དཀྲིས་ནས་རྒྱལ་ལ་བསྒྲུབ་ཅིང་རི་ལུ་ཁར་བཅུག་ནས་ 86-1-317a གནོད་སྦྱིན་ལྟ་བུར་འདོད་པའི་གཟུགས་ཅན་དུ་དཔལ་དང་ལྡན་པར་གནས་པར་འགྱུར་རོ། །ཡང་ན་སྲོ་ཏ་ཀ་དང་། རི་བོང་གིས་མཚན་མའི་ཚར་མ་དང་། སྦྲང་རྩི་དང་། སྦྲང་རྩི་ཅན་དང་། དང་པོའི་ མེ་ཏོག་དང་ལྡན་པ་དང་། པད་མ་སར་པའི་གེ་སར་དང་ལྡན་པའི་རི་ལུ་ལྕགས་གསུམ་གྱི་ནང་དུ་གནས་པས་སྦེད་པར་བྱེད་དོ། །ཡང་ན་ཨ་ཤོ་ཀ་སྔོན་པོ་རབ་ཏུ་རྒྱས་པའི་མྱུ་གུ་བུད་མེད་ཀྱི་ཁྲག་གིས་ལན་བདུན་དུ་ བྱུགས་ཤིང་ལྕགས་གསུམ་གྱི་ནང་དུ་བཅུག་པ་ཁར་བཅུག་པས་ནི་འགྲོ་བ་མ་ལུས་པ་སྦད་པར་བྱེད་དོ། །ཡང་ན་ཏ་ཀ་རའི་བྱང་ཕྱོགས་ཀྱི་རྩ་བ་ཕྱོགས་ཀྱི་གོས་ཀྱིས་བཏུམ་ཞིང་ཟླ་བ་གཟས་ཟིན་པ་ནི་རི་ལུ་ཉི་མ་དང་། ཟླ་བ་དང་། མེའི་ནང་དུ་བཅུག་ན་ཁའི་ནང་དུ་གནས་པས་མི་སྣང་བར་བྱེད་དོ། །བ་གླང་གི་འགི་ཝང་དང་། ཨང་གུ་ཏའི་ཤིང་གི་མེ་ཏོག་དང་། འགགས་ནས་ཤི་བའི་མིག་དང་། ཚིལ་བླངས་ཤིང་ཀ་གཉིས་པས་ཟོས་ པའི་ལྷག་མ་དང་ལྡན་པའི་རི་ལུ་འདི་ནི་བརྟགས་པའི་བརྐྱང་མ་ཞེས་བྱའོ། །ཡང་ཕའི་ཚལ་དུ་ཟླ་མཚན་གྱིས་མྱོས་པའི་བུ་མོ་མཉེས་པའི་རྫས་དང་། བ་བླ་དང་ལྡན་པས་དཔྲལ་བའི་གནས་ཀྱི་ངོས་ཀྱི་གནས་ སུ་ཐིག་ལེ་བྱས་ན་གནས་གསུམ་པོ་སྦེད་པར་བྱེད་དོ། །ཡང་ཨ་ཤོ་ཀ་སྔོན་པོའི་བྱང་གི་ཕྱོགས་སུ་ཁྭའི་ཚང་གི་མྱུ་གུས་དབྲལ་བའི་འགྲམ་དུ་ཐིག་ལེ་བྱས་ན་རྒྱུ་བ་དང་མི་རྒྱུ་བའི་འཇིག་རྟེན་ཐམས་ཅད་སྦེད་པར་ བྱེད་དོ། །ཕུག་རོན་གྱིས་ཁོང་པར་སྲོ་ཏའི་མིག་བཅུག་ནས་རོ་བསྲེག་གི་མེ་ལ་བསྲེགས་ཏེ། གྲུབ་པའི་མིག་སྨན་བྱི་ལ་དཀར་པོ་མ་ཡིན་པའི་ཁྲག་གིས་བསད་པས་སྦེད་པར་བྱེད་དོ། །ཡང་ན་ཏྲི་ཎཱ་སར་པའི་ཚོགས་ ཀྱི་མྱུ་གུས་བཏེག་པའི་ས་དང་། ས་ར་གྷ་དང་། ཏ་ལ་དང་ལྡན་པ་རྒྱལ་ལ་གྲུབ་པས་དཔྲལ་བའི་ངོས་སུ་ཐིག་ལེ་བྱས་ན་སྦེད་པར་འགྱུར་རོ། །ཡང་ན་རི་ལུ་མཆོག་ཏུ་གྱུར་པ་བ་བླ་དང་། བ་གླང་གི་འགི་རྦད་འདི་ 86-1-317b དག་གོང་གི་བསྟན་པའི་དགོས་པའི་རི་ལུ་མཆོག་འདི་སྒྲུབ་པའོ། །མི་སྣང་བའི་ཡེ་ཤེས་སོ། །དེ་ནས་མིག་སྨན་གྱི་སྦྱོར་བ་བཤད་པར་བྱ་སྟེ། ཤ་ལི་ཛ་ལས་བྱུང་བའི་མར་ཁུ་དང་ལྷན་ཅིག་དུར་ཁྲོད་ཀྱི་རས་ལས་བྱུང་ བའི་སྡོང་བུ་འབྱུང་པོའི་ཉི་མའི་མཚན་མོ་ཕའི་སྐྱེད་མོས་ཚལ་དུ་སྐྱེས་པའི་ཐོད་པ་གསུམ་གྱི་སྟེང་དུ་མར་ཁུ་དང་བཅས་པའི་མར་མེའོ། །དེའི་སྟེང་དུ་པད་མའི་འདབ་མ་གཞག་ནས་དགའ་མའི་ཐོད་པ་ལས་ དུ་བ་བླང་བར་བྱའོ། །དེ་ནས་ཉིན་མོ་འཇིགས་པའི་མགོ་བོ་བསྲེགས་ནས་ཙན་དན་དམར་པོ་དང་མང་དུ་བཏགས་ཏེ། དེ་ཉིད་ཀྱི་མཚན་མོ་རྡོའི་གཏན་པ་ལ་ཞིབ་ཏུ་བཏགས་ཤིང་ཕྱེ་མར་བྱའོ། །གོང་དུ་བླངས་ པའི་དུ་བ་དང་ལྷན་ཅིག་གཅིག་དུ་བྱས་ནས་བྱ་རྒོད་ཀྱི་ལྤགས་པའི་སྣོད་དུ་བཅིངས་ཏེ། བྱ་རྒོད་ཀྱི་རྗེ་ངར་གྱི་རྐང་ངམ། གོང་གི་མའི་རུས་པའི་ཐུར་མས་སོ། །དེ་མིག་སྨན་ཇི་ལྟར་བསྒྲུབ་པར་བགྱི། བཀའ་སྩལ་ པ། བྷ་གའི་ནང་དུ་སྔགས་པས་ཆོ་གས་བསྒྲུབ་པར་བྱའོ། །གྲུབ་པའི་མིག་སྨན་གྱི་སྦྱོར་བའི་ཡེ་ཤེས་སོ། །དེ་ནས་ལས་ཀྱི་ཆོ་ག་བཤད། །བཟླས་དང་བསམ་གཏན་རྟག་དགའ་བ། །གང་གིས་སྒྲུབ་པོ་ འགྲུབ་འགྱུར་བའི། །བཅུད་ཀྱི་ལས་ཀྱི་ཆོ་ག་བརྗོད། །ཆོ་གའི་དངོས་པོ་མ་གང་ཡང་། །ཕོངས་པའི་སེམས་ཅན་བདེ་བ་འབབ། །རི་དང་རྒྱ་མཚོ་ལས་སྐྱེས་པ་དུ་མ་དང་། བྱས་པའི་སྐྱུར་པོ་དང་། བུ་དང་། མདུད་པ་དང་། རྡོའི་གཏན་པ་ལ་ཚན་ཏེ་ལ་ཡང་དང་ཡང་མཉེས་ནས་སྣུ་ཧི་དང་། རིའི་ཟེ་འབྲུ་དང་། རོལ་བ་དང་། འདབ་མའི་ཆུ་སིངས་པོ་དང་བཅས་པར་ཟངས་ཀྱི་སྣོད་དུ་བསྐོལ་བར་བྱའོ། །ལྕགས་བླངས་ ནས་སྦྱར་བར་བྱ་ཞིང་བ་གུ་ལ་དང་། ཨུཏ་པ་ལ་ཆེན་པོའི་ཆ་དང་ལྡན་པར་ཇི་སྲིད་དུ་མར་སར་བྱུང་བ་དེ་སྲིད་དུ་མཉེ་བར་བྱའོ། །དེ་མ་ཐག་དུ་རྡོ་རྗེ་ཅན་གྱི་འོ་མས་བཏགས་ནས་སིན་དུ་དང་ཚྭ་ལས་ཁུ་བར་འགྱུར་ 86-1-318a བ་སྟེ། ཟངས་དང་དངུལ་གྱི་ཆ་དང་གསེར་ལྷན་ཅིག་པའི་ཆ་ཀྱོང་བུ་ཁ་བཀབ་པར་བཞུ་ཞིང་། དེ་ནས་བྲིའི་རྡོ་བ་ཕྱེད་ཙམ་དུ་སྦྱིན་པར་བྱས་ལ་གསེར་ཕྱེད་ཀྱི་ཚད་གཞུག་པར་བྱའོ། །བཅུད་ཀྱི་ ཡེ་ཤེས་སོ། །དེ་ནས་བཅུད་ལེན་བཤད་པར་བྱ། །ཐམས་ཅད་སྙིང་པོ་ཀུན་བསྡུས་པ། །དུས་ཀྱི་འཆིང་བར་གནས་ནས་ནི། །རྣལ་འབྱོར་ཕྱག་རྒྱ་བསྒྲུབ་པར་བྱ། །གཞི་མཉམ་ཉིད་དང་གླ་རྩི་དང་། །ཙན་དན་ དམར་པོ་ག་བུར་ཉིད། །སཱ་ལུ་སྐྱེས་དང་སིཧླ་དང་། །ཀུན་དུ་རུ་དང་ཀཀྐོ་ལ། །དེ་བཞིན་རྐང་གི་སྙིང་པོ་ཉིད། །འདི་རྣམས་སྨན་ནི་ཆེན་པོ་ཉིད། །དུས་ནི་དྲུག་དུ་འོད་ཟེར་ཅན། །དཔྱིད་དང་སོ་ག་ཉིད་དང་ནི། ། དེ་བཞིན་དུ་ནི་དབྱར་ཉིད་དང་། །སྟོན་གྱི་དུས་དང་དགུན་སྟོད་དང་། །དེ་བཞིན་གཞན་ཡང་དགུན་སྨད་དོ། །དཔྱིད་ལ་ཆོ་ག་ཉི་ཤར་ན། །སོ་ཀ་མཁས་པས་ཉིན་ཕྱེད་ན། །དབྱར་ལ་ཉི་མ་བསྙུར་བ་ན། །སྟོན་ ནི་དེ་བཞིན་ཉི་ནུབ་ན། །དགུན་སྟོད་ལ་ནི་ནམ་ཕྱེད་ན། །དགུན་སྨད་ལ་ནི་ཐོ་རངས་སོ། །དུས་ཀྱི་སྦྱོར་བ་མཆོག་འདི་ནི། །ཞལ་མཆོག་མ་ནི་ཁྱོད་ལ་བཤད། །དགུན་སྟོད་དུས་སུ་ནམ་ཕྱེད་ན། །མེ་ཏོག་ཏུ་ནི་ གསུངས་པ་ཉིད། །དཔྱིད་ལ་ཡང་ནི་གཞི་མཉམ་ཉིད། །ཉི་ཤར་དེ་བཞིན་དངོས་གྲུབ་སྟེར། །དབྱར་ལ་ཉི་མ་བསྙུར་བ་ན། །གླ་རྩི་ཡིད་དུ་འོང་བ་ཉིད། །སོ་ཀར་དོན་ཀུན་གྲུབ་པ་པོས། །ཉི་མ་ཕྱེད་ན་རྐང་སྐྱེས་ ཉིད། །སྟོན་ཀ་པད་མ་བསྣུན་པ་ཉིད། །སྲོད་ལ་དངོས་གྲུབ་བྱེད་པ་ཉིད། །དགུན་སྨད་ལ་ནི་ཐོ་རངས་ན། །ཁྱད་པར་དུ་ནི་ག་བུར་ཉིད། །རྣལ་འབྱོར་མཆོག་རབ་འདི་ཉིད་ནི། །ཤིན་ཏུ་མཉམ་པར་གཞག་ པར་བྱེད། །རྒ་དང་འཆི་ལས་རྣམ་གྲོལ་བར། །འགྱུར་བ་འདི་ལ་ཐེ་ཚོམ་མེད། །བུ་དང་གྷན་དྷ་ག་ཉིད་དང་། །མཆོག་དང་ཡང་དག་ལྡན་པར་ནི། །མར་གྱིས་ཁྱབ་པར་བྱས་ནས་ནི། །ལས་རྣམས་ཀུན་ལ་ 86-1-318b སྦྱར་བར་བྱ། །རྫས་ནི་བཅུ་བཞི་བླངས་ནས་ནི། །དགུ་དང་འབད་པས་བཟའ་བར་བྱ། །ཟླ་བ་ཉི་མའི་རྣམ་པའི་ཆས། །ཇི་ལྟར་འདོད་པའི་ལས་རྣམས་བྱ། །ཉི་མ་བདུན་ཕྲག་གསུམ་གྱིས་འགྲུབ། །སོ་དང་ སེན་མོ་སྐྲ་ལྟུང་ཞིང་། །ཡང་ནི་ཉེ་བར་སྐྱེ་བར་འགྱུར། །གྲུབ་ན་ཁམས་རྣམས་ཐམས་ཅད་ནི། །གསེར་གྱི་དངོས་པོར་བྱེད་པར་འགྱུར། །དེ་ནས་འབྲུ་མར་གྱི་ཆོ་ག་བཤད་པར་བྱ་སྟེ། པད་མ་ལས་སྐྱེས་པ་ དང་། བོ་ལ་ལས་སྐྱེས་པའི་མར་ཁུ་ཉིད་དང་། གཞི་མཉམ་འདི་དག་མཉམ་ཞིང་མཉམ་པར་ལྡན་པ་དང་། ཡུང་བ་དཀར་པོ་མ་ཡིན་པའི་ཚིགས་མ་དང་། བོ་ལའི་ཆུ་དང་བཅས་པ་དང་། གུ་ཌུ་ཙིའི་སྙིང་པོ་ བླངས་ནས་ཐམས་ཅད་དུ་བ་གླང་གི་འོ་མས་བྱའོ། །དེ་ནས་ཆ་བཤད་པར་བྱ་སྟེ། ཕྱེ་མ་སྲང་སུམ་བཅུ་རྩ་གཉིས་བླངས་ནས་ཆུ་ཉིས་འགྱུར་དང་། ཇི་སྲིད་ཁམ་ཕོར་བཞི་ཆ་ལུས་པ་དེ་སྲིད་དུ་བསྐོལ་བར་ བྱའོ། །བོ་ལ་གསུམ་དང་། ཇི་ལྟར་རྗེས་སུ་རིམ་པས་ལན་གསུམ་དུ་བསྒྲུབ་པར་བྱའོ། །འབྲུ་མར་བཞི་འགྱུར་གྱི་འོ་མ་དང་། གུ་ཌུ་ཙི་ཏ་དེའི་ཕྱེད་དང་། དེའི་ཕྱེད་ཀྱི་ཚིགས་མར་གྱུར་པ་དང་། གོང་དུ་གསུངས་ པའི་རྫས་དང་། ལྷན་ཅིག་གཅིག་ཏུ་བྱས་ནས་ཞན་པས་བཙོ་བར་བྱའོ། །གལ་ཏེ་འདི་དེའི་ཚེ་འབྲིང་པོ་ལ་ནི་གུ་ཌུ་ཙི་ཕྱི་རོལ་དུ་གནས་སོ། །མགོ་བྱུག་པ་ལ་ནི་དྲག་པོར་གསུངས་ཏེ། བཙོ་བ་གསུམ་ནི་ མཆོག་ཏུ་འདོད་དོ། །སྣར་བླུགས་པ་ལ་ནི་སྲང་བཅུའོ། །བཏུང་བ་ལ་ནི་སྲང་བརྒྱར་གསུངས་སོ། །བྱུག་པ་ལ་ནི་རྣལ་འབྱོར་པ་ཤིན་དུ་མཉམ་པར་གཞག་པས་བརྒྱ་རྩ་བརྒྱད་དུ་བྱའོ། །སྣར་བླུགས་པས་ནི་ལོ་ སྟོང་ཐུབ་པར་འགྱུར་རོ། །བཏུང་བ་ལ་ནི་དེ་བཞིན་དུ་ལྔ་བརྒྱའོ། །མགོ་བོ་བྱུག་པ་ལ་ནི་སུམ་བརྒྱའོ། །དེའི་ཚིག་ལ་ཐེ་ཚོམ་མེད་དེ་ལྷའི་གཟུགས་སུ་འགྱུར་བ་དང་། དབྱངས་སྙན་པར་འགྱུར་བ་དང་། 86-1-319a རྟག་ཏུ་སྡུག་པར་འགྱུར་ཞིང་བསྟན་བཅོས་ཐམས་ཅད་རྒྱས་པར་ཤེས་ཤིང་ལུས་གསལ་ཞིང་གཟི་བརྗིད་ཆེ་བ་དང་། བགེགས་ཐམས་ཅད་འཇོམས་པར་བྱེད་དོ། །གཞི་མཉམ་བླངས་ནས་སྐམ་ པོར་བྱས་ནས་འོ་མ་དང་ལན་མང་དུ་བཏགས་པར་བྱའོ། །བ་གླང་གི་ལྕི་བའི་མེས་མི་སྣང་བར་བསྲེགས་ནས་འབྲུ་མར་བླངས་ཏེ་འབྲུ་མར་ནག་པོ་གཉིས་དང་། མར་ཁུ་བཅུ་གཉིས་དང་། འབྲུ་མར་གྱི་ཉིས་ འགྱུར་གྱི་འོ་མ་དང་ལྷན་ཅིག་གཅིག་ཏུ་བྱས་ནས་ཆོ་ག་བཞིན་དུ་བྱས་པས་རྣལ་འབྱོར་པས་བཙོ་བར་བྱའོ། །གསེར་བཞི་དང་། འབྲས་བུ་གསུམ་དང་། ནྲི་བ་དང་། ཙི་ཏི་དང་། ཏ་ལ་དང་། འདི་རྣམས་ཀྱིས་ རིམ་པ་འཕེལ་བའི་ཚིགས་མར་བརྗོད་པ་དང་། མཚན་མོ་དང་། བ་ཀུ་ཙི་དཀར་པོ་དང་། ཨུཏ་པ་ལའི་སྙིང་པོ་དང་། ལྕགས་ཀྱི་དྲི་མ་དང་། དྲིའི་རྡོ་དང་། གུ་གུལ་དང་། སརྫ་ར་རྫ་དང་། ག་པུར་དང་། རི་དགས་ ལས་སྐྱེས་བར་བརྗོད་པ་དང་། རྫས་འདི་རྣམས་དང་། མར་ཁུས་བཙོས་པས་ནད་མེད་ཅིང་ཚེ་རིང་བར་འཕེལ་བར་བྱེད་དོ། །མགོ་བོ་ལ་བྱུགས་ན་གཉེར་མ་དང་སྐྲ་དཀར་སིལ་བར་བྱེད་ཅིང་ནད་ཐམས་ཅད་ འཇོམས་པར་འགྱུར་བ་ཉིད་དུ་ཐེ་ཚོམ་མེད་དོ། །དེ་ནས་ལུས་ཀྱི་བྱུག་པའི་འབྲུ་མར་གྱི་ཆོ་ག་བཤད་པར་བྱའོ། །དེ་ཉིད་ཀྱིས་འབྲུ་མར་དེ་འོན་ཀྱང་ཁྲག་སེལ་བར་བྱེད་པ་དང་། གསེར་གྱི་ཤིང་དང་། བརྟན་པར་ རབ་ཏུ་སྐྱེས་པ་དང་། སིན་དྷུ་བཱ་རཻ་དང་། ལྷན་ཅིག་གོང་དུ་གསུངས་པའི་ཆོ་གས་སྔགས་པས་ཆུ་བསྒྲུབ་པར་བྱའོ། །དེའི་རྗེས་སུ་ཤྱ་མ་དང་། པྲི་ཡ་དང་། ཀེ་ཤ་རི་དང་། བ་ཀུ་ལ་དང་། རིག་པ་འཛིན་མ་དང་། ནཱ་ག་དང་། འཁོར་ལོ་འཐག་པ་དང་། མཚན་མོ་རྒྱུ་བ་དང་། ཀ་ན་ཀ་དང་ཤི་གི་དང་། པྲ་པར་དང་། བྷུ་ཏཱ་རི་དང་། པ་ར་ཧྲི་ད་དང་། བལླ་བྷི་དང་། གྲོལ་བ་དང་། ལག་པའི་རྩིབས་དང་། མ་ཛ་རི་དང་། གསེར་ཤིང་དང་། 86-1-319b བ་ཙ་དང་། བ་ཀུ་ཙ་དང་། སྤྲིན་གྱི་ཤིང་དང་། ཡུང་བ་དང་། མན་ཛཥྛ་དང་། ནད་ཀྱི་དབང་པོ་དང་། གླང་པོའི་སྟོབས་འདི་དག་གིས་ནི་ནད་ཐམས་ཅད་འཇོམས་པར་བྱེད་དོ། །ཙན་དན་གཉིས་དང་། རི་དགས་ཀྱི་ཆང་ དང་། ག་པུར་དང་། ཤ་ལ་ཀི་དང་། ན་ཁ་དང་། བུ་རམ་དང་མཉམ་པར་ལྡན་པའི་བདུག་པ་ནི་འདོད་པའི་དོན་ཐམས་ཅད་སྒྲུབ་པར་བྱེད་དོ། །གཡན་པ་དང་། ཤུ་བ་དང་། ཟེ་འབྲུམ་དང་། ཡན་ལག་ལས་སྐྱེས་པའི་ དུག་ཐམས་ཅད་འཇིག་པར་བྱེད་དེ། ལྷ་མོ་ངས་གསུངས་པ་ལ་ཐེ་ཚོམ་མི་བྱའོ། །ཡུང་བ་དང་། སྲིད་པའི་རྡུལ་དང་། སིན་དུ་བ་ར་དང་། ལྷ་ཁང་གི་སོ་ཕག་གི་རྡུལ་དང་། ཀ་ན་ཀའི་འདབ་མའི་ཚིགས་མ་དང་། གླ་རྩི་དང་། བཞི་མཉམ་འདི་དག་མཉམ་པ་དང་། རྐུན་མ་དང་། ཀེ་མ་སུ་དང་། ལྷན་ཅིག་པས་ནད་རྣམ་པ་སྣ་ཚོགས་པ་སྲིན་བུ་དང་། མཛེ་དང་། ཡན་ལག་ལས་སྐྱེས་པའི་དུག་ལས་བྱུང་བ་ཡང་འཇིག་པར་ བྱེད་ན་ཡང་བ་ཀུ་ཙི་དང་ལྷན་ཅིག་པ་ལྟ་སྨོས་ཀྱང་ཅི་དགོས། ལུས་བྱུག་པའི་ཆོ་གའོ། །དེ་ནས་སྐ་བ་གསུམ་དང་བཞི་མཉམ་ལྷན་ཅིག་ཕྱེ་མར་བྱས་ནས། གླ་རྩི་གྲང་མོ་དང་ལྷན་ཅིག་ལོ་གཅིག་ཏུ་བརྟུལ་ཞུགས་ ཅན་གྱིས་བཏུང་བར་བྱའོ། །དེ་ལྟར་ཁོང་དུ་སོང་བའི་ནད་རྣམ་པ་སྣ་ཚོགས་པ་བད་ཀན་ལ་སོགས་པ་ལྟུང་བར་བྱེད་དོ། །ཞུ་ན་སྔགས་པའི་སྐྲ་དཀར་པོ་ལ་སོགས་པ་འཇིག་པར་བྱེད་དེ། གཞན་དུ་ནི་མ་ཡིན་ནོ། ། ཡང་ན་བཞི་མཉམ་བླངས་ནས་ཞིབ་པར་ཕྱེ་མར་བྱས་ནས་འབྲས་བུ་གསུམ་དང་ལྷན་ཅིག་མར་དང་སྦྲང་རྩིས་བརྫིས་ནས་ཞོ་གཉིས་བཟའ་བར་བྱའོ། །དེ་ནས་གཟུགས་བཟང་པོར་འགྱུར་ཞིང་ལོ་སུམ་བརྒྱ་ འཚོ་བར་འགྱུར་རོ། །དེ་ནི་རློན་པས་ཀྱང་ཡིན་མོད་ཀྱི་འོན་ཀྱང་མར་དང་སྦྲང་རྩི་དང་བྲལ་བའོ། །ཡང་ན་སྐ་བ་གསུམ་བླངས་ནས་ཕྱེ་མ་ཞིབ་མོར་བྱའོ། །བྱི་ལའི་རྐང་རྗེས་ཙམ་ལས་རིམ་པས་འཕེལ་ 86-1-320a བས་གླ་རྩི་འབྲིང་པོ་ཤིན་དུ་བསིལ་བར་བྱས་ནས་རྣལ་འབྱོར་པས་བདག་གི་ནུས་པ་ཉེ་བར་བརྟགས་ནས་བཏུང་བར་བྱས་ན་རླུང་དང་། བད་ཀན་འཇོམས་པ་དང་། སྐྲ་དཀར་སེལ་བར་བྱེད་ལ་དྲོན་མོས་ནི་ སྐྲ་དཀར་བྱེད་པ་ཡིན་ནོ། །ཡང་ན་འབྲས་བུ་བླངས་ནས་འོ་མ་དང་ཆུར་བཙོ་བར་བྱ་སྟེ་མགོ་བོ་བསྐུ་བར་བྱའོ། །དབང་པོའི་སྟན་དང་། འབྲས་སཱ་ལུ་དམར་པོ་དང་ལྷན་ཅིག་བཏགས་པར་བྱས་ལ་འཁུར་བ་བྱས་ཏེ་མར་གྱིས་ བཙོས་ནས་སྒྲང་རྩི་དང་ལྷན་ཅིག་བཟའ་བར་བྱའོ། །དེ་ནས་ཟླ་བ་གསུམ་ན་ནད་ཐམས་ཅད་དང་། ཁྱད་པར་དུ་སྐྲ་དཀར་འཇོམས་སོ། །ཟླ་བ་དྲུག་ཏུ་སྦྱོར་བ་གོམས་པས་རྣལ་འབྱོར་པ་ཤིན་དུ་དབྱངས་སྙན་པར་ འགྱུར་བ་དང་། ཚིལ་བུ་དང་ལྡན་པར་འགྱུར་རོ། །ཟླ་བ་དགུ་ན་ལུས་བཟང་པོ་དང་། ཡིད་ལྟར་མགྱོགས་པ་དང་། ཐོས་པ་འཛིན་པར་འགྱུར་རོ། །ལོ་གཅིག་ན་ནི་གླང་པོའི་སྟོབས་ཉིད་དང་། ལོ་སུམ་ བརྒྱ་འཚོ་བར་འགྱུར་རོ། །ཡང་ན་གུ་མུ་ལ་དང་། ཞགས་པ་དང་། ཀུཥྟ་ཆ་གསུམ་དང་། མཱ་ག་དྷ་བཅུའི་ཆ་གཅིག་དང་ཆ་མཉམ་པའི་ཕྱེ་མ་དང་། བའི་འོ་མ་དང་ཕྱེ་མ་ཞོ་གཉིས་བསྲེས་ནས་ཡང་དག་པར་ བརྫིས་ཏེ། འདི་ཉི་མ་རེ་རེ་ལ་རྣལ་འབྱོར་པ་མཁས་པས་བཟའ་བར་བྱའོ། །རྣལ་འབྱོར་པས་ལོ་བརྒྱར་བྲག་སྟོང་པ་ལ་སོགས་པར་གནས་ན་ངེས་པར་ཤིན་དུ་ཡོངས་སུ་ཚིམ་པ་དང་། བཀྲེས་པ་དང་། སྐོམ་ པ་ལས་རྣམ་པར་གྲོལ་བར་འགྱུར་བས་སྨན་འདི་དང་ལྡན་པས་བྲག་སྟོང་པ་ལ་སོགས་པ་ལ་གནས་པར་བྱའོ། །སྦྱོར་བ་གཞན་ནི་རྒན་པོ་ལྟ་བུར་དོན་མེད་པའོ། །སྦྱོར་བ་མེད་པས་རྣལ་འབྱོར་པ་ཀུན་རྫོབ་གྱི་བདེན་ པའི་གནས་བྲག་འབབ་ཆུ་དང་བཅས་པ་དེའི་གནས་སུ་བསྒོམ་པར་བྱའོ། །དུས་ཀྱི་འཆིང་བ་མི་རིག་པར། །གང་ཞིག་རྣལ་འབྱོར་པར་འདོད་པ། །མཁའ་ལ་ཁུ་ཚུར་སྣུན་པ་དང་། །སྨིག་རྒྱུའི་ཆུ་ནི་འཐུང་བ་ 86-1-320b དང་། །བཀྲེས་ཕྱིར་ཕུབ་མ་རྡུང་བ་ལྟར། །དེ་ནི་ངལ་བ་དོན་མེད་ཅིང་། །དེ་ཉིད་འབྲས་བུ་འཐོབ་མི་འགྱུར། །ཡོ་གི་ཤིན་དུ་མཉམ་གཞག་པ། །དེ་ལྟར་ཆོ་ག་ང་ཡིས་བསྔགས། །ཡེ་ཤེས་ཐམས་ཅད་འབྱུང་བ་ཞེས་ བྱ་བ་ཚེ་རིང་བའི་ཚེའི་རིག་པ་སྟེ་བདུན་པ་ལས་རབ་ཏུ་བྱེད་པ་དང་པོའོ།། །། བཅོམ་ལྡན་བདག་ནི་ཉན་པར་འཚལ། །བཟླས་སོགས་སྦྱིན་སྲེག་ཇི་ལྟར་ལགས། །ཞི་རྒྱས་དབང་དང་མངོན་སྤྱོད་དང་། ། གཏོར་མ་མཆོད་སོགས་ཇི་ལྟར་ལགས། །སྦྱིན་སྲེག་ལོ་སོགས་མཚན་ཉིད་ནི། །ཇི་ལྟར་དེ་ཉིད་རྡོ་རྗེ་ཉོན། །དང་པོར་སྔགས་པས་འབུམ་བཟླས་བྱ། །ཕྱི་ནས་ལས་ནི་ཡང་དག་བརྩམ། །གཡས་བརྐྱང་བ་དང་ གཡོན་བརྐྱང་ཉིད། །མཉམ་སྟོབས་བི་ཤི་ཁི་ལྃ་ནི། །དེ་ལྟར་བྱས་ནས་རྣལ་འབྱོར་པས། །ཡང་ན་ཕྱི་ནས་རིག་མ་གཞུག །བྲམ་ཟེ་མོ་དང་རྒྱལ་རིགས་ཉིད། །རྗེའུ་རིགས་དེ་བཞིན་དམངས་མོ་ནི། །དེ་ ལྟར་ཆོ་ག་སྣ་ཚོགས་ཉིད། །དེ་ཚེ་སྦྱིན་སྲེག་ཡང་དག་བརྩམ། །ཞི་བ་ཐབ་ཁུང་ཟླུམ་པོ་ཉིད། །ཁྲུ་གང་ཚད་ཙམ་ཐིག་གདབ་བྱ། །བཏབ་ནས་ཁྲུ་ཕྱེད་བསྐོས་ནས་ནི། །འོག་དུ་ས་ལ་མཐོ་གང་ཁུང་། །ཙན་དན་ དཀར་པོས་ངོས་དག་བྱུག །དེ་ཡི་ཕྱི་རོལ་ཟླུམ་པོར་ས། །སོར་བཞི་པ་ཡི་མུ་རན་ཡིན། །རྒྱས་པའི་ཐབ་ཁུང་གྲུ་བཞི་སྟེ། །ཁྲུ་གཉིས་ཚད་དུ་རྣམ་པར་རྒྱས། །འོག་ཏུ་ཁུང་བུ་ཁྲུ་གང་བ། །མུ་རན་ལ་ནི་ སོར་བརྒྱད་ཉིད། །མེ་ཏོག་སེར་པོས་བརྒྱན་པ་དང་། །དྲི་ནི་སེར་པོས་རྗེས་སུ་བྱུག །མངོན་སྤྱོད་ཐབ་ཁུང་གྲུ་གསུམ་པ། །རྒྱར་ནི་སོར་མོ་ཉི་ཤུ་སྟེ། །འོག་གི་འཕང་དུ་སོར་མོ་བཅུ། །མུ་རན་ལ་ནི་སོར་ མོ་གསུམ། །དུར་ཁྲོད་སོལ་བས་བྱུག་པར་བྱ། །དབང་དང་དགུག་པ་ཐུན་མོང་སྟེ། །ཐབ་ཁུང་གཅིག་པའི་མཚན་ཉིད་གསུངས། །དགུག་པ་ཟླ་བ་ཕྱེད་པའི་དབྱིབས། །ཐབ་ཚད་ཁུང་བུ་ཐབ་ཁུང་ཕྱེད། ། 86-1-321a ཚད་གཟུགས་མུ་རན་བྱས་ནས་ནི། །དྲི་ནི་དམར་པོས་བྱུག་པར་བྱ། །ཞི་ལ་ཁ་དོག་དཀར་པོ་ཡིན། །རྒྱས་ལ་དེ་བཞིན་སེར་པོ་ཉིད། །གསད་པ་ཁ་དོག་ནག་པོ་སྟེ། །དབང་ལ་དེ་བཞིན་དམར་པོ་ཡིན། ། ཇི་ལྟར་དབང་ལ་དེ་བཞིན་དགུག །ཇི་ལྟར་གསད་ལ་དེ་བཞིན་སྡང་། །ཕྱོགས་ཀྱི་ཆ་ནི་བཤད་པར་བྱ། །ཤར་གྱི་ཕྱོགས་སུ་ཞི་བ་ཡིན། །ལྷོ་ཡི་ཕྱོགས་སུ་མངོན་སྤྱོད་ཉིད། །ནུབ་ཏུ་དབང་དང་དགུག་པ་སྟེ། །བྱང་ དུ་རྒྱས་པའི་ཐབ་ཁུང་ཉིད། །གོང་གི་ལས་ལ་ལྟོས་ནས་ནི། །རྡུལ་ཚོན་རྣམས་ནི་བཤད་པར་བྱ། །ཐབ་ཁུང་བརྐོ་བའི་བྱ་བའོ། །དེ་ནས་འབྲུ་སྣ་ཚོགས་ཀྱི་ཆོ་ག་བཤད་པར་བྱ་སྟེ། འབྲས་སཱ་ལུ་དང་། སོ་བ་ དང་། ཏིལ་དཀར་པོ་དང་། ནས་དང་། འབྲས་བུ་དང་། དཱུར་བ་དང་། འོ་མ་དང་། མར་དང་། སྦྲང་རྩི་དང་ལྷན་ཅིག་ཏུ་བདུད་རྩི་ལྔ་དང་བསྲེས་ལ། འོ་མ་ཅན་གྱི་ཤིང་ལྔ་ལས་སྐྱེས་པའི་རློན་པའི་ཤིང་ཡལ་ག་དང་ བཅས་པ་རྩེ་མོའི་ཆར་གནས་པ་འདི་སྦྲང་རྩི་དང་། འོ་མ་དང་། མར་ལ་གཉིས་ཀྱི་རྩི་མོ་བཏགས་ཏེ་བསྲེག་བླུགས་བྱའོ། །ཨུ་དུམ་བ་ར་དང་། བླཀྵ་ལས་བསྐྱེད་པའི་མེ་རབ་ཏུ་སྦར་ལ་ཞི་བར་འདོད་པས་ དུས་གསུམ་དུ་ཁ་ཤར་དུ་བལྟ་ཞིང་གནས་ནས་སྲེག་བླུགས་བརྒྱ་རྩ་བརྒྱད་བྱའོ། །དེ་ལ་དཀྱིལ་འཁོར་པ་ཡང་ཞི་བར་འགྱུར་རོ། །དེ་ནས་རྒྱས་པར་བྱ་བར་འདོད་ན་ཏིལ་ནག་པོ་དང་། མོ་སྲན་གྲེའུ་ དང་། སཱ་ལུ་དམར་པོ་དང་ནས་ལ་སོགས་པ་དང་། དེ་ཉིད་ཀྱིས་ཡམ་ཤིང་དུ་བརྗོད་པ་སྟེ། འོན་ཀྱང་ཁུ་ཚུར་གྱི་ཚད་དང་། ཁྲུ་གང་གི་ཚད་འོ་མ་དང་མར་ལ་བཏགས་ཏེ། གུར་ཀུམ་གྱི་དྲིའི་ཆུས་གཏོར་ ནས་མངར་གསུམ་དང་། ཞོ་དང་། ཟན་མཆོག་དང་། སྦྲང་རྩི་དང་། མར་དང་ལྡན་པ་དང་། མེ་ཏོག་བརྒྱ་པ་དང་། བིལ་བའི་འབྲས་བུ་དང་། པད་མ་དང་། ནཱ་ག་གེ་སར་དང་། འབྲུ་རྣམས་དང་། དེ་ནས་ 86-1-321b ཨུ་དུམ་བ་རའི་ཤིང་ལ་མེ་སྦར་ལ་ལས་ཀྱི་རྗེས་སུ་ལྷའི་རྣལ་འབྱོར་དམིགས་ཏེ། ཁ་བྱང་དུ་བལྟ་ཞིང་གནས་ནས་ཐུན་གསུམ་དུ་ཤིན་དུ་མཉམ་པར་གཞག་པས་སྟོང་ཕྲག་ཅིག་བསྲེག་བླུགས་བྱའོ། །ཉི་མ་བདུན་ གང་བ་ནི་ནོར་གྱི་བདག་པོ་ཆེན་པོར་འགྱུར་རོ། །དེ་ནས་དབང་དུ་བྱ་བར་འདོད་ན་ཏིལ་དམར་པོ་དང་། ནག་པོ་དང་། པྲི་ཡང་ཀུ་དང་། ནཱ་ག་གེ་སེར་དང་། ཙམ་པ་ཀ་དང་། ཨ་ཤོ་ཀ་དང་། བ་ཀུ་ལ་དང་། བཱ་ཎ་དང་། མེ་ཏོག་བརྒྱ་པ་དང་། དྲི་དང་། མར་དང་། སྦྲང་རྩི་དང་སྦྱར་ཞིང་། ལྷའི་ཤིང་དང་། བྷ་ཊ་དང་། པིཔྤི་ལི་དང་། ཨུ་དུམ་བ་ར་ལ་སོགས་པའི་ཤིང་རྣམས་ལས་བྱུང་བ་སོར་བརྒྱད་པ་དང་། ཤལླ་ཀི་དང་། གུ་གུལ་གྱི་ ཤིང་དག་དང་། སེང་ལྡེང་ཉིད་དང་། དྲི་བཟང་པོ་ལ་སོགས་པ་དང་། དེ་ནས་སྐྱེས་པ་དང་བུད་མེད་ཀྱི་རྡོ་རྗེའི་ཆུ་དང་། ལྷན་ཅིག་བསྲེགས་པས་གཟུགས་དམར་པོར་དམིགས་ནས་ཁ་ནུབ་ཏུ་བལྟས་ཏེ་གང་གི་མིང་ནས་བསྲེག་ བླུགས་བྱས་པ་དེ་ཞག་བདུན་གྱིས་དབང་དུ་བྱེད་དེ། ཇི་སྲིད་འཚོའི་བར་དུ་སྤོང་བར་མི་འགྱུར་རོ། །དེ་ནས་མངོན་སྤྱོད་བྱ་བར་འདོད་པས་ཏིལ་ནག་པོ་དང་། མོ་སྲན་གྲེའུ་ལ་སོགས་པ་དང་། བྷ་ལ་ཏ་ཀའི་ འབྲས་བུ་དང་། ནག་པོར་གྱུར་པ་དང་། ཡུངས་ཀར་གྱིས་མར་ཁུས་བསྐུས་ནས་ཁྲག་དང་བསྲེས་པས་ལྷན་ཅིག་ཤིང་ནག་པོ་འཁྱོར་པོ་ལས་སྐྱེས་པའི་ཚེར་མ་དང་། ཚྭ་བ་དང་། ཁ་བ་ལ་སོགས་པའི་ ཤིང་ཐམས་ཅད་ལས་སྐྱེས་པའི་སོར་བཅུ་བ་དང་། སྐྱེས་པའི་རུས་པ་དང་། རྣམ་པར་སྣང་མཛད་དང་། བོང་བུའི་སྦངས་དང་། སྤུ་དང་། ཁྱིའི་རྟུག་པ་དང་། སྤུ་དང་། སེན་མོ་དང་། བཅས་པར་ཐམས་ཅད་ འབྲུ་མར་གྱིས་ཡང་དག་པར་བྱུགས་ནས་རོ་བསྲེགས་པའི་མེ་ལ་མཉམ་པར་གཞག་པས་ཁ་ལྷོར་བལྟས་ཏེ་གང་གི་མིང་ནས་བརྒྱ་རྩ་བརྒྱད་བསྲེག་བླུགས་བྱས་ན་ཉི་མ་གསུམ་གྱིས་འཆི་བར་འགྱུར་རོ། ། 86-1-322a མ་ཤི་ན་མཐའ་གཅིག་ཏུ་གནས་ནས་མེའི་ཐབ་ཁུང་གྲུ་གསུམ་བྱས་ཏེ། གོང་དུ་གསུངས་པའི་རྫས་དེ་ཉིད་གདོལ་པའི་མེ་ལ་བསྲེག་བླུགས་བྱས་ན་དེ་ཉིད་ཀྱི་རྣལ་འབྱོར་གྱིས་མཐར་བྱེད་ཀྱི་གནས་སུ་ ཁྱེར་བར་འགྱུར་ཏེ་འདི་ལ་ཐེ་ཚོམ་མི་བྱའོ། །ཡང་ན་བསྒྲད་བྱ་བར་འདོད་པས་ཡུངས་དཀར་དང་། ཁྲེ་དང་། མོ་སྲན་གྲེའུ་དང་། རྐང་རྗེས་ཀྱི་རྡུལ་བསྲེས་ནས་ཁྲག་དང་། ཡུངས་མར་གྱིས་བསྐུས་ཏེ་དེ་ཉིད་ལ་ བྱའོ། །གསེར་ཤིང་ལ་ཁྭའི་ཚང་དང་ལྷན་ཅིག་སྦྱར་བས་གང་གི་མིང་ནས་བསྲེག་བླུགས་བྱས་ན་དེ་སྐད་ཅིག་ལ་སྐྲོད་པར་བྱེད་དོ། །ཡང་ན་ཁྭའི་ཤིང་དང་། རྔ་མོའི་རྟུག་པ་དང་། ལྷན་ཅིག་ཚ་དང་ལྡན་ སྐྲ་གྲོལ་ཞིང་གཅེར་བུར་གྱུར་པས་གང་གི་མིང་གིས་རོ་བསྲེགས་ཀྱི་མེ་ལ་བསྲེག་བླུགས་བྱས་ན་དེའི་སྐད་ཅིག་ལ་སྐྲོད་པར་བྱེད་དོ། །ཡང་ན་རེངས་པར་འདོད་པས་ཉ་དང་ཤ་ལ་སོགས་པའི་རྫས་དང་། བག་ ཕྱེ་དང་ལྷན་ཅིག་འབྲུ་དང་། ཁྲག་དང་། སྦྲང་རྩི་བསྐུས་ནས་ཁྭའི་གཤོག་པ་དང་སྦྱར་ཞིང་ཁྭའི་ཤིང་གི་ཁྱིམ་ལ་སོགས་པ་དང་། ལྷག་མ་དང་སོ་ཤིང་ལྷན་ཅིག་ཐབ་ཁུང་གྲུ་བཞི་པར་གང་གི་མིང་ནས་བསྲེག་ བླུགས་བྱས་ན་དེ་བྱ་བ་ཀུན་ལ་རེངས་པར་བྱེད་དོ། །ཡང་ན་ཡུང་བ་དང་། ལྡོང་རོས་དང་། བ་བླ་དང་། གི་ཝང་དང་ལྷན་ཅིག་ཁ་བྱང་དུ་བལྟས་ཏེ་གནས་ནས་གང་གི་མིང་ནས་བསྲེག་བླུགས་བྱས་པ་དེ་རེངས་ པར་འགྱུར་རོ། །ཁྱི་དང་ཁྱིམ་བྱའི་ཤ་དང་། རྔ་མོའི་རྟུག་པ་བྱི་ལའི་ཁྲག་གིས་བྱུགས་པས་པི་ཙུ་མརྡའི་ཤིང་གིས་མེ་སྦར་ལ་གང་གི་གྲོང་གི་མིང་ནས་བསྲེག་བླུགས་བྱས་པ་དེ་གྲོང་སྟོང་པར་འགྱུར་རོ། །དམ་ ཚིག་ཆེན་པོ་ཆང་གིས་བྱུགས་པས་ཇི་སྲིད་བརྒྱ་རྩ་བརྒྱད་ཀྱི་བར་དུ་ཐུན་གསུམ་གྱི་བར་དུ་བསྲེག་བླུགས་བྱས་ན་ཟླ་བ་དྲུག་གིས་ཡུལ་གྱི་བདག་པོར་འགྱུར་རོ། །ཝའི་ཤའི་བསྲེག་རྫས་ཀྱིས་བསྲེག་ 86-1-322b བླུགས་བརྒྱ་བྱས་ན་ཟླ་བ་གསུམ་ལོན་ནས་དབུལ་པོ་སྐད་ཅིག་གིས་འཇིག་པར་བྱེད་དོ། །བ་གླང་གི་ཤ་ཁྲག་གིས་བསྒོམ་པས་བསྲེག་བླུགས་སྟོང་བྱས་ན་དབང་དུ་བྱེད་དོ། །ཇི་སྲིད་འཚོའི་བར་དུ་ཐེ་ཚོམ་ མེད་དོ། །དེ་ཉིད་ཀྱི་ཤ་ཆང་གིས་བྱུགས་ནས་ལག་པ་གཡོན་པས་བསྲེག་བླུགས་སྟོང་བྱས་ན་སངས་རྒྱས་ཀྱང་དབང་དུ་བྱེད་ན་དམན་པའི་མི་ལྟ་སྨོས་ཀྱང་ཅི་དགོས། ཡང་ན་ནཱིཥྛ་ཝོ་ནྃ་གི་སོ་ཤིང་དང་། དེ་བཞིན་དུ་རང་གི་ལུས་དྲིལ་བ་དང་། ཆང་གིས་བྱུགས་པའི་སྦྱིན་སྲེག་དག་གིས་དབང་དུ་བྱེད་པར་ཐེ་ཚོམ་མེད་དོ། །ཁྱིམ་གྱི་མེ་ཏོག་ཟོས་ནས་སྐྱུགས་པ་དང་། མིའི་སྐྲ་དང་ལྡན་པའི་སྦྱིན་སྲེག་གིས་རྟག་ ཏུ་མཆོག་ཏུ་འགུགས་པར་བྱེད་པ་ཡིན་ནོ། །ཁྭའི་གཤོག་པ་ཡུངས་མར་གྱིས་བྱུགས་ནས་དྷ་དུ་རའི་མེ་ལ་གང་གི་མིང་གིས་བསྲེག་བླུགས་བྱས་ན་འཕྲལ་དུ་སྐྲོད་པ་དང་། གསོད་པར་བྱེད་དོ། །ལྷག་ པར་གྲོལ་བ་དང་། ཀུཥྨཱཎྜ་དང་། ཁྲེ་དང་། མོ་སྲན་གྲེའུ་དང་། ཥ་ན་དང་། སྐྱུགས་པ་དང་། སྐེ་ཚེ་དང་། ཁྱིམ་གྱི་མེ་ཏོག་དང་། འདབ་མ་ལྷན་ཅིག་སྦྱིན་སྲེག་བྱས་ནས་ཁ་འཆིང་བར་བྱེད་པ་འདི་ལ་ཐེ་ ཚོམ་མེད་དོ། །ཁྱིའི་ཤ་དང་། རྡོ་རྗེའི་ཆུ་ལྷན་ཅིག་གིང་གིས་མིང་ནས་བསྲེག་བླུགས་བྱས་པ་དེ་ཉི་མ་བདུན་གྱིས་དབང་དུ་བྱེད་པར་འགྱུར་རོ། །རྟའི་ཤ་དང་ལྷན་ཅིག་རྣམ་པར་སྣང་མཛད་ཀྱིས་བསྲེག་ བླུགས་བྱས་ན་ཉི་མ་བདུན་གྱིས་མིའི་བདག་པོ་དབང་དུ་བྱེད་དོ། །གླང་པོའི་ཤ་དང་། ཁུ་བས་ལྷན་ཅིག་བསྲེགས་བླུགས་བྱས་ན་གྲོང་ཁྱེར་དབང་དུ་བྱེད་དོ། །ཉ་དང་། ཤ་ཆང་དང་ལྷན་ཅིག་ཇི་ སྲིད་དུ་བསྲེག་བླུགས་བརྒྱ་རྩ་བརྒྱད་བྱས་ན་བུད་མེད་ཐམས་ཅད་དབང་དུ་བྱེད་དོ། །ཡང་ན་ཁྭའི་ཤ་འབའ་ཞིག་གང་གི་མིང་ནས་ཇི་སྲིད་སྟོང་དུ་བསྲེག་བླུགས་བྱས་ན་ཉི་མ་གསུམ་གྱིས་རྡོ་རྗེ་སེམས་དཔའ་ 86-1-323a ཡང་འབྲོས་ན། ཡང་དམན་པའི་མི་ལྟ་ཅི་སྨོས། ཁྭ་དང་། ཁྲའི་ཤ་གང་གི་མིང་གིས་དྷ་དུ་རུ་ཤིང་གི་མེ་ལ་བསྲེག་བླུགས་བྱས་ན་དེ་སྐྲོད་པར་བྱེད་དོ། །ཤ་ཆེན་དང་། བྱ་རྒོད་ཀྱི་ཤ་གང་གི་མིང་གིས་ བསྲེག་བླུགས་བྱས་ན་སྨྱོ་བར་འགྱུར་རོ། །དེ་རྣམས་མེ་ལ་བསྲེག་བླུགས་བྱས་ན་སོས་པར་འགྱུར་རོ། །དེ་ལྟར་ལས་རྣམས་བྱ་བ་ནི། །ངེས་པར་འགྲུབ་ན་བྱ་བ་ཉིད། །གང་ཡང་པྱས་པར་འགྱུར་བ་སྟེ། །གང་ ལའང་བྱེ་བ་སྦྱིན་མི་བྱ། །བྱེ་བར་གྱུར་ན་མི་འགྲུབ་ཅིང་། །བདེ་བ་མི་ཡིས་རྙེད་མི་འགྱུར། །དེ་ཕྱིར་སྔགས་པས་གང་ལ་ཡང་། །ལས་སྐྱེས་དང་པོར་གང་བྱ་མིན། །གལ་ཏེ་བྱེ་པར་འདོད་ན་ནི། །དེ་ཚེ་གཅིག་པུས་ གཉིས་མེད་བྱ། །དེ་ཚེ་སྔགས་པས་ལས་ཀུན་འགྲུབ། །བདུན་པ་ལས་སྦྱིན་སྲེག་གི་ཆོ་ག་སྟེ་རབ་ཏུ་བྱེད་པ་གཉིས་པའོ།། །། ལྷ་ལགས་ཉན་པར་འཚལ་ལགས་ན། །སྔགས་བཏུའི་ཆོ་ག་ཇི་ལྟར་ ལགས། །དེ་རྣམས་དབྱེ་བ་མི་འཚལ་བས། །བདེ་བ་ཆེན་པོས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ལྷ་མོ་ཤེས་རབ་ཆེན་མོ་ཉོན། །དེ་ཡི་སྔགས་ནི་ཁྱོད་ལ་བཤད། །གྲུ་ གསུམ་དཀྱིལ་འཁོར་ཉམས་དགའ་བར། །གསང་བའི་པད་མ་མཱ་མ་ཀཱི། །པད་མ་འདབ་མ་བརྒྱད་བྱས་ནས། །ལྟེ་བ་སྦས་པའི་སྤྱོད་ཡུལ་དུ། །འདོད་པའི་དོན་ཀུན་སྒྲུབ་བྱེད་པ། །དེར་གནས་དཔའ་ བོ་བཏུ་བར་བྱ། །ཨ་ལ་སོགས་པའི་རབ་དབྱེ་བས། །སྔགས་ཀྱི་སྡེ་ཚན་དབང་ཕྱུག་མཆོག །དང་པོ་ཡི་ནི་གཉིས་པ་དང་། །སྟོང་པས་སྟོང་པ་མནན་པ་ཉིད། །བདུན་པ་ཡི་ནི་གསུམ་པ་ལ། ། བཅྭ་ལྔ་ཟླ་བ་ཕྱེད་པས་བརྒྱན། །བྱང་ཆུབ་ས་བོན་དེ་ནས་བླངས། །བཅྭ་ལྔ་ཡིས་ནི་རྣམ་པར་མཆོད། །འདི་དག་སྙིང་པོར་ཡང་དག་གསུངས། །ཉེ་སྙིང་ཁྱོད་ལ་བཤད་པར་བྱ། །བདུན་པ་ཡི་ནི་གཉིས་ 86-1-323b པ་ནི། །རྡོ་རྗེ་མཁའ་འགྲོ་མ་དང་ལྡན། །ཉིས་འགྱུར་ཨུཥྨ་རྣམས་ཀྱི་ནི། །གསུམ་པ་བླངས་ནས་དྲུག་པ་ཡི། །གཉིས་ལྡན་དབྱངས་ཀྱི་ལྔ་པས་ནི། །སྦྱར་ཞིང་གང་ཞིག་མཐར་གནས་པའི། །གཉིས་པར་ ལྔ་པ་སྟན་དུ་བྱ། །གསུམ་པ་ཡི་ནི་གསུམ་པ་ལ། །ཉི་ཤུ་རྩ་དགུ་པ་ཡི་གདན། །གང་ཞིག་བདུན་པའི་གསུམ་པ་དང་། །ལྔ་པ་ཡི་ནི་དང་པོ་ཉིད། །དབྱངས་ཀྱིས་གསུམ་པས་སྦྱར་བར་བྱ། །བརྒྱད་པ་ ཡི་ནི་གཉིས་པ་ལ། །བཅུ་གཉིས་པ་ཡིས་སྟན་དུ་བྱ། །སུམ་བཅུ་རྩ་གཉིས་བླངས་ནས་ནི། །དཀར་མོ་དེ་ལ་སྦྱར་བར་བྱ། །གང་ཞིག་ལྔ་པའི་གསུམ་པ་ལ། །དེ་ཉིད་བཞི་པ་འོག་ཏུ་སྦྱྀན། །མཐར་གནས་ གསུམ་པ་བླངས་ནས་ནི། །གྷསྨ་རཱི་ཡིས་མཆོག་ཏུ་མཛེས། །གསུམ་པའི་དང་པོའི་ས་བོན་དང་། །ལྔ་པ་ཡི་ཡང་ལྔ་པ་ལ། །མཆོམ་རྐུན་མ་ནི་མཆོག་ཏུ་འདོད། །སངས་རྒྱས་རྣམས་ཀྱི་ཞི་བ་སྐྱེད། ། ལས་རྣམས་ཐམས་ཅད་སྒྲུབ་པར་བྱེད། །ཤི་བ་སློང་བར་བྱེད་པར་གསུངས། །རྡོ་རྗེ་དམ་ཚིག་སྐུལ་བར་བྱེད་པ་ཞེས་བྱ་བ་ཡང་བཀའ་སྩལ་པ། ཨོཾ་བཛྲ་བཻ་རོ་ཙ་ནི་སྭཱ་ཧཱ། །གཉིས་པའི་བཞི་པ་ཆུ་མས་བརྒྱན། ། དེ་ནས་ཉེ་བའི་སྙིང་པོ་བཀའ་སྩལ་པ། །ཨུཥྨའི་དང་པོའི་ས་བོན་ནི། །མཁའ་སྤྱོད་མ་ཡིས་སྟེང་དུ་བརྒྱན། །གཉིས་པ་ཡི་ནི་དང་པོ་དང་། །བདུན་པ་ཡི་ནི་གཉིས་པ་ལ། །ཆོམ་རྐུན་མ་ཡིས་དེ་བཞིན་ སྦྱར། །བརྒྱད་པ་ཡི་ནི་དང་པོ་ཉིད། །རྡོ་རྗེ་མ་ནི་མཆོག་ཏུ་འདོད། །ཡི་གེ་ཉི་ཤུ་གཟུང་ནས་ནི། །ལྔ་པ་ཡིས་ནི་སྟན་དུ་བྱ། །དཀར་མོ་ཡིས་ནི་མཛེས་པར་གསུངས། །གཉིས་པ་ཡི་ནི་དང་པོ་དང་། །ཉི་ ཤུ་རྩ་བདུན་བླངས་ནས་ནི། །དེ་ཉིད་ཆོམ་རྐུན་མ་ཡིས་བརྟག །གཉིས་པ་ཡི་ནི་བཞི་པ་ལ། །རྡོ་རྗེ་མཁའ་འགྲོ་མ་ཡི་སྟན། །གསུམ་པའི་དང་པོ་ཉིས་འགྱུར་ཉིད། །གང་ཞིག་གཉིས་པའི་བཞི་པ་ནི། ། 86-1-324a རྡོ་རྗེ་མཁའ་འགྲོ་མ་ཡིས་སྦྱར། །ཡི་གེ་བཅུ་གཅིག་པ་བླངས་ནས། །དབྱངས་ཀྱི་གསུམ་པས་ཕྱེ་བ་ཉིད། །ལྔ་པ་ཡི་ནི་ལྔ་པ་ལ། །དེ་ཉིད་ལ་ནི་དཀར་མོར་སྦྱར། །གཉིས་ པ་ཡི་ནི་བཞི་པ་ལ། །རྡོ་རྗེ་མ་ཡི་སྙིང་པོ་མཆོག །བཅུ་དྲུག་དེ་ནས་བླངས་ནས་ནི། །དེ་བཞིན་ཉི་ཤུ་རྩ་དྲུག་ཉིད། །ཉིས་འགྱུར་དང་ནི་གཉིས་པ་ཡི། །བཞི་པ་དབྱངས་ཀྱི་ལྔ་པས་བརྒྱན། ། གང་ཞིག་བཞི་པའི་དང་པོ་ལ། །དཀར་མོ་ལྷན་ཅིག་སྙོམས་པར་འཇུག །ལྔ་པ་ཡི་ནི་ལྔ་པ་ལ། །དེ་ཉིད་ལ་ནི་དཀར་མོ་སྦྱར། །རྡོ་རྗེ་བསྲུང་བའི་སྦྱོར་བ་ལ། །རྟག་ཏུ་ལས་ནི་རབ་ཏུ་སྒྲུབ། ། རྡོ་རྗེ་ཆེན་པོ་འཇིགས་དོན་དུ། །དེ་ཡི་སྟོབས་ནི་བྱེད་པར་བརྗོད་ཅེས་བཀའ་སྩལ་ཏོ། །ཨོཾ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊ་བྷྱོ་སྭཱ་ཧཱ། གཉིས་པ་ཡི་ནི་དང་པོ་དང་། །བཞི་པ་ཡི་ནི་དང་པོ་ལ། །ཆོམ་རྐུན་ མས་ནི་མཛེས་པར་གསུངས། །བདུན་པ་ཡི་ནི་བཞི་པ་ལ། །སྟེང་དུ་དཀར་མོས་བརྒྱན་པ་ཉིད། །གཉིས་པ་ཡི་ནི་དང་པོ་དང་། །བཅུ་གཅིག་པ་ནི་དེ་ནས་གཟུང་། །ཆོམ་རྐུན་མས་ནི་སྤྱི་ བོར་མཛེས། །ལྔ་པ་ཡི་ནི་ལྔ་པ་ལ། །དབྱངས་ཀྱི་གསུམ་པས་སྦྱར་བར་བྱ། །གཉིས་པ་ཡི་ནི་དང་པོ་དང་། །གང་ཞིག་བཞི་པའི་དང་པོ་ལ། །ཆོམ་རྐུན་མ་ནི་མཆོག་ཏུ་འདོད། །གཉིས་ པ་ཡི་ནི་དང་པོ་དང་། །བཞི་པའི་དང་པོར་མཁའ་སྤྱོད་མ། །སྤྱི་བོ་རུ་ནི་རྣམ་པར་མཛེས། །གཉིས་པ་ཡི་ནི་དང་པོ་དང་། །བཅུ་གཅིག་པ་ལ་ཆོམ་རྐུན་མ། །ལྷན་ཅིག་ཏུ་ནི་སྙོམས་པར་ ཞུགས། །རྟག་ཏུ་ཆོས་ནི་རྒྱས་པའི་སྟོབས། །དེ་བཞིན་མཛོད་ནི་ཆེན་པོར་གནས། །གསུང་གི་རྡོ་རྗེས་གསུངས་པ་བཞིན། །སྔགས་ཀྱི་བཟླས་པ་བྱེད་པར་འགྱུར། །ཨོཾ་བཛྲ་དྷརྨཱ་ཧྲཱིཿ 86-1-324b སྭཱ་ཧཱ། དེ་ནས་བཅུ་དྲུག་བླངས་ནས་ནི། །རྡོ་རྗེ་མ་ནི་མཆོག་ཏུ་མཛེས། །མཐར་གནས་པ་ཡི་གཉིས་པ་ཉིད། །དེ་ཉིད་ལ་ནི་ཆོམ་རྐུན་སྦྱར། །དེ་ནས་ལྔ་པ་བླངས་ནས་ནི། །མཁའ་འགྲོ་མ་ནི་བརྒྱན་ པར་བརྗོད། །དེ་ནས་བཅུ་དྲུག་པ་གཟུང་ནས། །ལྔ་པའི་དང་པོ་སྟན་དུ་བྱ། །རྡོ་རྗེ་མ་ནི་དེ་ལ་སྦྱར། །ཡི་གེ་ཉི་ཤུ་བདུན་པ་གཟུང་། །ཆོམ་རྐུན་མ་ནི་མཉམ་པར་བསྒོམ། །གང་ཞིག་ལྔ་པའི་དང་པོ་ལ། ། མཁའ་འགྲོ་འོག་གི་ཆ་ལ་སྦྱར། །གང་ཞིག་བདུན་པའི་གཉིས་པ་ལ། །ཆོམ་རྐུན་སྙིང་པོ་འོད་གསལ་བ། །སངས་རྒྱས་རྡོ་རྗེ་སྡེ་ཆེན་དང་། །སེམས་ཅན་ཁམས་ནི་ཐམས་ཅད་གཅིག །བྲན་ཁོལ་ལྟ་ བུར་ཐམས་ཅད་ནི། །ངེས་པར་དབང་དུ་བྱེད་པར་འགྱུར། །དེའི་སྐད་ཅིག་ལ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོས་བཀའ་སྩལ་ཏོ། །ཨོཾ་ནི་ཐམས་ཅད་གསལ་བར་བྱེད། །མཐར་ནི་སྭཱ་ཧཱ་སྔགས་ བཏུ་བྱ། །དེ་བཞིན་གཤེགས་པས་གསུངས་པ་བཞིན། །འདོད་པའི་དངོས་གྲུབ་ཐམས་ཅད་སྟེར། །ཨོཾ་ཀ་ར་ཀ་ར། ཀུ་རུ་ཀུ་རུ། བནྡྷ་བནྡྷ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། ཧྲཽྃ་ཧྲཽྃ། ཧྲཿཧྲཿ ཕེཾ་ཕེཾ། ཕཊ་ཕཊ། ད་ཧ་ད་ཧ། པ་ཙ་པ་ཙ། བྷཀྵ་བྷཀྵ་བྷ་ས་རུ་དྷི་རཱནྟྲ་མཱ་ལཱ་བཱ་ལྃ་བི་ནི། གྲཱིཧྞ་གྲྀཧྞ་སཔྟ་པཱ་ཏཱ་ལ་ག་ཏ་བྷུ་ཛངྒ་སརྦྦ་པཱ་ཏརྫྫ་ཡ་ཏརྫྫ་ཡ། ཨཱ་ཀཌྜྷྱ་ཨཱ་ཀཌྜྷྱ། ཧྲཱིཾ་ཧྲཱིཾ། ཛྙཽཾ་ཛྙཽཾ། ཀྵྨཱྃ་ཀྵྨཱྃ། ཧཱྃ་ཧཱྃ། ཧཱིཾ་ཧཱྃ། ། ཧཱུྃ་ཧཱུྃ། ཀི་ལི་ཀི་ལི། ཤི་ལི་ཤི་ལི། ཙི་ལི་ཙི་ལི། དྷི་ལི་དྷི་ལི། ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། རིག་པའི་རྒྱལ་པོ་ཡི་ནི་སྔགས། །ལས་རྣམས་ཐམས་ཅད་སྒྲུབ་པའོ། །དང་པོར་རྣམ་པར་སྣང་མཛད་སྦྱིན། ། ཨུཥྨ་རྣམས་ཀྱི་བཞི་པ་ལ། །པུཀྐ་སཱིས་མཛེས་སྟོང་པས་མནན། །མཐར་ནི་སྭཱ་ཧཱ་སྦྱར་བར་བྱ། །འདི་ནི་འབུམ་དུ་བཟླས་པ་ཡིས། །འགྲོ་བ་རྟག་ཏུ་རེངས་པར་བྱེད། །དང་པོར་ཡིག་འབྲུའི་ 86-1-325a བདག་པོ་སྦྱིན། །དེ་ནས་དེ་རྗེས་མཁའ་སྤྱོད་མ། །མཐར་ནི་སྭཱ་ཧཱ་སྦྱར་བྱས་པས། །སངས་རྒྱས་རྣམས་ཀྱང་དབང་དུ་བྱེད། །རིག་བྱེད་ཀྱི་ནི་དང་པོ་སྦྱིན། །གཉིས་པའི་གཉིས་ པ་བཟུང་ནས་ནི། །སྟོང་པས་མནན་ཅིང་མཐར་སྭཱ་ཧཱ། །སངས་རྒྱས་ཀྱང་སྐྲོད་ཤེས་རབ་ཅན། །དང་པོར་རྣམ་པར་སྣང་མཛད་སྦྱིན། །གསུམ་པ་ཡི་ནི་གསུམ་པ་ལ། །མ་ནིང་དང་ནི་ཆུ་མས་ བརྒྱན། །སྟོང་བཅས་མཐར་ནི་སྭཱ་ཧཱ་ནི། །སྡང་བར་བྱེད་པ་ཉིད་དུ་བརྗོད། །དང་པོར་ཡིག་འབྲུའི་དབང་ཕྱུག་སྦྱིན། །བདུན་པ་ཡི་ནི་བཞི་པ་ལ། །སྟོང་པ་རྡོ་རྗེ་མཁའ་འགྲོར་ལྡན། །མཐར་ནི་སྭཱ་ཧཱ་ མངོན་སྤྱོད་ཉིད། །ཡང་ནི་ཡིག་འབྲུའི་དབང་ཕྱུག་སྦྱིན། །ཧཱུྃ་ནི་དམར་པོ་འདྲ་བ་ཉིད། །མཐར་ནི་སྭཱ་ཧཱ་ཐིག་ལེ་མཆོག །དགའ་བཟངས་ལ་སོགས་འགྲོ་རྟག་འགུགས། །གཏི་མུག་རིགས་ནི་དང་པོར་ སྦྱིན། །གྷུཿནི་ཡང་དག་རབ་ཏུ་སྦྱར། །ཡང་ནི་སྭཱ་ཧཱ་བྱས་ནས་ནི། །ལྷ་དང་མི་ནི་གསོད་པར་བྱེད། །བརྒྱད་པ་གཉིས་ཀྱི་ནང་དུ་ནི། །བརྒྱད་ཀྱི་བརྒྱད་པས་རྣམ་པར་བརྒྱན། །གཏི་མུག་རིགས་ ནི་དང་པོར་སྦྱིན། །ཆ་མེད་མཐར་ནི་སྭཱ་ཧཱ་སྦྱར། །ལས་ཀྱི་ས་བོན་དེ་ནས་གཟུང་། །རྣམ་སྣང་མཐར་ནི་སྭཱ་ཧཱ་སྦྱར། །ཐམས་ཅད་དུ་ནི་སྒོ་སྲུངས་ལ། །མ་ནིང་བཞི་ཡི་ས་བོན་དང་། །དེ་ བཞིན་དབྱངས་ཀྱི་ལྷག་མ་ཉིད། །རིག་བྱེད་རྣམས་ཀྱི་དང་པོ་སྦྱིན། །མཐར་ནི་སྭཱ་ཧཱ་གདོན་པར་བྱ། །མེ་ཏོག་མ་དང་བདུག་པ་མ། །དྲི་དང་དེ་བཞིན་མར་མེ་ཉིད། །གླིང་བུ་མ་དང་པི་ཝང་མ། ། མུ་ཀུན་ད་དང་རྫ་རྔ་མ། །དེ་ལྟར་ཆོ་ག་སྣ་ཚོགས་ཀྱིས། །ཚོགས་ཀྱི་དཀྱིལ་འཁོར་བརྟག་པར་བྱ། །དེ་ནས་ལས་རྣམས་ཀུན་བྱེད་པའི། །སྒྲོལ་མའི་འབྱུང་བ་བཤད་པར་བྱ། །ཨུཏྤ་ལ་ནི་ 86-1-325b ཁ་བཞི་དང་། །མཚམས་སུ་རྣམ་པར་གནས་པ་ཡིན། །ཏཱྃ་ནི་གསུམ་གྱིས་མཚན་པ་དང་། །དེ་ཡི་ལྟེ་བར་ཆོ་ག་ཡིས། །ཀུན་ནས་ཟླུམ་པོའི་རྣམ་པར་ནི། །སྔགས་པ་ཡིས་ནི་བྲི་བར་བྱ། །འདི་ལྟ་སྟེ། ཨོཾ་པྲ་སནྣ་ཏཱ་རེ། ཨ་མྲྀ་ཏ་མུ་ཁི། ཨ་མྲྀ་ཏ་ལོ་ཙ་ན། སརྦྦཱཪྠ་སཱ་དྷ་ནི། སརྦྦ་སཏྭེ་བ་ཤངྐ་རི་སྟྲཱི་བཱ་པུ་རུ་ཥོ་བཱ་རཱ་ཛཱ་ནོ་བཱ་བ་ཤྱྃ་ཀུ་རུ་ཏྃ་སྭཱ་ཧཱ། དེའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པ་ཡི་གེ་དང་ལྡན་པ་བྱ་ བ་ཡིན་ནོ། །དེའི་ལྟེ་བ་ལ་ལྔ་པའི་དང་པོ་ཟླ་བ་ཕྱེད་པ་དང་ཐིག་ལེས་བརྒྱན་པའོ། །དེ་ནས་ཕྲེང་བའི་དབྱིབས་སུ་བསྐོར་ཞིང་མཐར་སྭཱ་ཧཱ་དང་། ཟེའུ་འབྲུ་ལ་ནི་ཧྲཱིཿནང་དུ་ཆུད་པར་བྱའོ། །སྔགས་པས་ འཁོར་ལོ་གཉིས་ཆོ་ག་བཞིན་དུ་བྱས་ན་ཉི་མ་བདུན་གྱིས་མིའི་དབང་པོ་ཡང་དབང་དུ་བྱེད་དོ། །ཡང་ན་འཁོར་ལོ་རྩིབས་བཅུ་པར་པད་མའི་དབུས་སུ་སྔགས་ཀྱི་ཡི་གེ་བཅུའི་རིག་པ་དང་ལྟེ་བ་ལ་ བསྒྲུབ་བྱ་ནང་དུ་ཆུད་པར་བྱས་ན་ཇི་སྲིད་འཚོའི་བར་དུ་དབང་དུ་བྱེད་པར་ཐེ་ཚོམ་མི་ཟའོ། །འཁོར་ལོ་རྩིབས་དྲུག་པ་བྲིས་ནས་སྔགས་ཀྱི་ཡི་གེ་དྲུག་རིག་པ་དང་དབུས་སུ་ཧྲཱིཿབ་ཤྃ་ཀུ་རུ་ཧྲཱིཿསྭཱ་ཧཱ་ སྦྱར་བར་བྱ་སྟེ། བ་གླང་གི་གི་ཝང་དང་། ཨ་ལ་ཀ་ཏ་དང་། ཙན་དན་དམར་པོ་དང་། རང་གི་ཁྲག་ལྷན་ཅིག་པས་གྲོ་ག་ལ་བྲིས་ནས་གང་ཞིག་འཛིན་པར་བྱེད་པས་ལྷ་ལ་སོགས་པའང་དབང་དུ་བྱེད་ ན་ཡང་དམན་པའི་མི་ལྟ་ཅི་སྨོས། ཆུའི་དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་དཀར་པོ་རྩེ་གསུམ་པ་གདོང་བཞི་པ་བྲི་བར་བྱའོ། །དེའི་ལྟེ་བ་ལ་བསྒྲུབ་བྱའི་མིང་ནང་དུ་ཆུད་པར་བྱ་སྟེ། ཁམ་ཕོར་ གཉིས་སུ་ཆོ་ག་བཞིན་དུ་ཁ་ཊི་ཀ་ཡིས་བྲིས་ན་རེངས་པར་བྱེད་དོ། །འཁོར་ལོ་རྩིབས་བརྒྱད་པོ་པད་མའི་རྣམ་པར་ཀུན་ནས་གྱུར་པ་ལ་ཡི་གེའི་རྣམ་པ་དགོད་པར་བྱ་སྟེ། གཿའི་ཆོ་གས་ 86-1-326a ནང་དུ་ཆུད་པར་བྱའོ། །པད་མའི་ལྟེ་བར་གཿབརྒྱད་ཀྱིས་བརྒྱན་ཏེ་དབུས་སུ་གཿསྭཱ་ཧཱ་གཿབསྒྲུབ་བྱ་ནང་དུ་ཆུད་པར་བྱས་ནས་ཡུང་ངའི་ཁུ་བས་རྡོ་བའི་གཏན་པ་ལ་འདི་དག་བྲིས་ནས་ཁས་ བུབ་སྟེ་གཞག་པར་བྱས་ན་ཤིན་ཏུ་རེངས་པར་འགྱུར་ཏེ། གཞན་དུ་མ་ཡིན་ནོ། །འཁོར་ལོ་ནི་དེ་ཉིད་དེ་འོན་ཀྱང་ཧཱུྃ་དང་ཕཊ་ནང་ནུ་གཞུག་པར་བྱའོ། །དུག་དང་། ཁྲག་དང་། སྐེ་ཚེ་ལྷན་ཅིག་ཏུ་མིའི་རུས་ པས་ཐོད་པ་ལ་བྲིས་ཏེ་དུར་ཁྲོད་དུ་གཞག་ན་འཆི་བར་འགྱུར་རོ། །དེ་ཉིད་ཡིན་མོད་ཀྱི་ཨོཾ་ནང་དུ་ཆུད་པར་བྱས་ནས་གུར་གུམ་གྱིས་གྲོ་ག་ལ་བྲིས་ཏེ་མེ་ཏོག་སེར་པོས་མཆོད་པར་བྱའོ། །ཡང་ན་ མཆོད་པ་ལྔ་དང་ལྷན་ཅིག་པས་ཉི་མ་བདུན་གྱིས་རྒྱས་པར་འགྱུར་རོ། །དེ་ཉིད་ཡི་གེ་དང་སྭཱ་ཧཱ་ནང་དུ་ཆུད་པར་བྱས་ནས་བསྲུང་བར་འགྱུར་རོ། །སྔགས་ཀྱི་ཡི་གེའི་རིག་པ་བཅུ་པོ་དེ་ཉིད་ཨ་ནང་དུ་ཆུད་ པར་བྱས་ནས་ཙན་དན་དཀར་པོས་མིང་བྲིས་ཏེ། ཁམ་ཕོར་ལ་མེ་ཏོག་དཀར་པོ་དྲི་བཟང་པོས་ཇི་ལྟར་ནུས་པས་མཆོད་ཅིང་མཆོད་ནས་ཐུན་གསུམ་དུ་ཆོ་ག་བཞིན་དུ་བརྒྱ་རྩ་བརྒྱད་བཟླས་ན་ཉི་ མ་བདུན་གྱིས་ཞི་བར་འགྱུར་རོ། །ཨེའི་དབུས་སུ་ཨཱ་ཆེ་གེ་མོ་ཞེས་བྲི་བར་བྱ་ཞིང་། དེའི་སྟེང་དང་། ངོས་དག་དང་། འོག་ཏུ་ཧཱུྃ་དང་། མཚམས་སུ་བྃ་དང་། ཕྱི་རོལ་དུ་རི་མོ་གསུམ་བསྐོར་ ནས་བ་གླང་གི་གི་ཝང་གིས་གྲོ་ག་ལ་བྲིས་ཏེ་མར་དང་སྦྲང་རྩིའི་ནང་དུ་གཞག་པར་བྱས་ནས་ཉི་མ་བདུན་གྱིས་དབང་དུ་བྱེད་དོ། །འདབ་མ་བཞི་ལ་ཧྲཱིཿདང་ལྡན་ཞིང་དབུས་སུ་ཧྲཱིཿལྷ་སྦྱིན་ཞེས་བྱ་ བ་དང་། ཕྱི་རོལ་དུ་དེ་ནས་ཧཱུྃ་བཞི་བྲི་བར་བྱ་སྟེ། ཙན་དན་དམར་པོས་ཁམ་ཕོར་སོ་མ་བཏང་བ་ལ་མིང་བྲིས་ན་ཁྲོས་པ་ཞི་བར་འགྱུར་ཏེ། འདི་ལ་ཐེ་ཚོམ་མེད་དོ། །གུར་ཀུམ་དང་། བ་གླང་གི་གི་ 86-1-326b ཝང་ངམ། ཡང་ན་ཨ་ལ་ཀ་ཏའི་ཁུ་བས་གྲོ་ག་ལ་འཁོར་ལ་བྲིས་ནས་གཅིག་འཛིན་པར་བྱེད་ཅིང་འཁོར་ལོ་གཞན་མར་དང་སྦྲང་རྩིའི་ནང་དུ་བཅུག་སྟེ། གང་ལ་ཁ་བལྟས་པ་དེ་སྡུག་པར་འགྱུར་རོ། ། ཐ་དད་པའི་སྔགས་ནི་ཨོཾ་སརྦྦ་མོ་ཧ་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དུཥྚཱ་ནཱྃ་མོ་ཧ་ཡ་མོ་ཧ་ཡ་བྷ་ག་ཝ་ཏི་སརྦྦ་དུཥྚཱ་ནཱྃ་བནྡྷ་བནྡྷ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། གོས་ཀྱི་མཐའ་མ་ལ་མདུད་པ་བྱས་ནས་ལམ་དུ་ འགྲོ་བ་ན་ཆོམ་རྐུན་གྱིས་མི་ཚུགས་སོ། །ཨུཏ་པལ་ལ་ལན་བདུན་དུ་མངོན་པར་བསྔགས་པ་བྱས་ནས་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ། །ཨུད་པ་ལས་མཚན་པའི་འཁོར་ལོའོ། །པདྨ་འདབ་ མ་བརྒྱད་པར་གྱུར་པ་ལས་ཧྲཱིཿདང་ཤྲཱི་མཆོག་དང་ལྡན་ཞིང་། ལྟེ་བ་ལ་ཧྲཱིཿལྷ་སྦྱིན་ཤྲཱི་གི་ཝང་གྲོ་ག་ལ་བྲིས་ནས་འཛིན་པར་བྱེད་ན་ཐམས་ཅད་དུ་སྐལ་བ་བཟང་པོར་འགྱུར་རོ། །པད་མ་འདབ་མ་བརྒྱད་ པ་བྱས་ནས་གཏི་མུག་གི་རིགས་ཀྱི་སྔགས་བཏུ་བར་བྱ་ཞིང་ཕྱི་རོལ་དུ་རི་མོ་ཡོངས་སུ་ཟླུམ་པོར་བསྐོར་ཏེ། རྡོ་རྗེ་རྩེ་གསུམ་པ་བརྒྱད་ཀྱིས་བསྐོར་ཏེ། དེ་ལྟར་ཆོ་གས་གུར་ཀུམ་གྱིས་བྲིས་ ནས་དཔུང་པ་ལ་བཅིངས་ཏེ་གདགས་པ་བྱས་ན་ཐམས་ཅད་དུ་བསྲུང་བར་འགྱུར་རོ། །དེའྀ་འཁོར་ལོ་ནི་དེ་ཉིད་དེ། འོན་ཀྱང་རྡོ་རྗེ་དང་བྲལ་བའོ། །ལྟེ་བའམ་ཡང་ན་ཕྱི་རོལ་དུ་འདི་ལྟ་སྟེ། ཨོཾ་ ཧཱུྃ་ཧཱུྃ་བུདྡྷ་བུདྡྷ། ཁཱ་ད་ཁཱ་ད། ཚིནྡ་ཚིནྡ། དྷུ་ན་དྷུ་ན། མ་ཐ་མ་ཐ། བྃ་དྷ་བྃ་དྷ། ཨ་མུ་ཀྃ་ཨ་མུ་ཀེ་ན། ས་ཧ་བི་དྲེ་ཥ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། སྡང་བར་བྱེད་པ་འདི་ནི་རྟ་མགྲིན་གྱིའོ། །མངོན་སྤྱོད་ ཀྱི་རྫས་ནི་མ་ཧེ་དང་། རྟའི་རྨིག་པའི་ནང་དུ་བྲིས་ན་སྐད་ཅིག་གིས་འཕྲོག་པ་དང་། བགྲོད་པར་དཀའ་བ་ལྷན་ཅིག་པ་ཡང་སྡང་བར་བྱེད་ན། ཡང་དམན་པའི་མི་ལྟ་ཅི་སྨོས། མེའི་དཀྱིལ་འཁོར་གཉིས་ 86-1-327a བྲིས་ནས་སྟེང་དང་འོག་དང་མཚམས་ཟུང་གི་ཆོ་གས། ཧཱུྃ་གཿཧཱུྃ་ཧཱུྃ་གཿཧཱུྃ་དེ་རྣམས་ནི་སྟེང་དུའོ། །ཧཱུྃ་ཧཱུྃ་ཧཱུྃ་ཕཊ་འོག་གི་ཆ་ལའོ། །ཧཱུྃ་གཿཧཱུྃ་ཧཱུྃ་གཿཧཱུྃ་འདི་དག་ཕྱི་རོལ་གྱི་སྤྱི་བོར་བྲིའོ། ། དབུས་སུ་ནི་ཧཱུྃ་གཿཧཱུྃ་ཧཱུྃ་གཿཧཱུྃ་སྟེ། དུག་དང་། ཁྲག་དང་། སྐེ་ཚེ་དང་། དུར་ཁྲོད་ཀྱི་སོལ་བ་དང་། ནིམ་པའི་ལོ་མའི་ཁུ་བ་དང་། རྡོ་རྗེའི་ཆུས་དུར་ཁྲོད་ཀྱི་རས་སམ། སྨྱོན་པའི་རས་ལ་བྲིས་ནས་ སྟོབས་པོ་ཆེའི་སྔགས་ཀྱིས་བསྐོར་ནས་འབར་བའི་མེའི་སྟེང་དུ་གཞག་ན་དགྲ་བོ་རེངས་པར་བྱེད་དོ། །དབང་ཆེན་གྱི་དཀྱིལ་འཁོར་དུ་གནས་པའི་ཨོཾ་གནས་བརྒྱད་དུ་བྲིས་པའི་དབུས་སུ་པད་མ་ ངེས་པར་གཞག་ནས་ཨ་བརྒྱད་ཀྱིས་བརྒྱན་ནོ། །ལྟེ་བའི་ནང་དུ་བསྒྲུབ་བྱ་གནས་པར་བྱས་ལ། ཧཱུྃ་བཞི་ཡིས་སྤྲས་པར་ཁམ་ཕོར་ཁ་སྦྱར་གྱི་ནང་དུ་གནས་པའི་སྤྱི་བོར་རྡོ་རྗེ་འཛིན་པས་ མནན་ཅིང་སྐུལ་བར་བྱེད་པའི་སྔགས་ཀྱི་རྐང་པ་བཟླས་ཤིང་བསྒོམས་ནས་རྡོ་རྗེའི་སྐུད་པས་ཀུན་དུ་དཀྲིས་ནས། འདིས་མི་ཐམས་ཅད་དང་། ལྷ་རྣམས་དང་། སྐུ་གསུམ་ལས་སྐྱེས་པ་ རྣམས་རེངས་པར་བྱེད་དོ། །དབང་ཆེན་གྱི་དཀྱིལ་འཁོར་དུ་རྡོ་རྗེ་རྩེ་གསུམ་པ་བརྒྱད་ཀྱིས་མཚན་ཅིང་། དེའི་དབུས་སུ་དཀྱིལ་འཁོར་གྲུ་བཞི་པ་ལ་འདི་ལྟ་སྟེ། ཨོཾ་པཱ་ཏ་པཱ་ཏ་ནི་སྭཱ་ཧཱ། ཤར་དུའོ། །ཨོཾ་ཛམྦྷ་ཛམྦྷ་ནི་སྭཱ་ཧཱ། གཡས་སུའོ། །ཨོཾ་མོ་ཧི་མོ་ཧ་ནི་སྭཱ་ཧཱ། ནུབ་ཏུའོ། །ཨོཾ་སྟྃ་བྷ་སྟྃ་བྷ་ནི་སྭཱ་ཧཱ། བྱང་དུའོ། །ཡང་དཀྱིལ་འཁོར་གྲུ་བཞི་པ་དེའི་སྟེང་དུ་དབང་ཆེན་གྱི་ དཀྱིལ་འཁོར་གྱི་དབུས་སུ་ཆེ་གེ་མོ་རེངས་པར་མཛོད་ཅིག་ཅེས་བྱ་བ་འདི་ཉིད་ཀྱི་སྔགས་གྲོ་ག་ལ་ཡུང་བའི་ཁུ་བས་བྲིས་ནས་སྦལ་པའི་ཁར་བཅུག་སྟེ། དེའི་ཁ་སྨྱོས་བྱེད་ཀྱི་ཚེར་མས་ཕུག་ནས་སྟེང་ 86-1-327b གི་སྦལ་པའི་ཡ་མཁལ་དེ་ཡང་སྤང་ལེབ་ལ་འོག་ཏུ་སྦྱར་ཏེ་གཞག་པར་བྱས་ན་དེའི་སྐད་ཅིག་གིས་ཕ་རོལ་གྱི་དཔུང་རེངས་པར་བྱེད་དོ། །འཁོར་ལོ་ཟླུམ་པོར་གྱུར་པ་ལ་རྡོ་རྗེ་རྩེ་ལྔ་པ་མཚམས་སུ་རྣམ་ པར་གནས་པའོ། །དེའི་རྭ་དབུས་མའི་སྟེང་གི་མགོ་བོ་ལ་ཧཱུྃ་བཞིའོ། །དེའི་ལྟེ་བ་ལ་ཡང་སྔགས་བྲི་བར་བྱ་བ་ནི་འདི་ལྟ་སྟེ། ཨོཾ་པ་དཱ་ཀྲ་མ་སི། པ་རཱ་ཀྲ་མ་སི། ཨུ་ད་ཡ་མ་སི། ནེ་ར་མ་སི། ཨརྐ་མ་སི། མརྐ་མ་མ་སི། ཨུར་མ་མ་སི། བ་ན་མ་སི། གུལྨ་མ་སི། ཙཱི་བ་ར་མ་སི། མ་ཧཱ་ཙཱི་བ་ར་མ་སི། ཨནྟ་རྡྷ་ན་མ་སི་སྭཱ་ཧཱ། ཨོཾ་ནི་ཐམས་ཅད་དུའོ། །དེའི་དབུས་སུ་རྡོ་རྗེ་རྩེ་གསུམ་ཁ་ཕྱོགས་སུ་ གནས་སོ། །ཨོཾ་བཏྟྭ་ལི། ཨོཾ་བ་རཱ་ལི། ཨོཾ་བ་རཱ་ཧ་མུ་ཁི། དེ་བཞིན་དུ་གཡས་དང་གཡོན་དུའོ། །དེ་ལྟར་རྩེ་མོ་ཐམས་ཅད་ཀྱི་མགོར་རིམ་པས་བྲི་བར་བྱའོ། །ཨོཾ་མཱ་རཱི་ཙྱཻ་ནི་དབང་ལྡན་ལ་སོགས་ པའི་མཚམས་སུའོ། །དེ་ལྟར་དབུས་སུ་ནི། ཨོཾ་བ་རཱ་ལི། ཨོཾ་བ་ཏཱ་ལི། ཨོཾ་བ་རཱ་ཧ་མུ་ཁི། སརྦྦ་དུཥྚ། པྲ་དུཥྚཱ་ནཱྃ། ཀཱ་ཡ་ཝཱ་ག་ཙིཏྟ་མུ་ཁྃ། ཛམྦྷ་ཡ། སྟམྦྷ་ཡ། དེའི་དབུས་སུ་མྃ་ངོ་། །དེའི་ དབུས་སུ་ལྷ་སྦྱིན་རཀྵ་རཀྵའོ། །མཱྃ་གི་ཕྱི་རོལ་ཏུ་ནི། ཨོཾ་མཱ་རཱི་ཙྱཻ་ལྷ་སྦྱིན་ཞེས་བྱའོ། །འཁོར་ལོ་འདི་གྲོ་ག་ལ་གུར་ཀུམ་གྱིས་བྲིས་ནས་གཟུང་བར་བྱས་ན་ཐམས་ཅད་བསྲུང་བར་འགྱུར་རོ། ། སྐྱེས་བུ་ཕྱོགས་ཀྱི་གོས་ཅན་སྐྲ་གྲོལ་བ་དང་། རྣ་བར་རྣ་ཆ་གཉིས་དང་། སྤྱི་གཙུག་གི་སྟེང་དུ་རྡོ་རྗེ་རྩེ་གསུམ་པ་གནས་ཞིང་ཧྃ་དང་ལྡན་པ་དང་། དཔྲལ་བའི་སྟེང་དུ་ལྃ་ལྃ་དང་། གཡས་པའི་ཀོས་ཀོ་ ནས་བརྩམས་ཏེ། གང་ཞིག་བདག་གི་སེམས་ལ་སྣུན་པོར་བྱེད་པ་དེ་ལ་ལྟུང་བ་དང་། རིག་སྔགས་ཕྱིར་ཟློག་པར་མཛོད་ཅིག །དེའི་ལྟེ་བ་ལས་སྟེང་ཁའི་བར་དུ་མཆོད་རྟན་གྱི་དབྱིབས་སུ་བྲི་བར་བྱའོ། ། 86-1-328a དེའི་སྟེང་དུ་གནས་པར་རྡོ་རྗེ་རྩེ་ལྔ་པ་བྲི་བར་བྱ་ཞིང་། མཆོད་རྟེན་གྱི་སྙིང་པོ་དང་། གཡས་པ་དང་། བྲང་དང་། གཡོན་པ་དང་། འོག་གི་བར་ཇི་སྙེད་པ་འདིར་གནས་ཏེ། ཡེ་དྷརྨཱ་ཕྲེང་བའི་ དབྱིབས་སུ་བྲི་བར་བྱའོ། །དེའི་མགྲིན་པར་ཧཱུྃ་ཁ་འོག་ཏུ་བལྟས་པའོ། །དེའི་དབུས་སུ་རྡོ་རྗེ་རྩེ་ལྔ་པ་ཁ་སྟེང་དུ་བལྟས་པ་བྲི་ཞིང་ངོས་དག་ཏུ་ཧཱུྃ་བཅུ་གཉིས་སོ། །དེ་ནས་མཆོད་རྟེན་གྱི་བང་རིམ་ལ་ དབྱངས་མ་ནིང་དང་བྲལ་བའོ། །སྐྱེས་བུའི་སྙིང་གར་རིག་སྔགས་ཕྱིར་ཟློག་ཅིང་ལྟུང་བར་བྱེད་པ་གོང་མ་བཞིན་དུ་སྟེ། འོན་ཀྱང་ཚར་དུའོ། །ཡང་བྱིན་པ་དང་། ཕོ་མཚན་དང་། རྟགས་ལ་ཚར་དུའོ། ། པུྃ་ཡུྃ་རྃ་ཡན་ལག་བརྒྱད་པའོ། །ཏྃ་ཏྃ་རོལ་པ་དང་བཅས་པའི་དབྱིག་པའོ། །བྲྃ་རྃ་རྐང་པ་དག་ལའོ། །སྐར་མ་རྒྱལ་ལ་དུག །ལན་ཚ་དང་། སྐེ་ཚེ་དང་། ནིམ་པའི་ལོ་མ་དང་། སྨྱོ་བྱེད་ཀྱི་ཁུ་བ་ དང་། དུར་ཁྲོད་ཀྱི་སོལ་བ་དང་། ལྷན་ཅིག་པས་སྐྱེས་བུ་འདི་འབྲི་རུ་གཞུག་པར་བྱའོ། །རྡོ་རྗེའི་ལྟེ་བའི་དབུས་སུ་ཙན་དན་དཀར་པོས་ལྷ་སྦྱིན་ནང་དུ་ཆུད་པར་བྱ་ཞིང་ཙན་དན་དཀར་པོས་རྗེ་ བཙུན་མཆོད་རྟེན་བྲི། །གུར་ཀུམ་གྱིས་རྡོ་རྗེ་བྲིས་པ་འདི་ཡི་རིག་པ་འཛིན་པར་བྱེད་ན། དེའི་ཐམས་ཅད་བསྲུང་བ་ཆེན་པོར་འགྱུར་རོ། །རི་རབ་ཟུར་བརྒྱད་པ་རྡོ་རྗེ་རྩེ་གསུམ་པས་མཚན་ཅིང་ མཚམས་ཀྱི་ནང་དུ་ནི་ནཱྃ་གི་རྣམ་པ་བྲི་བར་བྱའོ། །ཧཱུྃ་གཉིས་ཀྱིས་བསྐོར་བ་དང་། ཨ་ཀུ་ཀ་ཏཱ་བཱ་པ་མྃ་སྃ་གྲྭ་གཉིས་ཀྱི་ནང་དུ་དབང་ལྡན་གྱི་ཕྱོགས་ནས་བརྩམས་ནས་བྲི་བར་བྱ་ཞིང་། ཕྱི་ རོལ་དུ་རི་མོ་ཟླུམ་པོས་བསྐོར་བར་བྱའོ། །དེའི་དབུས་སུ་ཚོགས་ཀྱི་བདག་པོ་བྲི་བར་བྱ་སྟེ། གར་གྱི་དབང་ཕྱུག་གི་ཚུལ་དུ་ལ་དུའི་སྣོད་དང་། གཡས་པར་བགྲང་ཕྲེང་དང་། གཡོན་ན་རྡོ་རྗེ་རྩེ་ 86-1-328b གསུམ་དང་། ལ་ཕུག་ལོ་མ་དང་། བཅས་པར་བྱི་བ་ལ་ཞོན་ཞིང་པད་མ་ལ་གནས་པ་དགོད་པར་བྱའོ། །ཧཱུྃ་གཿཧཱུྃ་ཧཱུྃ་གཿགཿཧཱུྃ་བྲྀཥྚི་ཀུ་རུ་ཧཱུྃ་གཿགཿཧཱུྃ། གླང་པོའི་དཔྲལ་བ་དང་། སྙིང་ ག་དང་། ཕོ་བ་དང་། ལྟེ་བའི་སྟེང་དུ་བྲི་བར་བྱ་སྟེ། ཚ་བ་གསུམ་དང་། སྲིན་ལག་གི་ཁྲག་ལྷན་ཅིག་པས་ཁམ་ཕོར་སོ་མ་བཏང་བ་ལ་འདི་བྲིས་ནས་སེང་ལྡེང་གི་མེ་ལ་གདུང་བར་བྱས་ན་ངེས་པར་ཆར་ འབབ་པར་འགྱུར་ཏེ། གཞན་དུ་ནི་མ་ཡིན་ནོ། །ལྡོང་རོས་ཀྱིས་དེ་ཉིད་གདོང་གི་ནང་དུ་བྲིས་ནས་མེ་ལ་གདུངས་ན་སྤྲིན་རེངས་ཤིང་ཆར་འཆད་པར་འགྱུར་རོ། །འཁོར་ལོ་རྩིབས་བརྒྱད་པ་བྲིས་ནས་གཿ བརྒྱད་ཀྱིས་བརྒྱན་ཅིང་དེའི་དབུས་སུ་ཆོ་གས་བསྒྲུབ་བྱ་ནང་དུ་ཆུད་པར་བྱ་སྟེ། དུར་ཁྲོད་ཀྱི་རས་སམ་མཚོན་གྱིས་བསྣུན་པའི་རས་ལ་ལྡོང་རོས་དང་ཡུང་བའི་ཁུ་བས་བྲི་བར་བྱའོ། །སཱ་ལུ་བཏགས་ པ་ལ་ཚོགས་ཀྱི་བདག་པོ་བྱས་ནས་དེའི་སྙིང་གར་འཁོར་ལོ་འདི་བཅུག་སྟེ། ཁམ་ཕོར་ཤིན་དུ་ཚོས་པ་ཁ་སྦྱར་དུ་གཞག་ནས་སྐུད་པ་སེར་པོས་དཀྲིས་ཤིང་། མེ་ཏོག་སེར་པོས་མན་ངག་ཇི་ལྟ་བས་ མཆོད་པར་བྱའོ། །ལྷ་མོ་དེ་ལྟར་བཤད་པ་ནི་རྒྱལ་པོ་རེངས་པར་བྱེད་པའི་མཆོག་གོ། །གི་ནང་དུ་འདི་ཉིད་ཀྱི་སྔགས་བྲི་བར་བྱ་སྟེ། ཨོཾ་བཏྟྭ་ལི། བ་རཱ་ལི། བ་རཱ་ཧཱ་མུ་ཁི་སརྦྦ་དུཥྚ་པྲ་དུཥྚཱ་ ནཱྃ་མུ་ཁྃ་སྟམྦྷཱ་ཡ། ཡུང་བའི་ཁུ་བས་སོ་ཕག་གཉིས་ལ་ཡང་དག་པར་བྲིས་ནས་ཁ་སྦྱོར་བྱས་ཏེ་ལེགས་པར་འཁྲུལ་འཁོར་བྱས་ནས་སྦྱོར་བ་བྱས་ནས་ས་ལ་སྦས་ན་གདུག་པ་ཐམས་ཅད་རེངས་ པར་བྱེད་དོ། །གཞན་དུ་ནི་མ་ཡིན་ནོ། །དེ་ནས་ས་ལ་འཁྲུལ་འཁོར་བྲི་བར་བྱ་སྟེ། བྷ་གའི་ནང་དུ་ལིངྒ་དང་བཅས་པར་དེར་མིང་བྲི་བར་བྱའོ། །གཅིག་པུ་གཉིས་སུ་མེད་པར་བདག་ཉིད་གཅི་ 86-1-329a བ་བྱས་ན་ཇི་སྲིད་ཉི་མ་བདུན་གྱིས་གང་ཞིག་བུད་མེད་འདོད་པ་དེ། ཧྲཱིའི་ཞགས་པས་བསྐོར་བའི་ཆོ་གས་འགུགས་པར་བྱེད་དོ། །ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་འཁོར་ལོ་ རྩིབས་བརྒྱད་པ་གནས་པར་བྲི་བར་བྱ་སྟེ། རྡོ་རྗེ་དང་། རྒྱལ་མཚན་དང་། དགྲ་སྟ་དང་། རྩེ་གསུམ་པ་དང་། ཞགས་པ་དང་། སྣ་ཚོགས་རྡོ་རྗེ་དང་། ཁ་ཊྭཱྃ་ག་དང་། དེ་བཞིན་དུ་ལྕགས་ཀྱུ་ཉིད་དེ་ ལྟར་མདོར་བསྡུས་ནས་བྲི་བར་བྱའོ། །དེའི་དབུས་སུ་ཟླ་བའི་དཀྱིལ་འཁོར་གང་བའི་ནང་དུ་ཆེ་གེ་མོ་དང་ཆེ་གེ་མོས་བུ་རྙེད་པར་གྱུར་ཅིག་ཅེས་བྱ་བ་དང་འཁོར་ལོའི་ལྟེ་བར་སྔགས་བྲི་བར་བྱ་སྟེ། འདི་ལྟ་སྟེ། ཨོཾ་མ་ཎི་དྷ་རི་བཛྲཱི་ཎི་མ་ཧཱ་པྲ་ཏི་སཱ་རེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དེ་ནས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་སྔགས་འདི་བྲི་བར་བྱ་སྟེ། ཨོཾ་ཨ་མྲྀ་ཏ་བི་ལོ་ཀི་ནི། གརྦ་སྃ་རཀྵི་ཎི་ ཨཱ་ཀཪྵ་ཎི་ཨཱ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། སྐར་མ་རྒྱལ་ལ་གུར་ཀུམ་དང་། བ་གླང་གི་འགི་ཝང་གིས་གྲོ་ག་ལ་བྲིས་ནས་འཛིན་པར་བྱེད་ན་བུ་རྙེད་པར་འགྱུར་རོ། །འཁོར་ལོ་བུམ་པའི་དབྱིབས་སུ་གྱུར་ པའི་མགྲིན་པ་རིངས་པོའི་མགྲིན་པར། ཡ་དེ་ཡཿ། བ་ཡཿད་ཡཿཏྟ་ཡཿ །མུ་ཡཿ །ཙྪཱ་ཡཿ །ཊཿཡཿ །ཡ་ཡཿ །དེ་ལྟར་ཆོ་གས་བྲི་བར་བྱ་སྟེ། དབང་ཕྱུག་གནས་ཀྱི་རྒྱལ་མཚན་གྱི་རས་ ལ་ཁའི་ཁྲག་གིས་གང་གི་མིང་ནས་མངོན་པར་བྲིས་ནས་ཁྭ་གསོན་པོའི་མགྲིན་པ་ལ་བཏགས་ཏེ། རླུང་གི་ཕྱོགས་སུ་བཏང་ནས་མྱུར་དུ་སྐྲོད་པར་བྱེད་དོ། །ཉི་མའི་དཀྱིལ་འཁོར་གྱི་ དབུས་སུ་གནས་པར་འཁོར་ལོ་རྩིབས་བརྒྱད་པ་བྲི་བར་བྱ་སྟེ། ཧཱུྃ་གི་དེ་ཁོ་ན་ཉིད་ཀྱི་ས་བོན་སྙིང་པོར་ཆུད་པར་བྱས་ནས་རྡོ་རྗེས་མཚན་པ་རྣམ་པར་བསམས་ཤིང་ཕྱིས་བསྒྲུབ་བྱ་ནང་ 86-1-329b དུ་ཆུད་པར་བྱས་ཏེ། གུར་ཀུམ་དང་། བ་གླང་གི་འགི་ཝང་གིས་གྲོ་ག་ལ་ཆོ་ག་བཞིན་དུ་བྲིས་ནས་འཛིན་ན། རྣལ་འབྱོར་པ་དེའི་རྟག་ཏུ་བསྲུང་བར་འགྱུར་རོ། །པད་མ་འདབ་མ་ཉི་ཤུ་རྩ་བཞི་པར་གྱུར་ པ་ཀུན་དུ་རི་མོ་གསུམ་པར། ཨོཾ་ཧྲཱིཿགླཱིཾཿ །འདིས་ཆོ་ག་བཞིན་དུ་སྐར་མ་རྒྱལ་ལ་བྲིས་ཏེ། ལག་པས་འཛིན་པས་དེས་རེག་ན་བྲན་བཞིན་དུ་བྱེད་དོ། །འཁོར་ལོ་རྫ་རྔའི་དབྱིབས་སུ་གྱུར་པ་ རྡོ་རྗེ་དང་པད་མས་མཚན་པ། སྐུ་རྡོ་རྗེ་ལ་སོགས་པ་མདོར་བསྡུས་ནས་ཕྱི་རོལ་རི་མོ་གསུམ་གྱིས་བསྐོར་ཏེ། ལས་ཀྱི་རྡོ་རྗེ་རབ་ཏུ་བསྒོམས་པས་དགྲ་ཐམས་ཅད་ངེས་པར་གནོན་ཅིང་། །ལས་ ཀྱི་ཆོ་ག་མཐོང་བས་སྔགས་ཀྱིས་ལས་ཐམས་ཅད་བྱེད་པར་འགྱུར་རོ། །དེའི་སྔགས་བཀའ་སྩལ་པ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨཱ་ན་ཡ་ཧོཿབྷ་ག་བཱན་བི་དྱ་རཱ་ཛཱ་ཡ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཡ་ཚན་བརྒྱད་པོའི་ས་བོན་དང་། །དེ་བཞིན་མ་མོ་བཅུ་གཉིས་ཀྱི། །ཡི་གེ་བར་མ་ཕྱི་བྱས་པ། །ཡན་ལག་དྲུག་ནི་ཧེ་རུ་ཀ །དཔའ་བོ་ དྲུག་དང་མཉམ་སྦྱོར་བ། །ཡི་གེ་རེ་རེ་ཡང་དག་གནས། །སྙིང་ག་རུ་ནི་དང་པོ་ཉིད། །གཉིས་པ་སྤྱི་བོ་རུ་ནི་བརྗོད། །གསུམ་པ་སྤྱི་གཙུག་སྦྱིན་པར་བྱ། །བཞི་པ་གོ་ཆར་གྱུར་པ་སྟེ། །མིག་ ལ་ལྔ་པར་གྱུར་པ་ཡིན། །དྲུག་པ་མཚོན་ཆར་བརྗོད་པར་བྱ། །རྡོ་རྗེ་ཕག་མོ་མཉམ་སྦྱོར་བ། །ཕྱག་བཞི་ཡིས་ནི་རྣམ་པར་སྤྲས། །འོད་ཟེར་སེར་པོས་གསལ་བར་བརྒྱན། །དབུ་སྐྱེས་ཟླ་བ་ཕྱེད་པས་ མཛེས། །རུས་པའི་ཕྲེང་བ་ནར་བ་དང་། །ཁ་ཊྭཱྃ་ག་ནི་ལག་ན་གནས། །བདག་ཉིད་ཧེ་རུ་ཀར་བྱས་ནས། །ཧེ་རུ་ཀ་ཉིད་དེས་དྲན་བྱ། །ཡེ་ཤེས་སེམས་དཔའ་སྙིང་བསམས་ནས། །ར་བ་ཕྱོགས་སུ་ 86-1-330a དགོད་པར་བྱ། །ཁྲོ་བོ་འབར་འཁྲུགས་བསམས་ནས་ནི། །མི་བཟད་འཇིགས་པའི་རྒྱན་གྱིས་བརྒྱན། །བགེགས་བསྐྲད་ཕུར་པས་བཏབ་ནས་ནི། །ཕྱོགས་ནི་ཀུན་དུ་ལྷ་དང་ནི། །ལྷ་མིན་མི་ནི་ བསྡིགས་པར་བྱེད། །དེ་ལྟར་ཆོ་གས་གོམས་པ་ནི། །སུམ་བཅུ་རྩ་གསུམ་པས་མི་ཤིགས། །དེ་ནས་དཀྱིལ་འཁོར་གྲུ་བཞི་པ་དང་། སྒོ་བཞི་པར་ཡང་དག་པར་བྲི་བར་བྱའོ། །དེར་འདབ་མ་དྲུག་པ་གེ་ སར་དང་ལྡན་པ་གཞག་པར་བྱ་ཞིང་། སྔགས་པས་མཁའ་འགྲོ་མའི་འཁོར་ལོ་ཉིས་འགྱུར་དུ་རྣམ་པར་བྲི་བར་བྱའོ། །ལྟེ་བ་ལ་དཔའ་བོ་དགོད་པར་བྱ་ཞིང་། དེ་བཞིན་དུ་གཞན་ལ་མཁའ་འགྲོ་མའོ། །སྒོ་ ཀུན་དུ་རྡོ་རྗེ་རྩེ་གསུམ་པ་ཁ་དོག་སེར་པོས་མཚན་པར་བྱ་བ་དང་འཁོར་ལོ་སྙིང་པོར་ཕོ་ཉ་དགོད་པར་བྱ་ཞིང་། སྒོ་ལ་ཡང་ཆོ་གའི་རིམ་པ་བཞིན་དུའོ། །མཆོད་པ་ཆེན་པོས་བྱས་ནས་སྐར་མ་བཟང་པོ་ ལ་བརྟུལ་ཞུགས་ཅན་གྱིས་འདི་འཛིན་པར་བྱེད་ན་དུས་མ་ཡིན་པར་འཆི་བ་དང་། མཚོན་ཕོག་པ་ལ་སོགས་པ་ཟློག་པར་བྱེད་དེ་ལྷ་མོ་ངས་གསུངས་པ་ལ་ཐེ་ཚོམ་མི་བྱའོ། །སྐྱེས་བུ་དགྲ་ལས་རྒྱལ་བ་ ཞེས་བྱ་བའི་འཁོར་ལོའོ། །ཡང་ན་ཟངས་ཀྱི་འདབ་མ་ལ་སྐར་མ་རྒྱལ་ལ་བརྐོ་བར་བྱ་ཞིང་། དེ་ཉིད་ཀྱི་སྔགས་བསྒྲུབ་བྱ་ནང་དུ་བཅུག་ཅིང་སྒོ་དང་བྲལ་བ་སྟེ། ཆུར་གཞག་ཅིང་དུས་གསུམ་དུ་མཆོད་པ་ བྱས་ན་དེ་ནས་དགྲ་ཐམས་ཅད་རེངས་པར་བྱེད་དོ། །སྔགས་པས་མཉམ་པར་གཞག་པས་ཆོ་ག་བཞིན་དུ་མཚོ་སྐམ་པ་མེད་པར་བཅུག་ན་ཞི་བར་བྱེད་དོ། །དེ་ནས་གཞན་ཡང་འཁོར་ལོར་གྱུར་པ་གྲུ་བཞི་ པ་དང་། སྒོ་བཞི་པ་དང་། རིག་བྱེད་ལ་དེ་བཞིན་དུ་རྡོ་རྗེས་མཚན་པའོ། །སྒོ་ལ་རྡོ་རྗེ་ཐོ་བ་དང་། རིན་ཆེན་དབྱིག་ཏོ་དང་། པད་མ་དང་། དེ་བཞིན་དུ་རྡོ་རྗེ་རལ་གྲིའོ། །མཚམས་སུ་ཐོད་པ་ལ་དཀར་པོ་ 86-1-330b གནས་པའི་ཨུཏྤ་ལ་དང་ལྕགས་ཀྱུའོ། །དེ་བཞིན་དུ་དེའི་དབུས་སུ་པད་མ་འདབ་མ་བཅུ་པ་ལ་མཁས་པས་ཡི་གེ་དགོད་པར་བྱ་བ་ཡིན་ནོ། །དེའི་ལྟེ་བ་ལ་སྔགས་ཀྱི་མཆོག་འདི་བྲི་བར་བྱ་སྟེ། འདི་ལྟ་སྟེ། ཨོཾ་ པྲ་ས་ནྣ་ཏཱ་རེ་ཨ་མྲྀ་ཏ་མུ་ཁི་ཨ་མྲྀ་ཏ་ལོ་ཙ་ནེ་སརྦྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། དབང་གི་སྔགས་འདི་བྲི་བར་བྱའོ། །དེ་ནས་གདུག་པ་ཐམས་ཅད་ཟློག་པར་བྱེད་པའི་སྔགས་འདི་བཀའ་སྩལ་པ། ཨོཾ་སརྦྦ་མོ་ཧ་ནི་ ཏཱ་རེ་ཏུཏྟྭ་རེ་ཏུ་རེ་སརྦ་དུཥྚཱ་ནཱྃ་མོ་ཧ་ཡ་མོ་ཧ་ཡ། བྷ་ག་བ་ཏི་སརྦྦ་དུཥྚཱ་ནཱྃ། བནྡྷ་བནྡྷ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དེའི་དབུས་སུ་ཟླ་བ་བྱ་ཞིང་ཟླ་བའི་དབུས་སུ་བཞི་པའི་དང་པོ་ཟེ་བའི་དབྱིབས་སུ་ཟླུམ་པོའི་རྣམ་པ་བྲི་ བར་བྱའོ། །དེའི་དབུས་སུ་རྩིབས་དྲུག་པ་དེ་ནས་བྱའོ། དེ་ནས་སྔགས་རིག་པས་ཡི་གེ་ཧྲཱིའི་ཆོ་གས་ནང་དུ་ཆུད་པར་བྱས་ན་ཕ་རོལ་གྱི་དཔུང་ཐམས་ཅད་ལས་རྒྱལ་བ་སྒྲོལ་མ་འབྱུང་བ་ཞེས་བྱའོ། ། འདི་འབུམ་བཟླས་པས་ས་གཡོ་བ་དང་། རྒྱ་མཚོ་དང་མཚོ་ལ་སོགས་པ་སྐམ་པར་འགྱུར་བ་དང་། དུག་བདུད་རྩིར་བྱེད་པར་འགྱུར་བ་དང་། བདུད་རྩི་ཡང་དུག་ཏུ་བྱེད་པར་འགྱུར་རོ། །གྱོ་མོ་ལ་མངོན་ བར་བསྔགས་ནས་སྟེང་དང་། འོག་དང་། ཕྱོགས་དང་། མཚམས་སུ་གཏོར་བ་བྱས་ན་ལྷ་ཐམས་ཅད་དང་། ལྷ་མ་ཡིན་དང་། གནོད་སྦྱིན་དང་། སྲིན་པོ་དང་། དྲི་ཟ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ རྣམས་བཅིངས་པ་དང་། མཁའ་འགྲོ་མ་ཐམས་ཅད་ཀྱི་སྦྱོར་བ་འཕྲོག་པ་དང་། ཀླུ་ཐམས་ཅད་ཀྱི་དུག་འཕྲོག་པར་འགྱུར་རོ། །གྱོ་མོ་ལ་ཡོངས་སུ་བཟླས་ནས་ཆུ་ལ་གཏོར་ན་རྒྱུན་ལས་བཟློག་ནས་ འབབ་པར་འགྱུར་རོ། །གྱོ་མོ་དེ་ཉིད་ཀྱིས་རྦ་རླབས་རེངས་པར་བྱེད་དོ། །སྟེང་དུ་བལྟས་ནས་སྟོང་བཟླས་ན་ཆར་ཆེན་པོ་ཟློག་པར་བྱེད་དོ། །ཕ་རོལ་གྱི་དཔུང་ལ་ཁ་བལྟས་ནས་སྟོང་བཟླས་པ་བྱས་ནས་ 86-1-331a གཡུལ་དུ་ཞུགས་ན་མཚོན་བརྒྱ་ཡིས་བསྣུན་ཀྱང་ན་བ་སྐྱེ་བར་མི་འགྱུར་ཏེ། མཚོན་གྱིས་ཆོད་པར་མི་འགྱུར་ཞིང་རྡོ་རྗེའི་ལུས་སུ་འགྱུར་བ་དང་། ངོ་མཚར་དུ་མ་བྱེད་པར་འགྱུར་བ་དང་། སྔགས་ཀྱི་རྒྱལ་པོས་བསྐུལ་བས་རྩེ་བར་འགྱུར་རོ། །བདུན་པ་ལས་ལས་རྒྱས་པའི་འཁོར་ལོ་འབྱུང་བ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་གསུམ་པའོ།། །། རབ་གནས་མཚན་ཉིད་བཟང་པོ་ ནི། །རིམ་པ་ཇི་ལྟར་བཤད་དུ་གསོལ། །བཟླས་དང་བསམ་གཏན་མི་འཚལ་བས། །སྦྱིན་སྲེག་ལས་ཆོག་ཇི་ལྟར་ལགས། །བཅོམ་ལྡན་རྡོ་རྗེ་སྙིང་པོ་བདག །ཆོས་ཀུན་གཅིག་ཏུ་བསྡུས་པ་ཡི། ། དགྱེས་པ་ཆེན་པོ་རྙེད་དཀའ་བ། །བཀའ་དྲིན་གྱིས་ནི་བསྐྱབ་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །བསམ་གཏན་ལས་ཆོག་ཇི་ལྟ་བར། །བཤད་པར་བྱ་ཡིས་ལྷ་མོ་ཉོན། ། བསམ་གཏན་ཙམ་གྱིས་སྦྱོར་བས་ནི། །ལས་རྣམས་ཐམས་ཅད་བསྒྲུབ་པར་བྱ། །དེ་ལ་དང་པོར་ས་སྦྱང་བ་བཤད་པའི་ཕྱིར་བཀའ་སྩལ་པ། རྡོ་རྗེ་སེམས་དཔར་སྙེམས་བྱས་ནས། །ཁེངས་ བཅས་གཉིས་མེད་ཡང་དག་གནས། །འཇིག་རྟེན་གསུམ་རྒྱལ་གྱུར་ནས་ནི། །བགེགས་རྣམས་ཐམས་ཅད་བསྐྲད་པར་བྱ། །རྐང་པའི་དགོད་པ་ཅི་གསུངས་དང་། །དེ་བཞིན་དུ་ནི་ལྷ་རྣམས་ཉིད། ། སྦྱིན་སྲེག་ལས་ནི་ཅི་གསུངས་དང་། །ཐབ་ཁུང་གི་ནི་མཚན་ཉིད་དང་། །དེ་ནས་ཕྱག་རྒྱ་སྦྱོར་བྱས་ནས། །ཕྱི་ནས་དཀྱིལ་འཁོར་བྲི་བར་བྱ། །ཁྲོ་བོ་རྣམ་པར་རྒྱལ་བ་ཞལ་གསུམ་པ་ཕྱག་དྲུག་པར་ གྱུར་པ་བསྒོམས་ནས། ཁྲོ་བོའི་སྤྲིན་ཕྱུང་སྟེ། དེ་ཉིད་ཀྱིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་འཁོར་དང་བཅས་པ་ལ་ཁྱེད་རྣམས་ཀྱིས་བྱིན་གྱིས་བརླབས་པའི་གནས་སུ་དགོངས་ 86-1-331b པ་མཛད་པ་དང་། སློབ་དཔོན་དང་དེའི་སློབ་མ་རྣམས་བསྲུང་བ་མཛད་དུ་གསོལ་ཞེས་བསྐུལ་ལོ། །དེ་ནས་དེ་བསྡུས་ནས་ནང་དུ་བཅུག་སྟེ། རང་གི་སྙིང་གར་ཟླ་བ་ལ་རིགས་ཀྱི་བདག་པོའི་ལྟེ་བའི་ནང་ དུ་ཧཱུྃ་གནས་པར་བྱས་ནས། དེ་ཡང་རྡོ་རྗེ་འཛིན་པའི་གཟུགས་རང་གི་རིག་མ་དང་། རྣལ་འབྱོར་མ་དང་། བཅོམ་ལྡན་འདས་ལྷན་ཅིག་དེ་བཞིན་གཤེགས་པ་ཐམས་ཅད་དང་གཅིག་ཏུ་འདྲེས་པར་ གྱུར་པས་དང་པོའི་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ་ཅིང་། འདོད་པའི་སྐོར་བ་བྱས་ནས་ལག་པ་གཡས་པས་རྡོ་རྗེ་གསོར་བར་བྱ་བ་དང་། གཡོན་པས་དྲིལ་བུ་སྒྲ་སྙན་པར་དཀྲོལ་བར་བྱའོ། །རྐང་ པའི་མཐིལ་དུ་ཧཱུྃ་ལས་རྡོ་རྗེ་འབར་བ་དགོད་པར་བྱ་ཞིང་། ཁྲོ་བོའི་ང་རྒྱལ་དང་བཅས་པས་ཧཱུྃ་བྱས་ནས་བློ་དང་ལྡན་པས་ཧཱུྃ་བརྗོད་པས་བསྐྲད་པར་བྱའོ། །ལྷ་དང་། ལྷ་མ་ཡིན་དང་། གསང་བ་པ་གདུག་པ་ཅན་ཐམས་ཅད་ལ་ཁྲོ་བོའི་སྐུར་བསྒོམས་པས། ཚིག་འདི་དག་བརྗོད་པར་བྱ་སྟེ། གང་ཡང་ལྷ་དང་། ལྷ་མ་ཡིན་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དགས་དང་། ཤ་ ཟ་དང་། རྗེད་བྱེད་དང་། འབྱུང་པོ་དང་། མཁའ་འགྲོ་མ་དང་། ལུས་སྲུལ་པོ་དང་། གནོན་པོ་མཐུ་ཆེ་ཞིང་རྫུ་འཕྲུལ་ཆེ་བ་རྗེས་སུ་འབྲང་བའི་འཁོར་དང་བཅས་པ་དང་། ནམ་མཁའ་ལྡིང་དང་། མི་ འམ་ཅི་དང་། རིག་སྔགས་གྲུབ་པ་ཁྱེད་སོང་ཤིག །སའི་ཕྱོགས་འདིར་སློབ་དཔོན་ཆེ་གེ་མོ་ཞེས་བྱ་བའི་སློབ་མ་ཆེ་གེ་མོ་ཞེས་བྱ་བ་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་དོན་དང་། སེམས་ཅན་ཐམས་ ཅད་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་དཀྱིལ་འཁོར་གྱི་རྒྱལ་པོ་ཆེ་གེ་མོ་ཞེས་བྱ་བ་འབྲི་བས་རྡོ་རྗེ་འཛིན་པའི་བཀའ་ཐོས་ནས་དེ་དག་མྱུར་བ་ཉིད་དུ་སོང་ཤིག །གང་ཞིག་མི་འགྲོ་བ་དེ་དག་ལག་ 86-1-332a ན་རྡོ་རྗེ་ཧཱུྃ་མཛད་ཁྲོས་པའི་གདོང་རབ་ཏུ་འབར་བ་ཀུན་དུ་འབར་ཞིང་རབ་ཏུ་འབར་བས་ཡེ་ཤེས་ཆེན་པོའི་རྡོ་རྗེའི་ཡེ་ཤེས་ཀྱི་རྡོ་རྗེས་མགོ་བོ་བརྒྱར་འགས་པར་འགྱུར་རོ་ཞེས་ལན་ གསུམ་དུ་བརྗོད་དོ། །རྡོ་རྗེ་ཆེན་པོ་ལག་པར་གཟུང་ནས་རང་གི་རྡོ་རྗེ་ལས་ཁྲོ་བོའི་སྐུ་སྟོན་ཏེ། རྡོ་རྗེའི་རྐང་པས་དཀྱིལ་འཁོར་གྱིས་ཀུན་དུ་བསྐོར་ཞིང་ཡོངས་སུ་བཅགས་པས་གདུག་པ་ཅན་ ཐམས་ཅད་བསྐྲད་པར་བྱའོ། །དེ་ལྟར་ས་ཡོངས་སུ་གཟུང་བ་ཡིན་ནོ། །དེ་ནས་སའི་ལྷ་མོ་དགུག་པའི་སྔགས་ཀྱིས་བྱིན་གྱིས་བརླབ་པ་ལ་སོགས་པ་བྱ་ཞིང་། བླ་མ་ལ་ཕྱག་འཚལ་ནས་ སྔགས་ཀྱི་མཁན་པོ་ཕྱག་འཚལ་ཏེ། ཕྱིས་སའི་ལྷ་མོ་གསེར་གྱི་ཁ་དོག་ཅན་བུམ་པ་ལག་ན་ཐོགས་པ་བཀུག་ཅིང་བཅུག་སྟེ་བཅིངས་ནས་དྲི་ཞིམ་པོ་ལ་སོགས་པ་མཆོད་པ་ལྔ་པོ་རྣམས་ཀྱིས་ ཡང་དག་པར་མཆོད་ཅིང་། ལྷག་པར་གནས་ནས་ཉེ་བར་བྱའོ། །དེའི་དགུག་པའི་སྔགས་བཀའ་སྩལ་པ། ཨོཾ་ཨེ་ཧྱེ་ཧི་མ་ཧཱ་དེ་བི་པྲྀ་ཐི་བཱི་ལོ་ཀ་མཱ་ཏ་རེ། སརྦྦ་རཏྣ་སྃ་པུ་ཎྞི་དི་བྱཱ་ལྃ་ཀཱ་ར་བྷཱུ་ཥི་ཏེ་ ཧཱ་ར་ནཱུ་པཱུ་ར་ནིརྒྷོ་ཥ། བཛྲ་སཏྭ་པྲ་པཱུ་ཛི་ཏེ། གྲྀ་ཧཱི་ཏྭ་ཨི་དྃ་ཨརྒ་ཧོ་མ་ཀརྨྨ་སུ་སཱ་དྷ་ཡ་ཏ། ཧཱི་ཧཱི་ཧཱི་ཧཱི་ཧྃ་སྭཱ་ཧཱ། སྔགས་འདིས་སྟ་གོན་ལ་གནས་པ་ལ་སོགས་པ་བྱས་ནས་ས་བྱུག་པ་བྱ་བའི་ཕྱིར་ བཤང་བ་དང་གཅི་བ་ལ་སོགས་པ་བསང་གཏོར་བྱས་ཏེ་བྱུག་པར་བྱའོ། །དེ་ནས་ཤ་ཆེན་གྱི་བདུག་པས་བདུག་པར་བྱའོ། །བདུགས་མ་ཐག་ཏུ་མཆོད་ནས་དེ་ལ་དབུས་སུ་ཕྱག་རྒྱ་གཞག་པ་ནི་ རིག་མ་རབ་ཏུ་གཞུག་པར་བྱའོ། །ཅི་ལགས་བཅོམ་ལྡན་འདས་ལུགས་མ་དང་། འདུས་བྱས་པ་དང་། རི་མོ་སྣ་ཚོགས་དང་། ཤིང་ལ་སོགས་པ་ལས་བྱས་པའི་རིག་མའི་ལྷ་མོ་གཞུག་པར་ 86-1-332b བགྱི་ཞེས་གསུངས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གདོལ་པ་ལ་སོགས་པའི་མིའི་བུ་མོ་གཞུག་པར་བྱའོ། །དེའི་དངོས་པོ་མེད་ན་གཞན་པ་ཕལ་པ་མཆོག་གི་ཡན་ལག་ལ་ཧྲཱིའི་སྔགས་ དགོད་པར་བྱའོ། །ཡན་ལག་ཐམས་ཅད་ལ་ཞེས་བྱ་བ་ནི་སྙིང་ཀ་དང་། སྨིན་མཚམས་དང་། ལྐོག་མ་དང་། སྤྱི་བོ་རྣམས་སུ་ཧྲཱིཿདང་། བྷ་གའི་དབུས་སུ་བྷྲུྃ་དགོད་པར་བྱའོ། །ཅི་བཅོམ་ལྡན་འདས་གང་དུ་དེ་ རྣམས་ཀྱི་དབུས་སུ་བྷྲུྃ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཉོན་ཅིག །དབུས་ཀྱི་སྒྲས་ནི་ལྟེ་བར་གསུངས་སོ། །དེར་བྷྲུྃ་དགོད་པར་བྱའོ། །དེར་ཡི་གེ་བཀོད་ནས་སྤྱན་ལ་སོགས་ པའི་གཟུགས་སུ་བསྒོམ་པར་བྱ་ཞེས་བཀའ་སྩལ་ཏོ། །སྤྱན་གྱི་དབྱིབས་སུ་བསྒོམ་པར་བྱ་ཞིང་། །དེར་བྲམ་ཟེ་མོའམ། དམངས་མོ་ཞི་བ་ལ་སྤྱན་གྱི་རྣམ་པ་ཞེས་བྱ་བ་ཁ་དོག་དཀར་མོ་རྒྱན་ཐམས་ཅད་ཀྱིས་ བརྒྱན་པར་བསྒོམ་པར་བྱའོ། །དབང་ལ་གདོལ་པ་མོ་སྒྲོལ་མ་ཁ་དོག་དམར་མོ་བསྒོམ་པར་བྱའོ། །རྒྱས་པ་ལ་གར་མ་དང་རྒྱལ་རིགས་དག་གོས་དཀར་མོ་ཁ་དོག་སེར་མོའོ། །དེ་ལྟར་ལས་ཀྱི་དབྱེ་བས་མཆོད་པ་ ལྔས་མཆོད་དོ། །མེ་ཏོག་སྙིམ་པར་བཞུག་པར་བྱ་ཞེས་བྱ་བ་ནི། དེའི་བྷ་ག་ལ་མེ་ཏོག་དང་། ཁུ་བ་གཞུག་པར་བྱའོ། །དེ་ལྟར་སྦྱིན་སྲེག་གིས་ས་སྦྱངས་བར་བྱས་པ་ཡིན་ནོ། །དཀྱིལ་འཁོར་གྱི་ཆོ་ག་ལ་ ཡང་གཞན་ཕལ་བ་མཆོག་གི་བུ་མོར་རྟོགས་པར་བྱའོ། །དཀྱིལ་འཁོར་གྱི་ཕྱིར་སྦྱིན་སྲེག་གི་ཆོ་ག་དེ་ཉེ་བར་བསྟན་པར་བྱ་སྟེ། གང་ལ་གསང་བ་ཆོས་ཀྱི་དཀྱིལ་འཁོར་དང་། ཕྱི་རོལ་གྱི་དཀྱིལ་འཁོར་ལ་ཡང་ཆོ་ག་ འདིས་ཐིག་གདབ་པར་བྱ་ཞིང་། རྡུལ་ཚོན་གྱི་དཀྱིལ་འཁོར་དང་། གསང་བ་ཆོས་ཀྱི་དཀྱིལ་འཁོར་ཇི་སྙེད་པའི་རང་གི་དམ་ཚིག་སྟེ། འདི་སྐད་དུ་རྣལ་འབྱོར་གྱི་གནས་སུ་གྱུར་པའི་སའི་ཕྱོགས་སུ་ཐབ་ཁུང་བྱའོ་ཞེས་བཀའ་ 86-1-333a སྩལ་ཏོ། །སྣ་ཚོགས་ལས་ནི་རབ་བསྒྲུབ་ཕྱིར། །སྦྱིན་སྲེག་ལས་ནི་རབ་བཤད་བྱ། །མེ་ནི་ལྷ་ཡི་ཁ་རུ་གསུངས། །སྦྱིན་སྲེག་དེ་ཉིད་རྣམ་པར་གནས། །སྦྱིན་སྲེག་གིས་ནི་ལྷ་རྣམས་ཚིམ། །ཚིམ་ ནས་དངོས་གྲུབ་རབ་ཏུ་སྩལ། །གང་ཞིག་སྔགས་ཀྱི་ལྷག་ཆད་དག །སྦྱིན་སྲེག་གིས་ནི་དེ་ཀུན་དགང་། །སྐུ་གསུམ་མཆོག་གི་རྩེ་ལས་སྐྱེས། །དེ་ཕྱིར་སྦྱིན་སྲེག་རབ་ཏུ་སྔགས། །གཙུབས་པ་ལས་ནི་བྱུང་བའི་མེས། ། དག་བྱེད་ལས་ནི་བྱེད་པར་འགྱུར། །གདོལ་པའམ་དུར་ཁྲོད་སྐྱེས་པ་ནི། །མི་དགེ་བ་ནི་རབ་ཏུ་བསྒྲུབ། །ཟླུམ་པོ་དང་ནི་གྲུ་བཞི་དང་། །ཟླ་ཕྱེད་དང་ནི་གྲུ་གསུམ་པ། །རྡོ་རྗེའི་མཚན་མའི་མུ་རན་དང་། །དཀྱིལ་འཁོར་གྲྭར་ ནི་སྤྲོ་བར་བྱ། །ཐབ་ཁུང་དབུས་སུ་གཙུག་ཏོར་དང་། །ཆུ་སྐྱེས་རྡོ་རྗེ་རིན་ཆེན་དང་། །པད་མ་གཞུག་པར་བྱ་བའོ། །སྦྱིན་སྲེག་དེ་ཉིད་ཆོག་རིམ་པས། །རྣལ་འབྱོར་ཇི་བཞིན་གནས་ནས་ནི། །པུས་མོའི་ནང་དུ་ ལག་པ་ཉིད། །བླུགས་གཟར་མར་ཁུས་ཁྱབ་པས་ནི། །དེ་བཞིན་དགང་གཟར་དགང་བླུགས་ཉིད། །གཡས་སུ་སྦྱིན་སྲེག་ཡོ་བྱད་གཞག །གཡོན་དུ་ཆུ་ཡི་སྣོད་ཉིད་དེ། །མདུན་དུ་མཆོད་ཡོན་སྣོད་ཉིད་དོ། ། ལས་ཀུན་བྱེད་པ་བཟླས་པས་ནི། །བསང་གཏོར་དང་ནི་འཐོར་འཐུང་བྱ། །ཐབ་ཁུང་ཀུན་དུ་ཀུ་ཤ་ཡི། །རྩེ་མོ་དྲང་པོས་ཡོངས་སུ་བསྐོར། །མེ་ནི་འབར་བར་རིག་ནས་ནི། །མེ་ལྷ་སྤྱན་ནི་དྲང་བར་བྱ། །སྔགས་ འདིས་ཆོ་ག་བཞིན་དུ་གཡས་པའི་མཐེ་བོང་དང་། མེ་འཇིགས་པ་གཡོ་བས། ཨེ་ཧྱེ་ཧི་མ་ཧཱ་བྷཱུ་ཏ་དེ་བ་རྀ་ཥི་དྭི་ཛ་ས་ནྟ། གྲི་ཧཱི་ཏྭཱ་ཧུ་ཏི་མ་ཧཱ་རསྨིན་སནྣི་ཧི་ཏོ་བྷ་བ། ཨོཾ་ཨགྣེ་དཱཔྱི་ཨ་བི་ཤ་མ་ཧཱ་ཤྲཱི་ཡེ། ཧ་བྱ་ཀ་བྱ་བཱ་ཧ་ནཱ་ཡ་སྭཱ་ཧཱ། མཆོད་པ་ལྔ་ལ་གཡོན་པའི་རྡོ་རྗེས་བསང་གཏོར་བྱ་ཞིང་། མེའི་ཕྱོགས་ནས་བཀུག་པ་ལྟོ་བ་འཕྱང་ཞིང་མིག་གསུམ་པ་དང་། ཞལ་བཞི་པ་དང་། ཕྱག་བཞི་པ་དང་། ཁ་དོག་དམར་ཞིང་རལ་པ་ 86-1-333b ཆེན་པོ་དང་། མེའི་དཀྱིལ་འཁོར་ལ་གནས་ཤིང་ལས་ཀྱི་འོད་ཟེར་གྱིས་བརྒྱན་པ་སྟེ། ལག་པ་དང་པོ་ན་མཆོག་སྦྱིན། གཉིས་པ་ན་བགྲང་ཕྲེང་གཡོན་པ་ན་རིལ་བ་སྤྱི་བླུགས་ཉིད་དང་། གཉིས་པ་ན་དབྱིག་ གུ་ཉིད། ཁ་དོག་དམར་པོས་རྣམ་པར་བརྒྱན་ཅིང་དྲང་སྲོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་འདི་ལྟ་བུའི་གཟུགས་སུ་བསམས་ནས་ཐབ་ཁུང་གི་དབུས་སུ་གཞུག་པར་བྱའོ། །དེའི་སྦྱིན་སྲེག་ཐམས་ཅད་ལ་ལན་ གསུམ་གྱི་བར་དུ་སྲེག་བླུགས་སྦྱིན་ཏེ། དེ་ནས་འཐོར་འཐུང་བྱས་ནས་འབར་བའི་རྣམ་པས་ཐིམ་པར་བྱའོ། །རིམ་པའི་སྦྱོར་བ་འདིས་ལྷ་རྣམས་མཁས་པས་ཚིམ་པར་བྱའོ། །ཚིམ་པར་བྱས་ནས་བཟོད་ པར་གསོལ་ཏོ། །དངོས་གྲུབ་འདོད་པས་ཤེས་པར་བྱ་སྟེ། གདུགས་དང་། རྒྱལ་མཚན་དང་། རྡོ་རྗེ་དང་། བུམ་པ་དང་། པད་མ་དང་། ལྕགས་ཀྱུའི་དབྱིབས་དང་། རྩེ་གཅིག་པ་དང་། རྩེ་གཉིས་པ་དང་། རྩེ་གསུམ་པ་དང་། མཆོག་དང་། འབྲིང་དང་། ཐ་མ་དང་། ཁྱད་པར་དུ་གཡས་སུ་འཁྱིལ་བ་དང་། འབར་བའི་ཁ་དོག་དཀར་པོ་དང་། བཟང་པོའི་འཁྱིལ་བ་མཁས་པས་བརྟག་པར་བྱ་བ་དང་། བརྒྱ་ བྱིན་གྱི་གཞུ་ལྟ་བུར་གཙང་བ་དང་། སྣུམ་པ་དང་། དབང་པོ་སྦས་པ་ལྟ་བུའི་འོད་དང་། ཀུ་སུམྦྷ་དང་། བཻ་དུརྱཱ་ལྟ་བུ་དང་། དྲི་ཞིམ་པ་དང་། ཡིད་དུ་འོང་བ་དང་། གསེར་དང་། དངུལ་ལྟ་བུ་དང་། དུ་བ་མེད་པ་ དང་། ཉི་མ་ལྟ་བུ་འབར་བ་དང་། དྲི་མ་མེད་པ་དང་། ཞི་བ་ལ་ཁ་དོག་དཀར་པོ་ལྟ་བུ་དང་། རྒྱས་པ་ལ་ནི་སེར་པོ་ལྟ་བུ་དང་། རྗེས་སུ་ཆགས་པ་ལ་ནི་དམར་པོ་མཆོག་དང་། མངོན་སྤྱོད་ལ་ནི་སྔོན་པོ་དང་། ནག་ པོ་དང་། མེ་ལྕེ་མང་བ་དང་། དུ་བ་དང་། མེ་སྟག་ཐམས་ཅད་ཡང་དག་པར་ལངས་པ་དང་། ཆུང་ངུ་ཆུང་ངུར་འཆད་པ་དང་། མྱུར་བར་གཟི་བརྗིད་ཆུང་བ་དང་། ནག་པོ་དང་བཅས་པ་དང་པ་ལ་ཤའི་མདོག་དང་། 86-1-334a རྩེ་གསུམ་པ་དང་། ཉི་མ་ལྟ་བུ་ཉིད་དང་། དེ་བཞིན་དུ་བ་གླང་གི་མདོག་ལྟ་བུ་ཉིད་དང་། རོའི་དྲི་དང་། ཉའི་དྲི་དང་། བོང་བུ་དང་། ཁྱིའི་དང་། རྔ་མོ་ནི་བགེགས་དང་། བགེགས་མེད་པའི་ འབར་བའི་མཚན་མ་མཚོན་པར་བྱ་བ་ཡིན་ནོ། །མྱུར་བར་བཟླས་པ་དང་། བསྒོམ་པ་ལས་དགའ་བས་དེ་ལྟར་འགྲུབ་པར་འགྱུར་རོ། །ཨོཾ་དང་པོ་དང་། སྭཱ་ཧཱ་མཐར་འགྲོ་བའི་སྔགས་བརྗོད་དོ། །ཞི་བ་དང་། རྒྱས་པ་ དང་། དབང་ལ་རྒྱུན་མི་འཆད་པར་དབྱངས་སྦྱར་བར་བྱ་ཞིང་། ཞི་བ་ལ་ཞི་བའི་ཡིད་དང་། རྒྱས་པ་ལ་སོགས་པ་ལ་ཚིམ་པས་འཕེལ་བར་འགྱུར་བ་དང་། དབང་ལ་དབང་གི་ཡིད་དང་། མྱོས་པར་བྱེད་ཅིང་ནང་གི་གུས་ པ་དང་བཅས་པ་དང་། མངོན་སྤྱོད་ལ་ཧཱུྃ་དང་ཕཊ་ཀྱིས་ལུས་འབར་ཞིང་འབར་བ་དང་། འཇིག་རྟེན་གསུམ་བཟའ་བའི་སེམས་ཀྱི་ཆོ་གས་གནས་སོ། །སྔགས་ཀྱི་ཡི་གེའི་རྐང་པ་ཡི། །ནང་དུ་ཆུད་པས་བསྐུལ་བས་ སྦྱར། །གང་ཡང་ཁ་དང་ལྡན་པའི་ལྷ། །སྣ་ཚོགས་ལས་ཀྱིས་མཆོད་པར་བྱ། །སྦྱིན་སྲེག་ཆོ་ག་ཐམས་ཅད་ལ། །སྔགས་ཀྱི་སྒྲུབ་པོས་ཆོག་ཤེས་པས། །དང་པོར་སྲེག་བླུགས་གང་བར་དབུལ། །ཕྱི་ནས་ལས་ནི་བརྩམ་ པར་བྱ། །སྦྱིན་སྲེག་དེ་ཉིད་ཀྱིས་ནི་བསྐུལ། །སྦྱིན་སྲེག་ཆོ་གའི་རིམ་པ་འདི། །ཞི་བ་རྒྱས་པ་དབང་དང་ནི། །ཁུ་བ་སྲིད་པའི་སྦྱིན་སྲེག་ལ། །བཤང་གཅི་ཁྲག་དང་རྐང་དང་ནི། །རུས་པ་ཤ་ཆེན་སྦྱིན་སྲེག་གི། ། ཐམས་ཅད་ལས་ནི་ཁ་བཀང་ཡིན། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ། དེ་བཞིན་གཤེགས་པའི་རྡོ་རྗེ་ཡེ་ཤེས་ཀྱི་འཁོར་ལོ་སྒྲུབ་པའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ སྙོམས་པར་ཞུགས་ནས་འཁོར་ལོ་ཐམས་ཅད་རབ་ཏུ་བསྒྲུབ་པའི་སྦྱོར་བའི་ལས་རྒྱས་པ་ཕྱི་ནང་དུ་གྱུར་པ་འདི་བཀའ་སྩལ་པ། གང་གི་གང་ཡང་ལྷའི་འཁོར་ལོའི་དབུས་སུ་བཅུག་པ་དེའི་མཚན་དུ་བསྟན་ 86-1-334b པར་འགྱུར་བའི་རྡོ་རྗེའི་དཀྱིལ་འཁོར་ནི་མཁས་པས་བསྔགས་སོ། །ཞི་བ་དང་། རྒྱས་པ་དང་། དབང་དང་། མངོན་སྤྱོད་ཀྱི་ལས་རྣམས་ལ་བདག་པོས་འཁོར་ལོའི་རྒྱལ་མོ་རྣམ་པར་བསྒོམ་པར་སྦྱོར་བར་བྱེད་དོ། ། བྷ་གའི་དབུས་སུ་ཟླ་བའི་དཀྱིལ་འཁོར་གང་བ་བསྒོམ་པར་བྱ་སྟེ། ཏཱྃ་ལས་སྐྱེས་པའི་ལྷ་མོ་སྒྲོལ་མ་མཐུ་ཆེན་མོ་སྒེག་པའི་རོས་ཡང་དག་པར་གནས་མ། ཞལ་བརྒྱད་མ། སྤྱན་གསུམ་མ། ཕྱག་བཅུ་དྲུག་མ། ཞལ་འཛུམ་པ། མ་ར་ཀ་ཏ་ཏ་བུ། ལང་ཙོ་ཕུན་སུམ་ཚོགས་མ། ན་བཟའ་སྣ་ཚོགས་མནབས་པ། དོ་ཤལ་དང་། རྐང་གདུབ་དང་། ལག་གདུབ་དང་། དཔུང་རྒྱན་དང་། རྣ་རྒྱན་དང་། སྐ་རགས་ཆེན་པོ་དང་། རྒྱན་སྣ་ཚོགས་ཀྱིས་བརྒྱན་མ། ཨུཏ་པ་ལ་ཡིས་སྤྱི་བོ་བརྒྱན་མ། ཡ་བའི་མེ་ཏོག་ལྟ་བུར་མཆོག་མ། གཡོན་བརྐྱང་བའི་གནས་སུ་བཞུགས་མ། སུམ་བཅུ་རྩ་གསུམ་གྱི་བདག་པོ་ཡང་འཇིགས་ཤིང་སྐྲག་ པར་མཛད་ཅིང་། གཞན་ཡང་ཐལ་མོ་སྦྱོར་བ་དང་། འོད་ཟེར་དམར་པོ་ཉེ་བར་འབར་ཞིང་སངས་རྒྱས་ཀྱི་སྤྲིན་གྱིས་ཀུན་དུ་ཁྱབ་པར་སྤྲོ་བ་དང་། སེམས་ཅན་ཐམས་ཅད་ལ་མ་ལྟ་བུར་སྡུག་པར་རྣལ་འབྱོར་ པས་བསྒོམ་པར་བྱས་ན་མྱུར་དུ་སངས་རྒྱས་ཉིད་ཐོབ་པར་འགྱུར་རོ། །དང་པོ་ན་རལ་གྲིའོ། །གཉིས་པ་ན་ཨུཏ་པ་ལའོ། །གསུམ་པ་ན་མདའོ། །བཞི་པ་ན་རྡོ་རྗེའོ། །ལྔ་པ་ན་ལྕགས་ཀྱུའོ། །དྲུག་པ་ ན་དབྱིག་པའོ། །བདུན་པ་ན་གྲི་གུག་གོ། །བརྒྱད་པ་ན་མི་འཇིགས་པའོ། །གཡོན་པའི་དང་པོ་ན་ཐོད་པའོ། །གཉིས་པ་ན་སྡིགས་མཛུབ་བོ། །གསུམ་པ་ན་གཞུའོ། །བཞི་པ་ན་ཁ་ཊྭཱྃ་གའོ། །ལྔ་པ་ན་ཞགས་པའོ། ། དྲུག་པ་ན་མིའི་མགོ་བོའོ། །བདུན་པ་ན་རིན་པོ་ཆེའོ། །བརྒྱད་པ་ན་བུམ་པ་འཛིན་པའོ། །གཡས་པའི་ཞལ་དང་པོ་ནི་སྔོན་པོའོ། །གཉིས་པ་ནི་སེར་པོ་ཡང་དག་པར་འབར་བའོ། །གཡོན་པའི་དང་པོ་ནི་དཀར་པོའོ། །གཉིས་ 86-1-335a པ་ནི་ལྗང་གུ་དང་། བཻ་ཌཱུརྱ་ལྟ་བུའོ། །སྟེང་གི་ཞལ་ནི་རྣམ་པར་གཙིགས་ཤིང་། དུ་བའི་མདོག་དང་། འཇིགས་པ་ཆེན་པོ་དང་། ཁྲོ་གཉེར་ཤིན་དུ་འཇིགས་པར་བྱེད་པ། དངོས་གྲུབ་ཐམས་ཅད་སྦྱིན་པར་ བྱེད་པ། དེ་ལྟར་ལྷ་མོ་བསྒོམ་པར་བྱའོ། །དེ་ནས་སྟེང་གི་ཞལ་བོང་བུའི་རྣམ་པ་དང་། འདོད་པའི་གཟུགས་ཅན་མ་ཞབས་བཞི་པ། རྩེ་གསུམ་སྦྲུལ་གྱིས་བསྐོར་བ། དེ་བཞིན་དུ་ཧེ་རུ་ཀའི་ཞེས་བྱ་བ་དངོས་གྲུབ་ཐམས་ཅད་ གསོལ་པ་བསྒོམ་པ་བྱའོ། །བྷ་གའི་ནང་དུ་ཡང་ལས་རླུང་གི་དཀྱིལ་འཁོར་དུ་བའི་རྣམ་པར་བསམ་པར་བྱའོ། །དེའི་སྟེང་དུ་ཟླ་བའི་དབུས་སུཿདྷཱི་ཡོངས་སུ་གྱུར་པ་ལས་འཇམ་པའི་དབྱངས་ཀྱིས་གཟུགས་སུ་ བདག་ཉིད་བསམས་ནས་དེའི་སྙིང་གར་ཨ་ལས་ཉི་མའི་དཀྱིལ་འཁོར་བསམས་ཏེ། དེ་ནས་ཉི་མའི་དཀྱིལ་འཁོར་ལས་འོད་ཟེར་ཕྱུང་སྟེ་ཆོ་ག་བཞིན་དུ་མཆོད་པར་བྱའོ། །དེའི་སྟེང་དུ་ཧཱུྃ་འོད་ཟེར་ལྔ་དང་ལྡན་པ་ བསམས་ནས་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་འཇིགས་བྱེད་ཞལ་དགུ་པ་མ་ཧེའི་གཟུགས་དང་། ཞབས་བཅུ་དྲུག་པ། ཕྱག་སུམ་བཅུ་རྩ་བཞི་པ། གཅེར་བུ་སྐུ་མདོག་ནག་ཅིང་གཟི་བརྗིད་ཆེན་པོ་དང་། ཐོད་པའི་མཆོག་ གིས་བརྒྱན་པར་མཛད་ཅིང་། འཇིགས་བྱེད་ཆེན་པོའི་སྟེང་གི་ལིང་ག་དང་། གཡོན་བརྐྱང་བས་བཞུགས་ཤིང་། གསུས་པ་ཆེ་བ་དང་། སྐུ་ཆེ་ཞིང་སྐྲ་སྟེང་དུ་འབར་བས་འཇིགས་པའི་རྣམ་པ་དང་། ཐོད་པའི་ཕྲེང་ བའི་རྒྱན་གྱིས་བརྒྱན་པ། འཇིགས་པ་ཆེན་པོའི་དུས་ལྟ་བུར་སྒྲོགས་པ་དང་། སྐྱེས་པའི་ལྤགས་པ་དང་། ཚིལ་དང་། ཁྲག་དང་། ཤ་དང་། ལྟོ་བའི་ཚིལ་དང་། རྐང་ཟ་བ་དང་། ཚངས་པ་དང་བཅས་པ་དང་། ཉེ་དབང་དང་། དྲག་པོ་ལ་སོགས་པའི་འཇིག་རྟེན་གསུམ་ཟ་བ་དང་། སྒྲ་ཆེར་བཞད་ཅིང་ལྕེ་གནར་བ་དང་། འཇིགས་པ་ཡང་འཇིགས་པར་མཛད་པ་བསམ་པར་བྱའོ། །དང་པོ་ནི་མ་ཧེའི་གདོང་ངོ་། །གཡས་པའི་རྭའི་ཞལ་གསུམ་ནི་སྔོན་ 86-1-335b པོ་དང་། དམར་པོ་དང་། སེར་པོ་སྟེ། ཁྲོ་གཉེར་དང་། ཞལ་གཙིགས་པའོ། །གཡོན་པ་ནི་དཀར་པོ་དང་། དུ་བ་དང་། ནག་པོའོ། །དེ་དག་གི་དབུས་སུ་ཞལ་ཤིན་དུ་དམར་བ་ཁྲག་འཛག་པའོ། །དེའི་སྟེང་དུ་འཇམ་པའི་ གཟུགས་ཤིན་དུ་སེར་ཞིང་ཅང་ཟད་ཁྲོ་བ་དང་། བྱིས་པའི་རྒྱན་དང་། གཙུག་པུད་ལྔའི་མཆོག་དང་གཞོན་ནུ་སྟེ། དེ་ལྟར་བརྟན་པར་བྱས་ནས་ཤིན་དུ་མཉམ་པར་གཞག་པས་སྔགས་པས་བསྒོམ་པར་བྱའོ། །དེ་ནས་ གཡས་པའི་དང་པོ་ན་ནི་གྲི་གུག་གོ། །གཉིས་པ་ན་ནི་འབིགས་བྱེད་སྐྱོང་བའོ། །གསུམ་པ་ན་ནི་གཏུན་ཤིང་ངོ་། །བཞི་པ་ན་ནི་ཆུ་གྲིའོ། །ལྔ་པ་ན་ནི་ཀ་ཎ་ཡའོ། །དྲུག་པ་ན་ནི་སྟ་རེའོ། །བདུན་པ་ན་ནི་མདུང་ངོ་། ། བརྒྱད་པ་ན་ནི་མདའོ། །དགུ་པ་ན་ནི་ལྕགས་ཀྱུའོ། །བཅུ་པ་ན་ནི་དབྱིག་ཐོའོ། །བཅུ་གཅིག་པ་ན་ནི་ཁ་ཊྭཱྃ་གའོ། །བཅུ་གཉིས་པ་ན་ནི་འཁོར་ལོའོ། །བཅུ་གསུམ་པ་ན་ནི་རྡོ་རྗེའོ། །བཅུ་བཞི་པ་ན་ནི་རྡོ་རྗེ་ཐོ་བའོ། ། བཅྭ་ལྔ་པ་ན་ནི་རལ་གྲིའོ། །བཅུ་དྲུག་པ་ན་ནི་ཅང་ཏེའུའོ། །ཕྱག་གཡོན་པའི་དང་པོ་ན་ནི་ཐོད་པའོ། །གཉིས་པ་ན་ནི་མགོ་བོའོ། །གསུམ་པ་ན་ནི་ཕུབ་བོ། །བཞི་པ་ན་ནི་རྐང་པའོ། །ལྔ་པ་ན་ནི་ཞགས་པའོ། ། གཞུའོ། །བདུན་པ་ན་ནི་རྒྱུ་མའོ། །བརྒྱད་པ་ན་ནི་དྲིལ་བུའོ། །དགུ་པ་ན་ནི་ལག་པའོ། །བཅུ་པ་ན་ནི་དུར་ཁྲོད་ཀྱི་རས་སོ། །བཅུ་གཅིག་པ་ན་གསལ་ཤིང་གིས་ཕུག་པའི་སྐྱེས་བུའོ། །བཅུ་གཉིས་པ་ན་ནི་ མེའི་ཐབ་ཁུང་ངོ་། །བཅུ་གསུམ་པ་ན་ནི་ཐོད་པའོ། །བཅུ་བཞི་པ་ན་ནི་སྡིགས་མཛུབ་བོ། །བཅྭ་ལྔ་པ་ན་ནི་བ་དན་ལྕེ་གསུམ་པའོ། །བཅུ་དྲུག་པ་ན་ནི་རླུང་གི་རས་སོ། །གཉིས་ཀྱིས་ནི་གླང་པོའི་ལྤགས་པ་འཛིན་ པའོ། །ཞབས་གཡས་པའི་འོག་ཏུ་ནི་མི་དང་། མ་ཧེ་དང་། གླང་དང་། བོང་བུ་དང་། རྔ་མོ་དང་། ཁྱི་དང་། ལུག་དང་། ལྕེ་སྤྱང་ངོ་། །ཞབས་གཡོན་པའི་འོག་ཏུ་ནི་བྱ་རྒོད་དང་། འུག་པ་དང་། ཁྭ་དང་། 86-1-336a ནེ་ཙོ་དང་། ཁྲ་དང་། མན་ཏྲི་དང་། བྱ་རྒོད་ཆེན་པོ་དང་། བྱ་ལོང་ངོ་། །དེ་ལྟར་གྱུར་པའི་རྡོ་རྗེ་འཇིགས་བྱེད་བསམ་གཏན་ནམ་འབྲིར་གཞུག་པར་བྱའོ། །དེའི་འོག་ཏུ་དུར་ཁྲོད་ཆེན་པོ་སྲིན་པོ་དང་། ཞིང་སྐྱོང་བ་དང་། རོ་ལངས་དང་ལྡན་པ་དང་། གསལ་ཤིང་གིས་ཕུག་པའི་སྐྱེས་བུ་དང་། བསྲེགས་པའི་སྐྱེས་བུ་དང་། མདུང་གིས་ཕུག་པ་དང་། ཁྭ་དང་། བྱ་དུ་མ་དང་། ཁྱི་དང་ལྡན་པར་ཧ་ཧས་ཀུན་དུ་ཁྱབ་པར་ བྱེད་པ་དེ་ལྟར་ཆོ་གས་རྣལ་འབྱོར་པས་བསྒོམ་པར་བྱའོ། །དྲག་ཤུལ་གྱི་ལས་ཐམས་ཅད་རབ་ཏུ་གྲུབ་པར་བྱེད་པ་ཞེས་བྱ་བ་རྡོ་རྗེ་འཇིགས་བྱེད་ཆེན་པོ་འདི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ནས་ མྃ་ལས་ཡེ་ཤེས་སྐྱེས། །འོད་ཟེར་ཅན་ནི་སྣང་བྱེད་དོ། །རྟ་བདུན་བདག་གི་ཤིང་རྟར་གནས། །འབར་བའི་དཀྱིལ་འཁོར་འཇིགས་བྱེད་མ། །ཞལ་གསུམ་མ་ལ་སྤྱན་གསུམ་མ། །ཕྱག་དྲུག་མདོག་ནི་སེར་མོ་ མཚུངས། །གཡས་པ་སྔོན་པོར་གྱུར་པ་དང་། །གཡོན་པ་ཀུན་ད་ཟླ་བ་མཚུངས། །འོད་ཟེར་དུ་མའི་འོད་གསལ་མ། །ཕྱོགས་བཅུ་སྲུང་བ་རྩོམ་པ་མོ། །ཞལ་ནི་རྣམ་པར་འཛུམ་པ་དང་། །སྒེག་ཅིང་ཤིན་དུ་ ལང་ཙོ་བབ། །སྣ་ཚོགས་གོས་ལ་སོགས་པ་དང་། །རྒྱན་རྣམས་ཀུན་གྱིས་བརྒྱན་བྱེད་མ། །དབུ་བརྒྱན་རྫོགས་པའི་སངས་རྒྱས་ལྔ། །ཐོར་ཚུགས་མེ་ཏོག་དག་གིས་སྤྲས། །གཡས་པའི་ཕྱག་ན་རྡོ་རྗེ་ སྟེ། །གཉིས་པ་ཁབ་ནི་སྐུད་པ་ཅན། །གསུམ་པར་མདའ་ནི་གསོར་བ་སྟེ། །གཡོན་པ་ལ་ནི་སྡིགས་མཛུབ་ཞགས། །ཨ་ཤོ་ཀ་ཡི་ཡལ་ག་གཉིས། །གསུམ་པ་ལ་ནི་གཞུ་ཉིད་དེ། །ཀུན་དུ་འོད་ཟེར་སྣ་ཚོགས་ནི། ། སངས་རྒྱས་སྤྲིན་དང་འདྲ་བ་སྤྲོ། །འདི་ནི་བསྒོམས་པ་ཙམ་གྱིས་ནི། །སེམས་ཅན་རྣམས་ནི་དབང་དུ་བསྡུད། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །ནམ་མཁའི་ 86-1-336b ཁམས་ཀྱི་ནང་སོན་པར། །ཉི་མའི་དཀྱིལ་འཁོར་ངེས་བསམ་བྱ། །པྃ་ལས་ཡོངས་གྱུར་ལྷ་མོ་ནི། །ཁ་དོག་སེར་མོ་ཆེར་འབར་མ། །ཞལ་གསུམ་མ་ལ་སྤྱན་གསུམ་ཉིད། །ཁྲོ་བཅས་ཞལ་ནི་འཛུམ་པ་དང་། ། རྒྱན་རྣམས་ཀུན་གྱིས་ཤིན་དུ་བརྒྱན། །ཕྱག་དྲུག་སར་པའི་ལང་ཙོ་མ། །གཡས་པའི་ཕྱག་ན་རྡོ་རྗེ་དང་། །གཉིས་པ་ན་ནི་དགྲ་སྟ་ཉིད། །གསུམ་པ་ན་ནི་མདའ་གསོར་མ། །གཡོན་པ་ན་ནི་སྡིགས་མཛུབ་ ཞགས། །གཉིས་པར་ཤིང་ལོའི་རྔ་ཡབ་དང་། །གསུམ་པར་གཞུ་ནི་འཛིན་པ་ཉིད། །མེ་ཏོག་གིས་ནི་ཐོར་ཚུགས་དཀྲིས། །པད་མ་དཀར་པོ་གནས་པ་དང་། །འོད་ཟེར་དམར་པོས་བརྒྱན་པ་མ། །ཁྲོ་བོ་འབར་བས་ཀུན་ སྐྲག་ཅིང་། །བསྲེགས་ཤིང་སྐྱེ་དགུ་བཟངས་ཟིན་གང་། །ཁྲོ་བོ་འབར་བས་སྨོན་པ་དང་། །མི་བསྐྱོད་པ་ཡིས་མགོ་བོ་མནན། །དཀར་པོ་རིགས་ལྔའི་སངས་རྒྱས་ཡང་། །བདུད་རྩི་རབ་ཏུ་ཆར་འབེབས་པ། །སྔར་བཞིན་ གཡས་དང་གཞན་པའི་ཞལ། །འདི་འདྲའི་སྒྱུ་མ་ཀུན་བཞིའི་ཕྱིར། །དེ་ལྟར་རྣལ་འབྱོར་པ་ཡིས་བསྒོམ། །ནད་ཐམས་ཅད་འཇོམས་པར་བྱེད་པའི་རི་ཁྲོད་མ་ཤིང་ལོ་ཅན་ཞེས་བྱ་བ་བཅོམ་ལྡན་འདས་ དེ་བཞིན་གཤེགས་པ་རྡོ་རྗེ་ཆེན་པོས་བཀའ་སྩལ་ཏོ། །རྡོ་རྗེ་ཁྲོ་བོ་བསྒོམ་པ་ནི། །ལྷ་མོ་སྐལ་པ་ཆེན་མོ་ཉོན། །ཁྲོ་བོའི་སྐུར་ནི་བླངས་ནས་ནི། །ཁྲོ་བོའི་རྒྱལ་པོ་བསྒོམ་པར་བྱ། །ཞལ་བཞི་པ་ལ་ཕྱག་བཞི་པ། ། ཇི་སྲིད་དེ་བཞིན་ཕྱག་འབུམ་ཉིད། །ཁྲོ་བོ་ཆེན་པོ་ལུས་དཀར་བ། །དེ་མདོག་མཚོན་ཆ་འཛིན་མར་ནི། །རྡོ་རྗེ་ཕག་མོ་བརྟག་པར་བྱ། །དཔའ་བོ་ཐོད་པའི་ཕྲེང་བ་ཅན། །ཐལ་བས་ལུས་ལ་བྱུགས་པ་དང་། །ཕྱག་རྒྱ་ ལྔ་ཡིས་རྣམ་པར་བརྒྱན། །མདུང་རྩེ་རལ་པའི་ཅོད་པན་མཚན། །ཞལ་གྱི་མཆེ་བ་ཅུང་ཟད་གཙིགས། །ཡི་དགས་ཆེན་པོ་གདན་མཛད་པ། །པད་མ་ཆེན་པོ་འདབ་བརྒྱད་པ། །ཁ་དོག་དམར་པོ་མཉམ་འོད་དུ། ། 86-1-337a རིག་མ་བཞི་དང་མཉམ་པར་ལྡན། །སངས་རྒྱས་གཟུགས་བརྙན་ཉེ་བར་མཛེས། །རྟ་ཡི་གཟུགས་སོགས་ཕྱག་བཞི་མ། །ཞལ་བཞི་དང་ནི་སྦྲུལ་གྱིས་བརྒྱན། །ཡི་གེ་ཡི་གེ་ཡང་དག་ལྡན། ། ཐོད་པར་བཞུགས་ཤིང་སྐུ་མདོག་དཀར། །ཞལ་བཞི་ཡིས་ནི་རྣམ་པར་སྤྲས། །ཡ་ར་ལ་ཝས་རྣམ་པར་བརྒྱན། །སྣ་ཚོགས་ཇི་སྲིད་བསྒྲུབ་བྱ་བརྩམས། །རླུང་སོགས་ཇི་ལྟར་རིམ་པས་ནི། །དུ་བ་དམར་དང་སེར་དང་དཀར། ། བསམ་གཏན་འདིས་ནི་བལྟས་ཙམ་གྱིས། །འོ་མའི་ཤིང་ལྟར་བུད་མེད་རྣམས། །འཇུ་བར་འགྱུར་ཏེ་གཞན་དུ་མིན། །ར་ཡི་ཡི་གེ་ཡང་དག་ལྡན། །ཁ་དོག་དམར་པོ་ཕྱག་བཞི་མ། །འབར་བའི་ཕྲེང་ཁྱབ་འཇིགས་ མ་སྟེ། །ཞལ་བཞི་ཝ་ཡི་གདོང་གིས་སྤྲས། །ཧཱུྃ་གིས་བཀང་བ་ཉིད་ཀྱིས་ནི། །རྡོ་རྗེ་ཕྲ་མོ་རྣམས་བསྒོམས་པས། །སྣ་ཡི་རྩེ་མོར་རྫོགས་པ་ལས། །བསྒྲུབ་བྱའི་ལུས་ལ་དགང་བར་བྱ། །ཡན་ལག་ཚིགས་ནི་ཐམས་ ཅད་ལ། །སྣ་ཚོགས་རྡོ་རྗེ་ངེས་སྦྱར་བ། །དེས་ནི་རྡོ་རྗེ་མཚོན་ཆ་ཡིས། །འབར་བ་དང་ནི་ཁྲག་གི་ལུས། །ཀུན་དུ་འཇིགས་པར་བྱེད་པར་ནི། །རྡོ་རྗེ་མཁའ་འགྲོ་མ་ནི་བསྒོམ། །ཨོཾ་བཛྲ་ཌཱ་ཀི་ནཱི་ཨ་མུ་ཀ་སྱ་ རཀྟྃ་ཨ་ཀྵར་ཡ་ཧཱུྃ་ཕཊ། འདིས་ནི་རིམ་པའི་རྣལ་འབྱོར་གྱིས། །ཁྲག་ནི་འགུག་པར་བྱེད་པའི་མཆོག །ལྷ་མོ་དེ་ལྟར་བཤད་པས་ནི། །སྐེམས་པར་འདི་ལ་ཐེ་ཚོམ་མེད། །དེ་ནས་དེ་ཉིད་ཀུན་རྫོགས་ནས། ། མ་ཧེའི་གཟུགས་ནི་འཇིགས་པ་མོ། །སྐུ་མདོག་ནག་པོ་འཇིགས་ཆེན་པོ། །ཞལ་བཞི་པ་དང་འཇིགས་པར་མཛད། །ཕྱག་བརྒྱད་པ་དང་ཞབས་བཞིས་སྤྲས། །རྡོ་རྗེ་གཏུན་ཤིང་རལ་གྲི་དང་། །འཁོར་ལོ་དེ་བཞིན་ཅང་ ཏེའུ་ཉིད། །གཡོན་ན་ཁ་ཊྭཱྃ་ག་དང་ནི། །ཐོད་པ་གཞུ་དང་ཞགས་པ་ཉིད། །སྣ་ཚོགས་མཚོན་ཆ་འཛིན་པ་ཡི། །རྡོ་རྗེ་ཁྲོ་བོ་ཡང་ནི་སྤྲོ། །ཡིད་ཀྱིས་བསྒྲུབ་བྱའི་བསྲུང་བ་ནི། །ཆོ་ག་ཡིས་ནི་བཀུག་ནས་ནི། །དེས་ནི་ 86-1-337b བསྒྲུབ་བྱ་རྣམ་པར་བསམས། །ཞགས་པས་བཅིངས་ནས་ལྷོ་ཕྱོགས་སུ། །རྡོ་རྗེ་ཁྲོ་བས་དྲངས་ནས་ནི། །རྡོ་རྗེ་གཞན་གྱིས་བརྡེག་པ་དང་། །རལ་གྲི་ཡིས་ནི་དྲལ་བ་དང་། །རྒྱུ་མ་ནར་ཞིང་མྱོས་པ་ཉིད། །ཨོཾ་བཛྲ་རཀྵ་ས་ བ་ཀྵ་ཡ་ཡ་ཏི་ཕཊ། །དེ་ནས་ཁྱི་ཡི་གདོང་བྱས་ནས། །རྡོ་རྗེ་སྲིན་པོ་བསྒོམ་པའོ། །ཨོཾ་ཧྲཱིཿཥྚཱིཿ་བི་ཀྲི་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། འདི་ནི་མ་ཧེའི་གདོང་གཤིན་རྗེའི་གཟུགས་ཀྱི་སྔགས་སོ། །ཁྭ་དང་ཝ་དང་བྱ་རྒོད་ཀྱིས། ། ཐམས་ཅད་དུ་ནི་ཡོངས་སུ་བསྐོར། །དེས་ནི་བཟའ་བ་ལྡན་པར་ནི། །ཡིད་ཀྱིས་བསྐུལ་བར་བསྒོམ་པར་བྱ། །རླུང་གི་དཀྱིལ་འཁོར་མཉམ་ཞོན་པར། །རྡོ་རྗེ་མཆེ་བ་རྣམ་པར་བསམ། །དེ་ཡི་རྒྱབ་དུ་ཞོན་པར་ནི། །བསྒྲུབ་ པར་བྱ་བ་ཡོངས་སུ་བརྟག །རྡོ་རྗེ་ཁྲོ་བོས་གཟིར་ནས་ནི། །ལྷོ་ཡི་ཕྱོགས་སུ་ཁྱེར་བར་བྱ། །རླུང་གི་དཀྱིལ་འཁོར་ལོ་མ་དང་། །དེ་ཡི་ངེས་པར་རྐང་རྗེས་ས། །རྡོ་རྗེའི་མགོ་བོ་རྐང་པར་ནི། །དེ་ཡི་མིང་ནི་གཟུང་བས་ སྦ། །དེ་ལྟར་བསྒོམ་པའི་སྦྱོར་བས་ནི། །ཆོ་ག་ཡིས་ནི་ལས་རྣམས་བྱ། །བརྒྱ་བྱིན་ཀྱང་ནི་སྐྲོད་བྱེད་ན། །ས་ཡི་སྐྱེ་བོ་སྨོས་ཅི་དགོས། །བྲམ་ཟེའི་སྐྲ་དང་དགེ་སྦྱོང་སྤུས། །འུག་པའི་གཤོགས་པ་དཀྲིས་ནས་ནི། ། དེ་མིང་སྔགས་ཀྱི་ནང་བཅུག་སྟེ། །བྲིས་ནས་ས་ལ་སྦས་ནས་ནི། །རྡོ་རྗེ་ཁྲོ་བོ་གཉིས་དག་གིས། །འཐབ་པ་རུ་ནི་རྣམ་པར་བསམ། །དེ་ལྟར་རྣམ་བསམས་སྦྱོར་བས་ནི། །ཇི་ལྟར་འདོད་པས་སྔང་བར་བྱེ། ། ཙི་ཡི་ཡི་གེ་དང་ལྡན་པས། །རྟའི་རྣམ་པའི་གདོང་དུ་བྱེད་པ་ནི་ཆང་འགུག་པར་བྱེད་པ་ལ་མཆོག་སྟེ། སྐུ་མདོག་ལྗང་གུ་དང་། ཞལ་བཞི་པ་དང་། ཞབས་བཞི་པ་དང་། ཕྱག་བརྒྱད་པ་དང་། རྟ་མགྲིན་གྱི་རྒྱལ་པོ་ཆེན་ པོ་དམ་པའི་དབང་ཕྱུག་འགྲུབ་པར་འགྱུར་རོ། །དང་པོ་ནི་ལྗང་གུ་ལ་ཅུང་ཟད་སེར་བ་སྟེ། སྤྱན་གསུམ་པའོ། །ཞལ་གཡས་པ་དང་། གཞན་པ་ནི་ནག་པོ་དང་དཀར་པོའོ། །དེ་བཞིན་དུ་སྟེང་མ་ནི་རྟ་གདོང་སྟེ། རྣམ་པར་ 86-1-338a གཙིགས་ཤིང་ལྗང་གུའོ། །གཡས་པ་ནི་བ་དན་གསུམ་པ་འཕྱར་བའི་ཚུལ་ལོ། །གཉིས་པ་ན་ནི་སྣ་ཚོགས་རྡོ་རྗེ། གསུམ་པ་ན་ནི་རལ་གྲི། བཞི་པ་ན་ནི་མདའོ། །གཡོན་པ་ན་ནི་སྣ་ཚོགས་པད་མའོ། གཉིས་པ་ལ་ནི་འཕང་མདུང་། གསུམ་པ་ལ་ནི་མེ་ལོང་། བཞི་པ་ལ་ནི་གཞུའོ། །གཡོན་བརྐྱང་བས་ཉི་མ་ལ་བཞུགས་ཤིང་གར་དང་བཅས་པ་དང་། སྲེད་མེད་ཀྱི་བུ་དང་། དབང་ཕྱུག་ཆེན་པོ་ལ་སོགས་པ་འགྱེལ་བར་ འགྱུར་བ་དེ་ལྟར་སྔགས་པས་ཆོ་གས་བསྒོམ་པར་བྱའོ། །བསྒྲུབ་བྱའི་ལྟེ་བར་ཡྃ་གི་རྣམ་པ་བསྒོམ་པར་བྱ་ཞིང་། མྃ་གི་རྣམ་པ་གྱུར་པ་ལས་ཆང་ལྟོ་བར་བསྒོམ་པར་བྱ་སྟེ། ཕྱིས་སྐྱུག་པར་བྱེད་པར་བལྟས་ན་ཆང་སྐྱུག་ པར་འགྱུར་རོ། །རླུང་གི་ཕྱོགས་སུ་སོང་སྟེ། དཀྱིལ་འཁོར་གྲུ་བཞི་པ་བྱས་ནས་དྲིའི་ཐིག་ལེ་བདུན་བློ་དང་ལྡན་པས་བྱ་ཞིང་། ཁམ་ཕོར་གྱིས་སྦ་བར་བྱའོ། །དེར་རི་རབ་ཟུར་བརྒྱད་པ་རྭ་བརྒྱད་ཀྱིས་ཀུན་དུ་སྤྲས་པར་སྤྲུལ་ ཏེ། སྤྲུལ་པའི་རྡོ་རྗེས་མནན་ནས་ཡའི་རྣམ་པ་རླུང་བདུན་པོ་ཀུན་གྱི་ས་བོན་དབུགས་རྔུབ་པས་ནང་དུ་སྦས་ཏེ། དབང་ཆེན་ལྃ་གིས་མཚན་པས་སྦའོ། །དེ་ལྟར་སྦྱོར་བས་བསྒྲུབས་ན་འཇིག་པ་ལྟ་བུའི་རླུང་འཆིང་ འཆིང་བར་བྱེད་དོ། །པད་མ་འདབ་མ་བརྒྱད་པ་བསྒོམས་ནས། དེའི་འདབ་མ་ལ་ཀླུ་བརྒྱད་དང་། དབུས་སུ་འབར་བའི་འབར་བ་ཆེན་པོ་ཅན་བཀོད་ནས་རྡོ་རྗེ་ཁྲོ་བོའི་སྐུས་ཞབས་ཀྱི་མཐིལ་གྱིས་གཟིར་བར་བྱ་བ་ དང་། ལྟོ་འཕྱེས་སྤྲིན་གྱི་ཆུ་གཏོར་བར་བྱེད་པ་དང་། ཧཱུྃ་གཉིས་ཀྱི་ནང་དུ་བཅུག་ནས་དབུས་སུ་ཀླུའི་ས་བོན་བཅུག་སྟེ། གཟིར་བར་བྱ་ཞིང་ཧཱུྃ་གི་བཟླས་པ། བྱས་པས་ཆར་འབེབས་པར་འགྱུར་རོ། །འཇིགས་ པ་ཆེན་པོ་བྱེད་པའི་ཉི་མའི་མདོག་གི་འོད་ལྟར། ཤིན་ཏུ་འབར་བས་ཁ་གདངས་ནས་ནམ་མཁའ་ལ་བཞུགས་པ་དང་། ཧཱུྃ་འབར་བའི་ལྗགས་ཀྱིས་སྤྲིན་ལ་ལྡག་པ་དང་། རོལ་མཚོ་བདུན་ཡོངས་སུ་གང་བ་ 86-1-338b འགུགས་པ་དང་། དབུགས་རྔུབ་པ་དང་། དབུགས་འབྱིན་པས་རས་བལ་གྱི་བུར་མ་ལྟར་གཏོར་བ་དང་། དེ་ནས་རང་གི་ཕྱག་རྒྱའི་ཚོགས་འབར་བ་བཏོན་པས་སྐད་ཅིག་གིས་འདྲལ་བ་དང་། གཅོད་པ་དང་། ཧཱུྃ་གི་རྣམ་ པས་བསྡིགས་པར་བྱེད་དོ། །སྟོན་ཀའི་དུས་ཀྱིས་ནམ་མཁའ་ལྟ་བུ་མེའི་དཀྱིལ་འཁོར་ལ་གནས་པའི་མི་གཡོ་མགོན་དབྲལ་བའི་ནང་ནས་བཏོན་ཏེ། རྣམ་པར་སྣང་མཛད་ཀྱི་གནས་སུ་ཕྱག་དྲུག་ན་རལ་གྲི་དང་། སྡིགས་མཛུབ་དང་། མདའ་དང་། ཞགས་པ་དང་། གཞུ་དང་། རྡོ་རྗེ་སྟེ། ཆར་རབ་ཏུ་འབེབས་ཤིང་ཁྲོ་བོ་གྲངས་མེད་པས་ཡོངས་སུ་བསྐོར་བས་བདུད་ལས་རྣམ་པར་རྒྱལ་བ་དང་། བགེགས་ཐམས་ཅད་བསྐྲད་པ་ དང་། ཧཱུྃ་གི་སྒྲས་གང་བས་འཇིག་རྟེན་གསུམ་གང་བ་ཡང་འཇིག་པར་བྱེད་དོ། །སྐྱེས་པའི་ཁྲག་དང་། རྐང་རྗེས་ཀྱི་ས་ལ་མིའི་གཟུགས་བྱས་ནས་རུས་པའི་ཕུར་བུས་ལན་ཉི་ཤུར་མངོན་པར་བསྔགས་ཏེ། གདབ་པར་ བྱའོ། ། འོད་ཟེར་ཅན་གྱི་སྔགས་བཟླས་མ་ཐག་ཏུ་མིག་ལ་ལན་ཉི་ཤུ་མངོན་པར་བསྔགས་སོ། །འོད་ཟེར་ཅན་གྱི་སྔགས་བཟླས་མ་ཐག་ཏུ་དེ་ཚོགས་ཀྱི་བདག་པོའི་ཁར་བཅུག་ནས་རྒྱབ་ཏུ་རྡོ་རྗེ་གཏུན་ཤིང་གིས་བརྡུང་ བར་བྱ་སྟེ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་བཛྲ་མུ་ཥ་ལེ་ན་ཙཱུ་རྞྞ་ཡ་བིགྷྣཱན་ཧཱུྃ་ཕཊ། །དེ་ལྟར་བསམ་གཏན་གྱི་ལས་ཀྱིས་སྐྱེས་པའི་བགེགས་ཟློག་པར་བྱེད་དོ། །ནམ་མཁའ་ལྡིང་མིག་སྨན་གྱི་ཁ་དོག་ལྟ་བུ་ཀླུ་བརྒྱ་སྟོང་གིས་ བརྒྱན་ཅིང་། ལུས་ལ་ཀླུ་བརྒྱད་དང་། བརྒྱ་སྟོང་གི་གདོང་དང་། ནམ་མཁར་གནས་པའི་བཀའ་སྤྲིན་དེ་རྣམས་ཀྱིས་ཐོས་ནས་སྤྲིན་གྱི་ཚོགས་ཀྱིས་ཆར་ཟློག་པར་བྱེད་དོ། །ནམ་མཁའ་ལྡིང་གི་གཤོག་པའི་མདོག་སྔོན་ པོ་ཡང་མཆུས་བསྣུན་པས་ཆུ་བོའི་ཚོགས་སྐེམས་པར་བྱེད་དོ། །ཨོཾ་བཛྲ་ནཱ་རཱ་ཡ་ཎ་ནིརྦྦཱ་པ་ཡ་པ་ཧྣིནྣ་པཱ་ཙ་བཱམྦུ་མེ་གྷཻ་ཧཱུྃ། ནམ་མཁའི་ཁམས་ཀྱི་ནང་སོན་པར། །ཞལ་གསུམ་པ་ལ་སྤྱན་གསུམ་པ། །རྒྱན་རྣམས་ཀུན་གྱིས་ 86-1-339a རྣམ་པར་བརྒྱན། །སྟག་གི་ལྤགས་པ་མནབས་པ་དང་། །ཁ་དོག་དམར་པོ་གཟི་བརྗིད་ཆེ། །ཉི་མ་ཤར་བའི་འོད་ལྟ་བུར། །རལ་གྲི་ཉིད་དང་ཁ་ཊྭཱྃ་ག །གཞུ་དང་དེ་བཞིན་མདའ་ཉིད་དང་། །ཤ་ཆེན་གྱི་ ནི་ཐོད་པ་དང་། །དེ་བཞིན་དུ་ནི་ཅང་ཏེའུ་ཉིད། །ཞགས་པ་ཉིད་དང་ལྕགས་ཀྱུ་དང་། །གཡོན་ན་ཨུཏ་པལ་རྣམ་པར་སྤྲས། །གཡོན་བརྐྱང་འཇིགས་པ་ཆེན་པོ་ནི། །ཉི་མར་གནས་ཤིང་གར་དང་ལྡན། །དམར་པོ་ འབར་ཞིང་འཁྱིལ་བ་དང་། །གོས་ནི་ཆེན་པོ་བླ་བྲེ་དང་། །དུར་ཁྲོད་དུ་ནི་རབ་ཏུ་བྱ། །ཧྲཱིཿལས་བྱུང་བའི་ལྷ་མོ་ནི། །སྒྲོལ་མ་འཁོར་བ་སྒྲོལ་བ་མོ། །དེ་ལྟར་བསྒོམས་པ་ཙམ་གྱིས་ནི། །ཡོ་གིས་སངས་རྒྱས་ཉིད་ ཐོབ་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །དེ་ནས་དབང་དུ་བྱ་འདོད་པས། །མྱ་ངན་མེད་པའི་བརྒྱད་ལ་མྱ་ངན་མེད་པའི་འོག་ཏུ་སོང་སྟེ། གོས་དམར་པོས་བགོས་ནས་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་ སྔགས་བཟླ་བར་བྱའོ། །ཞལ་གསུམ་པའི་རྣལ་འབྱོར་ལ་གནས་ནས་བདག་ཉིད་ཁ་དོག་དམར་པོར་བསམས་ཏེ། ཕྱི་ནས་རང་གི་སྐུ་ལས་ཕྱག་གཉིས་མ་དམར་མོ་ལག་པས་ལྕགས་ཀྱུ་དང་། ཞགས་པ་ འཛིན་མ་དབྱུང་བར་བྱའོ། །དེས་བསྒྲུབ་བྱའི་སྙིང་དང་མགྲིན་པ་བཅིངས་ནས་དགུག་པར་བསམ་པར་བྱ་ཞིང་རང་གི་ལུས་ལ་ལྷ་མོ་དེ་གཞུག་པར་བྱའོ། །བསྒྲུབ་བྱ་མྱོས་པར་གྱུར་ནས་དེའི་སྙིང་གར་སྔགས་ ཀྱི་ཡི་གེ་བཅུ་ཁ་དོག་དམར་པོར་དགོད་པར་བྱ་སྟེ། ཡང་ན་བསྒྲུབ་བྱ་དང་ཡེ་ཤེས་ཀྱི་གཟུགས་ཀྱིས་ཡི་གེ་དེ་རྣམས་ལ་དེ་ཞུགས་པས་དེ་རྣམས་ལྷན་ཅིག་ཏུ་འདྲེས་པར་གྱུར་པར་བསམ་པར་བྱའོ། །བསམ་ གཏན་གྱི་སྦྱོར་བ་འདིས་ཉི་མ་བདུན་གྱིས་འཁོར་ལོས་སྒྱུར་བ་ཡང་ཇི་སྲིད་འཚོའི་བར་དུ་དབང་དུ་བྱེད་པར་ཐེ་ཚོམ་མི་ཟའོ། །དེ་ནས་རྡོ་རྗེའི་བར་ཆད་བཟློག་པའི་དོན་དུ་བཀའ་སྩལ་པ། དཔལ་མཆོག་དང་པོའི་གཟུགས་སུ་ 86-1-339b བདག་ཉིད་ཞལ་གསུམ་པ། དང་། ཕྱག་བཞི་པ་དང་། ཞལ་དམར་པོའི་འོད་ཟེར་འབར་བ། སྙེམས་མ་ལ་སོགས་པའི་ལྷ་མོ་བཞིས་ཡོངས་སུ་བསྐོར་བ་དང་བཅས་པར་བསམས་ནས་རྡོ་རྗེ་མཚོན་ཆ་མ་དང་། རྡོ་རྗེ་ ཀཱི་ལི་ཀཱ་ལ་དང་། རྡོ་རྗེ་སྡུག་པ་དང་། རྡོ་རྗེ་སྙེམས་མའི་གཡས་ན་རྡོ་རྗེ་མདའ་འགེངས་ཤིང་འཛིན་པའོ། །གཡོན་པ་བསྒྱིངས་ཤིང་རྐེད་པར་གཞག་པ་དང་། གཞུ་འཛིན་པར་བསམས་ཏེ། དེ་ནས་སེམས་ དཔའ་ཕྱུང་སྟེ། སངས་རྒྱས་ཀྱི་མཛད་པའི་སྤྲིན་རྣམ་པ་ཐམས་ཅད་ཀྱིས་རྣམ་པར་སྤྲས་པའི་གཡས་ན་མི་འཇིགས་སྤཔ་སྦྱིན་པ་དང་། དབང་གི་ཐོད་རིན་པོ་ཆེ་འཛག་པ་ནམ་མཁར་སོན་པས་ནི་རྡོ་རྗེ་ཟློག་པར་བྱེད་དོ། ། ཨོཾ་མ་ཧཱ་སུ་ཀ་བཛྲ་ཏི་ཛཿཧཱུྃ། དེ་ལྟར་ཤིན་དུ་དགའ་བའི་བཅིང་བ་བྱས་ནས་རྣལ་འབྱོར་བླ་ན་མེད་པར་བཤད་དོ། །གང་ཞིག་རྣམ་པར་ཕྱེ་བས་གསོད་པར་བྱང་བ་འདི་བཀའ་སྩལ་ཏོ། །ཞི་བ་ལ་ནི་མཐའི་ཡ་དང་ནི་ གཉིས་དང་། ཕྱི་ནས་ཡ་དབུ་མ་ཕྱི་བས་ཡིག་འབྲུ་ལྷག་མས་ཇི་ལྟར་བདེ་བས་སོ། །ལྷ་མོ་དེ་ལྟར་བཤད་པས་ནི་ལས་ཐམས་ཅད་རབ་ཏུ་སྒྲུབ་པར་བྱེད་དོ། །རབ་ཏུ་མྱོས་མ་དབང་དུ་བྱ་བར་འདོད་པས་ཡང་བརྒྱད་པ་ལ་ཀུ་ རུ་ཀུ་ལླེའི་རྣལ་འབྱོར་གྱིས་གནས་ནས་བསམ་གཏན་འདི་བྱའོ། །མྱོས་བྱེད་ཀྱི་འབྲས་བུ་བཟའ་ཞིང་། དེ་ནས་ཀ་ཀཱ་མ་ཅིའི་ཁུ་བས་ཐིག་ལེ་བྱས་ནས་སྔགས་བཟླ་བར་བྱའོ། །ཨོཾ་ཨ་མུ་ཀཱི་མེ་ཧྲཱིཿབ་ཤཱི་བྷ་བ་ཏུ། ཁྲི་བཟླས་པས་འགྲུབ་བོ། །དེ་ནས་དུས་སུ་ཟིན་པ་བསླང་བའི་ཕྱིར་རང་གི་སྙིང་གར་པད་མ་འདབ་མ་བརྒྱད་པ་བསམ་པར་བྱའོ། །དེའི་སྟེང་དུ་དབྱངས་ཀྱི་གསུམ་པ་འདབ་མ་བརྒྱད་ལ་ཁ་དོག་དཀར་པོ་བསམ་པར་བྱ་ ཞིང་། བདག་ཉིད་ཡང་འོག་གི་ཀླུའི་གཟུགས་ཁ་དོག་དཀར་པོ་ཨིའི་བདུད་རྩི་འཛག་པར་བསམ་པར་བྱའོ། །ཀླུ་དེའི་མིག་ལས་བདུད་རྩི་བྱུང་བས་དེར་བསྒྲུབ་པར་བྱ་བ་དེའི་ལུས་ལ་ལྟུང་བར་བསམ་པར་བྱའོ། །བསམ་ 86-1-340a གཏན་གྱི་སྦྱོར་བ་འདིས་ཁམས་གསུམ་ཡོངས་སུ་གང་བའི་དུག་མེད་པར་བྱེད་དོ། །དེ་ནས་ཟླ་བ་དང་ཉི་མ་རྣམ་པར་གཟུང་བར་འདོད་པས་སཱ་ལུ་བཏགས་པའི་བདག་ཉིད་ལས་ཟླ་བ་དང་ཉི་མ་བྱས་ཏེ། རྡོ་རྗེའི་ཆུ་ལ་གཞུག་པར་བྱ་ཞིང་སྔགས་བཟླ་བར་བྱའོ། །ཨོཾ་ཙན་དྲཱརྐྐ་མཱ་ཙ་ལ་མཱ་ཙ་ལ་ཏིཥྛི་ཏིཥྚ་ཧེ་བཛྲཱ་ཡ་སྭཱ་ཧཱ། བྱེ་བ་ཕྲག་དྲུག་བཟླ་བར་བྱ་སྟེ། ཕྱི་ནས་ལས་འདི་ཡང་དག་པར་བརྩམ་པར་བྱའོ། །ཟླ་བ་དང་ཉི་མ་ དག་གནས་ཤིང་ཉིན་མཚན་བྱེ་བྲག་མེད་པར་གནས་པར་འགྱུར་རོ། །ཕ་རོལ་གྱི་སྡེ་རྣམ་པར་གཞིག་པའི་ཕྱིར་བསྒྲུབ་པར་བྱ་སྟེ། ཁ་ཊི་ཀཱ་དང་། བདུད་རྩི་ལྔ་དང་། ཀུ་ར་ཚིནྣ་དང་ལྷན་ཅིག་བཏགས་ལ་རི་ལུ་བྱའོ། ། ཨོཾ་བཛྲ་ཀརྟྟ་རི་ཧེ་བཛྲཱ་ཡ་སྭཱ་ཧཱ། དངོས་གྲུབ་ཀྱི་དོན་དུ་བྱེ་བ་བཟླས་ཤིང་དེ་གྲུབ་ན་བསྒྲུབ་བྱ་རིལ་བ་སྤྱི་བླུགས་ཀྱི་མགྲིན་པ་བསྐོར་ནས། བཅག་ན་དགྲ་ཐམས་ཅད་ཀྱི་མགོ་འཆད་པར་འགྱུར་རོ། །ལྷ་དགས་པར་འདོད་པས་ཐིག་ལེ་ བསྒྲུབ་པར་བྱ་སྟེ། རྡོ་རྗེ་བཅིངས་པས་རྡོ་རྗེ་བཅིངས་པ་རྡོ་རྗེ་ཅན་གྱི་མེ་ཏོག་བསྒྲུབས་ཏེ། སྟ་རེས་བཅད་པ་དང་བསྲེགས་ནས་ཉི་མ་གཟས་ཟིན་པ་དང་མི་བསྐྱོད་པ་དང་བཏག་པར་བྱ་ཞིང་། བཏགས་ནས་དགྲ་སྟ་བྱ་སྟེ། དེ་རྡོག་པའི་མནན་ནས་སྔགས་བཟླ་བར་བྱའོ། །ཨོཾ་བཛྲ་ཀཱུཊྛ་ར་སྥཱ་ཊ་ཡ་སྥཱ་ཏ་ཡ་ཕཊ་ཕཊ་སྭཱ་ཧཱཿ དངོས་གྲུབ་ཀྱི་དོན་དུ་བྱེ་བ་བཟླས་ལ། ཕྱི་ནས་ཐིག་ལེ་བྱས་ན་གང་ལ་ཕྱག་བྱས་པ་དེ་འགས་སོ། །དེ་ནས་ཆར་གྱི་རབ་ ཏུ་སྦྱོར་བ་བཤད་པར་བྱ་སྟེ། ཨོཾ་ཨཱ་ཕུཿ ཡི་རྣམ་པའི་ཆོ་ག་ལྟར་མཐའ་ཡས་ཀྱི་གཟུགས་བརྙན་བྱས་ལ་བདུད་རྩི་ལྔས་ནི་བླུགས་པར་བྱའོ། །མེ་ཏོག་ནག་པོས་ནི་མཆོད་པར་བྱ། ཀླུ་འདུལ་བའི་ཁུ་བས་ནི་ཕྱུག་པར་བྱ། གླང་པོ་ཆེའི་ཆང་གིས་ནི་མགོ་བོ་བྱུག་པར་བྱ། ཁམ་ཕོར་ཁ་སྦྱར་དུ་ནི་གཞག་པར་བྱ། བ་ནག་པོའི་འོ་མས་ནི་དགང་བར་བྱ། གཞོན་ནུ་མ་ནག་མོས་བཀལ་བའི་སྐུད་པས་ནི་དཀྲི་བར་བྱ། རླུང་གི་ཕྱོགས་སུ་ 86-1-340b རྫིང་བུ་བྱས་ནས་དེར་མཐའ་ཡས་བཞག་པར་བྱ། དེའི་འགྲམ་དུ་ཚོགས་དཀྱིལ་འཁོར་བཞེངས་པར་བྱ། དེའི་དབུས་སུ་མཐའ་ཡས་གཞག་པར་བྱའོ། །མཐའ་ཡས་མནན་པའི་ཀྱེའི་རྡོ་རྗེ་བྲི་བར་བྱ་སྟེ། ཞལ་བརྒྱད་ པ་ཞབས་བཞི་པ། ཕྱག་བཅུ་དྲུག་གིས་བརྒྱན་པ། སྤྱན་ཉི་ཤུ་རྩ་བཞི་པར་བསྒོམ་པར་བྱའོ། །ཕྱིས་ནི་སློབ་དཔོན་ནང་གིས་མ་རུངས་པའི་སེམས་ཀྱིས་དབེན་པའི་གནས་སུ་སྔགས་བཟླ་བར་བྱའོ། །ཨོཾ་གྷུ་རུ་གྷུ་རུ། གྷུ་ཊ་གྷུ་ཊ། ཤ་མ་ཤ་མ། གྷ་ཊ་གྷ་ཊ། གྷོ་ཊ་ཡ་གྷོ་ཊ་ཡ། ཨ་ནནྟ་ཀྵོ་བྷ་ཀ་རཱ་ཡ། ནཱ་གཱ་དྷི་པ་ཏ་ཡེ། ཧེ་ཧེ་རུ་རུ་ཀཾ། སཔྟ་པཱ་ཏཱ་ལ། ག་ཏནྣཱ་གཱ་ནཱ་ཀཪྵ་ཡ་བཪྵ་ཡ། གརྫ་ཡ་ཏརྫ་ཡ། ཕུཿཕུཿཕུཿཕུཿཕུཿཕུཿཕུཿཕུཿཧཱུཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། གལ་ཏེ་ཆར་མི་འབབ་ན་དེའི་ཚེ་སྔགས་འདི་བཟློག་ནས་བཟླས་ནས་ཆར་འབབ་པར་འགྱུར་རོ། །གལ་ཏེ་མི་འབབ་ན་དེའི་ཚེ་མགོ་ཨརྫ་ཀའི་དོག་པ་ལྟར་འགས་པར་འགྱུར་རོ། །སྤྲིན་དྲལ་བར་འདོད་པས་དེའི་ཚེ་དུར་ཁྲོད་ཀྱི་རས་ལ་སྔགས་ འདི་བྲི་བར་བྱའོ། །ཨོཾ་ཏརྫྫ་ཡ་ཏརྫྫ་ཡ། ཤྨ་ཤཱ་ན་པྲི་ཡཱ་ཡ་ཕཊ་སྭཱ་ཧཱ། དཔལ་ཡང་དག་པར་སྦྱོར་བ་ལས་བྱུང་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ལས་ཐམས་ཅད་ཀྱི་བསམ་གཏན་འབྱུང་བ་ཞེས་བྱ་བ་བརྟག་པའི་རྒྱལ་པོ་སྟེ་བདུན་པའོ།། །། གཞན་དུ་མཚན་ཉིད་མཚོན་པ་ནི། །བཅོམ་ལྡན་བདག་ནི་ཉན་པར་འཚལ། །དེ་ཉིད་བཞི་ནི་མི་འཚལ་བས། །བདེ་བ་ཆེན་པོས་བཤད་ཏུ་གསོལ། །འཁོར་བ་སྒྲོལ་བའི་མཚན་ཉིད་ཀྱི། །ཇི་ལྟར་དེ་ཉིད་རྡོ་རྗེ་ཉོན། །དང་པོར་རྡོ་རྗེའི་དེ་ཉིད་དེ། ། དྲིལ་བུ་ཡང་ནི་གཉིས་པ་ལ། །གསུམ་པ་ལ་ནི་ཕྲེང་བ་ཉིད། །བཞི་པར་ཡེ་ཤེས་མཚན་ཉིད་དོ། །དེ་ཉིད་བཞི་ཡི་རྦ་རླབས་ལས། །ཕ་རོལ་འདོད་པ་འདྲེན་པའོ། །དབུས་སུ་རྣམ་པར་སྣང་མཛད་མགོན། །ཤར་དུ་མི་བསྐྱོད་དེ་བཞིན་ཡང་། ། རིན་ཆེན་ལྷོ་ཡི་རྭ་ལའོ། །འོད་དཔག་མེད་ནི་ནུབ་དུ་དགོད། །བྱང་དུ་དོན་ཡོད་གྲུབ་པ་སྟེ། །རྭ་ལྔ་རྣམས་ཀྱི་ལྷ་ཉིད་དོ། །པདྨར་བྱང་ཆུབ་ཡན་ལག་བརྒྱད། །ས་ཇི་ལྟ་བར་གཞག་པར་བྱ། །ཕྱག་ན་པདྨ་བྱམས་པ་དང་། །ནམ་མཁའ་ཀུན་དུ་ 86-1-341a བཟང་པོ་བཞིན། །གནོད་སྦྱིན་དབང་བོ་འཇམ་དཔལ་དང་། །རྣམ་པར་སེལ་དང་ས་ཉིད་ཀྱང་། །ལྷ་རྣམས་བརྒྱད་བོ་འདི་རྣམས་ཀྱིས། །ས་ཇི་ལྟ་བར་གཞག་པར་བྱ། །དབུས་སུ་སྐབས་གསུམ་སྒོ་ང་ལ། །ཡེ་ཤེས་ ལྷ་ནི་ཐིམ་པར་བྱ། །པདྨར་ལྷ་མོ་བརྒྱད་བོ་རྣམས། །ཇི་བཞིན་གནས་སུ་སྦྱར་བར་བྱ། །རྡོ་རྗེ་ལྕགས་ཀྱུ་ལ་སོགས་བཞི། །དེ་བཞིན་རྩེ་ནམ་ཕྱོགས་བྲལ་ལོ། །རྭ་ལ་མཁའ་འགྲོ་མ་ལྔ་སྟེ། །དབུས་སུ་ཡེ་ཤེས་མིང་ཅན་ཏེ། །ཤར་དུ་ རྡོ་རྗེ་མཁའ་འགྲོ་མ། །བྱང་དུ་དྲག་མོའི་མིང་ཅན་ཏེ། །རོ་ལངས་མི་ནི་ཕྱོགས་ཀྱི་མཐར། །གཏུམ་མོ་ལྷོ་ཡི་དབང་ཕྱུག་མ། །རྡོ་རྗེའི་དེ་ཉིད་ལྷ་རྣམས་སུ། །མཁས་པས་ཤེས་པར་བྱ་བ་ཡིན། །གང་ཕྱིར་དེ་ཉིད་རྡོ་རྗེ་ཡི། ། རྡོ་རྗེའི་བདག་ཉིད་བདག་སེམས་ལ། །རྡོ་རྗེ་སྙིང་ཅན་རྣལ་འབྱོར་པ། །རྡོ་རྗེ་སེམས་ནི་བྱེད་དུ་གཞུག །རྡོ་རྗེ་དག་པ་བརྟན་པར་བྱ། །རྡོ་རྗེ་ཆོས་ལ་བརྩོན་པའི་ཡིད། །རྡོ་རྗེ་དེ་ཉིད་ཅན་ཀུན་རྣམས། །རྡོ་རྗེ་ལས་ལ་མངོན་ པར་འགྲོ། །རྡོ་རྗེ་སྤྲོ་བའི་སྦྱོར་བ་ཡིས། །རྡོ་རྗེ་སེམས་ཅན་འཁོར་བ་སྦྲོལ། །རྡོ་རྗེ་དཀུག་པའི་རྣལ་འབྱོར་དང་། །རྡོ་རྗེ་རེངས་པའི་རྣལ་འབྱོར་རིག །མུན་པ་ལྟ་བུའི་ཉོན་མོངས་པ། །རྣམ་ཤེས་མར་མེ་དང་ལྷན་ཅིག ། ཡེ་ཤེས་རྡོ་རྗེས་གཞོམ་པར་བྱ། །སྣང་བའི་ཕྱོགས་ནི་འཐོབ་པའོ། །རྡོ་རྗེས་བསྒྲུབས་པ་ཐམས་ཅད་ལ། །རྡོ་རྗེའི་བདག་ཅེས་བསྟན་པ་ཡིན། །རྡོ་རྗེ་ཆོས་ཀྱི་སྙིང་པོ་ཅན། །རྡོ་རྗེ་ཐར་པའི་ལྷུར་ལེན་པ། །རྡོ་རྗེ་པདྨ་རྣམ་མནན་ཏེ། ། བསྒྲུབ་བྱ་དེ་ཉིད་ཐམས་ཅད་ནས། །རྡོ་རྗེ་པདྨ་ཀུན་ཞུགས་པ། །རྣམ་པར་མཁས་པས་བསྒྲུབ་པར་བྱ། །རྡོ་རྗེ་དྲིལ་བུའི་མཚན་ཉིད་ནི། །རྡོ་རྗེ་འཛིན་པའི་རྒྱལ་པོ་ཉོན། །ཤེས་རབ་དཀྲོལ་བའི་དེ་ཉིད་ནི། །ལྷ་ནི་ཀུན་གྱིས་ཐོས་ པར་འགྱུར། །ཆ་གསུམ་གསལ་བར་གཟུང་བ་ལ། །སྐ་རགས་བྱས་བ་བཟང་པོ་ཉིད། །ཞི་བ་ཨུཏ་པལ་ཀུ་མུ་ཏ། །རིན་ཆེན་པད་མ་རྣམ་པར་གནས། །ཕྱོགས་མཚམས་བརྒྱད་པའི་དབུས་སུ་ནི། །དགུ་པ་ལ་ནི་སངས་ 86-1-341b རྒྱས་ཉིད། །ལྷ་དགུ་ལ་སོགས་རྩེ་མོ་ནི། །ལྷ་རྣམས་དགུ་ཡིས་བྱིན་གྱིས་བརླབས། །ཆུ་སྲིན་ཁ་ལས་བྱུང་བ་ཡི། །རྩེ་མོ་འོད་ཟེར་ཟླ་བར་གནས། །རྩེ་མོ་དགུ་པ་རྣམ་པར་བཤད། །ཡེ་ཤེས་རྡོ་རྗེ་འགྲོ་བ་འདོན། །ནམ་ མཁའི་ཁམས་ཀྱི་མཐར་ཐུག་པར། །བྱང་ཆུབ་སྙིང་པོར་རྣམ་པར་གནས། །ཕྱོགས་བཅུ་ཐམས་ཅད་རིག་པའི་གནས། །འཇིག་རྟེན་ཁམས་ནི་མཐའ་ཡས་པ། །ཕྱོགས་ནི་བརྒྱད་ཅེས་བྱ་བར་ནི། །ལྷ་མོ་བརྒྱད་དུ་རབ་ཏུ་ གྲགས། །ཡི་གེ་བརྒྱད་ཀྱི་ས་བོན་ནི། །ཕྱོགས་ནི་བརྒྱད་དུ་རྣམ་པར་དགོད། །ཤར་དུ་ལྷ་མོ་སྒྲོལ་མ་སྟེ། །བྱང་དུ་ཡང་ནི་གོས་དཀར་མོ། །ནུབ་ཀྱི་ཕྱོགས་སུ་མཱ་མ་ཀཱི། །ལྷོ་རུ་ཡང་ནི་སངས་རྒྱས་སྤྱན། །གསེར་དང་སྦྲང་ རྩི་གཟི་བརྗིད་མ། །རྡོ་རྗེ་ཕྲེང་བ་བཞི་པའོ། །ནང་གི་གཟུགས་ནི་ནམ་མཁའ་སྟེ། །གཟུགས་ཀྱིས་གང་བ་གཟི་བརྗིད་ཅན། །པད་མ་ཁ་ཕྱེ་ལས་བྱུང་བ། །གཟུགས་མེད་སྲིད་པའི་གནས་སུ་ནི། །ཤེས་རབ་བདུད་རྩི་བུམ་པ་ལྟར། ། ཡེ་ཤེས་བདུད་རྩིའི་གནས་སུ་ནི། །དེ་ཡི་ཡང་ནི་དབུས་སུ་ཡིད། །ལྷ་མོ་ཤེས་རབ་ཕ་རོལ་ཕྱིན། །གཟུགས་ནི་མཛེས་ཤིང་ཡོན་ཏན་གནས། །སྟེང་གི་པད་མ་རྡོ་རྗེ་རྣམས། །ཇི་ལྟར་གོང་མ་བསམ་པར་བྱ། །ནང་གི་ཡེ་ཤེས་ དབྱུག་གུ་ནི། །ཐམས་ཅད་སྡུད་ཅིང་འབྱིན་པར་བྱེད། །ཨཱ་ལི་ཀཱ་ལི་སྒོམ་པ་ནི། །གནས་ནི་བརྒྱད་དུ་སྐྱོད་པར་བྱ། །ཨཱ་ལི་ཀཱ་ལི་རབ་སྦྱོར་བས། །འཁོར་བ་ཐམས་ཅད་གཅོད་པར་བྱེད། །རྡོ་རྗེ་དྲིལ་བུའི་ཐབས་ཉིད་དེ། །ཐབས་ནི་ཡང་ནི་ནང་དུ་ཉིད། །དེ་ལ་ལག་གཉིས་རབ་ཏུ་བརྐྱང་། །རྣམ་ལྔ་ འདོད་པའི་བསྐོར་བར་བྱ། །གཡས་པར་ཉི་མ་ཡང་དག་བསམ། །གཡོན་པར་ཟླ་བསམ་གཡོན་པ་ཉིད། །ལུས་ཅན་རྣམས་ཀྱི་ཐབས་ཉིད་དེ། །རང་འདོད་ལྷར་ནི་བསམ་པར་བྱ། །བྱང་དུ་རྡོ་རྗེ་གསོར་ནས་ནི། །ཕྱི་ནས་བློ་ལྡན་ ཡང་དག་གདབ། །ཧཱུྃ་གི་གླུ་ཡི་རྣམ་པ་ཡིས། །སངས་རྒྱས་ཐམས་ཅད་དགྱེས་པར་བྱེད། །རྡོ་རྗེ་གསོར་བས་མཛེས་པ་ཡིས། །རྨོངས་པའི་སེམས་ཅན་རྣམ་པར་སྒྲོལ། །ཆོས་ཀྱི་རྣམ་ཐར་འབྲས་བུ་ཉིད། །རྡོ་རྗེ་དགྱེས་པ་འཛིན་པ་སྟེ། ། 86-1-342a ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ། །ཐབས་དང་ཤེས་རབ་རབ་དཀྲོལ་ཞིང་། །ཐབས་དང་ཤེས་རབ་ལག་པའི་དངོས། །ཨོཾ་བཛྲ་དྷརྨ་ར་ཎི་ཏ་པྲ་ར་ཎི་ཏ་སྃ་བྲ་ར་ཎི་ཏ་སརྦྦ་བྷུ་ཏ། ཀྵེ་ཏྲ་པྲ་ཙཱ་ལི་ནི། པྲཛྙ་པཱ་ར་མི་ཏཱ་ནཱ་ད་སྭ་བྷཱ་བི་ཙ་བཛྲ་ ས་ཏྭ་ཧྲི་ད་ཡ་སྃ་ཏོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ། ཨོཾ་སརྦཱ་ཏ་ཐ་ག་ཏ་སིད་དྷི་བཛྲ་ས་མ་ཡེ་ཏིཥྛ་ཨེ་ཤ་ཏ་ནྡྷཱ་ར་ཡ་མི་ཧི་ཧི་ཧི་ཧི་ཧི་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཐབས་དང་ཤེས་རབ་ཆོས་ཀྱིས་ནི། །འགྲོ་བ་ཐམས་ཅད་སད་པར་བྱེད། །མི་ཤེས་ འདམ་དུ་བྱིང་བ་ཡི། །སེམས་ཅན་སངས་རྒྱས་དོན་དུ་དཀྲོལ། །རྡོ་རྗེ་དེ་ཉིད་ཀྱིས་ནི་གཟུང་། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །ཐབས་དང་ཤེས་རབ་ཆོ་ག་ཡིས། །སེམས་ཅན་དོན་ནི་ཡོ་གིས་བྱེད། །དེ་ཉིད་མེད་སེམས་རྣལ་འབྱོར་པ། ། གླང་པོ་དྲིལ་བུ་དཀྲོལ་བ་ཉིད། །རྣལ་འབྱོར་དེ་ཉིད་དམན་པ་ཡི། །རང་གི་དངོས་གྲུབ་རིང་དུ་བརྟག །བརྒྱད་པ་ལས་དྲིལ་བུའི་དེ་ཁོ་ན་སྟེ་རབ་ཏུ་བྱེད་པ་དང་པོའོ།། །། ཕྲེང་བ་ལ་སོགས་མཚན་ཉིད་ནི། །ཡང་དག་ཇི་ལྟར་རྡོ་རྗེ་ཉོན། །གང་གི་ ཡང་དག་ཆོ་ག་ཡིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཤེལ་དང་ཉ་ཕྱིས་མུ་ཏིག་དང་། །ཁམས་ནི་དཀར་པོ་ལ་སོགས་གཞན། །ཞི་བའི་ལས་ལ་ཁྱད་པར་དུ། །ཕྲེང་བ་ཡི་ནི་མཚན་ཉིད་དོ། །གསེར་དང་དངུལ་དང་ཟངས་མ་པ། ། པད་མའི་ས་བོན་ཁྱད་པར་དུ། །རྒྱས་པ་ལ་ནི་ཕྲེང་བ་ཉིད། །རྣམ་པར་མཁས་པས་བགྲང་བར་བྱ། །གུར་གུམ་ལ་སོགས་དྲི་སོགས་ཀྱིས། །དྲི་ནི་ཐམས་ཅད་ཁྱད་པར་དུ། །བསྒྲུབས་ཤིང་རི་ལུ་བྱས་ནས་ནི། །དབང་ལ་ཡོངས་སུ་ རབ་ཏུ་གྲགས། །རུ་རཀྵ་དང་ལུང་ཏང་དང་། །དེ་བཞིན་སྐྱེས་པའི་རུས་པ་ཉིད། །དྲག་པོའི་ལས་ལ་སྦྱར་བར་བྱ། །མངོན་སྤྱོད་ལ་ནི་ཡོངས་སུ་གྲགས། །ཞི་རྒྱས་དབང་དང་མངོན་སྤྱོད་ལ། །བུ་ཏྲ་ཛི་ཐ་ལས་ཀུན་བྱེད། ། སྔགས་ཀྱི་བསྒྲུབ་པ་ལྔ་བཅུ་སྟེ། །དབང་ལ་དེ་ཡི་ཕྱེད་ཉིད་དོ། །བརྒྱ་ཕྲག་གཅིག་ནི་ཞི་བ་ལ། །དེ་བཞིན་རྒྱས་ལ་ལྷག་པར་བརྒྱད། །མངོན་སྤྱོད་ལ་ནི་དྲུག་བཅུ་ཉིད། །ཁྱད་པར་དུ་ནི་ལས་ལ་སྦྱར། །ཇི་ལྟར་ལས་ཀྱི་བྱེ་བྲག་ 86-1-342b གིས། །ཕྲེང་བ་ལ་སོགས་བྱ་བའོ། །ཕྱོགས་དང་མཚམས་ནི་བརྒྱད་རྣམས་ཀྱི། །དབུས་སུ་དགུག་པ་སངས་རྒྱས་ཀྱི། །ལྷ་ནི་དགུ་སོགས་སྲད་བུ་ལ། །ལྷ་དགུས་བྱིན་གྱིས་བརླབ་པར་བྱ། །ཕྲེང་བ་ཀུན་ནི་དགྲ་བཅོམ་པ། ། མཆོད་རྟེན་སྟེང་དུ་རབ་ཏུ་བརྟག །མཆོད་རྟེན་ཆོས་ཀྱི་དབང་པོའི་ཕྱིར། །སྟེང་དུ་ཡང་ནི་ཆོས་ཀྱི་དབྱིངས། །ལག་འཐིལ་ཉི་མ་བསམས་ནས་ནི། །དབྱངས་ཡིག་དང་པོ་ལ་སོགས་པ། །ལག་པའི་དབུས་སུ་རྣལ་འབྱོར་པས། ། བསྒོམ་ཞིང་བདུད་རྩི་ཡི་གེ་ནང་། །འོད་ཟེར་འཕྲོ་བ་དུ་མ་དང་། །ཁ་དོག་དཀར་པོ་བསམས་ནས་ནི། །སོར་མོ་རྡོ་རྗེ་རྩེ་མོ་སྟེ། །གཡོན་པ་པད་མ་འདབ་མར་བསྒོམ། །པད་མ་རྡོ་རྗེ་སྙོམས་འཇུག་པའི། །ཁ་སྦྱར་དབུས་སུ་ ཕྲེང་གཞག་ལ། །ཀུན་གྱི་དེ་ཉིད་བསྒོམ་བྱ་ཞིང་། །ཕྲེང་བ་བྱིན་གྱིས་བརླབ་པར་བྱ། །སོར་མོ་ལ་སོགས་བྱེ་བྲག་ལས། །ཕྱིས་ནི་སྔགས་པས་བཟླས་པ་བྱ། །རྡོ་རྗེ་གཉིས་མེད་དངོས་པོ་ལས། །གཡོན་པའི་རྡོ་རྗེ་ཅན་གྱི་དངོས། ། ཞི་ལ་ཁྲོ་བོར་དགོད་པར་བྱ། །རྒྱས་ལ་དབུ་མའི་དེ་ཉིད་ལ། །སྲིན་ལག་ལ་ནི་དབང་དུ་གསུངས། །ཀུན་གྱི་མཐའ་མར་མངོན་སྤྱོད་ལ། །མཐེ་བོང་རྡོ་རྗེ་ལྕགས་ཀྱུ་ལྷ། །དངོས་པོ་ལས་ནི་དགུག་པར་བྱ། །མཉམ་གཞག་ བཟླས་དང་བསྒོམ་པ་ཡིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །དེ་ཉིད་མེད་པའི་རྣལ་འབྱོར་པ། །དེ་ཉིད་མེད་པའི་སྔགས་ཟློས་དང་། །རྡོ་རྗེ་དྲིལ་བུ་དེ་ཉིད་མེད། །ཕྱག་རྒྱའི་དེ་ཉིད་སྐྱེ་མི་འགྱུར། །རྣལ་འབྱོར་པ་ཡིས་ དེ་ཉིད་དམིགས། །དེ་ཉིད་ཐམས་ཅད་བྱེད་པ་ཉིད། །ཡི་གེ་རྣམས་ཀྱི་རྒྱུ་ལས་ནི། །གཟུགས་ཀྱི་སྙིང་པོ་མཛེས་པ་སྟེ། །སྔགས་ཀྱི་སྙིང་པོ་བགྲང་བའི་གྲངས། །བརྫུན་པས་རྣལ་འབྱོར་མ་སྙིང་འགྲུབ། །ཨོཾ་པ་དེ་པ་དེ། མ་ཧཱ་ཛྙཱ་ནྃ། སརྦྦ་བུད་དྷ་མ་ཧཱྃ་བྷ་བེ་ཏ་ཧཱུྃ་ཧཱུྃ་ཧཱུྃ། ཧོ་ཧོ་ཧོ་ཨ་ཁྃ་སྭཱ་ཧཱ། སྔགས་ཀྱི་ཕྲེང་བ་སྦྱངས་ནས་ནི། །གང་འདོད་དེ་ཉིད་བསྒྲུབ་པར་བྱ། །དེ་ཉིད་ལས་ནི་འགྲུབ་པར་འགྱུར། །ཀུན་དུ་གསལ་བ་མེད་ན་རིང་། །ཡེ་ཤེས་ 86-1-343a དེ་ཉིད་ཁྱད་པར་དུ། །ཡེ་ཤེས་ཆེན་པོ་ཡང་དག་ཉོན། །མཉམ་ཉིད་སེམས་ཀྱིས་དབྱེ་བ་ལས། །མཉམ་པར་གཞག་པས་འཁོར་ལོ་བརྟག །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །ཡེ་ཤེས་ས་བོན་གྱིས་ ནི་སྤྲུལ། །སྐུ་མདོག་དཀར་པོ་བསྒོམ་པར་བྱ། །པད་མའི་གདན་ལ་བཞུགས་པར་ནི། །ཕྱག་གཉིས་སེམས་དཔའི་ཀྱིལ་མོ་དཀྲུང་། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ཕྱག་རྒྱ་ཆེན་པོ་ཕྱག་གཉིས་ཀྱིས། །སྙིང་གའི་གནས་ སུ་བཙིར་བ་ཉིད། །སྐུ་མདོག་དཀར་པོ་ཤིན་དུ་མཛེས། །འཕགས་པ་རྣམ་པར་སྣང་མཛད་གཙོ། །ཀུན་དུ་འོད་ཟེར་སྣ་ཚོགས་ཀྱིས། །སངས་རྒྱས་དམ་ཚིག་སྤྲིན་གྱིས་སྤྲོ། །ཟུང་ལྟར་རིམ་པའི་ཆོ་ག་ཡིས། །སྔགས་ཀྱི་བཟླས་པར་ རབ་ཏུ་གྲགས། །གཡོན་དང་གཡས་པའི་ལག་གཉིས་ཀྱིས། །བསྐོར་བ་མཁའ་འགྲོ་མ་དེ་བདེ། །ཨཱ་ལི་ཀཱ་ལི་ས་བོན་ནི། །ཧཱུྃ་གི་སྲད་བུས་བརྒྱུ་བ་ཉིད། །འདིའི་ས་བོན་རྣལ་འབྱོར་པས། །བསྒོམས་ན་མྱུར་དུ་སངས་རྒྱས་ཐོབ། ། བརྒྱད་པ་ལས་སྔགས་ཀྱི་བཟླས་པ་དང་བསྒོམ་པ་སྟེ་རབ་ཏུ་བྱེད་པ་གཉིས་པའོ།། །། འཕོ་བའི་རྣལ་འབྱོར་མཚན་ཉིད་ཀྱི། །དེ་ཉིད་ཇི་ལྟར་རྡོ་རྗེ་ཉོན། །བཟང་པོའི་ལམ་དུ་རྣལ་འབྱོར་པས། །འགྲོ་བ་མཛེས་པ་ཁྱོད་ལ་བསྟན། ། ཡེ་ཤེས་དབང་པོ་ཉན་པར་འཚལ། །སྒོ་རྣམས་དགུ་ནི་ཇི་ལྟར་ལགས། །ཡེ་ཤེས་སྒོ་ཡི་དབྱེ་བས་ནི། །ཡོན་ཏན་སྐྱོན་ནི་ཇི་ལྟར་ལགས། །དུས་སུ་སྲོག་ནི་འཆད་པ་ཡི། །ཡང་དག་རབ་ཏུ་སྦྱོར་བ་ཉོན། །ལེགས་པའི་ལམ་ ནི་མཛེས་པའི་གནས། །ན་པའི་ལམ་ཡང་སྐྱོན་རྣམས་ཉིད། །ལྟེ་བའི་སྟེང་ན་ཐིག་ལེ་དང་། །མིག་དང་སྣ་སོགས་རྣ་བ་དག །བཏུང་དང་བཏུང་བ་མིན་པའི་སྒོ། །མཚན་ཉིད་ལྟེ་བར་འདོད་པ་ཅན། །མཐོ་རིས་ཐིག་ལེ་ གཟུགས་ལུས་ཅན། །སྟེང་ནི་སྟེང་དུ་གནས་པ་ཡི། །འགྲོ་དང་འོང་བར་ཡོངས་སུ་གྲགས། །སྣ་ལས་གནོད་སྦྱིན་དག་ཏུ་འགྱུར། །རྣ་བ་དག་ལས་གྲུབ་པའི་ལྷ། །གལ་ཏེ་མིག་ལས་ཤེས་འགྲོ་ན། །མི་རྣམས་ཀྱི་ནི་ 86-1-343b རྒྱལ་པོར་འགྱུར། །སྲིད་པའི་སྒོ་ལས་ཡི་དགས་ཏེ། །གཅི་ལས་དེ་བཞིན་བྱོལ་སོང་ངོ་། །དམྱལ་བ་བརྒྱད་ནི་བཏུང་མིན་པས། །དེ་ལྟར་སྤང་ཕྱིར་རིགས་ཀྱི་བུ། །སྲིད་པའི་འཕོ་བའི་མཚན་ཉིད་ནི། །གང་ཕྱིར་སྒོ་ཡི་ཁྱད་པར་ནི། ། འཁོར་བའི་དབྱེ་བ་ཡང་དག་འབྱུང་། །དེ་ཕྱིར་སྒོ་ཡི་ཁྱད་པར་གྱིས། །རྣལ་འབྱོར་པས་ནི་མཉམ་གཞག་པ། །འཆི་བའི་དུས་ཀྱི་ཐོབ་པ་ནི། །འཆི་བའི་མཚན་མ་བསྟན་པ་ཉིད། །རིམ་ལ་སོགས་པས་མ་ཕྱེ་བའི། །འཕོ་བའི་རྣལ་ འབྱོར་དམ་པ་ཉིད། །བུམ་པ་དང་པོར་བརྩམས་ནས་ནི། །སྒོ་རྣམས་ཐམས་ཅད་རེངས་པར་བྱེད། །མཆོད་རྟེན་རྣམས་ཀྱི་ལྕགས་སྒྲོག་ལྔ། །སྒོ་ཡི་བུག་པའི་བསྒོམ་པ་ནི། །དེ་བས་དམའ་བའི་སྒོ་ཉིད་དོ། །ས་བོན་ཆུ་ལྟར་དཀར་ པོ་ཉིད། །བཏུང་དང་བཏུང་མིན་མེ་ཡི་ནི། །དེའི་ས་བོན་འབར་བ་ལྟར། །དེ་ཡི་དང་པོ་དབུགས་ཀྱི་ཡང་། །དེ་ལ་ཤིན་དུ་མཉམ་གཞག་པས། །དབུགས་ནི་བུམ་པ་ཅན་བསྒོམ་བྱ། །ལུས་ཀྱི་རླུང་གི་ཁ་དོག་དང་། །རླུང་གི་དཀྱིལ་ འཁོར་སེམས་ཀྱིས་ནི། །རླུང་གི་ས་བོན་རྩ་བ་རྣམས། །རླུང་ནི་མཐའ་ཡི་རྩ་བ་ཅན། །ཐིག་ལེ་སྒྲ་དང་ལྡན་པ་ཡིས། །སེམས་ཀྱི་ས་བོན་གྱིས་ནི་དྲང་། །རྡོ་རྗེ་ཅན་གྱི་ས་བོན་གྱིས། །འཇིགས་པའི་ལྕགས་ཀྱུ་ལ་ སོགས་སྦྱར། །གནས་ནི་བཅུ་དང་ཉི་ཤུ་ནི། །རྩ་བཞིའི་གནས་ལས་འཇིགས་མས་དགུག །གོ་འཕང་གནས་ནི་གོ་འཕང་སྟེ། །བུག་པ་དགུ་ཡི་སྟེང་མས་སོ། །མཛོད་སྤུ་སྐྲ་དཀར་ས་བོན་གྱི། །ཡི་གེ་ཕྱེད་དང་གཉིས་ ཀྱིས་སྦྱར། །དྲག་པོའི་སྒྲ་ཡིས་བརྗོད་ནས་ནི། །བརྒྱད་ཀྱི་མཐའ་ཡི་ས་བོན་གྱིས། །འཇིགས་དང་འཇིགས་པའི་སྡེ་ཚན་གྱི། །དང་པོ་ལ་སོགས་དང་པོ་ཡི། །ཡི་གེ་ཕྱེད་པས་སྦྱར་ནས་ནི། །རླུང་གིས་ས་བོན་འོག་མ་ལས། ། སྒྲ་ནི་སྒྲ་ཡིས་བསྐུལ་བར་བྱ། །རླུང་གི་ས་བོན་ལྡན་པ་དང་། །རླུང་གི་དཀྱིལ་འཁོར་སེམས་ཀྱིས་ནི། །གནས་ནི་ཉི་ཤུ་རྩ་བཞིར་ནི། །དེ་ནས་སྟེང་ནས་སྟེང་དུ་མཆོག །རྣལ་འབྱོར་པས་ནི་སྐྲ་དཀར་བས། །སྟེང་གི་ཡི་གེ་ 86-1-344a བཟའ་བར་བྱ། །བུ་ག་དགུ་ཡི་སྟེང་མཆོག་ནས། །འཕྲལ་དུ་ཡིད་ཀྱིས་འཕོ་བར་བྱེད། །ཉིན་ཞིང་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་ནི་བྱེད་པ་དང་། །ཆོམ་རྐུན་ལས་ཀྱི་ལོངས་སྤྱོད་པ། །འདི་ཡི་ལམ་གྱིས་ གྲོལ་འགྱུར་ཏེ། །སྡིག་པས་གོས་པར་མི་འགྱུར་ཞིང་། །སྲིད་པའི་སྐྱོན་ལས་ཤིན་ཏུ་གྲོལ། །དཔེར་ན་འདམ་ལས་སྐྱེས་པ་ཡི། །པད་མ་གཟི་བརྗིད་དྲི་མ་མེད། །དེ་བཞིན་འདམ་སོགས་ལུས་ཀྱིས་ནི། །ཡེ་ཤེས་སྐུ་ནི་རང་ འདོད་པས། །དུས་ཐོབ་ན་ཡང་འཕོ་བྱ་སྟེ། །དུས་མིན་ལྷ་ནི་གསོད་པ་ཉིད། །དེ་ཕྱིར་ལུས་ཀྱི་མཚན་ཤེས་ནས། །བློ་དང་ལྡན་པས་རྣལ་འབྱོར་བརྩམ། །རྣལ་འབྱོར་བསྒྲུབ་བྱའི་ཁྱད་པར་ལས། །ཇི་ལྟར་དེ་ཉིད་རྡོ་རྗེ་ཉོན། ། མཉམ་ཉིད་སེམས་ཀྱི་དངོས་པོ་ནི། །སྔར་གྱི་མཚན་ཉིད་ཐམས་ཅད་ལས། །སྙིང་གི་དཀྱིལ་འཁོར་དབུས་གནས་པར། །སངས་རྒྱས་ལྔ་ཡི་ས་བོན་རྣམས། །འདི་ནི་ཉི་མའི་འོད་ཟེར་འབར། །ངོ་བོ་སེམས་ཀྱིས་ མཚོན་པར་བྱ། །སྔར་གསུངས་སྟོང་པ་ཉིད་ཀྱིས་ནི། །སྔར་གྱི་མཚན་ཉིད་ཡང་དག་ལྡན། །ཧཱུྃ་ལ་གནས་པའི་སེམས་ཀྱིས་ནི། །གཟུགས་ལ་སོགས་པ་ཐམས་ཅད་གཞག །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། ། ས་བོན་གྱིས་ནི་གཟུགས་སྐྱེད་ནས། །པད་མའི་གདན་ལ་བཞུགས་པར་ནི། །ཡེ་ཤེས་མཁའ་འགྲོར་བདག་ཉིད་བསམ། །ཞལ་གསུམ་པ་ལ་ཕྱག་དྲུག་ཉིད། །སྤྱན་གསུམ་དབུ་རྒྱན་གྱིས་ནི་བརྒྱན། །བཞད་དང་ཁྲོ་ཞིང་སྒེག་པ་དང་། ། རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ཀུན་ད་ཟླ་བའི་མདོག་ལྟར་དཀར། །ཤིན་དུ་མཛེས་པའི་གོས་ཀྱིས་བརྒྱན། །སངས་རྒྱས་སྤྲིན་ནི་སྤྲོ་བར་བྱ། །སེམས་དཔའ་སྐྱིལ་མོ་དཀྲུངས་སུ་གནས། །དང་པོར་མདའ་ནི་དགོད་པར་བྱ། ། དེ་བཞིན་གཉིས་པར་ལྕགས་ཀྱུ་ཉིད། །གསུམ་པར་རྡོ་རྗེ་འཕྱར་བའོ། །གཡོན་པ་སྡིགས་མཛུབ་ཞགས་པ་ཉིད། །གཉིས་པར་དཔག་བསམ་ཤིང་ལྕུག་མ། །གསུམ་པར་གཞུ་ཡི་ཆོ་གས་ཁྱབ། །འོད་ཟེར་ཕྲེང་བ་དུ་མ་དང་། །དབུགས་ནི་གཡོ་ 86-1-344b བ་མེད་པར་བསྒོམ། །ས་བོན་བརྒྱད་ལ་སོགས་པ་ཡིས། །ཡི་གེ་རྣམ་དགོད་དགོད་པར་བྱའོ། །ཨཱ་ལི་ཀཱ་ལི་རབ་སྦྱོར་བས། །ཇི་ལྟར་བཏུས་པའི་ས་བོན་བཞིན། །ཐམས་ཅད་ཁ་དོག་དཀར་པོ་རྣམས། །ས་བོན་ཟླ་བའི་འོད་ཟེར་ལྡན། ། པད་མའི་ཆུ་ཤིང་མེ་ཏོག་གི ། སྙིང་ལ་སྒོང་སྐྱེས་གཞག་པར་བྱ། །དེ་ཡི་དབུས་སུ་ཡེ་ཤེས་དང་། །རྣམ་པར་ཤེས་པ་ལྷན་ཅིག་ཏུ། །དངོས་པོའི་ངོ་བོས་བསྒོམ་པར་བྱ། །གཡོ་བ་མེད་ཅིང་འཚེ་བ་མེད། །དེ་ནས་ཕྱི་རོལ་རྣལ་འབྱོར་རྣམས། ། རྣམ་པར་མཁས་པས་གཟུང་བར་བྱ། །གནས་གཉིས་ཀྱི་ནི་སེམས་དང་ནི། །རླུང་གི་དཀྱིལ་འཁོར་སེམས་ཀྱིས་ནི། །དེའི་དབུས་སུ་མེ་ཉིད་དེ། །དེ་ཡི་སྟེང་དུ་ཉི་མ་དེར། །ཨཱ་ལི་ཀཱ་ལི་ལྡན་པའི། །ས་བོན་དེ་ཉིད་དམར་པོའོ། །རྣལ་ འབྱོར་པ་ཡི་ཁྱད་པར་དུ། །དབྱུང་དང་རྔུབ་པས་བཟླས་པ་བྱ། །ཡེ་ཤེས་ས་བོན་དབུས་སུ་ནི། །འབྱུང་བ་ཡིས་ནི་བསྣུན་བྱ་ཞིང་། །བསྣུན་པས་སྙིང་ཀའི་ཡེ་ཤེས་ནི། །མེ་ཏོག་ལྟ་བུར་བསྣུན་པར་བྱ། །འབྱུང་དང་འབྱུང་མིན་ བཟླས་པས་ནི། །འབྱུང་དང་རྔུབ་པའི་རྣལ་འབྱོར་པ། །བདག་ཉིད་རྣལ་འབྱོར་མར་རི་བྱེད། །འབྱུང་བའི་མཚན་ཉིད་མཚོན་པ་དང་། །རྔུབ་པའི་མཚན་ཉིད་མཚོན་པར་བྱ། །དབྱུང་དང་རྔུབ་པའི་རྣལ་འབྱོར་ཀྱི། །མཚན་ཉིད་དེ་ ཉིད་བསྒོམ་པས་ནི། །མཉམ་གཞག་དངོས་པོའི་རང་བཞིན་གྱིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །དེ་ནས་ཕྱི་རོལ་རྣམས་ཀྱི་ལུས། །སྒྲུབ་པ་པོས་ནི་རྣམ་པར་སྤྲུལ། །གཞན་གྱི་སེམས་ཀྱི་རྗེས་སུ་སེམས། །རྣམ་ པར་མཁས་པས་ཤེས་པར་བྱ་བསྒོམ་དང་བཟླས་པའི་ཁྱད་པར་གྱིས། །མཉམ་པར་གཞག་པའི་སེམས་ཀྱིས་ནི། །ལེགས་པའི་ལམ་ནི་བསམ་བྱས་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །དེ་ནས་ཡེ་ཤེས་གཟུགས་གྱུར་དང་། ། དེ་ཕྱིར་མར་མེའི་སེམས་ཀྱིས་ནི། །རྣམ་པར་མཁས་པས་ལས་རྣམས་བྱེད། །ཉན་ཐོས་ལ་སོགས་དེ་ཉིད་ནི། །ལེགས་པར་བཤད་པ་བསྒྲགས་པ་ཉིད། །ཤེལ་ལྟར་སེམས་ནི་བརྟན་བྱས་ནས། །མར་མེའི་རྣམ་པའི་སེམས་ཀྱིས་ནི། ། 86-1-345a སྤྲོས་པ་ཐམས་ཅད་དམིགས་ནས་ནི། །སྤྲོས་པ་ཉིད་ནི་སྤྲོས་མེད་བྱེད། །རང་བཞིན་རྣལ་འབྱོར་དམིགས་ནས་ནི། །འདི་དག་ཐམས་ཅད་ཡོངས་སུ་སྤང་། །ཀྱེ་བཅོམ་ལྡན་འདས་ཡེ་ཤེས་གང་གིས་ཡེ་ཤེས་ཁྱད་པར་དུ་འཕགས་ ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཡེ་ཤེས་རྣམ་པ་ལྔ་རུ་གསུངས། །གསང་བའི་མེ་ལོང་ཡེ་ཤེས་ལྷའི། །ཁྲོ་བོའི་ཡེ་ཤེས་ལྷ་མ་ཡིན། །ཡི་དགས་ཡེ་ཤེས་ཉི་མ་སྟེ། །དམྱལ་བའི་འཇིགས་ཤིང་དུ་བ་ཉིད། ། གཏི་མུག་ཡེ་ཤེས་བྱོལ་སོང་རྣམས། །སེམས་མེད་བརྟན་པ་ལ་སོགས་པ། །མི་ལ་རྣམ་ཤེས་ཁྱད་པར་ནི། །རྣམ་པ་ལྔ་རུ་ཤེས་པར་བྱ། །ལྔ་ཡི་དབྱེ་བས་ཡེ་ཤེས་བསྒྲགས། །གླེན་ཞིང་ལྐུགས་པས་ཁེབས་པ་ཡི། །བྱིས་པའི་ ཤེས་པའི་ཤེས་པ་ཅན། །ཡེ་ཤེས་དེ་ཉིད་ཁྱད་པར་དང་། །རྣལ་འབྱོར་བསྟན་བཅོས་ཁྱད་པར་ལས། །སྐྱེ་བ་བྱེ་བ་སྟོང་ཕྲག་ཏུ། །ང་ཡི་ཡེ་ཤེས་ཀྱིས་སྐུལ་བ། །མཁས་པ་རྣལ་འབྱོར་བསྟན་བཅོས་ལ། །འབད་པས་དད་པ་ བསྐྱེད་པར་བྱ། །ཕྱི་རོལ་བསྟན་བཅོས་སྒྲ་ལ་སོགས། །དཔེར་ན་གར་མཁན་ཁ་དོག་བཞིན། །རྣལ་འབྱོར་བསྟན་བཅོས་རྫས་བཙལ་བས། །བཟའ་དང་གྲོལ་བའི་གནས་སུ་བྱ། །སྙིང་པོ་ལས་ནི་སྙིང་པོ་མཆོག །རྣལ་འབྱོར་ ཞལ་མཆོག་ཁྱོད་ལ་བཤད། །བརྒྱད་པ་ལས་མུ་སྟེགས་ཀྱི་ཡེ་ཤེས་འཇིག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་གསུམ་པའོ།། །། སྔགས་རྣམས་ཀྱི་ནི་མཚན་ཉིད་ནི། །རྡོ་རྗེ་གཙོ་བོ་རྒྱལ་པོ་ཉོན། །ཨོཾ་བཛྲཱ་མྲྀ་ཏ་མ་ཧཱ་སུ་ཁ་ཧྃ་སྭཱ་ཧཱ། སྙིང་པོའོ། །ཨོཾ་ཨཱ་ཧཱུྃ་ཧཱུྃ་སྭཱ་ཧཱ། རྡོ་རྗེ་སེམས་དཔའི་བཟླས་པའི་སྔགས་སོ། །ཨོཾ་ཨཱཿཨྃ་ཧྃ་སྭཱ་ཧཱ། རྡོ་རྗེ་དྲག་མོའིའོ། །ཨོཾ་ཨཱཿ་ཨཱྃ་ཧྃ་སྭཱ་ཧཱ། རྡོ་རྗེ་གཟུགས་བརྙན་མའིའོ། །ཨོཾ་ཨཿ་ཨིཾ་ཧྃ་སྭཱ་ཧཱ། འདོད་ཆགས་རྡོ་རྗེ་མའིའོ། །ཨོཾ་ཨཱ་ཨིཾ་ཧྃ་སྭཱ་ཧཱཿ རྡོ་རྗེ་ཞི་བ་མའིའོ། །ཨོཾ་ཨཱ་ཨུྃ་ཧྃ་སྭཱ་ཧཱཿ རྡོ་རྗེ་གནོད་སྦྱིན་མའིའོ། །ཨོཾ་ཨཱཿཨཱུྃ་ཧྃ་སྭཱ་ཧཱ། རྡོ་རྗེ་མཁའ་འགྲོ་མའིའོ། །ཨོཾ་ཨཱ་ཨྃ་ཧྃ་སྭཱ་ཧཱ། སྒྲའི་རྡོ་རྗེ་མའིའོ། །ཨོཾ་ཨཱ་ཨཿཧཾ་སྭཱ་ཧཱཿསའི་རྡོ་རྗེ་མའིའོ། །ཨོཾ་ཨཱཿ་ཨོཾ་ཧྃ་སྭཱ་ཧཱ། གླིང་བུ་མའིའོ། ། 86-1-345b ཨོཾ་ཨཱ་ཨོ་ཧྃ་སྭཱ་ཧཱ། པི་ཝང་མའིའོ། །ཨོཾ་ཨཱཿ་ཨོཾ་ཧྃ་སྭཱ་ཧཱ། མུ་ཀུ་ཎིའོ། །ཨོཾ་ཨཱཿ་ཨཽ་ཧྃ་སྭཱ་ཧཱ། རྫ་རྔ་མའིའོ། །ཨོཾ་ཨཱཿ་བཛྲཱྃ་ཀུ་ཤོ་ཛཿཧྃ་སྭཱ་ཧཱ། རྡོ་རྗེ་ལྕགས་ཀྱུ་མའིའོ། །ཨོཾ་ཨཱ་བཛྲ་པཱ་ཤེ་ཧཱུྃ་ཧཱྃ་སྭཱ་ཧཱ། རྡོ་རྗེ་ཞགས་པ་མའིའོ། ། ཨོཾ་ཨཱཿབཛྲ་སྤོ་ཊེ་བྃ་ཧྃ་སྭཱ་ཧཱ། རྡོ་རྗེ་ལྕགས་སྒྲོགས་མའིའོ། །ཨོཾ་ཨཱཿབཛྲ་གྷཎྚེ་ཧོ་ཧྃ་སྭཱ་ཧཱ། རྡོ་རྗེ་དྲིལ་བུ་མའིའོ། །སྤྱན་ལ་སོགས་པའི་སྔགས་ནི་སྔ་མ་བཞིན་དུ་སྔགས་པས་བཟླས་ པར་བྱའོ། །ཨོཾ་རྃ་སྭཱ་ཧཱ། མེ་ཏོག་མའིའོ། །ཨོཾ་རི་སྭཱ་ཧཱ། བདུག་པ་མའིའོ། །ཨོཾ་ལི་སྭཱ་ཧཱ། དྲི་མའིའོ། །ཨོཾ་ལཱིཾ་སྭཱ་ཧཱ། མར་མེ་མའིའོ། །འདི་དག་ནི་རྡོ་རྗེ་སེམས་དཔའིའོ། །ཨོཾ་ཧྲཱིཿསྭཱ་ཧཱ། ཧེ་རུ་ཀའིའོ། །ཨོཾ་བཛྲཱ་གུ་ཧྱེ་སི་དྷེ་པ་ར་མ་ཡོ་གེ་ཤྭ་རི་ཀ་པཱ་ལ་མཱ་ལཱ་དྷཱ་རི་ཎི། རུ་དྷི་ར་པྲཱི་ཡེ་ཤྨ་ཤཱ་ན་བཱ་སི་ན་ཧཱུྃ་ཕཊ་སྭཱ་ཧཱ། དཀར་མོའིའོ། །ཨོཾ་བཛྲ་ཙཎྜེ་ཤྭ་རི་ཁ་ཊྭཱྃ་གི་མ་ཧཱ་བཛྲཱི་ཎི་ཀ་པཱ་ལ་མཱ་ལཱ་མུ་ཀུ་ ཊེ་ཨཱ་ཀཌྷྱ་ཨཱ་ཀཌྷྱ་སརྦྦ་དུཥྚ་ཧྲི་ད་ཡ་མཱ་ཀཌྷ་རུ་ལུ་རུ་ལུ་བྷྱོ་ཧཱུྃ་ཕཊ། ཆོམ་རྐུན་མའིའོ། །ཨོཾ་བཛྲཱ་པ་རཱ་ཛི་ཏི་པ་ར་མ་གུ་ཧྱེ་ཀ་པཱ་ལ་མཱ་ལཱ་བི་བྷུ་ཥི་ཏེ། སརྦྦ་དུཥྚཱ་མོ་ཧི་ནི་པྲཱི་ཡེ་ཨེ་ཧྱེ་ཧི་བྷ་ག་ཝ་ཏི་ བཛྲ་གུ་ཧྱེ་ཤྭ་རཱ་བ་ཧུ་བི་བི་དྷཱ་བེ་ཤ་དྷཱ་རི་ཎྀ། སརྦ་དུཥྚ་ནི་བཱ་ར་ཎི་ཧཱུྃ་ཕཊ། རབ་ཏུ་རྨོངས་མའིའོ། །ཨོཾ་བཛྲ་བཻ་ཏྟཱ་ལི་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་དུཥྚཱ་ནི་བི་ཀྲ་ཏ་བི་ཤ་དྷཱ་རི་ཎྀ་བ་ཀྲི་ཏཱ་ལྃ་ཀ་ར། བྷཱུ་ཥི་ཏེ་ཧ་ན་ ཧ་ན་ད་ཧ་ད་ཧ། པ་ཙ་པ་ཙ་མ་བི་ལམྦ་མ་བི་ལམྦ། ས་མ་ཡ་མ་ནུ་སྨ་ར་པྲ་བེ་ཤ་ཡ་མཎྚ་ལ་མ་དྷྱེ། ཨུ་དྡྷཱ་པ་ཡ་སརྦྦྃ་ཧཱུྃ་ཧཱུྃ་ཕཊ། རོ་ལངས་མའིའོ། །ཨོཾ་ཨེ་ཧྱ་ཧི་བྷ་ག་ཝ་ཏི་བཛྲ། གུ་ཧྱེ་ཤྭ་རི་བ་ཧུ་ བི་བི་དྷ་བི་ཤ་དྷཱ་རི་ཎ་སརྦ་ཏ་ཐཱ་ག་ཏ། ཛུཥྚེ་ས་མ་ཡ་མ་ནུ་སྨ་ར། ཧ་ན་ཧ་ན། རཱྃ་ག་རྃ་ག་རྃ་ག་པ་ཡ་རྃ་ག་པ་ཡ། པཱུ་ར་ཡ་པཱུ་ར་ཡ། ཨཱ་བི་ཥ་ཡ་ཨཱ་བི་ཥ་ཡ། སརྦ་བྷཱུ་ཏཱན་ནརྟ་ནརྟ་ནཱརྟ་པ་ཡ། 86-1-346a ཧཿཧ་ཧ་ཧ་ཧ། ཧཱུྃ་ཧཱུྃ་ཕཊ། པུཀྐ་སཱིའི་འོ། །ཨོཾ་བཛྲ་ཤཱུ་ལ་ཨ་གྲི་བྷིནྡྷ་བྷིནྡྷ་སརྦ་དུཥྚ་ཧྲི་ད་ཡཱ། མ་ཀྵ་ར་ཡ་མ་ཀྵ་ར་ཡ། ཧ་ན་ཧ་ན། ད་ཧ་ད་ཧ་ནི། རྨ་ཐ་ནི་རྨ་ཐ་མཱ་ར་ཡ་མཱ་ར་ཡ། མཱ་བི་ལམྦ་མཱ་བི་ལམྦ་ས་མ་ཡ་མ་ནུ་སྨ་ར་ཧཱུྃ་ཧཱུྃ་ཕཊ། གདོལ་པ་མོའིའོ། །ཨོཾ་བཛྲ་མ་ཧེ་ཤྭ་རི་ཧྃ་ཧྃ་ཧྃ་ཧྃ་ཧཿརུ་ལུ་རུ་ལུ་བྷྱོ་ཧཱུྃ་ཧཱུྃ་ཕཊ། བྷཀྵ་ཡ་སརྦ་དུ་ཥྚནྣིརྨ་ཐ་ཧྲྀ་ད་ཡ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། གྷསྨ་རཱིའིའོ། །ཨོཾ་སུྃ་ བྷ་ནི་དཱི་པ་ཏ་ས་མ་ཡ་བཛྲེ་ཧཱུྃ་ཕཊ། ཧེ་རུ་ཀ་དང་མཚུངས་པའི་འོ། །ཨོཾ་བཛྲ་བྃ་ཤེ་ཧཱུྃ་སྭཱ་ཧཱ། གླིང་བུ་མའིའོ། །ཨོཾ་བཛྲ་བཱི་ཎེ་ཧཱུྃ་སྭཱ་ཧཱ། པི་བྃ་མའིའོ། །ཨོཾ་བཛྲ་མུ་ཀུནྡ་ཧཱུྃ་སྭཱ་ཧཱ། མུ་ཀུན་དའིའོ། །ཨོཾ་བཛྲ་ མྲི་དྃ་གེ་ཧཱུྃ་སྭཱ་ཧཱ། རྫ་རྔ་མའིའོ། །ཨོཾ་བཛྲ་བ་ཌ་བཱ་མུ་ཁི་ཡོ་གཱི་ཤྭ་རི་ཧཱི་ཧི་ཧི་ཧི་ཧི་ཧཱུྃ་ཛཿ། རྟ་གདོང་མའིའོ། །ཨོཾ་བཛྲ་དྃ་ཥྚཱྃ་བ་རཱ་ཧ་མུ་ཁི་ཏྲཱྃ་བ་ཏྲཱྃ་བ་ཧཱུྃ། རྡོ་རྗེ་ཕག་གདོང་མའིའོ། །ཨོཾ་བཛྲ་ཙནྡྲ་སཱུརྱ་ཧུ་ཏཱ་ ས་ནི་སི་ཧ་ནི་དེ་སིདྷ་ཝ་སིདྷི་ནི་ཊྃ་ཊྃ་དྃ། སེང་གེའི་གདོང་མའིའོ། །ཨོཾ་བཛྲ་དྷཱ་ཏུ་སྃ་ཛཱི་བ་ནི་མ་ཧཱ་ཡཀྵི་ཎཱི་ཤྭཱ་ན་རཱུ་བི་ཎི་མ་ཧཱ། པྲཱ་ལ་ཡ་ནིརྞྞ་དེ་ཀཱ་མ་རཱུ་པི་ཎྃ་ཏྲཱྃ་ཏྲ་ཊ་ཏྲ་ཊ་ཧོཿ། ཁྱི་གདོང་མའིའོ། །སྭཱ་ཧཱ། ཞེས་བྱ་བ་ནི་ཐམས་ཅད་དུའོ། །འདི་རྣམས་ནི་དཔལ་ཧེ་རུ་ཀ་འཁོར་དང་བཅས་པའིའོ། །ཨོཾ་ཨྃ་སྭཱ་ཧཱ། བདག་མེད་མའིའོ། །ཨོཾ་ཨཱྃ་སྭཱ་ཧཱ། རྡོ་རྗེ་མའིའོ། །ཨོཾ་ཨི་སྭཱ་ཧཱ། དཀར་མོའིའོ། །ཨོཾ་ ཨཱིཾ་སྭཱ་ཧཱ། ཆུའི་རྣལ་འབྱོར་མའིའོ། །ཨོཾ་ཨུྃ་སྭཱ་ཧཱ། རྡོ་རྗེ་མཁའ་འགྲོ་མའིའོ། ཨོཾ་ཨཱུྃ་སྭཱ་ཧཱ། པུཀྐ་སཱིའིའོ། །ཨོཾ་རིཾ་སྭཱ་ཧཱ། རི་ཁྲོད་མའིའོ། །ཨོཾ་རཱྀཾ་སྭཱ་ཧཱ། གདོལ་པ་མོའིའོ། །ཨོཾ་ལིཾ་སྭཱ་ཧཱ། གཡུང་མོའིའོ། །ཨོཾ་ལིྃ་སྭཱ་ཧཱ། དཀར་མོའིའོ། །ཨོཾ་ཨེ་སྭཱ་ཧཱ། ཆོམ་རྐུན་མའིའོ། །ཨོཾ་ཨེ་སྭཱ་ཧཱ། རོ་ལངས་མའིའོ། །ཨོཾ་ཨོཾ་སྭཱ་ཧཱ། གྷ་སྨ་རཱིའིའོ། །ཨོཾ་ཨཽཾ་སྭཱ་ཧཱ། ས་སྤྱོད་མའིའོ། ། 86-1-346b ཨོཾ་ཨྃ་སྭཱ་ཧཱ། མཁའ་སྤྱོད་མའིའོ། །འདི་རྣམས་ནི་བདག་མེད་མ་འཁོར་དང་བཅས་པའིའོ། །ཨོཾ་དེ་བ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཀྱེའི་རྡོ་རྗེའི་སྙིང་པོའོ། །ཨོཾ་ཏྲཻ་ལོ་ཀྱཱ་ཀྵི་པ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཕྱག་གཉིས་ པའིའོ། །ཨོཾ་ཛྭ་ལ་ཛྭ་ལ་བྷྱོ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཕྱག་བཞི་པའིའོ། །ཨོཾ་ཀི་ཊི་ཀི་ཊི་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཕྱག་དྲུག་པའིའོ། །ཨོཾ་ན་མོ་བྷ་ག་ཝ་ཏེ་བཱི་རེ་ཤ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་མ་ཧ་ཀལྦཱ་གྣི་སནྣི་བྷཱ་ཡ་ ཧཱུྃ་ཧཱུྃ་ཕཊ། ཨོཾ་ཛ་ཊཱ་མ་ཀུ་ཊོདྐ་ཊ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་དྃཥྚ་ཀ་རཱ་ལོ་གྲ་བཱི་ཥ་ཎ་མུ་ཁཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ས་ཧ་སྲ་བྷུ་ཛ་བྷཱ་ཤུ་རཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་པ་ར་ཤུ་པཱ་ཤོ་དྱ་ཏ་ཤཱུ་ལ་ཁ་ཊྭཱྃ་ག་དྷཱ་རི་ཎེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་བྱ་གྷྲཱ་ཛི་ནཱམྦྷ་ར་དྷ་རཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་དྷུ་མྲཱནྡྷ་ཀཱ་ར་རྦ་པུ་ཥུ་ཡ་ཧཱུྃ་ཧཱུྃ་ཕཊ། ཕྱག་འབུམ་པའིའོ། །ཨོཾ་ཤྲཱི་ཧེ་ཧེ་རུ་རུ་ཀྃ་བཛྲ་ཌཱ་ཀི་ནཱི་ཛཱ་ལ་སམ་བ་རྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། དུར་ཁྲོད་ལ་དགྱེས་པ་ཕྱག་གཉིས་པའིའོ། ། ཨོཾ་ཤྲཱི་ཧེ་རུ་ཀ་བཛྲ་སརྦྦ་དུཥྚ་ས་མ་ཡ་མུ་དྲཱ་པྲ་བྷྃ། ཛ་ཀ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། དྲག་པོའི་གདན་ཅན་གྱི་ཕྱག་གཉིས་པའིའོ། །ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། རིག་པའི་རྒྱལ་པོའིའོ། །འདི་རྣམས་ནི་ཧེ་རུ་ཀ་ འབྱུང་བའི་སྔགས་སོ། །ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡི་སརྦྦ་བུདྷ་ཌཱ་ཀི་ནཱི་ཡེ་སྭཱ་ཧཱ། ཡི་གེ་བཅུ་དྲུག་པོ་འདི་རྣམས་ནི། མཁའ་འགྲོ་མའི་རྩ་བའི་སྔགས་སོ། །ཨོཾ་མཱ་རཱི་ཙྱེ་སྭཱ་ཧཱ། འོད་ཟེར་ཅན་གྱི་སྙིང་པོའོ། ། ཨོཾ་མཱ་རཱི་ཙྱཻ་བཻ་ཏྟ་ལི་བ་ད་ལི་བ་རཱ་ལི། བ་རཱ་ཧ་མུ་ཁི་སྭཱ་ཧཱ། ཉེ་བའི་སྙིང་པོའི་སྔགས་སོ། །ཨོཾ་པི་ཤཱ་ཙི་པརྞྞ་ཤ་བ་རཱི་སརྦྦ་མཱ་རི། པྲ་ཤ་མ་ནི་ཧཱུྃ་ཧཱུྃ་ཧཱུྃ་མ་ཧོ་ད་རི་ཕཊ། རི་ཁྲོད་མ་ཤིང་ལོ་ཅན་གྱིའོ། ། ཨོཾ་བཛྲཱ་ཀུ་ཤ་ཀཪྵ་ཡ་ཧཱུྃ། ཨོཾ་བཛྲ་པཱ་ཤ་བནྡྷ་ཧཱུྃ། ཨོཾ་བཛྲ་ཀཱ་ལི་ཏརྫ་ཡ་ཧཱུྃ། ཨོཾ་བཛྲ་མུཥྚི་གྲིཧྞ་ཧཱུྃ། ཨོཾ་བཛྲ་ཀི་ལི་ཀི་ལཱ་ཡ་ཧཱུྃ། ཨོཾ་བཛྲ་མུངྒ་རཱ་ཀོ་ཊ་ཡ་ཧཱུྃ། སྔགས་འདི་རྣམས་ནི་ཤིན་དུ་གྲུབ་པ་སྟེ། 86-1-347a དོན་ཡོད་པའི་དངོས་གྲུབ་བསྒྲུབ་པའོ། །ཨོཾ་བཛྲ་ཌཱ་ཀི་ནི་ཨི་མྃ། བ་ལིཾ་གྲཱི་ཧྣ་གྲཱི་ཧྣ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཛཿཧཱུྃ་བྃ་ཧོཿ། ས་མ་ཡ་སྟྭྃ། དྲྀ་ཤྱ་ཧོ། དེ་ལྟར་ལན་གསུམ་ བཞི་ལྔར་བཟླས་ནས་གཏོར་མ་སྦྱིན་པར་བྱའོ། །རྡོ་རྗེ་མཁའ་འགྲོ་མའི་གཏོར་མའི་སྔགས་སོ། །ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཱཀྵ་ས་བྷཱུ་ཏ་པྲེ་ཏ་པི་ཤཱ་ཙཽནྨ། དཱ་པ་སྨཱ་ར་ཌཱ་ཀ་ཌ་ཀི་ནྱ་ ད་ཡ་ཨི་མྃ་བྃ་ལི་གྲིཧྞ་ཏུ་ས་མ་ཡ། རཀྵནྟུ་སརྦྦ་སིདྡྷིམྨེ་པྲ་ཡ་ཙྪན་ཏུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། འབྱུང་པོ་ཐམས་ཅད་ཀྱི་གཏོར་མའི་སྔགས་སོ། །ཨོཾ་ཀི་ཊི་ཀི་ཊི་བཛྲ་ཧཱུྃ། བྱིན་གྱིས་བརླབས་པའི་སྔགས་སོ། །ཨོཾ་ཨཱཿཧཱུཾ་ཤོ་དྷ་ཡ། ཤོ་དྷ་ཡ་རཀྵ་རཀྵ་ཧཱུྃ་ཕཊ། ས་སྦྱང་བའི་སྔགས་སོ། །ཨོཾ་བཛྲ་ཌཱ་ཀི་ནཱི་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་གཽ་རཱི་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཙཎྜཱ་ལཱི་ ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་བྷཱཻ་ཏ་ལིའི་ཧཱུྃ་ཕཊ་སྭཱ་ཧཱ། སྔགས་པས་ཆོ་གས་བསྣུན་པ་དང་། གསད་པ་དང་། དགུག་པ་དང་། གར་བྱེད་པའོ། །ཨོཾ་བཛྲ་སིཾ་ཧི་ནི་ཨཱྃ་སྭཱ་ཧཱ། ཨོཾ་བཛྲ་བྱཱ་ གྷྲི་ཨཱིཾ་སྭཱ་ཧཱ། ཨོཾ་བཛྲ་ཛ་བུ་ཀ་ཨུཾ་སྭཱ་ཧཱཿ། ཨོཾ་བཛྲ་ཨུ་ལུ་ཀཱ་སྱེ་རུ། སྭཱ་ཧཱཿ། ཨོཾ་བཛྲ་རཱ་ཛེནྡྲི་ལྀཾ། སྭཱ་ཧཱ། ཨོཾ་བཛྲ་དཱིབྟི་ཏི་ཛེ་ཨཻཾ་སྭཱ་ཧཱ། ཨོཾ་བཛྲ་ཙུ་ཥཱི་ནི། ཙཱུ་ཥ་ ཡ་སརྦྦ་ས་ཧྭཱྃ་ཨོཾ་སྭཱ་ཧཱཿ། ཨོཾ་བཛྲ་ཀམྦོ་ཛེ་ཨ་སྭཱ་ཧཱ། ཨོཾ་ཧྲཱིཿསྭཱ་ཧཱ། དབུས་སུ་སྟེ། ཡེ་ཤེས་ཀྱི་མཁའ་འགྲོ་མ་འཁོར་དང་བཅས་པའོ། ། ཨོཾ་ཛཿཧཱུྃ་བམ་ཧོ། ཁྃ་རྃ་མཆོད་ཡོན་གྱིས་སྔགས་སོ། །ཨོཾ་ཁྃ་ནི་རཱི་ཧཱུྃ་ཁྃ། ཞབས་བསིལ་གྱི་སྔགས་སོ། །ཨོཾ་དྷཱྃ་དྷཱྃ། དྲི་དང་བཤོས་གཅང་ལ་སོགས་པའི་སྔགས་སོ། ། 86-1-347b ཨོཾ་ཧ་ཧ་ཧྲཱིཿསྭཱ་ཧཱ། ཕྱག་རྒྱ་ཆེན་པོའི་སྔགས་སོ། །ཨོཾ་ཀུ་རུ་ཀུ་རུ། ས་མ་ཡ་དྷི་པ་ཏི། ཧཱུྃ་ཛཉསྭཱ་ཧཱ། དགུག་པའི་སྔགས་སོ། །ཧ་ཧི་ཧུ་ཧེ་ཧོ་ཧྃ། ཡན་ལག་ དྲུག་ལ་དགོད་པའི་སྔགས་སོ། །དཔལ་ཡང་དག་པར་སྦྱོར་བའི། རྒྱུད་ལས་བྱུང་བ་བྱ་བ་ཐམས་ཅད། ཡང་དག་པར་འབྱུང་བའི་བརྟགས་པའི་རྒྱལ་པོ་ སྟེ་བརྒྱད་པའོ།། །། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ། རྡོ་རྗེ་སྙིང་པོ་ལ་སོགས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། བཅོམ་ལྡན་འདས་ལ་མཆོད་ནས། ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། །མྱ་ངན་འདས་པའི་གནས་རྒྱས་པ། །བཅོམ་ལྡན་ལྷ་ཡིས་བཤད་དུ་གསོལ། །གང་དུ་གནས་སུ་ བཞུགས་གྱུར་པས། །རྒྱུ་དང་མི་རྒྱུ་བཅས་པར་རོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཅི་རིགས་བརྟགས་པས་སེམས་འཛིན་པ། །ང་ཡིས་བཤད་པར་བྱ་ཡིས་ཉོན། ། གང་ཞིག་དེ་སྐད་སྔར་གསུངས་པ། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །དཀྱིལ་འཁོར་ལུས་ཞེས་བརྗོད་པར་བྱ། །སྒོ་བཞི་ཇི་སྐད་གསུངས་པའོ། །ལྟེ་བའི་དབུས་ གནས་པད་ཆེན་པོ། །ཀུན་མཁྱེན་ཡེ་ཤེས་མངོན་པར་གྲགས། །གནས་དེར་གནས་པའི་དཔའ་བོ་ནི། །དྲི་མེད་དྲི་མ་རྣམ་པར་སྤངས། །ལུས་ལ་གནས་ཤིང་ནག་ནོག་མེད། ། ལུས་ཅན་ཀུན་ལ་རྣམ་པར་རོལ། །སངས་རྒྱས་ཀུན་གྱིས་རྫུ་འཕྲུལ་ཆེ། །རྣམ་པར་མཛད་ཅིང་རབ་ཏུ་བསྒྱུར། །ཁ་ཅིག་ཏུ་ནི་བྱང་ཆུབ་ཆེན་པོའི་སེམས། ། 86-1-348a ཁ་ཅིག་ཏུ་ནི་ཇི་ལྟར་སྤྱོད་རྗེས་འབྲང་། །ཁ་ཅིག་ཏུ་ནི་དགའ་ལྡན། ལྷ་རྣམས་ལགས། །ཁ་ཅིག་ཏུ་ནི་འབབ་པར་གྱུར་པ་དང་། །ཁ་ཅིག་ ཏུ་ནི་བལྟམས་པ་རྣམ་དག་ཅིང་། །ཁ་ཅིག་ཏུ་ནི་ཁབ་ནས་གསལ་བྱུང་དང་། །ཁ་ཅིག་ཏུ་ནི་བྱང་ཆུབ་ཆེན་པོར་མཆོད། །ཁ་ཅིག་ཏུ་ནི་བདུད་ལས་མཆོག་ཏུ་རྒྱལ། ། ཁ་ཅིག་ཏུ་ནི་མངོན་པར་རྫོགས་བྱང་ཆུབ། །ཁ་ཅིག་ཏུ་ནི་འཁོར་ལོ་རབ་ཏུ་བསྐོར། །ཁ་ཅིག་ཏུ་ནི་ཕས་ཀྱིས་རྒོལ་བ་དག །ལྷན་ཅིག་ཆོས་ཀྱི་ཚར་ནི་གཅོད་པ་པོ། ། ཁ་ཅིག་ཏུ་ནི་དངོས་གྲུབ་ཀུན་དབང་ཕྱུག །ཁ་ཅིག་དཔལ་ལྡན་འཇིག་རྟེན་གསུམ་ལས་རྒྱལ། །ཁ་ཅིག་ཏུ་ནི་དཔག་བསམ་ཤིང་མཆོག་ཀུན། །དངོས་གྲུབ་ དབང་ཕྱུག་བླ་ན་མེད་པ་ཉིད། །དེ་ལྟར་ལ་སོགས་མཐའ་ཡས་མཆོག །སངས་རྒྱས་ཀུན་བདག་སྡོམ་པས་ནི། །དངོས་གྲུབ་དངོས་མེད་རྣམ་པར་གྲོལ། ། དེ་ཕྱིར་གཏི་མུག་ཡོངས་སུ་སྤངས། །ཨཱ་ལི་བུང་བ་ཞེས་བྱར་བརྗོད། །བུང་བ་རྡོ་རྗེ་འཇིགས་བྱེད་ཉིད། །ཨཱ་ལི་ནམ་མཁའི་མཐར་གཏུགས་པར། །ཆོས་ཀྱི་དབྱིངས་ ཀྱི་རང་བཞིན་ལས། །རྒྱུ་དང་མི་རྒྱུ་གསང་བློ་འཛིན། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །དབང་པོ་ཀུན་གྱི་བདུད་རྩི་དང་། །ལས་རྣམས་ཐམས་ཅད་སྐྱེ་བ་ཉིད། ། དེ་ཕྱིར་ཐམས་ཅད་བཀུག་ནས་ནི། །རྩ་བའི་དབུས་སུ་ཐིམ་པར་བྱ། །འཇིགས་བྱེད་རྡོ་རྗེ་སྒྲ་ཡིས་ནི། །རྫོགས་པའི་རྣལ་འབྱོར་རྫས་ལས་ནི། །རླུང་དང་མེ་དང་བདུན་པའི་དོན། ། 86-1-348b རྡོ་རྗེ་ཅན་གྱིས་ས་བོན་སྦྱར། །ཐིག་ལེ་སྒྲ་ཡིས་ཡང་དག་མནན། །ཆར་གྱི་རྒྱུན་ཞེས་བརྗོད་པར་བྱ། །དབྱངས་ཀྱིས་དང་པོ་མཆོག་ས་བོན། །དེ་ཡི་དབུས་སུ་གཟུང་ བར་བྱ། །ཀཱ་ལི་མེ་ཏོག་ཤེས་པར་བྱ། །མེ་ཏོག་རྡོ་རྗེ་ཅན་གྱི་ལུས། །མ་མོ་ཀུན་གྱི་ས་རྣམས་ཀྱང་། །ཀུན་ལ་འཁོར་བ་བསྐྱེད་པར་འགྱུར། །ཡེ་ཤེས་ཆུ་བོ་རྒྱ་ མཚོ་འདིར། །ཤེས་རབ་ཆུ་སྲིན་དབྱངས་ཀྱི་ཉིས། །གཉིས་མེད་འདམ་གྱི་དབུས་སུ་ནི། །ཐབས་ཀྱི་རྣམ་པའི་མྱུ་གུ་ཉིད། །བྷྃ་དུ་ལྟ་བུར་བྱ་བ་ཉིད། །སྦྲང་རྩི་ དང་ནི་བདུད་རྩིའི་གནས། །ཀཱ་ལི་དང་ནི་བདུད་རྩི་ཉིད། །ཆུ་དང་མེ་ཏོག་ནང་དུ་འཁོར། །བདུད་རྩི་ཆུ་ཡི་ཆོ་ག་མཆོག །གཉིས་ལས་ལུས་ནི་སྐྱེ་བར་ འགྱུར། །གང་དུ་བདུད་རྩི་དང་ནི་ཆུ། །ལྔ་ཡི་བདག་ཉིད་དུ་ནི་གསུངས། །མེ་ནི་ཚ་བ་ཉིད་ཡིན་ཏེ། །རེག་པས་རླུང་ནི་དུ་བར་ལྟ། །ཆུ་ནི་གཤེར་བའི་དངོས་པོ་སྟེ། ། ས་ནི་གཟུགས་སུ་བལྟ་བར་བྱ། །ཡེ་ཤེས་རྡོ་རྗེ་བྱིན་བརླབས་པས། །རྣམ་པ་ལྔར་ནི་རབ་ཏུ་བསྐྱེད། །ཡང་ནི་ཆུ་ནི་ཀུན་གྱིས་དབྱིབས། །དེ་བཞིན་མེ་ཡིས་ཟད་ པར་བྱེད། །དེ་བཞིན་རླུང་ནི་རྟག་པ་ཡི། །ས་ནི་དབང་པོའི་གཟུགས་ཅན་མ། །ཧཱུྃ་གི་གླུ་ཡི་རྣམ་པ་ཡིས། །རྣལ་འབྱོར་མ་ཀུན་མཉེས་ པར་བྱེད། །རྡོ་རྗེ་ཡན་ལག་དགྱེས་པའི་མཐུས། །སྤྱན་གྱིས་གཟིགས་པར་མཛད་པ་ཡི། །ཡི་གེའི་དངོས་པོ་རང་བཞིན་ནི། །སྟོང་པར་ 86-1-349a རོལ་པ་ཉིད་ཀྱིས་ནི། །དངོས་དང་དངོས་མེད་རྣམ་སྤངས་པས། །སྙིང་པོ་ཡང་ནི་འཚལ་བ་ཉིད། །མ་ལུས་པ་ཡི་བསམ་པ་དང་། །ཡི་གེ་ཐམས་ཅད་ གཞོམ་པར་གྱིས། །གཉིས་གཉིས་འཁྱུད་པའི་རྣལ་འབྱོར་པས། །ཆུ་རྣམས་ཀྱི་ནི་དགོས་པ་ཅན། །གཉིས་མེད་ཆོས་ནི་ཐོབ་པ་ནི། །ཐར་པ་ཡང་ནི་ཐོབ་པ་ཉིད། ། འཁོར་བའི་བདེ་བས་རྨོངས་པ་ལ། །གྲོལ་བ་ཡང་ནི་སྤངས་པ་ཉིད། །ཐམས་ཅད་སྟོང་པའི་རང་བཞིན་ལ། །རྣལ་འབྱོར་མའི་སྔགས་ཀྱིས་རོལ། །རྣལ་འབྱོར་ མ་ནི་ལྔ་པོ་རྣམས། །སངས་རྒྱས་དེ་ཉིད་མཚོན་པར་བྱ། །སྒྱུ་མར་གནས་པ་དུ་མ་ཀུན། །སྣ་ཚོགས་གཟུགས་ཀྱིས་སེམས་ཅན་སྨིན། །རྡོ་རྗེ་ བརྐྱང་པའི་དགེས་པ་ནི། །ཆོས་ཀྱི་རྨོངས་པ་བྲལ་བར་བྱེད། །རྣལ་འབྱོར་མའི་ཐར་པ་ཅན། །སྙིང་པོ་ཆོས་ལ་ཕྱག་འཚལ་ཅིག །རིགས་ཀྱིས་བུ་བཅོམ་ ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གླུ་འདིས་རྒྱལ་བ་ཐམས་ཅད་ཀྱིས། །བདག་ཉིད་ལས་སྐྱེ་བར་འགྱུར་བ་ལ་འདི་སྐད་ཅེས་ བཀའ་སྩལ་ཏོ། །དགུ་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྐྱེད་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་དང་པོའོ།། །། གཏོར་མའི་ལས་ཆོག་ཇི་ལྟ་བར། །རྡོ་རྗེ་གཙོ་བོ་རྒྱལ་པོ་ཉོན། །ཁྲུ་གང་ཙམ་གྱིས་ཚད་ཏུ་ནི། །དམར་པོའི་དྲི་ཡིས་དཀྱིལ་འཁོར་བྱ། ། 86-1-349b དཀར་པོས་ཕྱི་རོལ་གྲུ་གསུམ་བྱ། །མཆོད་ཡོན་མཆོད་སོགས་རིམ་གྲོ་དང་། །ཉ་དང་ཤ་སོགས་བཟའ་བ་དང་། །ཆང་དང་མྱོས་བྱེད་སྤྲོ་བ་ཡང་། ། གཡོན་དུ་ཉེ་བར་དགོས་པ་ཀུན། །གཡས་པ་དག་ཏུ་ཆུ་ཡིས་སྣོད། །སྔོན་དུ་མཆོད་ཡོན་དག་གི་སྣོད། །རྫས་ནི་འདིས་དག་ཐམས་ཅད་རྣམས། །བདུད་རྩི་ ལྔ་ཡིས་སྦྱང་བར་བྱ། །རྡོ་རྗེ་སེམས་དཔའི་ཏིང་འཛིན་ནམས། །ཡང་ན་ཧེ་རུ་ཀ་དཔལ་བརྩོན། །ལས་ཀྱི་ཆོ་ག་མཐོང་བ་ཡིས། །སྔགས་དང་ ཕྱག་རྒྱས་དགུག་པར་བྱ། །མེ་ཏོག་དམར་པོས་བདུགས་པ་སོགས། །དྲི་ལ་སོགས་པ་དབུལ་བར་བྱ། །ཨོཾ་གྱིས་མཚན་པའི་པད་མའི་སྣོད། ། ལྕེ་ཧཱུྃ་དེ་ཉིད་ཁྱད་པར་ལས། །ཡེ་ཤེས་ལྕགས་ཀྱུའི་རབ་དབྱེ་བས། །ཡིད་ཀྱིས་ཐམས་ཅད་དགུག་པའོ། །ཀྱེ་བཅོམ་ལྡན་འདས་ཡེ་ཤེས་ཀྱི་ལྕགས་ ཀྱུ་དུར་གསུངས་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དང་པོ་སྐྱེ་དགུའི་བདག་པོར་བརྗོད། །དེ་བཞིན་གཉིས་པར་སྒྲོལ་མ་ཉིད། ། གསུམ་པ་ལ་ནི་རབ་མཆོག་བརྗོད། །བཞི་པ་ལ་ནི་མང་པོ་སྐྱེས། །ལྔ་པ་ལ་ནི་སྟོབས་ཤེས་བྱ། །རིགས་ལྔ་རྣམས་ཀྱི་སྔགས་འདི་དག ། ཡེ་ཤེས་ལྔ་ཡིས་རབ་དབྱེ་བས། །ཡེ་ཤེས་ཆེན་པོ་ལྔ་པོ་འདིས། །ཁྱོད་ལ་ཕན་པའི་བསམས་པས་བཤད། །ཡེ་ཤེས་ལྕགས་ཀྱུའི་རབ་དབྱེ་བས། ། 86-1-350a ལས་རྣམས་ཀུན་ལ་སྦྱར་བར་བྱ། །ལག་ཏེ་ལས་ལ་ཕན་འདོད་པས། །རྣལ་འབྱོར་མ་ཀུན་ཚིམ་པར་བྱ། །འདོད་ལ་དགའ་བར་མི་བྱ་ཞིང་། ། ལོངས་སྤྱོད་ལ་ནི་སྦྱོར་མི་བྱ། །སེམས་ཅན་དོན་རྒྱུ་རྣལ་འབྱོར་པས། །མཆོད་པ་ཐམས་ཅད་ཡང་དག་བརྟག །དབྱངས་ཀྱི་བཅུ་གསུམ་ལས་བྱུང་བ། །གང་ཞིག་ ཟླ་བ་དེ་རབ་གྲགས། །དེ་ཡི་དབུས་སུ་ས་བོན་གྱི། །ཨཱ་ལི་ཀཱ་ལི་མཉམ་སྦྱར་བས། །ལྷ་ཀུན་དེ་ནས་ཚིམ་པར་བྱ། །འབུད་པ་སྦར་བ་ཉིད་དང་ནི། །ཁྱད་པར་དུ་ནི་ བསྐོལ་བ་ཉིད། །ཤེལ་གྱི་གཟུགས་ཀྱིས་བསྐྱེད་བྱ་ཞིང་། །དེ་ཕྱིར་ཐམས་ཅད་བརྟག་པར་བྱ། །དེ་ཡི་དབུས་ནས་བླངས་ནས་ནི། །དེ་ནས་བདུད་རྩི་མྱང་བར་བྱ། ། ལྷག་མ་ལ་སོགས་དངོས་པོ་ཀུན། །ཕྱི་རོལ་དཀྱིལ་འཁོར་ཚིམ་པར་བྱ། །གཡོན་པའི་ཆ་ཡི་སྣོད་དང་ནི། །གཡས་པའི་ཁྲོ་བོ་བསྟན་པར་བྱ། །རྐང་པས་མནན་ཅིང་ སྟེང་དུ་བལྟ། །སྤྱི་བོར་ཕིཾ་གི་རྣམ་པ་འབྱུང་། །ཟླ་བ་མར་ངོའི་བཅུ་བཞི་དང་། །ཁྱད་པར་དུ་ནི་བརྒྱད་པ་དང་། །ངོ་བཅུ་ལ། །མཆོད་པ་མཆོད་པའི་བདག་ཉིད་འགྱུར། ། ཨོཾ་ཤིང་གཅིག་དང་ནི་དུར་ཁྲོད་དང་། །རི་བོ་དང་ནི་འབབ་ཆུ་དང་། །ཁྱིམ་དང་གྲོང་གི་ངོས་དག་དང་། །ཞིང་དང་གྲོང་ནི་སྟོང་པ་དང་། ། སེམས་ཅན་སྣོད་དང་ཐང་སྟོང་དང་། །ཆུ་ལ་ཡང་ནི་ཁྱད་པར་དུའོ། །དྲག་པོ་ནག་པོ་དྲག་ཆེན་པོ། །ལྷ་སྦྱིན་སྙམ་དུ་རྟེན་པ་དང་། །ནག་པོ་ཐོད་པ་ཅན་གཙིགས་པ། །ལྷ་མོ་ཡང་ནི་མཉམ་པར་གནས། ། 86-1-350b ནག་པོ་གཙིགས་འཇིགས་སུ་རུང་། །དགའ་ལས་འདས་དང་ལོག་འདྲེན་རྣམས། །རྒན་བྱེད་མ་དང་དྲག་མོ་དང་། །གདོལ་པ་མོ་དང་འཇིགས་པའི་གཟུགས། །ལྷ་མོ་དཀའ་ཟློག་ ཐམས་ཅད་དུ། །རྒྱལ་བ་དང་ནི་རྣམ་རྒྱལ་ཉིད། །མི་ཐུབ་མ་དང་གཞན་མི་ཐུབ། །ནག་མོ་བཟང་མོ་ནག་མོ་ཆེ། །རྩེ་མོ་ནག་མོ་རྣལ་འབྱོར་མོ། །དབང་མོ་ཟླ་མོ་འཇིགས་པ་མ། །གདུག་པ་ཅན་ དང་ལམ་བ་ཀི། །སུམ་བཅུ་རྩ་གསུམ་དབང་ཕྱུག་མ། །གཡོ་ལྡན་མར་མེ་འཇིབ་བྱེད་མ། །གྲོང་དུ་གནས་པའི་རྣལ་འབྱོར་མ། །འཇིགས་པའི་གཟུགས་དང་གཟུགས་ཆེན་མ། །མཆེ་བ་གཟུགས་ ངན་གཙིགས་པ་ཉིད། །ཐོད་པའི་ཕྲེང་བ་འཕྱང་བ་ཅན། །མཐུ་ཆེན་ལག་ན་ཁ་ཊྭཱྃ་ག །ལག་ན་དགྲ་སྟ་རལ་གྲི་དང་། །རྡོ་རྗེ་ལག་མ་གཞུ་ཡི་ལག །མཁའ་འགྲོ་མ་ཡི་དེ་ཉིད་ཆེ། །ལས་རྣམས་ རྗེས་སུ་སྒྲུབ་པར་བྱེད། །རྣལ་འབྱོར་དཀྱིལ་འཁོར་རྒྱལ་མོ་ཆེ། །དེ་བཞིན་རྡོ་རྗེའི་དབང་ཕྱུག་གཙོ། །དེ་བཞིན་གཤེགས་པའི་སྐུ་ཆེན་ལས། །སྐྱོན་མེད་དབང་ཕྱུག་འབྱིན་པ་མོ། །རྡོ་རྗེ་དབང་ ཕྱུག་བཀའ་ལུང་འདིས། །ཐམས་ཅད་ལས་ནི་ཐམས་ཅད་དགུག །ཨོཾ་ཀ་ཀ་ཀཌྜྷ་ན་བ་བ་བནྡྷ་ན་ཁ་ཁ་ཁཱ་ད་ན་སརྦྦ་དུཥྚཱ་ནཱྃ་ཧ་ན་ཧ་ན། གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་ཨུ་མུ་ཀ་སྱ་ཤཱནྟི་ཀུ་རུ་ཧཱུྃ་ཧཱུྃ་ཕཊ་ ཕཊ་ཛཿསྭཱ་ཧཱ། བདུད་རྩིའི་བསམ་གཏན་དམིགས་ནས་ནི། །བདུད་རྩིས་ཁ་ནི་དགང་བར་བྱ། །ལས་སོགས་བསམས་ནས་རྣལ་འབྱོར་དང་། །རྣལ་འབྱོར་མ་ནི་བསྒོམ་པར་བྱ། །ལས་ རྣམས་ཐམས་ཅད་རབ་འགྲུབ་འགྱུར། །ཧས་ནི་ཁ་དོག་འཕྲོག་པར་བྱེད། །ཧོས་ནི་དྲི་ནི་འཇིག་པར་བྱེད། །ཧྲཱིཿནི་བརྩོན་འགྲུས་འཇོམས་པར་ནི། །རིམ་པ་འདི་ནི་བརྗོད་པར་བྱ། ། 86-1-351a རྣམ་གསུམ་ལན་གསུམ་བརྗོད་པས་ནི། །གསུམ་གྱིས་ལྷ་རྣམས་ཚིམ་པར་བྱ། །པད་མའི་དབང་ཕྱུག་གཟུགས་གསེར་མདོག །གཟི་བརྗིད་དྲི་ཆུ་རྣམ་སྣང་དང་། །རྡོ་རྗེའི་དབང་ ཕྱུག་མྱང་བ་ནི། །ལག་ན་རྡོ་རྗེ་ལྷ་གསུམ་དག །རྣམ་པ་གསུམ་དུ་ཤེས་པར་བྱ། །འདིར་ནི་ཆོས་རྣམས་བཟང་པོ་ལྟོས། །འདུ་བ་རྣམས་ལ་ཐེ་ཚོམ་མེད། །བྲམ་ཟེ་ཁྱི་དང་གདོལ་པ་རྣམས། །རང་ བཞིན་ཅིག་པ་ཉིད་དུ་ཟོ། །ཚིགས་བཅད་འདིས་ནི་དེ་ནས་སྦྱིན། །རོལ་བཅས་མཆོག་ཏུ་རྗེས་བསྐོར་བས། །གཡོན་དང་གཡས་པའི་ལག་པ་ཡིས། །འདོད་པས་བསྐོར་བར་བྱ་བའོ། ། རང་འདོད་ལྷའི་ཡི་རྣལ་འབྱོར་གྱིས། །ཇི་ལྟར་རབ་ཏུ་བསྒྱུར་བས་འཇུག །བདེ་གཤེགས་ཆོས་ནི་རིན་ཐང་མེད། །འདོད་ཆགས་དྲི་མ་རྣམ་པར་བསལ། །གཟུང་དང་འཛིན་པར་རྣམ་པར་སྤངས། ། གུས་པས་དེ་ལ་ཕྱག་འཚོལ་ཅིག །ཚིགས་བཅད་འདིས་ནི་བླང་བར་བྱ། །ཡང་དག་སྦྱོར་བའི་དེ་ཉིད་འདི། །གཙང་སྦྲ་ཀུན་དུ་རྣལ་འབྱོར་པའི། །ཇི་ལྟར་བདེ་བ་ཞེས་བྱར་བརྗོད། །ཡན་ལག་ ཡན་ལག་བདེ་གསོལ་འདེབས། །གཉིས་གཉིས་འཁྱུད་པའི་སྦྱོར་བ་ཡིས། །སྒྱུ་མ་ཡིས་ནི་རྣམ་པར་བརྒྱན། །དངོས་པོ་རྣམ་གྲོལ་ཕྱག་འཚོལ་ཅིག །རྡོ་རྗེ་དྲིལ་བུའི་སྒྲ་རྣམས་ཀྱིས། ། ཅི་འདོད་པ་ཡི་བཀྲ་ཤིས་གླུས། །ཧཱུྃ་ཧཱུྃ་ཧཱུྃ། རྡོ་རྗེ་ཐལ་མོ་སྦྱར་བྱས་ནས། །སྙིང་ག་རུ་ནི་གཟུང་བར་བྱ། །དེ་ནས་སེམས་ཅན་ཀུན་སོགས་ལ། །སྨོན་ལམ་རྣམས་ནི་གདབ་བྱ་བ། །སེམས་ ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པར། །གང་གི་ལམ་གྱིས་འགྲོ་འགྱུར་བ། །དེ་ནི་སངས་རྒྱས་ཉིད་ཐོབ་གྱུར། །མ་བསྒྲལ་བ་དག་བསྒྲལ་བར་བགྱི། །མ་ 86-1-351b གྲོལ་བ་དག་བདག་གིས་དགྲོལ། །རྣལ་འབྱོར་བསྟན་བཅོས་བྱ་བའི་དངོས། །ད་ལྟ་རུ་ནི་ཡང་དག་བརྟགས། །རྡོ་རྗེ་ཁུ་ཚུར་དམ་བཅིངས་ནས། །གཡོན་པ་སྙིང་གར་གཞག་པར་བྱ། །ལག་པ་ གཡས་པ་བརྐྱང་ནས་ནི། །ས་ལ་གཞག་ནས་གཤེགས་སུ་གསོལ། །ཨོཾ་ཨཱཏྨ་ཏིཥྠ་ཧཱུྃ་སྭཱ་ཧཱ། ཕྱིས་ནི་བདག་གི་དབུགས་ཀྱིས་ནི། །བདག་གི་ལུས་ལ་ཐིམ་པར་བྱ། །སྐད་ཅིག་གཅིག་པའི་ རྣལ་འབྱོར་གྱིས། །བདག་གི་དངོས་པོས་མཆོད་པར་བྱ། །ཨོཾ་སརྦྦ་དུཥྚ་གྲྀཧྞ་གྲྀཧྞ་གཙྪ་ཧཱུྃ་ཕཊ། སེ་གོལ་གསུམ་གཏོགས་ནས་ཕྱི་རོལ་གྱི་ལྷ་རྣམས་གཤེགས་སུ་གསོལ་བར་བྱའོ། །དགུ་བ་ལས་གཏོར་ མའི་མཆོད་པ་སྟེ་རབ་ཏུ་བྱེད་པ་གཉིས་པའོ།། །། གསང་བའི་པད་མ་བདེ་བ་ཅན། །ཐམས་ཅད་བདག་ཉིད་རྟག་བཞུགས་ལ། །གསང་བ་ལ་ནི་རྣམས་གནས་ནས། །དེ་ལ་ལྷ་མོ་དེས་ ཞུས་པ། །སྦས་པ་དམ་པའི་དངོས་སྤྱོད་ཡུལ། །བདེ་གཤེགས་ཀུན་གྱི་དཀྱིལ་འཁོར་དང་། །ཁྲོ་བོ་རྣམས་དང་ལྷ་རྣམས་དང་། །ཐམས་ཅད་ལྷ་ནི་ཁྱོད་ཀྱིས་གསུངས། །ཇི་ལྟར་ནང་ལ་རྣམ་ གནས་པ། །དེ་ཉིད་བླ་མེད་བདག་འཚལ་ཡང་། །བདག་ལ་ད་དུང་ཐེ་ཚོམ་མཆིས། །གང་གི་ཆོ་གས་བྲིས་སྐུ་དང་། །ཀླེགས་བམ་ཡང་ནི་བྲི་བར་བགྱི། །ལྷ་ལགས་འདི་དག་མི་འཚལ་བས། །བདེ་ བ་ཆེན་པོས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དེ་བདག་ལང་ཙོ་དལ་བ་དང་། །རྒྱས་ཤིང་རྣམ་རྟོག་མེད་པ་དང་། །ཁྲོ་མེད་ལྐོག་འཕྱས་མེད་པ་དང་། །ཤིན་ཏུ་ཆ་ཕྲ་ མཁས་སྤྲོ་དང་། །བཟོད་དང་དད་པ་སྙིང་རྗེ་ལྡན། །དེ་ལྟར་གྱུར་པའི་རི་མོ་མཁན། །ཡང་ན་དམ་ཚིག་ཅན་གྱི་ཡང་། །རི་མོ་མཁན་གྱིས་བྲི་བར་བྱ། །སྒྲུབ་པ་པོ་དམ་པས་དཔའ་བོ་ཤི་བའི་ 86-1-352a རས་སམ། རོ་ལ་དཀྲིས་པའི་རས་སམ། བུ་བཙས་པའི་རས་སམ། ཁྲག་ཆེན་པོས་བཙོས་པའི་རས་སམ། བུད་མེད་ཀྱི་མེ་ཏོག་གིས་རབ་ཏུ་བསྒྲུབས་པའི་རྣམས་ལ་སྒྲོལ་ མ་དང་། འོད་ཟེར་ཅན་དང་། དེ་བཞིན་དུ་ནི་རི་ཁྲོད་མ་ཤིང་ལོ་ཅན་ལ་སོགས་བྲི་བར་བྱའོ། །དེ་ལ་འདིའི་ཆོ་ག་ནི་གསང་བའི་ཕྱོགས་གཅིག་ཏུ་འདུག་ནས་ཤིན་དུ་མཉམ་པར་གཞག་པས་འབྲིར་གཞུག་ པར་བྱའོ། །སྐྱེས་པའི་ཐོད་པར་གནས་པར་ཇི་ལྟར་གསུངས་པའི་ཁ་དོག་ལྔ་སིཧླ་དང་ག་བུར་ལ་སོགས་པ་བསྲེས་པ་དང་། རོའི་སྐྲའི་པིར་གྱིས་བྲིས་སྐུ་འཇིགས་པ་བྲི་བར་བྱའོ། །དང་པོར་སློབ་ དཔོན་གྱིས་མཉམ་པར་གཞག་པས་ཤེས་རབ་དང་ལྡན་ཞིང་། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་དང་། དཔལ་ཡང་དག་པར་སྦྱོར་བའི་རྣལ་འབྱོར་དང་ལྡན་པས་ཡན་ལག་ལ་ནི་རྃ་སུ་བསམ་ ཞིང་གཅེར་བུར་གྱུར་པ་དང་། དེ་བཞིན་དུ་ཡང་ལྷག་མ་དང་། མ་དག་པས་མཁས་པས་མི་བྱའོ། །ཀྱེ་བཅོམ་ལྡན་འདས་གལ་ཏེ་སིཧླ་ལ་སོགས་པས་བསྲེས་པ་ལགས་ན། དེ་ཡི་ཚེ་ཇི་ལྟར་ མ་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཕོ་ཉ་གཙང་སྦྲ་དང་པོ་སྟེ། །གཉིས་པ་ལ་ནི་ཞི་བར་འདོད། །སྣོད་གཅིག་ཏུ་ནི་ཟས་ཉིད་ནི། །གཙང་སྦྲ་གསུམ་པ་ཉིད་ དུ་གསུངས། །ཕྱི་རོལ་རྣལ་འབྱོར་ལ་དགའ་བས། །གཙང་སྦྲ་འདི་དག་ཡང་དག་བརྩམ། །རང་སེམས་དྲི་མ་ཅན་གྱུར་ལ། །གནས་ནི་འདི་ཡིས་ཅི་ཞིག་དགོས། །གང་ཡང་ལོག་པའི་ཆོས་ གནས་པ། །འདོད་པའི་དོན་ཀུན་འདོད་པ་ནི། །ཁྱི་ཡི་སྐྱེ་གནས་བརྒྱར་འགྲོ་སྟེ། །སྨེ་ཤ་ཅན་དུ་སྐྱེ་བར་འགྱུར། །དཔེར་ན་ཁ་ཅིག་མར་དོན་གཉེར། །དད་པས་ཆུ་ནི་བསབ་གྱུར་ཀྱང་། ། 86-1-352b མར་སར་ཐོབ་པར་མི་གྱུར་ཏེ། །ལུས་ཉོན་མོངས་པ་ཁོ་ནར་ཟད། །འཛིན་དང་མཆོད་པ་མ་གཏོགས་པར། །གཞན་དུ་བཟང་མོ་དོན་མེད་འགྱུར། །འཚོ་བས་ཐབས་ཀྱི་རྒྱུ་ཡི་ཕྱིར། །རྣལ་ འབྱོར་གཞན་ལ་བརྟེན་པ་ཉིད། །དུང་དང་ཉ་ཕྱིས་མུ་ཏིག་རྣམས། །གསུམ་ཆར་རྒྱུ་ལས་བྱུང་བ་ཉིད། །ཆོས་ཀྱི་སྐུ་ཡི་ལུས་ཅན་གྱི། །ཐོད་པ་ལ་ནི་སུ་ཞིག་སྨོད། །མཆོད་ཕྱིར་ཐོགས་པ་ དག་བྱེད་ཀྱང་། །དམ་པའི་ཆོས་ཀྱི་རིམ་པར་གསུངས། །གཙང་སྦྲ་ཧེ་རུ་ཀ་དཔལ་གནས། །དེ་ཕྱིར་ཀུན་དུ་རབ་འབད་པས། །ཕྱག་རྒྱ་ལྷན་ཅིག་སྒྲུབ་པས་མཆོད། །ཤིན་ཏུ་བཞིན་མཛེས་ སྙིང་རྗེ་ཅན། །གཟུགས་དང་ལང་ཙོ་སྐལ་བཟང་མ། །གཟུགས་བཟང་སྒྲུབ་པ་པོ་ལ་དགའ། །རང་གི་ཕྱག་རྒྱ་གཡོན་དུ་གཞག །པིར་ལ་བྱིན་བརླབས་འབྲི་མཁན་ལ། །བྱིན་ཏེ་བྲིས་སྐུ་ འཇིགས་པ་ནི། །དངོས་གྲུབ་ཐམས་ཅད་རབ་སྟེར་བ། །དེ་ནས་ཡང་དག་བྲི་བར་བྱ། །འཇིག་རྟན་གཞན་ལ་མི་བསྟན་ཞིང་། །རི་མོ་མཁན་དང་སྒྲུབ་པོས་བལྟ། །གླེགས་བམ་ཁྱོད་ལ་བཤད་ བྱ་ཡིས། །ལྷ་མོ་སྐལ་བ་ཆེན་མོ་ཉོན། །གྲོ་གའམ་ཏ་ལའི་འདབ་མ་ལ། །གླེགས་བམ་སོར་ནི་བཅུ་གཉིས་པ། །སྦྲང་ཆེན་སྣག་ཚ་བྱས་ནས་ནི། །མི་ཡི་རུས་པའི་སྨྱུ་གུ་ཡིས། ། དམ་ཚིག་ཅན་གྱིས་བྲི་བར་བྱ། །གླེགས་བམ་དང་ནི་བྲིས་སྐུ་ཉིད། །གལ་ཏེ་སྐལ་བ་མེད་མཐོང་ན། །སྐྱེ་བ་འདིར་ནི་འགྲུབ་མི་འགྱུར། །འཇིག་རྟེན་ཕ་རོལ་སྤྱོད་ཡུལ་མིན། །དམ་ཚིག་ སེམས་དཔའ་སྦྱིན་པར་བྱ། །རེས་འགའ་ཙམ་ཞིག་བསྟན་པའོ། །གླེགས་བམ་ལམ་གྱི་སྤྱོད་ཡུལ་དུ། །སྐྲ་དང་མཆན་ཁུང་དག་དུ་སྦ། །དམ་ཚིག་སེམས་དཔའ་སྦྱིན་པར་བྱ། ། 86-1-353a དགུ་པ་ལས་བྲིས་སྐུ་དང་གླེགས་བམ་གཏན་ལ་དབབ་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་གསུམ་པའོ།། །། སིལ་སྙན་ཡང་དག་སྦྱོར་མཚན་ཉིད། །བཤད་པར་བྱ་ཡིས་ ལྷ་མོ་ཉོན། །ཨ་ར་ཨ་ར་ཛེྃ་ཛེྃ་སྨ་ར་སྨ་ར་ཙ་ཊ་ཊ་བྃ་ཧོཿ ར་ཊ་བྃ་ཧོ་ཧུ་ལུ་ཧུ་ལུ་ཧཱུྃ་ཛཿཧཱུྃ་ཛཿ ཨ་ལ་ཨ་ལ་ཧཱུ་ཎུ་ཧཱུ་ཎུ་ཧཱུ་ཎུ། ཧྲྃ་ཧྲྃ་ཧྲྃ་ཧུ་ཏྃ་གྷཻ་ཧུ་ཏྃ་གྷཻ་གྷཻ་གྷཻ་གྷཻ་ཏ་ཊ་གྷཻ་གྷཻ་ཏྃ་ཊ་གྷཻ་གྷཻ་ཏ་གྷཻ་ཏ་གྷཻ་ཏ་གྷཻ་ཧོནྡོ་ཧནྡོ་ དོ་ཧཱུྃ་དོ་ཧཱུྃ། ཀ་ཀ་ཀ་ཀ །ཀཽ་ཀཽ་ཀཽ། །ཀཽྃ་ཀཽྃ་ཀཽྃ། །བཻྃ་ཀཻྃ་བཻཾ་ཀཻྃ་བཻཾ་ཀཻྃ། །བཻྃ་བཛྲ་བཛྲི་པཻཾ་བཛྲ་བཛྲྃ་བཻྃཿཀཻྃཿབཻྃཿཀཻྃཿབཻྃཿཀཻྃཿབཻྃཿཀཻྃཿབཻྃ་ཧཱུྃ་བྷྱོ་ཧཱུྃ་བྷྱོ་ཧཱུྃ་བྷྱོ། རུ་ལུ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་བྷྱོ་ཧཱུྃ་བྷྱོ། རྡོ་རྗེ་འཛིན་པ་ལ་སོགས་པ་ འིའོ། །ཊཀྐི་ཧཱུྃ་ཛཿ ཊཀྐི་ཧཱུྃ་ཛཿ ཊཀྐི་ཛཿ། འདི་ནི་རོལ་པའིའོ། །ཏ་ཌ་བ་ཏ་ཌ་བ། བྲཧྨེ་བྲཧྨེ། རྟ་མགྲིན་གྱིའོ། །ཧྲཱིྃ་ཥྚྲཱིཾ་ཧྲཱིཾ་ཥྚྲཱིཾ་ཧྲཱིཾ་ཥྚྲཱིཾ་ཥྚྲཱིཾ་ཥྚྲཱིཾ་ཥྚྲཱིཾ། ཧྲཱིཥྟཱི་ཧྲཱིཥྟཱི་ཧྲཱིཥྟཱི། གཤིན་རྗེའི་རྒྱལ་པོའིའོ། །ཧྲཱིཾ་ཧྲཱིཾ། ཀུྃ་ཧྲཱིཾ་ཀུྃ་ཧྲཱིཾ་ ཁནྟ་ཁྃ་ཁནྟ་ཁྃ་ཁནྟ་ཁྃ། པདྨྃ་པདྨྃ། ཧྲཱིཾ་པདྨྃ་ཧྲཱིཾ་པདྨྃ། ཏྲཱིཾ་ཏྲཱིཾ་ཏྲཱིཾ་ཏྲཱིཾ་ཏྲཱིཾ་ཏྲཱིཾ། ཧྲཱིཾ་ཧྲཱིཾ་ཧྲཱིཾ་ཧྲཱིཾ་ཧྲཱིཾ་ཧྲཱིཾ། ཧྲཱིཾ་ཏྃ་ཧྲཱིཾ་ཏྃ། ཧྲཱིཾ་ཧྲཱིཾ་ཧྲཱིཾ། སྒྲོལ་མའིའོ། །དེ་ནས་ཅང་ཏེའུའི་མཚན་ཉིད་བཤད། །བཛྲི་ཤིཪྵ་རྩ་བ་དང་། །ཙན་དན་དམར་ པོ་ལས་བྱུང་དང་། །གཞན་རྣམས་གང་རྣམས་དེ་རྣམས་ནི། །ཡིད་ལ་འདོད་པ་རྣམས་ལ་བྱ། །དེ་ཡི་ཚད་འདི་བཀའ་སྩལ་པ། །བཅུ་གཉིས་པ་དང་བཅུ་པ་ཉིད། །ཁ་ལ་སོར་ནི་དྲུག་དང་ལྔ། །དགུ་ པ་དང་ནི་བཅུ་གཅིག་ཉིད། །ཁ་ལ་དེ་ཡི་ཕྱེད་ཉིད་དོ། །གཞན་པ་ཡི་ཡང་རྟེའུ་ཆུང་ནི། །ཐོད་པ་ལས་ནི་བསྐོར་བ་ཉིད། །སྤྲེའུའི་ལྤགས་པས་གཡོགས་པའོ། །དེ་བཞིན་ཁ་སྦྱོར་གཉིས་ལ་ནི། །པད་ མ་དག་ནི་བྲི་བར་བྱ། །བུད་མེད་ཁྲག་གིས་མཛེས་པ་དང་། །དུར་ཁྲོད་སྐྱེས་པའི་སྐྲ་ལས་ནི། །བཀལ་ནས་རུས་པ་གཉིས་ནི་བཅིང་། །ཁྱིམ་གྱི་མེ་ཏོག་གཉིས་ཀྱིས་ནི། །པད་མ་ཟེ་འབྲུ་གཉིས་ 86-1-353b པ་ལ། །དཀྱིལ་འཁོར་ཉིད་ནི་བྲི་བར་བྱ། །མཚན་མོ་བཞི་མདོ་དག་ཏུ་ནི། །རྐང་པ་གཡོན་པའི་མཐེ་བོང་གིས། །དཀྱིལ་འཁོར་གྲུ་བཞི་མཚམས་སུ་ནི། །རྡོ་རྗེ་ལྕགས་ཀྱུ་བྲི་བར་བྱ། །དེར་གནས་ གཡོན་པའི་ངོས་སུ་ནི། །ཇི་ལྟར་དང་པོར་མིང་བཟུང་བ། །ཁྃ་ཧཱུྃ་ཞེས་ནི་བརྗོད་ནས་ནི། །ཆུ་སྐྱར་རྐང་པའི་རུས་པས་གདབ། །དེ་ལྟར་གཡོ་ལྡན་མ་ལ་སོགས། །ཐམས་ཅད་འགུགས་པར་བྱེད་པར་ འགྱུར། །གལ་ཏེ་འོངས་པར་མ་གྱུར་ན། །དེ་ཚེ་མཁའ་འགྲོ་མ་ཀུན་འཆི། །ངེས་པ་ཉིད་དུ་འགྲུབ་འགྱུར་བས། །ངས་གསུངས་པ་ལ་ཐེ་ཚོམ་མེད། །གལ་ཏེ་ཁྲོས་པས་སློབ་དཔོན་གྱིས། །ཅང་ ཏེའུ་བརྡུང་བར་བྱེད་པ་ན། །དེ་ཚེ་མཆི་མ་འཛག་ཅིང་ངུ་། །ཁྱོད་ནི་དམ་ཚིག་ལ་ནི་ཁྲོ་བོ་སྔོན་པོ་མཛེས། །དངོས་གྲུབ་ཕྱག་ན་དབྱིག་ཏོ་རིན་ཆེན་བཅིངས་པ་འཛིན། །ཀྱེ་དཔལ་ལྡན་དཔའ་བོ་འདུ་ བར་འཁོར་བ་སྒྲོལ་བ་འཁུམས། །མཁའ་མཛེས་རྣལ་འབྱོར་མ་ཡི་ནང་དུ་བདག་ཐོང་ཤིག །ཚོགས་ཀྱི་འདུ་བ་བཟང་པོ་ཉིད། །ལྷ་མོ་སྐལ་བ་ཆེན་མོ་ཉོན། །འདོད་པའི་དོན་ཀུན་སྒྲུབ་པ་མོ། ། གང་དུ་ཟོས་པས་འགྲུབ་འགྱུར་བ། །དུར་ཁྲོད་རི་ཡི་ཚང་ཚིང་དང་། །རྒྱ་མཚོ་ཆེན་པོའི་འགྲམ་དུ་འམ། །ཡང་ན་དབེན་པའམ་བས་མཐའ་རུ། །བཟའ་བ་འདི་དག་ཡང་དག་བརྩམ། །མེ་ཏོག་ བདུག་པ་མར་མེ་དང་། །དེ་བཞིན་བཟའ་བ་བཅའ་བ་ཉིད། །ཆང་ནི་སྒེག་མོ་རུ་ནི་བརྗོད། །སྦྲང་ཆང་རབ་ཏུ་མྱོས་མར་བརྗོད། །བུ་རམ་ཆང་མི་མྱོས་བྱེད་གསུངས། །སྙིང་པོ་བདུད་རྩི་རྒུན་ ཆང་ཡིན། །སངས་རྒྱས་ཀུན་གྱི་ཀླ་ཀློ་ཡིས། །བདུད་རྩི་ལམ་ནི་ཡན་ལག་བརྒྱད། །རྒུན་འབྲུམ་སྦྲང་རྩི་དཔའ་བོ་གཅིག །ཉ་ཕྱིས་གཙུབ་པའི་འདོད་པ་ཅན། །སིངས་པོ་བཤང་བར་ 86-1-354a བརྗོད་པ་སྟེ། །རྩབས་དང་བྲན་མོ་སིངས་པོར་བརྗོད། །དེ་ལྟར་བཟའ་བ་སྣ་ཚོགས་དང་། །ཆང་དང་ཉ་དང་ཡང་དག་ལྡན། །དགའ་བའི་ལོངས་སྤྱོད་སྐལ་བཟང་བས། །དཔལ་ལྡན་ རྡོ་རྗེ་སེམས་དཔའ་འགྲུབ། །ཨ་མྲ་སྨིན་དང་པ་ན་སྃ། །རྒུན་འབྲུམ་ནཱ་རི་ཀེ་ལ་དང་། །ཨཱ་ལུ་ཀ་ལ་སོགས་པ་ནི། །འབྲས་བུ་སྣ་ཚོགས་ཐ་དད་པ། །ཚོགས་ཀྱི་དཀྱིལ་འཁོར་དབུལ་བར་བྱ། ། འདིས་ནི་གླུ་དང་ཕྱག་རྒྱ་དང་། །ངེས་པར་གར་ཀྱང་ཁྱད་པར་དུའོ། །ཀ་ཀ་ཀ་ཀ་ཀ་ཀ་ཀ་ཀ །ཧི་ཧི་ཧི་ཧི་ཧི་ཧི་ཧི་ཧི། ཧྲིྃ་ཧྲིྃ་ཧྲིྃ་ཧྲིྃ་། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཧཱ་ཧཱ་ཧཱ་ཧཱ་ཧཱ་ཧཱ་ཧཱ་ཧཱ་ཧཱ་ཧཱ་ཧཱ་ཧཱ། ཨི་ཧཱ་ཧཱ་ཨི་ཧཱ་ཧཱ། ཧཱ་ཧཱ་ཧཱ། ཛཱྃ་ཛཱྃ་ཛཱྃ་ཛཱྃ། ཨ་ཨི་ཨ་ཨི་ཨ་ཨི། ཛྃ་ཛཱ། ཨིྃ་ཛེྃ་ཛཱྃ། ཨིཾ་ཛཱ་ཨིཾ་ཛཱ་ཨིཾ་ཛཱ་ཨིཾ་ཛེྃ་ཛེྃ་ཛེྃ་]ཨིཾ་ཏེ་ཨིཾ། ཧི་ཧི་ཧི་ཧི་ཧཱི། ཧི་ཧི་ཧི་ཧི་ཧཱི། ཧི་ཧི་ཧི་ཧི་ཧཱི། ཧི་ཧི་ཧི་ཧི་ཧཱི། ཧི་ཧི་ཧི་ཧཱི། ཉྫ་ཧཱི་ཧཱི་ཧི་ཧི་ཧི་ཧཱི་ཉྫ་ཧཱི་ཧཱི་ ཧི་ཧི་ཧི་ཧཱི་ཉྫ་ཧཱི་ཧཱི། ཀརྫ་ཧི་ཧི། དེ་ལྟར་ཀླ་ཀློས་ཀུན་འདར་ཉིད། །ཧེ་རུ་ཀ་ཡི་སྦྱོར་བས་གར། །ཕྱག་རྒྱ་ཉིད་ཀྱང་ཁྱད་པར་དུའོ། །གང་ཕྱིར་ལྟ་སྟངས་དེ་ཁུ་ཚུར། །ལྟ་སྟངས་ཁུ་ཚུར་རྐང་པས་རྐང་། །ཇི་ལྟར་ རྣལ་འབྱོར་རིམ་པ་ལས། །སངས་རྒྱས་ཀུན་གྱིས་རྣམ་པར་མཛད། །སྲིང་མོའི་བུ་མོ་སྒྱུག་མོ་དང་། །མ་དང་སྲིང་མོ་ཡིན་ན་ཡང་། །དེ་རྣམས་གང་བར་མཆོད་ནས་ནི། །ཚོགས་ཀྱི་དཀྱིལ་འཁོར་ འགྲུབ་པར་འགྱུར། །སྐྱེས་པའི་ཐོད་ཆེན་ཆ་གཅིག་པར། །ཆང་ནི་བཟང་པོས་ཡོངས་བཀང་སྟེ། །བླ་མ་ལ་དབུལ་སྐལ་ཆེན་མ། །ཕྱག་འཚལ་ནས་ནི་རང་ཡང་བཏུང་། །པད་མའི་ལག་པས་ བླང་བ་དང་། །དེ་ཉིད་ཀྱི་ནི་ལག་པས་དབུལ། །ཡང་ནས་ཡང་དུ་ཕྱག་འཚལ་བ། །དེ་ལ་སྒྲུབ་པ་པོ་ཡིས་བྱ། །དཔལ་ཡང་དག་པར་སྦྱོར་བ་ལས་བྱུང་བ་ཞེས་བྱ་བ་བཞིའི་དེ་ཁོ་ནའི་རྒྱལ་པོ་སྟེ་བརྟག་པ་ 86-1-354b དགུ་པའོ།། །། རྡོ་རྗེ་སློབ་དཔོན་དམ་ཚིག་གི། །གྲུབ་རྟགས་ལག་ན་རྡོ་རྗེ་ཉོན། །དང་པོར་དཀྱིལ་འཁོར་ཆེན་པོ་ནི། །སྙིང་ག་ཡི་ནི་དཀྱིལ་འཁོར་དུ། །རང་གི་དབང་སོགས་རྒྱས་ པ་ཡིས། །རང་གིས་ནང་དུ་ཞུགས་པས་ན། །རྡོ་རྗེ་སློབ་དཔོན་མཚུངས་མེད་པ། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །གང་ཕྱིར་ཐོས་པ་དེ་ཉིད་ཀྱི། །བསམ་གཏན་སྤྲོ་བ་ཉིད་ཀྱི་ཕྱིར། །རྡོ་རྗེ་སློབ་ དཔོན་འགྲུབ་པར་འགྱུར། །རྡོ་རྗེ་སེམས་དཔའ་སྙིང་པོ་སོགས། །འབུམ་དུ་བཟླས་པས་རབ་ཏུ་འགྲུབ། །སྐལ་བ་ཀུན་གྱི་སྔོན་གྲུབ་པས། །སློབ་དཔོན་ཆེན་པོ་གདོད་ནས་གྲུབ། །ཆོ་ག་འདིས་ནི་ སེམས་ཅན་རྣམས། །རྒྱལ་བར་འགྱུར་བ་ཐེ་ཚོམ་མེད། །གཉིས་མེད་སྤྲོ་བར་བཅས་པ་རྣམས། །དེ་ཉིད་གནས་ཞིང་གོ་ཆ་བགོས། །ཐམས་ཅད་མཁྱེན་པ་གང་གང་གི། །རིགས་ཀྱི་རབ་ཏུ་དབྱེ་བ་ལས། ། ཕྱག་རྒྱ་གང་དང་གང་གསུངས་པ། །དེ་དང་དེ་ནི་ཆོ་གས་བླང་། །དེ་དང་དེ་ཉིད་ཀྱིས་ནི་བསྒྲུབ། །གཏི་མུག་བདག་ཉིད་ངེས་པར་མ། །ལྷ་མོའམ་སྐྱེ་གཉིས་བདག་ཉིད་སྐྱེས། །གཏི་མུག་རྣམ་དག་བསམ་ གཏན་པས། །བླངས་ནས་མངོན་དུ་རྣམ་སྣང་འགྱུར། །མ་ནི་རིག་མ་དམ་པ་སྟེ། །གལ་ཏེ་ཕ་ཡིས་སྔར་བསྟན་ཀྱང་། །དེ་བཞིན་དེ་ཉིད་ཀྱིས་ཀྱང་འགྲུབ། །བདེ་བ་ཆེན་པོས་བཀའ་སྩལ་ཏོ། །ཞེ་སྡང་ བདག་ཉིད་གདོལ་པ་མོ། །བུ་མོའང་གནོད་སྦྱིན་བུ་མོ་བླང་། །ཞེ་སྡང་རྣམ་དག་བསམ་གཏན་པ། །མི་བསྐྱོད་པ་ནི་མངོན་དུ་འགྱུར། །འདོད་ཆགས་བདག་ཉིད་གར་མཁན་མ། །སྲིང་མོའམ་ཀླུ་ མོ་ལྷ་མིན་བླངས། །འདོད་ཆགས་རྣམ་དག་བསམ་གཏན་པ། །འོད་དཔག་མེད་པ་བསྒོམ་པར་འགྱུར། །ཕྲག་དོག་བདག་ཉིད་བཟོ་ཤེས་མ། །ཆུ་འབྱུང་དགའ་མའམ་སྲིང་མོ་ཡི། །བུ་མོ་ཡང་ 86-1-355a དག་བླངས་ནས་ནི། །ཕྲག་དོག་རྣམ་དག་བསམ་གཏན་པ། །དཔའ་བོ་དོན་ཡོད་གྲུབ་པར་འགྱུར། །ང་རྒྱལ་བདག་ཉིད་མནའ་མའམ། །རྒྱལ་པོའི་བུ་མོའམ་རིག་འཛིན་མ། །བླངས་ནས་ ང་རྒྱལ་རྣམ་དག་པའི། །བསམ་གཏན་པ་དེ་ནོར་བུའི་རིགས། །འབྱུང་གནས་སུ་ནི་འགྱུར་བའོ། །སྤྱན་དང་ལྷན་ཅིག་སངས་རྒྱས་ཉིད། །མཱ་མ་ཀཱི་དང་མི་བསྐྱོད་པར། །འགྲུབ་འགྱུར་དཀར་མོ་ལྷན་ ཅིག་ཏུ། །པད་མ་ཅན་དང་སྒྲོལ་མ་ནི། །ལྷན་ཅིག་དོན་ཡོད་གྲུབ་པར་འགྱུར། །རིན་ཆེན་རིན་ཆེན་མ་དང་འགྲུབ། །རིགས་པས་འདོད་པ་འདི་དག་འགྲུབ། །གཞན་ཡང་འདིས་ནི་ཁྲོ་བོ་ཡི། །ལྷ་དང་ རྒྱལ་བའི་སྲས་པོ་དང་། །ཁྲོ་བོ་རབ་གཏུམ་ཆོ་ག་དང་། །ཞི་ལ་ཞི་བའི་ཆོ་ག་ཡིས། །ཞི་བ་རབ་ཏུ་འགྲུབ་པར་འགྱུར། །འདོད་ཆགས་རྒྱ་ཆེན་ཞེན་པ་དང་། །ང་རྒྱལ་ལྡན་པས་འགྲུབ་པར་འགྱུར། ། དེ་ལྟར་དཀའ་བ་མེད་པའི་ཐབས། །ཀུན་མཁྱེན་ཐུགས་རྗེ་བཅས་པས་བསྔགས། །ཤིན་དུ་བདེ་བ་སྒྲུབ་པའི་ཐབས། །བརྟུལ་ཞུགས་དཀའ་ཐུབ་སྤྱོད་པ་སྤངས། །དེ་ལྟར་བདུད་རྩིའི་རོ་རྙེད་ནས། ། ཉོན་མོངས་གཞོམ་ཕྱིར་མི་བརྩོན་གང་། །ཇི་ལྟར་དཀའ་ཐུབ་བརྟུལ་ཞུགས་དེས། །སངས་རྒྱས་ཉིད་ནི་བྱ་བར་ནུས། །རང་གི་བདེ་བའི་ཐབས་རྙེད་ནས། །གང་ཞིག་བདག་དོན་མི་བྱེད་པ། །རྨོངས་ པའི་བདག་ཉིད་དེ་ཡི་ནི། །སངས་རྒྱས་ཉིད་ནི་གང་དུ་འགྱུར། །ཡང་ནི་དེ་ནི་ཤེས་མི་འགྱུར། །འདིས་ནི་སངས་རྒྱས་ཐམས་ཅད་དུ། །སྐྱེ་བོ་དམ་པས་མཐོང་བ་ཉིད། །ལས་ཀུན་རྨི་ལམ་སྒྱུ་མ་ ལྟར། །སངས་རྒྱས་ཆོས་ལ་མི་ཤེས་པས། །འཁོར་བའི་རྒྱ་མཚོའི་ཕ་རོལ་དུ། །ཇི་སྲིད་མ་ཕྱིན་བར་དུ་བྱ། །བཅུ་པ་ལས་སློབ་དཔོན་དང་ཕྱག་རྒྱ་བྱིན་གྱིས་བརླབ་པ་སྟེ་རབ་ཏུ་བྱེད་པ་དང་པོའོ།། །། 86-1-355b དེ་ནས་གང་དུ་རིག་མའི་སྐྱེས་བུ་གྲུབ་པ་དེར་འདི་ལྟ་བུའི་ཕུན་སུམ་ཚོགས་པ་འབྱུང་སྟེ། ས་འདི་དག་དགའ་ཞིང་མགུ་ལ་རངས་པས་རྣམ་པ་དྲུག་ཏུ་གཡོས་ནས་བདུད་ཀྱི་གནས་སུ་ཆ་ལང་ལྟ་བུའི་སྒྲ་གྲགས་པ་དང་། ཕྱོགས་བཅུར་བསྐལ་པའི་མེ་ལྟ་བུའི་སྐར་མདའ་ལྟུང་བ་དང་། རྒྱ་མཚོ་ཆེན་པོ་འཁྲུགས་པའི་སྒྲ་དང་། ཐམས་ཅད་དུ་གནམ་རྡོ་ལྟུང་བ་དང་། དེ་ཉིད་དུ་བསྐལ་པའི་མེའི་གཟུགས་ལྟ་བུའི་ཡེ་ཤེས་ཀྱི་སྣང་ བ་འབར་བ་དང་། ཕྱག་རྒྱའི་སྐྱེ་གནས་ཀྱི་སྙིང་པོར་ཁམས་གསུམ་ཐམས་ཅད་སྣང་བ་དང་། ཚངས་པ་དང་། ཁྱབ་འཇུག་དང་། ཆུ་བདག་དང་། བརྒྱ་བྱིན་དང་། དྲག་པོ་དང་། མེ་དང་། སྟོབས་བཟང་པོ་དང་། ཉི་མ་དང་། ཟླ་བ་དང་། གནོད་སྦྱིན་དང་། གྲུབ་པ་དང་། དྲི་ཟ་དང་། མི་འམ་ཅི་དང་། ལྟོ་འཕྱེ་དང་། ལྷའི་མཆོག་དང་། རིག་པ་འཛིན་པ་དང་། ཆུས་བྱུང་ལ་སོགས་པ་གང་ཞིག་གཞན་ཡང་སུམ་བཅུ་རྩ་ གསུམ་དུ་གནས་པའི་ལྷ་རྣམས་དེར་འོངས་ནས་ཡང་དག་པར་དགའ་བས་མེ་ཏོག་གིས་མཆོད་པར་བྱེད་དོ། །པི་བང་དང་། གླིང་བུ་དང་། མུ་ཀུཎྜ་དང་། ཏམྦུ་ར་དང་། དུང་དང་། ཟངས་དུང་དང་། ནནྡི་དང་། པ་ཊ་ཧ་དང་། རྫ་རྔས་ནམ་མཁར་གནས་ཏེ། དེར་རྟག་ཏུ་མཆོད་པར་བྱེད་དོ། །ལྷའི་བུ་མོ་དང་། རིག་པ་འཛིན་པའི་རྒྱལ་པོའི་བུ་མོ་ཐམས་ཅད་ཀྱིས་གར་བྱེད་པ་དང་། སིལ་སྙན་དུ་མ་བྱེད་པ་དང་། མི་ འམ་ཅི་དང་། གནོད་སྦྱིན་གྱིས་གླུ་ལན་པར་བྱེད་ཅིང་གར་བྱེད་པ་དང་། དེ་ལ་དགའ་བ་དང་བཅས་པས་རྒྱལ་བ་རྒྱལ་ཞེས་བྱ་བའི་སྒྲས་རྟག་ཏུ་རོལ་པར་བྱེད་པ་དང་། གང་ཞིག་གྲུབ་པ་ནམ་མཁར་གནས་ པའི་ལྷ་རྣམས་ཀྱིས་ནྀ་ལེགས་སོའི་རྣམ་པ་རབ་ཏུ་གསོལ་བར་མཛད་དོ། །གང་ཞིག་དགའ་ལྡན་དུ་གནས་པའི་ལྷ་རབ་མཆོག་དང་། གང་ཞིག་ལྷའི་བུ་དང་། རིག་པ་འཛིན་པ་པ་དང་། འོག་མིན་གྱི་བར་དུ་ 86-1-356a འོངས་ནས་ཕྱག་འཚལ་ཞིང་མེ་ཏོག་སྣ་ཚོགས་ཀྱི་རྣམ་པ་དང་། དྲི་སྣ་ཚོགས་ཀྱི་ཆར་དང་། བདུག་པ་སྣ་ཚོགས་ཀྱི་ཁྱད་པར་གྱིས་གུས་པའི་ཚུལ་གྱིས་མཆོད་པར་བྱེད་དོ། །གཞན་ཡང་ ཁྱོད་ལ་རྒྱས་པར་བཤད་པའི་ཚུལ་གྱིས་ཅི་ཞིག་དགོས་ཏེ། བསྒྲུབ་པར་བྱ་བའི་བསོད་ནམས་ཀྱིས་ཁམས་གསུམ་དུ་སྐྱེས་པའི་མཆོད་པ་དེ་རྣམས་ཀྱིས་མཆོད་པར་བྱེད་དོ། །བཅུ་པ་ལས་བདེ་བ་ ཆེན་པོའི་དངོས་གྲུབ་ཀྱི་མཆོད་པ་དང་རིམ་གྲོ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་གཉིས་པའོ།། །། རིག་མའི་སྐྱེས་བུ་གྲུབ་པ་ནི། །གང་དུ་མཆི་ཞིང་གང་དུ་གནས། །བདག་ལ་ཐེ་ཚོམ་འདི་དག་ ནི། །བདེ་བ་ཆེན་པོས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིག་མའི་སྐྱེས་བུ་གྲུབ་པ་ནི། གང་དུ་ཡང་མི་འགྲོ། གང་དུ་ཡང་མི་གནས། ཐོག་མ་དང་། ཐ་མ་དང་། དབུས་ དང་བྲལ་བ། གཉིས་སུ་མེད་པ། གནས་གསུམ་དུ་སྣང་བ། ཐམས་ཅད་སོན་པ། ཐམས་ཅད་མཁྱེན་པ། ཐམས་ཅད་པ། ཐམས་ཅད་ཀྱི་དོན་ཐམས་ཅད་སེམས་ཅན་ཐམས་ཅད་གྱི་སེམས་ ལ་གནས་པ། སྡིག་པ་ཐམས་ཅད་ལས་རྣམ་པར་གྲོལ་བ། ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པར་བྱས་པ། ཐམས་ཅད་དང་ལྡན་པ། ཞི་བ། མཉམ་པ་མེད་པ། རྟག་ཏུ་འཆར་བར་མཛད་པ། མགོན་ པོ། སྐྱོབ་པ། ཀུན་ཏུ་རྟོག་པ་སྤང་པ། དབྱིབས་དང་ཁ་དོག་དང་བྲལ་བ། རྒྱལ་བའི་ཡང་སྤྱོད་ཡུལ་མ་ཡིན་པ། རྒྱལ་པོ་ཕྱེད་པར་དཀའ་བའི་ཕྱིར་རྡོ་རྗེ་ཉོན་མོངས་པའི་ཉེ་བར་གདུང་བ་ལས་ གྲོལ་བའི་ཕྱིར་ཟླ་བ། དགོས་པ་མེད་པའི་ཕྱིར་སེང་གེ། གཏིང་དཔག་པར་དཀའ་བའི་ཕྱིར་ཆུའི་ཕུང་པོའོ། །དེ་ལྟར་དཔེ་སྣ་ཚོགས་ཀྱིས་རྣལ་འབྱོར་པ་རྣམས་ཀྱི་དཔེར་བྱའོ། །དེ་ཉིད་གཅིག་པུས་ 86-1-356b སེམས་ཅན་རྣམས་ཀྱི་དོན་བྱེད་པ་དང་། རྣམ་པར་རྟོག་པ་ཐམས་ཅད་སྤངས་ཀྱང་བལྟམས་པ་སྟོན་པ་དང་། ཁབ་ནས་མངོན་པར་འབྱུང་བ་དང་། གཞོན་ནུའི་རོལ་རྩེད་མཛད་པ་དང་། རབ་ཏུ་བྱུང་བ་དང་། རྡོ་རྗེ་གདན་གྱིས་མནན་པ་དང་། བདུད་བཏུལ་བ་མཉམ་པ་མེད་པ་དང་། སངས་རྒྱས་པ་དང་། དམ་པའི་ཆོས་ཀྱི་འཁོར་ལོ་བསྟན་པ་དང་། ལྷ་ལས་བབས་པ་ཉམས་དགའ་བ་དང་། ཤིན་དུ་སྣ་ ཚོགས་པའི་ཆོ་འཕྲུལ་དང་། གླང་པོ་ཆེ་ནོར་སྐྱོང་འདུལ་བ་དང་། སྐལ་བ་དང་ལྡན་པའི་སྐྱེ་བོ་དག་པ་གཞུག་པ་དང་། ཕས་ཀྱི་རྒོལ་བ་ཚར་གཅད་པ་དང་། བསོད་སྙོམས་ཀྱི་ལྷུང་བཟེད་ལ་ལྟོས་པ་མེད་ པ་དང་། འཇིག་རྟེན་གསུམ་གྱི་འཁོར་ལོ་འདུལ་བ་དང་། བྱང་ཆུབ་སེམས་དཔའི་རྒྱལ་ཚབ་ཉིད་དང་། ཡོངས་སུ་མྱ་ངན་ལས་འདས་པ་དང་། ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོ་ཆེན་པོ་སྟེ། དེ་ལྟར་ རིགས་ཀྱི་བུ་འདི་ལྟར་ཁྱད་པར་དུ་མ་རྨི་ལམ་ལྟ་བུར་སངས་རྒྱས་ཀྱི་རོལ་པ་མཆོག་ཏུ་སྟོན་པར་མཛད་དེ། གང་ཞིག་གྲུབ་པ་སྒྱུ་མའི་ཚུལ་གྱིས་འགྲོ་བ་ཐམས་ཅད་ཀྱི་དོན་མཛད་དོ། །བཅུ་པ་ལས་ སངས་རྒྱས་ཀྱི་སྒྱུ་མ་རྣམ་པར་མཛད་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་གསུམ་པའོ།། །། གོང་དུ་བཤང་གཅི་ཁྲག་དང་ནི། །ཉ་དང་ཤ་ཡི་སྦྱིན་སྲེག་ནི། །ལྷ་ནི་ཁྱོད་ཀྱིས་གསུངས་པ་ཉིད། ། ཇི་ལྟར་ཡེ་ཤེས་སེམས་དཔའ་ལ། །མི་གཙང་བས་ནི་ཁ་བཀང་ན། །སྡིག་པ་ཇི་ལྟར་སྐྱེ་མི་འགྱུར། །གལ་ཏེ་སྡིག་ལས་ཇི་ལྟར་འབྲས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མི་ཤེས་ རྨོངས་པའི་སེམས་ཅན་གང་། །ཡེ་ཤེས་ཐབས་ནི་རྣམ་པར་སྤངས། །ཕྱི་རོལ་དངོས་པོར་མངོན་ཞེན་པས། །རྟོག་པའི་དྲ་བས་དྲ་བར་བྱས། །དེ་ཡི་སྡིག་དང་བསོད་ནམས་ཀྱི། །ཆ་གཉིས་ 86-1-357a རྣམ་པར་རྟོག་པ་སྟེ། །འདི་རྣམས་ཆོས་ནི་རང་བཞིན་དག །མ་སྐྱེས་པ་དང་གནས་མེད་ཅིང་། །སེམས་ཅན་ཡེ་ཤེས་འཕེལ་བའི་ཕྱིར། །དོན་དམ་ལས་ནི་བསོད་ནམས་ཉིད། །ཐབས་ནི་ སངས་རྒྱས་རྣམས་ཀྱིས་བསྟན། །སྐྱེ་བ་དང་ནི་སྤངས་མེད་ན། །བསོད་ནམས་མིན་ལ་སུ་ཞིག་ཞེན། །དཔེར་ན་སེམས་ཅན་ཕ་རོལ་འགྲོ། །ཆུ་ཀླུང་ཆུ་ཡིས་གང་བ་ལ། །ཤིང་དང་རྩྭ་ནི་བསྡུས་ནས་ ནི། །ཆུ་ལ་གཟིངས་ནི་བྱས་ནས་སུ། །དེ་ལ་འཇུས་ནས་བརྒལ་ནས་ཀྱང་། །སྤངས་ནས་བདེ་བར་འགྲོ་བར་འགྱུར། །དེ་ལྟར་འཁོར་བའི་ཕ་རོལ་དུ། །ཆོས་དང་ཆོས་མིན་ཞོན་ནས་ནི། །བདེ་བས་བྱང་ ཆུབ་འཐོབ་པར་འགྱུར། །ཆོས་དང་ཆོས་མིན་རྣམ་པར་སྤངས། །དེ་ཕྱིར་རྟོག་པའི་དྲ་བ་ནི། །སྤངས་ནས་ཟབ་མོའི་ཆོས་ནི་འཕེལ། །དེ་བཞིན་གཤེགས་པས་གསུངས་པའི་ལམ། །ལམ་རིག་ རྣམ་པར་རྟོག་མི་བྱ། །རྣམ་རྟོག་གཏི་མུག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་པ། །མཁའ་བཞིན་དྲི་མ་མེད་པར་འགྱུར། །དབང་པོ་གཉིས་ ནི་མཉམ་སྦྱོར་བས། །སྐུ་གསུང་ཐུགས་ནི་འདུས་པ་ཡིས། །ང་རྒྱལ་ལས་ནི་རྒྱལ་བའི་གཟུགས། །རྣམ་པ་ཐམས་ཅད་ཡོངས་སུ་སྤངས། །རྣམ་པར་ཤེས་པ་རྫོགས་པས་ནི། །སྐྱེ་བ་ འདིར་ནི་ཡེ་ཤེས་ཅན། །བུད་མེད་དང་ནི་སྐྱེས་པའི་ལུས། །ལས་ནི་དུ་མས་བསྐྱེད་པ་སྟོན། །མི་ཤེས་པས་ཀྱང་མི་བྱ་སྟེ། །སྐུ་ཡི་རྡོ་རྗེའི་དམ་ཚིག་གོ། །སེམས་ཅན་སྣ་ཚོགས་གདུང་བ་དང་། ། ཀུན་རྟོག་ངན་པའི་རྣམ་རྟོག་གིས། །སེམས་ལ་སྨད་པར་མི་བྱ་སྟེ། །ཐུགས་ཀྱི་རྡོ་རྗེའི་དམ་ཚིག་གོ། །ཕྲག་དོག་ཉིད་ཀྱིས་མ་རུངས་པས། །ཚིག་རྩུབ་ལ་སོགས་སྨྲ་མི་བྱ། །རྣ་བ་བདེ་བར་བྱེད་ 86-1-357b པ་ཉིད། །གསུང་གི་རྡོ་རྗེའི་དམ་ཚིག་གོ། །ཤ་ཡི་ཁམས་གནས་སངས་རྒྱས་ནི། །རྣམ་སྣང་ཆེན་པོ་རྩེ་མོར་སྐྱེ། །རྐང་ལ་མི་བསྐྱོད་གནས་པ་ཉིད། །ཁྲག་ནི་རིན་ཆེན་ལྟ་བུར་ནི། །ནོར་བུ་ཆེན་པོས་རྣམ་ པར་བརྒྱན། །རུས་པ་ལ་ནི་འོད་དཔག་མེད། །སེམས་ཅན་རྣམས་ཀྱི་རིགས་བཅས་འབབ། །རྩ་ཡི་འཆིང་བའི་ཚོགས་ཀྱི་སྒོར། །དོན་ཡོད་ཐུབ་པ་རྒྱལ་པོ་ཉིད། །ཁྱོད་ལ་གསང་བ་ང་ཡིས་བཤད། །དམ་ ཚིག་ཡེ་ཤེས་རིག་པས་བསྟེན། །བློ་ལྡན་ཐུགས་ཀྱི་རྡོ་རྗེ་ཡིས། །རྟག་པ་རུ་ནི་བསྒོམ་པར་བྱ། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །སྲེད་པ་དང་ནི་འདུ་བྱེད་འཕེལ། །འདི་ལྔ་ཐུབ་པའི་རྒྱལ་པོས་ གསུངས། །བཤང་གཅི་ཁུ་བ་བད་ཀན་དང་། །ཁྲག་དང་ཡོངས་སུ་འཛག་པ་རྣམས། །འབྱུང་བ་བཞི་ནི་ཡོངས་གཟུང་ནས། །བློ་ཡིས་རྫོགས་པ་ཡོངས་བསྒོམས་པས། །གང་ཞིག་དམ་ཚིག་བསྟན་པར་བྱ། ། ཐམས་ཅད་དུ་ནི་ཟོས་པས་འབྱུང་། །དཔེར་ན་བུད་མེད་བྱིས་པ་ཡིས། །གཏམ་པ་རྗེས་མོས་སྨྲ་བ་ཡི། །འདུ་བའི་གཏམ་ནི་བརྗོད་པ་སྟེ། །ལམ་ཡང་འཆིང་བ་མེད་པར་བརྗོད། །དེ་ལྟའི་ཆོ་གས་རྣལ་འབྱོར་ པའི། །ལེགས་པའི་ལམ་ནི་སྟོན་པའོ། །དེ་ནས་རྣལ་འབྱོར་པ་དང་། རྣལ་འབྱོར་མ་དང་། མཁའ་འགྲོ་མ་དང་། མཁའ་འགྲོ་བྱེ་བ་ཕྲག་བརྒྱད་བཅུ་དང་། བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་ པའི་དགེ་འདུན་དུ་མའི་འཁོར་ཐམས་ཅད་དགའ་ཞིང་མགུ་བའི་སེམས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་རྡོ་རྗེ་སྙིང་པོ་ལ་སོགས་པ་ཐམས་ཅད་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའོ། །རྒྱུད་ཐམས་ 86-1-358a ཅད་ཀྱི་གླེང་གཞི་དཔལ་ཡང་དག་པར་སྦྱོར་བ་ལས་བྱུང་བ་དེ་ཁོ་ན་ཉིད་ཐམས་ཅད་ཀྱི་གླེང་གཞི་བརྟག་པའི་རྒྱལ་པོ་ཆེན་པོ་སྟེ་བཅུ་པ་རྫོགས་སོ།། །།རྒྱུད་ཀྱི་རྒྱལ་པོ་འདི་ནི་པཎྜི་ཏ་གཱ་ཡ་དྷ་ར་དང་། བདག་ ཉིད་ཆེན་པོ་འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བ་ལས། སླད་ཀྱིས་ཐམས་ཅད་མཁྱེན་པ་བུ་སྟོན་ཞབས་ཀྱིས་རྒྱ་དཔེ་རྩ་འགྲེལ་དང་བསྟུན་ནས་ཧོར་ཀོང་བསབས་ཤིང་འགྱུར་བཅོས་ལེགས་པར་མཛད་པ་ལས་ བྲིས་སོ།། །། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོ་ལ་སོགས་པས་ཡང་མཆོད་པ་བྱས་ནས་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། །ཐིག་ལེར་ཐིག་ལེ་དག་ གི་དོན། །གཏན་ཕབ་ཡང་དག་གསལ་གསུངས་ན། །བདག་གི་དབུས་སུ་རང་བྱུང་བས། །དེས་ན་རང་བྱུང་བརྗོད་པར་བྱ། །རང་བྱུང་ཞེས་བྱ་འབྱུང་ཆེན་གྱི། །དོན་ནི་རྗེས་སུ་དཔག་བྱའི་ཕྱིར། །འདི་ནི་རང་ བྱུང་བཅོམ་ལྡན་འདས། །གཅིག་པུ་ཉིད་ནི་ལྷག་པའི་ལྷ། །ལྷག་པའི་ལྷ་ཞེས་བྱ་བ་ནི། །གོང་དུ་གསུངས་པའི་ཁམས་རྣམས་སོ། །དེ་རྣམས་དབུས་སུ་ཕུལ་བྱུང་ཆེ། །ཞེས་བྱ་གཙོ་བོའི་གཟུགས་ ཀྱིས་སོ། །གསང་བ་མཆོག་ཏུ་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཇི་ལྟ་བུར་ནི་བཅོམ་ལྡན་འདས། །སངས་རྒྱས་ཀུན་དང་མཉམ་སྦྱོར་བ། །མཁའ་འགྲོ་མ་ཡི་དྲ་བའི་སྡོམ། ། གཞན་དུ་ཇི་ལྟར་རྣམ་པ་འདིས། །སྡོམ་པ་མཆོག་ཏུ་ཕན་པ་ལགས། །གསང་བའི་སྒྲས་ནི་ཡོན་ཏན་ཅན། །གསུང་བའང་ཡོན་ཏན་དུ་ནི་གྲགས། །རྡོ་རྗེ་ཅན་ནི་ཡོན་ཏན་ཅན། །འཇིག་རྟེན་མཆོག་ དགྱེས་སྨོད་པ་སྤངས། །གསང་བའི་སྒྲ་ནི་ཀླ་ཀློའི་སྐད། །ཕྱི་རོལ་རྗེས་སུ་བཙལ་བས་ཀྱང་། །འདི་ནི་མངོན་སུམ་ཤེས་པར་བྱ། །རྗེས་དཔག་ཡོན་ཏན་ཅན་གྱི་སྒྲས། །གང་ཚེ་སེམས་ནི་མི་མཐོང་ 86-1-358b སྟེ། །སེམས་ཞེས་བྱ་བ་འདི་ཡང་ནི། །ཡོན་ཏན་ཅན་དང་ཡོན་ཏན་གསུངས། །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །གསང་བ་འདི་ལ་ཆོས་ཉིད་གནས། །དེ་ལ་ཐམས་ ཅད་བདག་ཉིད་ནི། །དེ་ན་ཐམས་ཅད་རྣམ་པར་གནས། །དེ་གང་སྟོང་པའི་རྡོ་རྗེ་ཅན། །སྡུག་དང་ལྷན་ཅིག་དགའ་བའོ། །གང་ཚེ་སེམས་ཀྱི་གཟུགས་ཀྱིས་ནི། །སྔོ་སོགས་མིག་གིས་མི་དམིགས་ཤིང་། །རྣ་ སོགས་ཐོས་པར་མི་འགྱུར་བ། །དེ་ཚེ་སེམས་ནི་ཇི་ལྟར་བུར། །དེ་ཚེ་རྗེས་དཔག་ཇི་ལྟར་ལགས། །འདི་ནི་སྣ་ཡིས་མི་དམིགས་ན། །དྲི་བཟངས་དབུས་སུ་གནས་སམ་ཅི། །སེམས་ནི་ཕྱི་རོལ་མི་ དམིགས་ཤིང་། །དེ་བཞིན་ཉེ་བའི་ལོངས་སྤྱོད་མེད། །རོ་ནི་མངར་དང་ཁ་ལ་མིན། །དེ་བཞིན་དུ་ནི་རེག་བྱ་ཉིད། །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །གསང་ བ་འདི་ནི་ཇི་ལྟ་བུར། །རྗེས་སུ་དཔག་པས་བསམ་པར་བྱ། །ཇི་ལྟར་ཡི་གེའི་དབྱིབས་སུ་ནི། །བྱིན་པ་ཡི་ནི་ཡེ་ཤེས་ཉིད། །གཞན་དུ་བཅོམ་ལྡན་སྒྲ་ཇི་ལྟར། །ལྷ་ཞེས་བྱ་བ་ཇི་ལྟར་ལགས། ། སངས་རྒྱས་ཀུན་གྱི་ངེས་དོན་ཅི། །མཉམ་པར་སྦྱོར་བ་ཅི་ཞེས་བགྱི། །མཁའ་འགྲོ་མ་ནི་གང་གི་མིང་། །དྲ་བ་ཇི་ལྟ་བུ་ཞིག་ལགས། །སྡོམ་པ་ཞེས་བྱ་ཅི་ཞིག་བཤད། །དེ་བཞིན་སྤྱད་པར་དགའ་བ་ ཉིད། །ཁྱོད་ཀྱིས་འདོད་ཆགས་མེད་གསུངས་ཅི། །ཆགས་བྲལ་མེད་པ་དེ་བཞིན་གཞན། །དབུ་མ་ཞེས་བྱ་གང་གི་མིང་། །བུད་མེད་ཀུན་གྱི་སྒྱུ་མ་ཅི། །སྟོང་ཉིད་གཟུགས་ཁམས་ལ་སོགས་པ། ། ཅི་ཞིག་བཤད་ཅིང་མཉམ་ཉིད་སྦྱོར། །དང་པོ་རྣམ་པ་དྲུག་འགྱུར་དང་། །སྣ་ཚོགས་པད་མར་བྲིས་སྐུ་དང་། །ཨཱ་ལི་ཀཱ་ལི་ཕྱག་རྒྱ་ཆེ། །དེ་ཉིད་མེད་སེམས་རྣལ་འབྱོར་དང་། །དེ་ཉིད་བཟང་པོ་ཇི་ལྟར་ 86-1-359a ལགས། །རྣལ་འབྱོར་ཉིད་ལ་མཉམ་གཞག་དང་། །ཕྱི་རོལ་དག་ཀྱང་ཡང་དག་བཤད། །ཟླ་བ་ཉི་མ་རྫོགས་སངས་རྒྱས། །འབྱུང་བ་ཇི་ལྟ་བུ་ཞིག་ལགས། །བྲིས་པ་དང་ནི་མ་བྲིས་པའི། ། དཀྱིལ་འཁོར་ཇི་ལྟར་གཞག་པར་བགྱི། །དེ་བཞིན་སྔགས་དང་རྒྱུད་ཉིད་དང་། །གསང་བའི་གནས་ནི་མི་འཚལ་ཞིང་། །པད་མ་བཞི་ནི་ཁྱད་པར་དུ། །བདག་དང་བདག་གི་ཇི་ལྟར་ལགས། །དེ་བཞིན་སེམས་ དང་སེམས་བྱུང་ཉིད། །སེམས་ཀྱི་ངོ་བོ་ཡེ་ཤེས་གསུངས། །དེ་བཞིན་རྣམ་པར་ཤེས་པ་ཉིད། །རྒྱུ་དང་འབྲས་བུའི་དངོས་པོ་དང་། །དེ་བཞིན་ཆོས་དང་ཆོས་ཅན་ཉིད། །ཆུ་བོའི་རྒྱུད་ནི་ཅི་ཞེས་བཤད། །རྒྱ་ མཚོ་ཡང་ནི་ཁྱད་པར་དུའོ། །སྣ་ཚོགས་ཉིད་ནི་ཁྱོད་གསུངས་ན། །མང་པོ་ཇི་ལྟར་འཐོབ་མི་འགྱུར། །རྣམ་ཤེས་ཡེ་ཤེས་ཁྱོད་ཀྱིས་གསུངས། །དེ་བཞིན་བཅུད་ཀྱིས་ལེན་ཉིད་དང་། །གཡོན་བརྐྱང་ལ་སོགས་ ཅི་ལགས་དང་། །གཞུ་ཡིས་རྣམ་རྒྱལ་དེ་བཞིན་གཞན། །གཙོ་དང་གཙོ་མིན་སྒྲ་ཅི་ལགས། །བརྟག་པ་ཡང་ནི་ཅི་ཞིག་གསུངས། །བྱང་ཆུབ་ཆེན་པོའི་ཆོས་རྣམས་ནི། །སུམ་བཅུ་རྩ་བདུན་ནང་གི་དང་། ། སྐུ་ལ་སོགས་པ་དེ་བཞིན་གཞན། །ཉན་ཐོས་རྣམས་ཀྱིས་ཁྱོད་གསུངས་དང་། །དེས་ཀྱང་དགོས་པ་ཅི་ཞིག་མཆིས། །རྡོ་རྗེ་སེམས་དཔའ་བདེ་བ་ཆེའི། །རྣམ་པའི་རྣལ་འབྱོར་གྱིས་ནི་ཅི། །ཚངས་ པ་དབང་ཕྱུག་ཁྱབ་འཇུག་ཀྱང་། །དེ་བཞིན་གསོལ་བ་ཅི་ཡི་དོན། །འདོད་པའི་ལྷ་ནི་ཆུང་མར་བཅས། །ལྷ་མོ་དཀའ་ཟློག་གཟུགས་བཟངས་མ། །གོང་དུ་སྐྱབས་སུ་སོང་བ་ཉིད། །གཉིས་གཉིས་སྦྱོར་ བ་འདོད་མཛད་པ། །འདི་ལྟར་སྦྱོར་བའི་འཐབ་མོ་དང་། །དེ་ལ་གསང་བ་ཇི་ལྟ་བུ། །རྡོ་རྗེ་ཅན་གྱིས་བརྫུན་པ་ཡི། །ཕྱིས་ནི་ཚིག་ཏུ་སྨྲ་བར་མཛད། །སངས་རྒྱས་རྡོ་རྗེ་སེམས་དཔའང་། །ཚངས་ 86-1-359b པ་ཁྱབ་འཇུག་དབང་ཕྱུག་དང་། །ཟླ་བ་སྔར་གསུངས་གཞན་དུ་ནི། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཇི་ལྟར་རྡོ་རྗེ་ཅན་ཞི་བས། །ཁྲོ་བོའི་གཟུགས་ཅན་ཇི་ལྟར་ལགས། །ཆོས་ཀྱི་སྐུ་ནི་ཇི་ལྟར་ལགས། ། ལོངས་སྤྱོད་རྫོགས་པ་ཅི་ཞིག་ལགས། །སྤྲུལ་པ་རྡོ་རྗེ་ཉིད་འབྱུང་དང་། །ཧེ་རུ་ཀ་ནི་ཇི་ལྟར་གསུངས། །པད་མ་གར་དབང་ཇི་ལྟར་ལགས། །གཤིན་རྗེའི་གཟུགས་སུ་ཇི་ལྟར་འགྱུར། །དེ་བཞིན་དུ་ནི་རྟ་མཆོག་ཉིད། ། ཇི་ལྟར་ཆོ་གས་ཅི་གསུངས་དང་། །ལྷ་མོ་དེ་བཞིན་ཁྲོ་བོ་ཉིད། །ཀླ་ཀློ་ཁྱོད་ཀྱིས་བཤད་པ་ནི། །དེས་ཀྱང་དགོས་པ་ཅི་ཞིག་མཆིས། །རེ་ཤིག་ལྷ་མོ་རྣམས་ཀྱི་ཚིག །བཏུ་བར་བྱས་པ་ཇི་ལྟར་ལགས། །སྔགས་ ཀྱི་སྨྲ་པོས་འདི་དག་ནི། །ཇི་ལྟར་རྡོ་རྗེ་སེམས་ཁྱོད་ཀྱིས། །ཐམས་ཅད་ཡང་དག་རྣམ་པར་ཤོད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་ནས་གཟུང་སྟེ། དང་པོར་བརྩམ་པར་བྱས་ནས་འདིར་ཡང་རྗེས་སུ་འབྱུང་སྟེ། རིགས་ཀྱི་བུ་ཡང་བརྗོད་པར་བྱའོ། །གསང་བའི་སྒྲས་ནི་བདུན་གྱི་རྣམ་པ་སྟེ་བདུན་པ་ཞེས་བྱ་བའི་དོན་ཏོ། །བརྒྱད་པ་ནི་བརྗོད་དུ་མེད་པའི་མཚན་ ཉིད་དོ། །གསང་བ་ཞེས་བྱ་བའི་སྒྲས་ནི་སེམས་དང་སེམས་ལས་བྱུང་བ་གཉིས་སུ་མེད་པ་སྟེ། དེ་བཞིན་གཤེགས་པ་ཉིད་དུ་གསུངས་སོ། །དེ་བཞིན་ཉིད་དུ་རོ་གཅིག་པ་ཉིད་ངོ་བོ་གཅིག་པས་དེར་གསང་བར་ བྱུང་བའི་ཕྱིར་གསང་བ་སྟེ། ནམ་མཁའ་ཐམས་ཅད་དུ་ཁྱབ་པར་འགྲོ་བ་ནི་བཅོམ་ལྡན་འདས་ཀྱི་ཚད་དེ། དཔལ་རྡོ་རྗེ་སེམས་དཔའི་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་སོགས་པ་དང་། རྡོ་རྗེའི་ལྷ་མོ་དང་ལྡན་པ་ནི་གནས་ སོ། །ཀྱེ་བཅོམ་ལྡན་འདས་ཁྱད་པར་དུ་འཕགས་པའི་གནས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཆོག་ཅེས་བྱ་བ་ནི་ཁྱད་པར་དུ་འཕགས་སོ། །ཡེ་ཤེས་དམ་པའི་ཡུལ་ལོ། ། 86-1-360a དགྱེས་པ་ན་ཞེས་བྱ་བ་ནི་ཉམས་དགའ་བ་ན་སྟེ། དཔེ་ཐམས་ཅད་དང་བྲལ་བའོ། །སྤྱན་ལ་སོགས་པ་དང་ཡང་དག་པར་སྦྱོར་བས་དགའ་བར་བྱེད་པས་ཉམས་དགའ་བར་བྱེད་པའི་ཕྱིར་དགྱེས་པ་ནའོ། ། དཔལ་རྡོ་རྗེ་སེམས་དཔའི་སྦྱར་བ་དང་། ལྷ་མོ་ཐམས་ཅད་དང་མཉམ་པར་འགྲོ་བས་ནམ་མཁའི་ཁམས་ཀྱི་མཐས་གཏུགས་པར་ལྷ་མོ་ཐམས་ཅད་ཀྱི་བདེ་བ་ཆེན་པོར་སྦྱོར་བ་ཐམས་ཅད་ཀྱི་བདེ་བ་དང་ ལྡན་པ་འདི་ལས་འབྱུང་བའི་སྟོབས་ནི་གཞལ་དུ་མེད་དེ། ཕན་ཚུན་དུ་རབ་ཏུ་རངས་པས་དགའ་བར་བྱེད་ཅིང་། སྐྱེས་བུ་རྣམས་དང་དེ་རྣམས་ཀྱི་དགའ་བ་ནི་དགྱེས་པ་ནའོ། །ཐམས་ཅད་བདག་ཉིད་ཅེས་ བྱ་བ་ནི་ཐམས་ཅད་ཀྱི་བདག་ཉིད་དེ། རིགས་ཀྱི་བུ་དེ་ལྟར་བཅོམ་ལྡན་འདས་ཀྱིས་གནས་གང་སྔར་གསུངས་པའོ། །དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་དུ་གསུངས་ཏེ། ཐམས་ཅད་ བདག་ཉིད་ཀྱིས་ནི་དེ་གསུངས་སོ། །དེ་ལྟར་གྱུར་པས་ཐམས་ཅད་བདག་ཉིད་ཅེས་བྱ་བ་འདིས་གནས་ཕུན་སུམ་ཚོགས་པ་གསུངས་སོ། །ཇི་ལྟར་གསུངས་པའི་གནས་སུ་སོ་སོ་བསྐྱེད་པའི་རང་བཞིན་གྱིས་ཇི་སྙེད་ བཙུན་མོའི་འཁོར་གྱི་དབུས་སུ་རྟག་ཏུ་བཞུགས་སོ་ཞེས་གསུངས་སོ། །སངས་རྒྱས་ཀུན་འདིས་སངས་རྒྱས་ཀུན་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའོ། །རྟག་པ་ལ་སོགས་ པ་དེ་བཞིན་གཤེགས་པ་དེ་རྣམས་ཀྱིས་བྱས་པའི་ཕྱིར་རམ། རང་བཞིན་གྱི་ཕྱིར་གནས་ནི་སངས་རྒྱས་ཀུན་དངོས་ཤེས་བྱ་སྟེ། སྒྱུ་འམ་རང་བཞིན་ལ་དངོས་པོའོ། །སེམས་དཔའ་ནི་སེམས་ཅན་གྱི་ དོན་ལ་ནུས་པའི་ཕྱིར་རོ། །རྡོ་རྗེ་ནི་ཐབས་དང་ཤེས་རབ་ཀྱི་ཡེ་ཤེས་ཀྱི་རང་བཞིན་གྱི་ཕྱིར་རོ། །སེམས་དཔའ་ནི་རྣམ་པར་རྟོག་པ་ཐམས་ཅད་ཀྱིས་མི་བསྐྱོད་པའི་ཕྱིར་རོ། །བདེ་བ་ནི་སྔར་གསུངས་པའི་ 86-1-360b དགའ་བའི་སྦྱོར་བ་ལས་ཤིན་ཏུ་ལྡན་པར་ཞི་བའི་ཡིད་ཀྱི་རང་བཞིན་གྱི་ཕྱིར་རོ། །མཆོག་ནི་ཁྱད་པར་དུ་འཕགས་པ་སྟེ། བདེ་བའི་གོ་འཕང་འདི་རྣམས་ཀྱི་སེམས་དཔའ་འདི་རྣམས་ཀྱི་དོན་དམ་པའི་ཕུན་སུམ་ ཚོགས་པ་གསུངས་སོ། །འོན་ཀྱང་སངས་རྒྱས་ཀུན་དང་མཉམ་སྦྱར་བ། །མཁའ་འགྲོ་མ་ཡི་དྲ་བའི་སྡོམ། །ཞེས་བྱ་བ་མི་འདད་པའི་ཕྱིར་རོ། །འོན་ཀྱང་གཞན་ཉིད་དུ་བརྗོད་པར་བྱ་བའི་ཕྱིར་དོགས་པ་ བསུ་ནས་བཀའ་སྩལ་པ་འདི་ནི་ཞེས་བྱ་བ་ནི་གང་དེ་སྐད་དུ་རིགས་ཀྱི་བུ་དེ་ནི་གསུངས་པ་དེ་ཉིད། སངས་རྒྱས་ཐམས་ཅད་མཉམ་སྦྱར་བ། །མཁའ་འགྲོ་མ་ཡི་དྲ་བའི་སྡོམ། །ཞེས་བྱ་བའི་དོན་ཏོ། ། ལྷ་མོ་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་ཅིང་། དཔལ་རྡོ་རྗེ་སེམས་དཔའི་བདག་ཉིད་ཀྱི་རྣལ་འབྱོར་རྫོགས་པ་ནི་སྐལ་བ་བཟང་པོ་སྟེ། རང་གི་བདག་ཉིད་ཀྱི་སྒྲུབ་པ་ཤིན་ཏུ་སྦྱོར་བ་དེ་ཉིད་མཆོག་ཏུ་འདོད་པ་དང་ ལྡན་པའོ། །སྐྱེས་བུ་མེད་པའི་གར་མཁན་རང་གི་བཙུན་མོའི་འཁོར་གྱི་ནང་དུ་གནས་པའི་ཕྱིར་ཤིན་དུ་དོན་ལ་རྣམ་པར་མི་གཡེང་བས་ལྷ་མོ་རྣམས་དང་ཡང་དག་པར་སྦྱོར་བའི་བདེ་བ་མྱོང་བར་བྱའོ། ། ཡང་དག་པར་སྦྱོར་བ་ནི་རྣལ་འབྱོར་ཏེ་ཞེས་པའོ། །བརྟན་པ། རྟག་པ། མཆོག་ཏུ་ཡང་ཡིད་སྲུབ་པའོ། །ཡང་ན་བརྟན་པ་ནི་རྣམ་རྟོག་པའི་རླུང་གིས་མི་གཡོ་བའི་ཕྱིར་རོ། །གཞན་ཡང་མཐའི་མཐའ་ ཇི་སྲིད་གནས་པའི་ཕྱིར་རྟག་པའོ། །མཆོག་ཏུ་ཡིད་སྲུབ་པ་ནི་ལྷ་མོ་ཐམས་ཅད་ཀྱི་བདེ་བ་རྗེས་སུ་མྱོང་བའི་ཕྱིར་རོ་བརྟན་པ་དང་། རྟག་པ་དང་། མཆོག་ཏུ་ཡིད་སྲུབ་པ་འདི་ནི་བརྟན་པ་དང་། རྟག་པ་ དང་། མཆོག་ཏུ་ཡིད་སྲུབ་པའོ། །སངས་རྒྱས་ཀུན་ཞེས་བྱ་བ་ནི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་སྟེ། ཡུལ་གྱི་རང་བཞིན་རྣམས་སོ། །རང་གི་བསོད་ནམས་ཀྱི་ཚོགས་ཀྱི་རྒྱུ་ 86-1-361a མཐུན་པས་ཅི་ཞིག་བྱེད་ཅེ་ན། འདི་ནི་རང་གི་ལོངས་སྤྱོད་དང་། དེ་རྣམས་ཟ་བར་བྱེད་དོ། །གཞན་དུ་ན་ནི་ཐ་དད་པའི་དངོས་པོ་ལ་རང་གིས་ཉེ་བར་ལོངས་སྤྱོད་པ་ཉིད་མ་ཡིན་ནོ། །ཡེ་ཤེས་ཀྱི་རང་བཞིན་སོ་སོར་ སྐྱེས་པ་ནི་རྒྱལ་བ་རྣམས་ཀྱིས་ཀྱང་ཤིན་དུ་མི་སྤོང་སྟེ། རྣམ་པ་སྣ་ཚོགས་པའི་རིམ་པའི་སྦྱོར་བ་འདོད་ཆགས་ཀྱི་སྤྱོད་པ་ལ་སོགས་པའི་རང་བཞིན་ལས་གང་ཞིག་འདོད་ཆགས་ཀྱི་སྤྱོད་པ་དེ་རྣམས་ནི་རྡོ་རྗེ་སེམས་ དཔའི་ཆོ་ག་འདོད་པའོ། །གང་ཞིག་རང་བཞིན་བཟང་པོ་དེ་རྣམས་ནི་རྣམ་པར་སྣང་མཛད་ཀྱི་དངོས་གྲུབ་འདོད་པའོ། །དེ་ལྟར་ཞེ་སྡང་དང་། འདོད་ཆགས་དང་། སེར་སྣ་དང་། ལེ་ལོ་ལ་སྤྱོད་པ་རྣམས་ཀྱིས་ཧེ་རུ་ཀ་དང་། པད་མ་གར་གྱི་དབང་ཕྱུག་དང་། རྡོ་རྗེ་ཉི་མ་དང་། རྟ་མཆོག་གི་ཆོ་ག་འདོད་པར་འགྱུར་རོ། །རིགས་ཀྱི་བུ་དེ་ལྟ་དེ་ལྟར་འདོད་ཆགས་ལ་སྤྱོད་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཀྱིས་ཇི་ལྟར་དཔལ་རྡོ་རྗེ་སེམས་ དཔའ་ལ་སོགས་པ་སྐྱེད་པར་འགྱུར་བ་བསྐྱེད་ནས། ཚོགས་ཀྱི་དཀྱིལ་འཁོར་རྣལ་འབྱོར་ལས་བསྐྱེད་དེ། རྣལ་འབྱོར་གྱི་གཏམ་གྱིས་སློབ་མ་འདུལ་བར་བྱེད་དོ། །གཏམ་ནི་བརྗོད་པའོ། །བཅོམ་ལྡན་འདས་གཏམ་ ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བ་ཞེས་བྱ་བ་ལ་སོགས་པའི་གཏམ་བརྗོད་པ་སྟེ། ཀུན་རྫོབ་ཀྱི་བདེན་པའི་རང་བཞིན་དུ་བྱས་པའོ། །དཔལ་རྡོ་རྗེ་སེམས་དཔའི་ཆོས་ཀྱི་སྐུའི་རྒྱུ་མཐུན་ པ་ཉིད་ཀྱིས་ངོ་བོ་ཉིད་ཀྱི་སྐུའི་རང་བཞིན་ལ་ཉེ་བར་སྤྱོད་པའི་ཕྱིར་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྐྱེད་པའོ། །རང་བཞིན་བརྗོད་པར་བྱ་སྟེ། བརྟན་པ་ཞེས་བྱ་བ་ནི་ཆོས་རི་རབ་བལྟར་བརྟན་པའོ། །དཔེར་ན་རི་ རབ་རླུང་གིས་བཟློག་པར་དཀའ་ཞིང་རབ་ཏུ་གཏུམ་པས་ཀྱང་བསྐྱོད་པར་མི་ནུས་སོ། །དེ་བཞིན་དུ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་འདི་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་། ཉེ་བའི་ 86-1-361b ཉོན་མོངས་པ་དང་། མུ་སྟེགས་ཅན་ངན་པའི་རྒོལ་བ་རབ་ཏུ་གཏུམ་ཞིང་རབ་ཏུ་འཇོམས་པས་རང་ལྷག་པར་འགྲོ་ཞིང་བསྐྱོད་པར་མི་ནུས་སོ། །དུར་ཁྲོད་དུ་བཞུགས་པས་ཀྱང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་དུ་རྒྱུ་ཞིང་རྣམ་པར་ དག་པའི་སེམས་ཆོས་ཀྱི་སྒོ་དུ་མར་རྗེས་སུ་འཁོར་ཞིང་། ལྷན་ཅིག་ཏུ་བཅོམ་ལྡན་འདས་འཁོར་བར་བཞུགས་པའོ། །བརྟན་པ་ཞེས་བྱ་བ་ནི་གནས་པའི་ཕྱོགས་སོ། །གཡོ་བ་ཞེས་བྱ་བ་ནི་སེམས་ཅན་གྱི་རྒྱུད་ལས་ གཟུང་སྟེ། དེ་རྣམས་ནི་བཅོམ་ལྡན་འདས་ཀྱིས་ཤེས་པར་བྱའོ། །ཇི་ལྟར་རྣམ་པར་དག་པའི་བདག་ཉིད་དེ་རྣམས་ཉིད་དེ་གཞན་དང་རྣམ་པ་གཅིག་པའི་ངོ་བོ་སྟེ། དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་འདི་ནི་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་ཐུགས་རྣམས་ལ་བཞུགས་སོ། །སེམས་ཅན་ཉིད་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་དེ། དངོས་པོའི་དོན་དམ་པ་ལ་གནས་པས་དེ་བཞིན་གཤེགས་པ་ཞེས་གསུངས་སོ། །གཡོ་ བ་ནི་སྤྲེའུ་ལྟ་བུ་སྟེ། གང་ཞིག་སེམས་ཅན་ཐམས་ཅད་ཀྱི་སེམས་བརྟན་པའི་ཕྱིར་སེམས་དཔའ་ཞེས་གསུངས་སོ། །འཛིན་པའི་ཕྱིར་ཏིང་ངེ་འཛིན་ཏེ། ངེས་པར་འབྱེད་པས་རྡོ་རྗེ་ཉིད་དུ་འགྱུར་རོ། །དེའི་ ཕྱིར་སེམས་ཁོ་ན་གཡོ་བར་གསུངས་ཤིང་ཕྱི་རོལ་ལ་སོགས་པས་མ་ཡིན་ཏེ། དེ་རྣམས་ནི་གཅིག་དང་དུ་མས་དངོས་པོ་མེད་པའི་ཕྱིར་རོ། །ཐམས་ཅད་ཅེས་བྱ་བ་ནི་མ་ལུས་པའོ། །དངོས་པོ་ཞེས་བྱ་བ་ནི་གནས་ ཀྱི་དོན་ཏོ། །སྲིད་པ་ཞེས་བྱ་བ་ནི་སྐྱེ་བའོ། །བརྟན་པ་དང་གཡོ་བ་ཞེས་བྱ་བ་ནི་བརྟན་པ་དང་གཡོ་བའོ། །དངོས་པོ་དང་ཐམས་ཅད་འདི་ནི་དངོས་པོ་ཐམས་ཅད་དེ། དེ་ནི་བརྟན་པ་དང་གཡོ་བ་ཐམས་ཅད་དངོས་པོ་ དང་སྲིད་པའོ། །བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ནི་གང་གི་ཐམས་ཅད་ཀྱི་བདག་ཉིད་ཀྱི་རང་བཞིན་འདི་ནི་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་དེ། དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་ 86-1-362a འདས་རྡོ་རྗེ་ཅན་གྱིས་རྡོ་རྗེ་འདིས་བཀའ་སྩལ་ཏོ། །རྡོ་རྗེ་སེམས་དཔའི་ཐུགས་ཀྱི་ཆོས་ཉིད་ཀྱིས་བརྟན་པ་དང་། གཡོ་བའི་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་དེ། འདིས་འདི་དག་བརྗོད་པར་ འགྱུར་བ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། མེ་ལོང་ལྟ་བུ་ལ་སོགས་པས་བསྡུས་པར་འགྱུར་བ་རྟག་པ་དང་། མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་ལྔ་པོ་ཐམས་ཅད་ཀྱི་ཕུན་སུམ་ཚོགས་པ་བསྡུས་ པར་འགྱུར་བའོ། །ཀུན་གྱི་སྒྲས་ནི་ཡོངས་སུ་ཞེས་བྱ་བར་གཟུང་ངོ་། །མཉམ་པར་སྦྱོར་བ་ནི་འདུ་བའོ། །གང་དུ་ཞེ་ན། གསང་བར་ཏེ། ཐམས་ཅད་ཀྱི་ཆོས་ཀྱི་འབྱུང་གནས་ཀྱི་བདག་ཉིད་དུ་ཡིན་གྱི་གཞན་དུ་ནི་ མ་ཡིན་ནོ། །གང་དང་ལྷན་ཅིག་ཞེ་ན། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དང་སྟེ། དེ་དང་ཡང་དག་པའི་རང་གི་ངོ་བོས་སྤྲུལ་པ་ལ་སོགས་པའི་ཡན་ལག་དགུ་ཡིས་སོ། །འོན་ཀྱང་ལོངས་སྤྱོད་རྫོགས་པ་ ཅན་དུ་མཛད་པའི་སྐུ་གཅིག་གིས་ཐམས་ཅད་ནས་དེའི་བདག་ཉིད་ཀྱི་ཆུ་དང་འོ་མ་ལྟ་བུར་འོང་བ་ཡོངས་སུ་འཛིན་ཏོ། །དེ་ནས་དཀྱིལ་འཁོར་ཆེན་པོའི་རྣལ་འབྱོར་གྱིས་ཕྱི་དང་ནང་གི་དངོས་པོ་ཐམས་ཅད་ཀྱི་ནང་དུ་དེ་ཁོ་ན་ སྐད་ཅིག་གིས་ཇི་ལྟར་སངས་རྒྱས་ཐམས་ཅད་ཀྱིས་མཛད་པ་ལྟར་རྟོགས་ཤིང་ཤེས་སོ། །དེ་བས་ན་སངས་རྒྱས་ཐམས་ཅད་དང་། དེ་ལས་གཞན་པ་རྣམས་ཀྱི་ལྷན་ཅིག་ཡང་དག་པར་སྦྱོར་བ་ནི་སངས་རྒྱས་ ཐམས་ཅད་དང་མཉམ་པར་སྦྱོར་བའོ། །མཉམ་པའི་དུས་ནི་དབྱེར་མེད་པའི་དུས་ཏེ། སྦྱོར་བའི་གནས་ཀྱིས་ཐམས་ཅད་སེམས་ཙམ་དུ་སྙོམས་པར་ཞུགས་པས་གཅིག་ཏུ་གྱུར་པའི་དངོས་པོས་ཕན་ཚུན་དུ་བསྡུས་ པས་དངོས་པོ་ཐམས་ཅད་ཀྱི་རང་བཞིན་གྱིས་ཐམས་ཅད་དུ་འགྲོ་བའི་ཕྱིར་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་ཞེས་གསུངས་སོ། །དེ་བས་ན་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བས་ནི་ 86-1-362b ཕྱོགས་བཅུའི་ནམ་མཁར་འགྲོ་བ་ཡང་དག་པར་མཐོང་བ་འདི་ནི་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་མཁའ་འགྲོ་མར་གསུངས་སོ། །དྲ་བའི་སྒྲས་ཀྱང་སྒྱུ་མའི་རྣམ་གྲངས་སུ་བལྟ་སྟེ། ཤིང་ལ་སོགས་པ་ རྣམས་ལས་སྒྱུ་མའི་རྣམ་པར་སྤྲུལ་པའི་གླང་པོ་ལ་སོགས་པ་ལྟར་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ལས་བུད་མེད་ཀྱི་འདུལ་བའི་སེམས་ཅན་མི་སྤོང་བའི་ཕྱིར་རོ། །དཀར་མོ་ལ་སོགས་པའི་རྡོ་རྗེ་ ལྷ་མོའི་གཟུགས་ལ་རེག་པའི་ཕྱིར་དེ་ཉིད་གྱུར་པས་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་སྒྱུ་མའི་མཚན་ཉིད་ཀྱིས་གང་ཞིག་ཟག་པ་མེད་པའི་བདེ་བའི་ཡིད་ཞི་བའི་དེ་བཞིན་གཤེགས་པ་མང་པོར་འགྱུར་རོ། ། དེ་ནས་སྡོམ་པའི་སྒྲས་བརྗོད་པར་བྱ་སྟེ། སམ་ཞེས་བྱ་བ་ནི་བདེ་བའོ། །བ་ར་ཞེས་བྱ་བ་ནི་ཁྱད་པར་དུ་འཕགས་པ་ཞེས་བྱ་བའི་དོན་ཏོ། །བུད་མེད་ཀུན་ནི་གོང་དུ་གསུངས་སོ། །སྒྱུ་མ་ནི་ཇི་སྐད་དུ་གསུངས་པ་སྟེ། སྒྱུ་མས་ སྒྱུ་མའི་རང་བཞིན་དེས་ཞེས་བྱ་བའི་དོན་ཏོ། །དེ་ཡང་རང་བཞིན་གྱིས་གྲུབ་སྟེ་གྲུབ་པ་རྫོགས་པའོ། །ཇི་ལྟར་རང་གི་ངོ་བོ་ཡོངས་སུ་གྱུར་པ་ཞེ་ན། རང་རྣམས་དེ་རྣམས་ཀྱི་གཟུགས་ཅན་ནི་རང་གི་གཟུགས་ཅན་ཏེ། ཀུན་གཞི་དང་། ཉོན་མོངས་པ་ཅན་དང་། ཡིད་དང་། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱི་རྣམ་པར་ཤེས་པ་རྣམས་ཡོངས་སུ་གྱུར་པ་ནི་རང་གི་ངོ་བོས་ཡོངས་སུ་གྱུར་པའོ། །བདག་མེད་པའི་ཏིང་ངེ་འཛིན་ གྱི་སྒོམ་པས་མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་ནན་ཏན་གྱི་རང་བཞིན་ལ་གནས་ནས་ལྡོག་པར་འགྱུར་བ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་རང་གི་ངོ་བོ་ཡོངས་སུ་གྱུར་པས་བུད་མེད་ ཐམས་ཅད་ཀྱི་སྒྱུ་མའི་རང་བཞིན་གྱི་དངོས་གྲུབ་ཡིན་ཏེ། དེའི་ཕྱིར་རྙེད་པ་ཀུན་གྱི་བདེ་སྤྲོ་བས། །བུད་མེད་ཐམས་ཅད་འགྲུབ་པར་འགྱུར། །ཞེས་བྱ་བ་ཡིན་ནོ། །སྣ་ཚོགས་དང་སྒྱུ་མ་ནི་སྣ་ཚོགས་སྒྱུ་མ་སྟེ། 86-1-363a ཁ་དོག་དང་དབྱིབས་སྣ་ཚོགས་པ་ལས་ལྷ་མོ་ཐམས་ཅད་ལ་སོགས་པའི་གཟུགས་སོ། །དེའི་སྣ་ཚོགས་སྒྱུ་མའི་ཕྱག་རྒྱ་འདི་བཟུང་ནས་བློ་ལ་གཞག་པར་བྱས་ནས་འདི་སྐད་བཀའ་སྩལ་པ། མཁའ་འགྲོ་ མ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཉིད་ཀྱིས་བཙུན་མོའི་འཁོར་གྱི་ནང་དུ་སོན་པའི་ཕྱོགས་བཅུའི་ནམ་མཁར་གང་ཞིག་འགྲོ་བ་འདིའི་དེ་ནི་སྒྱུ་མ་སྣ་ཚོགས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་དང་འཇིག་ རྟེན་ལས་འདས་པ་ཐམས་ཅད་ཀྱི་བསྟན་བཅོས་ཀྱི་ནང་དུ་རབ་ཏུ་གྲགས་པ་མི་གསལ་བའི་སྐད་ཀྱིས་རང་གི་བརྡར་བྱས་པ་ཞེས་བྱ་བའི་དོན་ཏོ། །མཁའ་འགྲོ་མ་ལ་སོགས་པ་འདི་ནི་མདོར་བསྡུས་ནས་གསུངས་པ་ ཡིན་ནོ། །གང་གི་ཕྱིར་བུད་མེད་ཐམས་ཅད་ནི་བཅོམ་ལྡན་འདས་ཀྱི་རྡོ་རྗེ་ལྷ་མོའོ། །འཁོར་བར་བྱེད་པའི་ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་པ་རྣམ་པ་བརྒྱད་ལ་གནས་ནས་ལྡོག་པའི་མཚན་ཉིད་ཀྱིས་མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་སྒྱུ་མའི་རང་བཞིན་གྱིས་གྲུབ་པའོ། །དེའི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ནི་སྣ་ཚོགས་སྒྱུ་མའི་རང་གི་ངོ་བོ་སྟེ། དེ་རྣམས་ཀྱི་སྒྱུ་མས་ནམ་མཁར་ འགྲོ་བའི་བྱ་བ་སྟེ། དེ་ནི་གཟུགས་སྣ་ཚོགས་སུ་འགྱུར་ཏེ། དེའི་ཕྱིར་སྣ་ཚོགས་སྒྱུ་མའི་ཕྱག་རྒྱ་འདི་ནི་མཁའ་འགྲོ་མ་ཞེས་བྱ་བར་བརྗོད་པར་བྱའོ། །ཀླ་གློ་དེ་རྣམས་ཀྱི་ནམ་མཁར་འགྲོ་བ་འབའ་ཞིག་གིས་བྱ་བ་ནི་ མཁའ་འགྲོ་མར་བརྗོད་པ་མ་ཡིན་ཏེ། དེ་སྐད་དུ། ནམ་མཁའ་ཀུན་དུ་སྤྱོད་གྲུབ་པ། །མཁའ་འགྲོ་མ་ཞེས་རབ་ཏུ་གྲགས་ཞེས་དེའི་ཕྱིར་བཤད་དོ། །ཀུན་ལས་ཞེས་བྱ་བ་ནི་ཕྱོགས་བཅུའོ། །སྣ་ཚོགས་དང་དེའི་ཕྱག་ རྒྱ་ནི་སྣ་ཚོགས་ཕྱག་རྒྱ་སྟེ། སྤྱན་ལ་སོགས་པའི་ཕྱག་རྒྱའོ། །གཟུགས་བརྙན་གྱི་རྣལ་འབྱོར་གྱིས་སེམས་ཅན་གྱི་ཁམས་ལ་ཕྱག་རྒྱས་འདེབས་པའི་ཕྱིར་དེས་ན་ཕྱག་རྒྱ་ཞེས་བརྗོད་དོ། །སྣ་ཚོགས་ཞེས་བྱ་བ་ནི་ 86-1-363b ཐམས་ཅད་ཀྱི་རང་བཞིན་ནམ། དཔལ་རྡོ་རྗེ་སེམས་དཔའ་ཐམས་ཅད་དང་། ཕྱག་རྒྱ་ནི་སྣ་ཚོགས་ཀྱི་ཕྱག་རྒྱའོ། །ཀུན་ལས་སྣ་ཚོགས་སྡོམ་པ་ཡིས། །ཞེས་བྱ་བ་ནི་རྣམ་པ་སྣ་ཚོགས་པ་སྟེ། བདེ་བའི་མཆོག་ གིས་ནམ་མཁའ་ཀུན་དུ་འགྲོ་བའི་ངོ་བོ་ནི་མཁའ་འགྲོ་མའོ། །སངས་རྒྱས་སྐད་དབྱིངས་ཞེས་བྱ་བ་ནི་སངས་རྒྱས་དཔལ་རྣམ་པར་སྣང་མཛད་ལ་གནས་ནས་མངོན་པར་ལྡོག་པ་ནི་རང་བཞིན་གྱི་ཁམས་རྣམས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་ཀྱི་རང་བཞིན་གྱི་ཁམས་རྣམས་ནི། སངས་རྒྱས་ཀྱི་སྐད་ཀྱི་དབྱིངས་ཀྱི་སྒྲས་བརྗོད་དེ། ཇི་ལྟར་དཔལ་རྡོ་རྗེ་སེམས་དཔའ་ལ་གནས་ནས་ མངོན་པར་ལྡོག་པའི་རྒྱུད་རྣམས་ནི་དེའི་རང་བཞིན་ཁམས་རྣམས་ནི་མཁའ་འགྲོ་མའི་སྒྲས་ནམ་མཁའ་ལ་འགྲོ་བའི་རང་བཞིན་དུ་བསྟན་ཏོ། །དེ་བཞིན་དུ་རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་། རིན་ཆེན་ བདག་པོ་དང་། འོད་དཔག་ཏུ་མེད་པ་དང་། དོན་ཡོད་གྲུབ་པའི་ཁམས་རྣམས་སུ་བལྟ་བར་བྱའོ། །སངས་རྒྱས་ཀུན་གྱི་མཁའ་འགྲོ་མ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་སྤྱན་ལ་སོགས་པས་ཡོངས་ སུ་བསྐོར་བའི་ནམ་མཁའ་ལ་འགྲོ་བ་ཐམས་ཅད་རྡོ་རྗེ་སེམས་དཔའི་བདག་ཉིད་ཀྱི་མཁའ་འགྲོ་མ་དང་། དེ་སྐད་དུ་དཔལ་ཧེ་རུ་ཀ་ལ་དཀར་མོ་ལ་སོགས་པས་ཡོངས་སུ་བསྐོར་བའི་ནམ་མཁའ་ལ་འགྲོ་བ་ཐམས་ ཅད་རྡོ་རྗེ་སེམས་དཔའི་བདག་ཉིད་ཀྱི་མཁའ་འགྲོ་མ་དང་། དེ་སྐད་དུ་བདག་མེད་པའི་རྣལ་འབྱོར་དང་ལྡན་པ་རྡོ་རྗེ་མ་ལ་སོགས་པས་ཡོངས་སུ་བསྐོར་བའི་ནམ་མཁའ་ལ་འགྲོ་བ་ཐམས་ཅད་དང་། བདག་མེད་ པའི་བདག་ཉིད་ཀྱི་མཁའ་འགྲོ་མ་དང་། དེ་སྐད་དུ་ཡི་ཤེས་དང་ལྡན་པ་ལ་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པས་ཡོངས་སུ་བསྐོར་བའི་ནམ་མཁའ་ལ་འགྲོ་བ་ཐམས་ཅད་ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་མཁའ་ 86-1-364a འགྲོ་མ་དང་། དེ་ལྟར་སྒྲོལ་མ་དང་ལྷན་ཅིག་པད་མ་ཅན་དང་། པད་མའི་འཁོར་ལོ་དང་། གཤིན་རྗེའི་རྒྱལ་པོ་དང་། དེ་སྐད་དུ་རྟ་མཆོག་དང་། དེ་བཞིན་དུ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཉིད་དང་། གཞན་ ཡང་ཡིད་ལ་འདོད་པ་ཡང་རིགས་ཀྱི་རབ་ཏུ་དབྱེ་བས་ཕྱེ་བ་ལ་མཁའ་འགྲོ་མས་དེ་བཞིན་དུ་ཡོངས་སུ་བསྐོར་བ་ཡང་དེ་བཞིན་དུ་བརྗོད་དོ། །དེ་སྐད་དུ་སངས་རྒྱས་ཀུན་གྱི་མཁའ་འགྲོ་རྣམས་བསྟན་ནས། སྡོམ་པ་བཤད་ པར་བྱ་བའི་ཕྱིར་བདེ་བ་ཞེས་བྱ་བ་ནི་གང་ཞིག་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ལྷན་ཅིག་མཉམ་པར་སྦྱོར་བས་གང་ཞིག་ཤིན་དུ་བདེ་བ་དང་ལྡན་པར་སྐྱེད་པར་བྱེད་དོ། །དེ་ལས་ཅིར་ འགྱུར་ཞེ་ན། མཆོག་ནི་ཁྱད་པར་དུ་འཕགས་པ་སྟེ། བདེ་བ་ཐམས་ཅད་ཀྱི་ཐབས་ཕུལ་དུ་བྱུང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སྒྱུ་མ་ཐམས་ཅད་ཀྱི་རབ་ཏུ་སྦྱོར་བ་སྟེ། དེ་ཡང་གཞན་དུ་ཉན་ཐོས་དང་། རང་སངས་རྒྱས་ དང་མཉམ་པར་སྦྱོར་བས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མའི་དྲ་བའི་རབ་ཏུ་སྦྱོར་བ་ཉིད་ཀྱིས་གང་ཞིག་བདེ་བ་བསྐྱེད་པ་དེ་ཉིད་གང་གི་ཕྱིར་སྃ་གྱི་སྒྲས་ བརྗོད་དོ། །དེའི་ཕྱིར་དེའི་རྒྱུས་གང་ཞིག་བདེ་བ་མཆོག་ཁྱད་པར་དུ་འཕགས་པ་སྐྱེད་པར་བྱེད་པ་དེ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་དེའི་རྣམ་པར་དག་པ་སྒྱུ་མ་ལྟ་བུའི་ཆོས་རྣམས་ ཐམས་ཅད་རྟོགས་པར་སྙིང་རྗེ་ཆེན་པོ་སྐྱེའོ། །སྟོང་མིན་ཞེས་བྱ་བ་ནི་ཁམས་གསུམ་དང་། འདོད་པ་ཀུན་དུ་སྤྱོད་པའི་ཡང་དག་པ་མ་ཡིན་པར་ཀུན་བརྟགས་པའི་དངོས་པོ་ཡིན་པའི་ཕྱིར་དེར་ཡང་དག་པ་མ་ཡིན་པར་ ཀུན་བརྟགས་པར་སྟོང་པ་མ་ཡིན་པས་དངོས་པོ་ཡིན་པའི་ཕྱིར་རོ། །སྟོང་པ་མིན་པའང་མིན་ཞེས་བྱ་བ་ནི་དོན་དམ་པར་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའི་དངོས་པོ་མེད་པ་སྟེ། གང་གི་ཡེ་ཤེས་ཀྱིས་གཟུང་ 86-1-364b བ་དང་འཛིན་པའི་དངོས་པོ་མེད་པའི་མངོན་སུམ་དུ་བྱས་པ་དེའི་ཡེ་ཤེས་ཀྱང་རྣམ་པར་རྟོག་པའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་དམིགས་པར་མི་འགྱུར་ཏེ། དེ་ཉིད་ཀྱི་ཕྱིར་དེ་སྐད་དུ་ཡང་དག་པའི་ཡེ་ཤེས་ཀྱི་དབུ་མར་ རྟོགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ཤེས་རབ་ཕ་རོལ་ཕྱིན་སྦྱོར་བ། །ཞེས་གསུངས་ཏེ། དེ་ཉིད་ཐབས་ཏེ་སྙིང་རྗེ་ཆེན་པོ་དང་ལྡན་པའི་ཕྱིར་རོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་སྙིང་རྗེའི་བདག་ཉིད་ཀྱི་ དམིགས་པ་ནི་སྙིང་རྗེའི་རང་བཞིན་ཏེ། དེ་ནས་མཛེས་པའི་སྙིང་རྗེ་ཐབས་ཤེས་བྱ་བ་ནི་ཤིན་དུ་སྙིང་རྗེ་ཡང་མཛེས་པའི་སྙིང་རྗེ་སྟེ། བཏང་སྙོམས་ཀྱིས་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའོ། །དེ་ཉིད་ཐབས་ ཏེ་གང་གི་ཤིན་དུ་སྙིང་རྗེ་དང་ལྡན་པའི་ཐབས་འདི་ནི་མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་ཏེ། དཔལ་རྣམ་པར་སྣང་མཛད་དོ། །ཅིར་གྱུར་པས་ཞེ་ན། ཆོས་དག་བྱུང་བ་ཞེས་བྱ་བར་སྦྱོར་རོ། །ཇི་ ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡང་དག་གསལ་ཞེ་ན། ཤེས་རབ་ཅེས་བྱ་བ་ནི་ཆོས་རྣམས་སྒྱུ་མ་ལྟ་བུར་རབ་ཏུ་རྣམ་པར་འབྱེད་པའི་རྣམ་པར་བརྟག་པར་བྱ་སྟེ། དེ་ཉིད་བདག་གི་ཕུན་སུམ་ཚོགས་པའོ། ། ཕ་རོལ་ཕ་རོལ་ཕྱིན་པ་ཞེས་བྱ་བ་ནི་སོན་པ་སྟོན་པ་སྟེ། ཤེས་རབ་ཕ་རོལ་གསལ་བ་ཞེའོ། །གང་གྀས་ཤེ་ན། རྣམ་རྟོག་མེད་པར་ལྷག་མོས་པས་ཞེས་སོ། །ཅི་མཛད་ཅེ་ན། བརྟགས་པར་ནི་སྔོན་དུ་བདག་པོའི་ ནུས་པ་ལས་ཞེས་བྱ་བར་དགོངས་སོ། །ཅི་བརྟགས་ཤེ་ན། བརྟགས་པ་ཀུན་གྱིས་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་རང་དབང་དུ་སྒྱུ་མ་ལྟ་བུའི་ངོ་བོའོ། །ཅིའི་མཚན་ཉིད་རྣམས་ལས་ཤེ་ན། རྣམ་རྟོག་མེད་པའི་ཆོས་ རྣམས་ལ། །སེམས་ཅན་དོན་ནི་ཡོངས་སུ་བརྟགས། །ཞེས་པ་ནི་སྙིང་རྗེའི་དབང་གིས་སེམས་ཅན་གྱི་དོན་རྒྱུར་བརྟགས་པའོ། །དེ་བརྟགས་པས་ཅིར་འགྱུར་ཞེ་ན། སྒྲ་བརྙན་ལྟ་བུར་མཉམ་པ་ཉིད། །ཅེས་བྱ་བ་ལ་ 86-1-365a སྒྲ་བརྙན་ཞེས་བྱ་བ་ནི་བྲག་ཆའི་སྒྲའོ། །དེས་དབྱངས་མཆོག་དང་མཉམ་ཞིང་མཉམ་པར་དབྱངས་ཀྱི་རྗེས་སུ་འགྲོ་བ་དང་སྒྲ་རྣམ་པར་རྟོག་པའི་ངོ་བོ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་དེ་སྒྲ་བརྙན་ལྟ་བུར་ མཉམ་ཞིང་དེ་དེ་ལྟར་གྱུར་པར་རྟོག་གོ། །དེ་ཅི་ཞེ་ན། དེ་ནས་འདི་ནི་ཆོས་ངག་བྱུང་ཞེས་བྱ་བ་ནི་དེ་ནས་དེའི་ཕྱིར་ཆོས་ལས་ཆོས་ཀྱི་དོན་གྱི་ངེས་པའི་ཚིག་སོ་སོར་སྣང་བ་སོ་སོར་རིག་པ་ནི་བརྟགས་པའི་ངོ་བོ་སྟེ། དེ་ཉིད་ཀྱི་ཕྱིར་འདི་ནི་དཔལ་རྣམ་པར་སྣང་མཛད་ལ་སོགས་པའི་དམ་ཚིག་གསུམ་གསལ་བར་བྱེད་པའོ། །ངག་གི་ཆོས་ནི་ངག་གི་དབྱངས་ཞེས་བྱ་བའི་དོན་དོ། །དེ་དེ་ལྟར་གྱུར་པ་ནི་ངག་འབྱེད་པ་སྟེ། ངག་གི་འདི་ནི་ དེའི་དེ་བཞིན་དུ་བརྗོད་དོ། །དེ་ཡང་དག་པ་མ་ཡིན་པ་ལས་གྲུབ་པ་ནི་ཆོས་དག་ལས་གྲུབ་པའི་ཕྱིར་རོ། །ཐེག་པ་དང་ཆེན་པོ་དེ་ནི་ཐེག་པ་ཆེན་པོ་སྟེ། བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པའོ། །ཆེན་པོ་ རྣམ་པ་བདུན་དུ་སྦྱོར་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སོགས་པའི་མདོ་སྡེ་དག་ཏུ་གྲུབ་བོ། །དེའི་ཕྱིར་ཆེས་ཁྱད་པར་དུ་འཕགས་པའི་རྡོ་རྗེའི་ཐེག་པ་ཐེག་པ་ཆེན་པོ་ནི་སྐྱེ་བ་འདིར་སངས་རྒྱས་ལ་སོགས་པ་རབ་ཏུ་ བསྒྲུབ་པའི་ཕྱིར་དེའི་ཡོན་ཏན་དམ་པར་གྱུར་པ་སྟོབས་དང་མི་འཇིགས་པ་ལ་སོགས་པ་སྟེ། དེ་རྣམས་ཀྱི་ཚོགས་ནི་རྒྱས་པ་སྟེ། དེ་རྣམས་ཡོན་ཏན་དམ་པར་གྱུར་པས་སོ། །དུས་གསུམ་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་རོ། །དམ་ཚིག་གསུམ་ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་ཀྱི་རང་བཞིན་ཐམས་ཅད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །བསྟོད་པ་ཇི་ལྟ་བུ་ཞེ་ན། རྣམ་པར་ རྟོག་པ་མེད་པ་རྣམ་པར་གྲོལ་བས་གཟུགས་བརྙན་ལ་སོགས་པའི་རིགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྟོད་དོ། །གང་གི་ཕྱིར་བརྟན་པ་དང་གཡོ་བ་ལ་སོགས་པ་མ་ལུས་པ་ལ་སྟོང་པ་ཉིད་ 86-1-365b ཀྱི་རང་བཞིན་གྱིས་ཁྱབ་ཅིང་བརྟན་པ་དང་གཡོ་བ་ལ་སོགས་པ་དེས་ཁྱབ་པས་ཁམས་གསུམ་རྣམ་པར་རིག་པ་ཙམ་སྟེ། དེའི་ཕྱིར་སྡོམ་པ་ལ་སོགས་པ་རྣམས་ལ་ལྷའི་རྣལ་འབྱོར་དུ་གསུངས་སོ། །བཅོམ་ལྡན་འདས་ གལ་ཏེ་ཅིའི་སླད་དུ་དེའི་རང་བཞིན་ཐམས་ཅད་དེའི་རྣམ་པས་འཇིག་རྟེན་པས་དེ་རྟོགས་པར་མི་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་གི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །ཐམས་ཅད་ བདག་ཉིད་ཅེས་བྱ་བ་ནི་ཐམས་ཅད་ཀྱི་དངོས་པོས་སོ། །བདག་ཉིད་ཀྱི་ཞེས་བྱ་བ་ནི་རང་གིའོ། །རྣམ་ཤེས་ཕུང་པོར་ཞེས་བྱ་བ་ནི་གང་ཞིག་རྣམ་པར་ཤེས་པའི་ལུས་ལའོ། །གནས་པ་ནི་རང་རིག་པའི་སེམས་ཀྱི་ངོ་བོ་ སྟེ། དེའི་ཕྱིར་རྨོངས་པ་ནི་གཏི་མུག་གོ། །སྐྱེས་བུ་ནི་རིག་པ་ཅན་ལ་སོགས་པའོ། །རྟོགས་མི་ནུས་ཞེས་བྱ་བ་ནི་རྨོངས་པ་དང་བཅས་པས་མི་ཤེས་སོ། །བཅོམ་ལྡན་འདས་གལ་ཏེ་དེ་མི་འཚལ་ན་ཇི་ལྟར་དེ་རྣམས་ཀྱི་དེ་ ཁོ་ན་འཚལ་བ་ལགས། བཀའ་སྩལ་པ། སེམས་དང་སེམས་བྱུང་སེམས་ཚུལ་བདག །ཅེས་བྱ་བ་ནི་སེམས་ཅན་གྱི་སེམས་ཀྱི་ངོ་བོའོ། །སེམས་ཞེས་བྱ་བ་ནི་ཐམས་ཅད་དུ་དངོས་པོའི་རང་བཞིན་དགེ་བའི་ཕུང་ པོ་ལ་སོགས་པ་རིག་པར་བྱེད་པའི་བདག་ཉིད་ཅན་གྱི་འཚོ་བའོ། །ཡེ་ཤེས་ཀྱི་བདག་ཉིད་ཅེས་བྱ་བ་ནི་ཐམས་ཅད་དུ་འགྲོ་བ་སྟེ། དེ་ལ་ཁྱབ་འཇུག་གི་ཡེ་ཤེས་ཀྱི་བདག་ཉིད་སྐྱེས་བུའོ། །ཤེས་བྱའི་རང་བཞིན་ ཅན་ཞེས་བྱ་བ་ནི་ཤེད་བུ་དང་། ཤེད་ལས་སྐྱེས་དང་། ཚོར་བ་པོ་དང་། བྱེད་པ་པོ་དང་། གནས་ཀྱི་དོན་དང་། རང་གི་ངོ་བོ་ཅན་དང་བྱེད་པ་པོ་ཉིད་དོ། །དབང་ཕྱུག་ཏུ་སྨྲ་བ་རྣམས་ནི་ཆོས་རྣམས་ཀྱི་བྱེད་ པར་དབང་ཕྱུག་འདོད་དོ་ཞེས་ཟེར་རོ། །ཆོས་ཅན་དངོས་པོ་ཉིད་ཅེས་བྱ་བ་ནི་བདག་ཉིད་ཅན་དེ་ཉིད་གྲུབ་པའི་མཐའ་ལས་བསོད་ནམས་ལ་སོགས་པའི་ཆོས་རྣམས་ཀྱི་བྱེད་པ་པོའམ། 86-1-366a ཆོས་ཀྱི་ངོ་བོར་དབང་ཕྱུག་ཆེན་པོ་དབང་ཕྱུག་ཆེན་པོ་པ་འདོད་དོ། །དེ་རབ་ཏུ་བསྟན་པའི་དོན་དུ་འདིས་རྗེས་སུ་འགྲོ་དང་ལྡོག་པར་གསུངས་པ་དང་། གཅིག་དང་དུ་མ་དག་དང་བསྒྲུབ་པར་བྱ་བ་དག་དང་། ཆོས་ཅན་དག་ དང་གཏན་ཚིགས་དང་། དཔེ་དག་བཀའ་སྩལ་པ། ཆོས་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་དང་། དུ་མས་ཞེས་བྱ་བ་ནི་གལ་ཏེ་དུ་མ་ཉིད་བསྒྲུབ་པར་བྱ་བའི་རྒྱུར་བརྗོད་ན་དུ་མ་ཉིད་མི་བསྐྱེད་པའི་ཕྱིར་རོ། །འདུས་གཅིག་པ་ ཉིད་བསྒྲུབ་པར་བྱ་བའི་ཕྱིར་བརྗོད་པས་ཆུ་བོ་དང་རྒྱ་མཚོའི་གནས་ཀྱི་ས་གཉིས་ཀྱིའང་དཔེ་བརྗོད་དོ། །འདུས་གཅིག་དང་དུ་མ་དག་གིས་བསྒྲུབ་པའི་ཕྱིར་དཔེར་བརྗོད་པར་བྱ་སྟེ། དེ་ལ་རེ་ཤིག་དུ་མའི་ཆོས་ཀྱི་མཐར་བརྗོད་ པའི་སེམས་ལ་སོགས་པའི་དངོས་པོ་དུ་མ་ནི་མང་པོ་ཉིད་དེ། གང་གི་ཕྱིར་གཅིག་ལས་སོགས་པ་རྣམ་པ་སྣ་ཚོགས་པའི་རིམ་པ་འདིར་ཆོས་ནི་དུ་མས་ནི་ཞེས་པ་ནི་རྒྱུས་ཐམས་ཅད་མུ་སྟེགས་པའི་སེམས་ལ་སོགས་པའི་ རྣམ་པ་དུ་མར་འདོད་དོ། །ཅི་བཅོམ་ལྡན་འདས་དམིགས་ལགས་སམ། བཀའ་སྩལ་པ། ཆུ་བོའི་རྒྱུན་ནི་ཞེས་བྱ་བའི་སྒྲ་ནི་ཉན་ཐོས་སོ། །རྒྱ་མཚོ་ཞེས་བྱ་བ་ནི་རོལ་མཚོ་ལས་ཕྱི་རོལ་དུ་ཇི་ལྟར་ཆུ་བོ་སི་ཏ་དང་། སིནྔྷུ་དང་། གང་གཱ་ལ་སོགས་པའི་ཆུ་བོའི་རྒྱུན་འབབ་ཅིང་རབ་ཏུ་འཁོར་བ་འདི་ནི་སིནྔྷུའི་ཆུ་བོའོ། །འདི་ནི་གང་གཱའི་ཆུ་བོ་ཞེས་སྣ་ཚོགས་ཉིད་དུ་དམིགས་པར་མི་འགྱུར་རོ། །དེ་བཞིན་དུ་ཟབ་ཅིང་གཏིང་དཔག་དཀའ་བའི་ཆོས་ ཀྱི་དབྱིངས་ལས་ཕྱི་རོལ་དུ་གྱུར་པའི་མུ་སྟེགས་ཅན་རྣམས་ཀྱི་བདག་དང་འཚོ་བ་དང་། སྐྱེས་བུ་དང་གང་ཟག་ཅེས་བྱ་བ་སྣ་ཚོགས་ཉིད་དུ་འདོད་དོ། །བཅོམ་ལྡན་འདས་ཅི་འདིར་དེ་ཁོ་ན་ཉིད་དུ་མའི་རྣམ་པ་ཉིད་ལགས་ སམ། བཀའ་སྩལ་པ་མ་ཡིན་ནོ། །གང་ཞིག་འདིར་དེ་ཁོ་ན་ནི་གཅིག་ཏུ་མངོན་པར་འདོད་དེ། དེ་ཁོ་ན་ཉིད་དེའི་ངོ་བོ་གཅིག་པར་གཟུང་བ་ཉིད་དོ། །གང་གི་ཕྱིར་གཅིག་དང་མང་པོ་ཉིད་ཅེས་བྱ་བ་ལ་སོགས་པ་ལས་མང་ 86-1-366b པོ་ཉིད་ཅེས་བྱ་བ་ནི་དེ་རྣམས་ཀྱི་སེམས་ལ་སོགས་པ་གང་ཞིག་དུ་མ་རྣམ་པ་སྣ་ཚོགས་པ་དེ་ནི་དམ་པས་དམིགས་པར་མི་འགྱུར་ཞིང་རིགས་པས་རྟོགས་པར་མི་འགྱུར་རོ། །གང་གི་ཕྱིར་དུ་མ་ཉིད་ནི་གཅིག་ལ་འཇུག་པ་སྟེ། དཔེར་ན་ཆུ་བོ་རྣམས་ཀྱི་དུ་མ་ཉིད་རྒྱ་མཚོར་འཇུག་པ་ལྟར། སེམས་དང་བདག་ལ་སོགས་པ་ཡོད་དོ་ཞེས་བྱ་བར་རིགས་པས་རྟོགས་པར་མི་འགྱུར་ཞིང་། རིགས་པ་ཡོད་པ་དང་ལྡན་དུ་ཟིན་ཀྱང་སེམས་ལ་སོགས་པ་གང་གི་ ཚེ་ཆོས་ཐམས་ཅད་བདག་མེད་པར་ཞུགས་པ་དེའི་ཚེའང་། དེ་རྣམས་ཀྱི་སྣ་ཚོགས་ཉིད་མི་འདོད་དོ། །དཔེར་ན་རྒྱ་མཚོ་ལ་ཆུ་བོ་དུ་མ་ཉིད་ཞུགས་པའི་སོ་སོར་སྣང་བའི་དངོས་པོ་མེད་དོ། །དེ་བཞིན་དུ་དུ་མ་ཉིད་ཀྱི་དངོས་ པོ་མེད་པའི་ཕྱིར། དེ་ཁོ་ན་ཉིད་གཅིག་པའི་རྣམ་པ་ཉིད་དུ་རྟོགས་པའི་ཕྱིར་རོ། །དེ་དེ་ལྟ་བུའི་རྣམ་པས་གང་ལས་དེ་ཁོ་ན་ཉིད་རྙེད་པར་འགྱུར་བ་ལགས། བཀའ་སྩལ་པ། བླ་མའི་ཞལ་ལས་ཞེས་བྱ་བ་ལ་བླ་མ་ནི་ སྔགས་དང་། རྒྱུད་དང་མན་ངག་ཅན་ཏེ། གང་ཞིག་གིས་ཚིག་གིས་མན་ངག་རྙེད་པར་འགྱུར་རོ། །དེའི་མན་ངག་ངེས་པར་བསྟན་པ་བཀའ་སྩལ་པ། ནང་གི་ཞེས་བྱ་བ་ནི་རྩ་མཛེས་པའི་སྤྱི་བོར་ཇི་ལྟ་བུའི་གཟུགས་ ཀྱིས་རྣམ་པར་གནས་པ་དང་། ནམ་མཁའི་ལྔ་ཡིས་བརྒྱན་པར་བྱའོ། །གསང་བའི་པད་མ་ནི་གསང་བའི་གནས་ཞེས་གསུངས་ཏེ། པད་མའི་ལྟེ་བར་རྩ་མཛེས་པའི་སྤྱི་བོའི་ཕྱོགས་སུ་ཁྲག་དང་། ཁུ་བ་དང་གཅི་ བ་འཛིན་པའི་རྩ་ལྔ་ཡིས་མཛེས་པའི་ཕྱིར་སྤྱི་བོའི་ནམ་མཁའི་གནས་སུའོ། །ཡང་ན་ཆུ་དང་། མེ་དང་། དབང་ཆེན་དང་རླུང་དང་བསིལ་བ་དང་ཚ་བ་དང་གཉིས་ཀྱིས་ཚ་བའི་མཚན་ཉིད་དང་། འདོད་ཆགས་ཀྱི་འཁོར་ གྱི་ནང་དུ་ཞུགས་པས་ནམ་མཁའི་ལྔ་པོ་འདི་རྣམས་ཀྱིས་བརྒྱན་པར་བྱས་པ་སྟེ། པད་མ་འབའ་ཞིག་གིས་བརྒྱན་པ་ནི་མ་ཡིན་ནོ་ཞེས་བཀའ་སྩལ་ཏོ། །གསང་བ་ཞེས་བྱ་བ་ནི་དོན་རྣམ་པ་བདུན་ཏེ། བརྒྱད་པ་ནི་ 86-1-367a བརྗོད་དུ་མེད་པའི་མཚན་ཉིད་དོ། །གསང་བ་ཞེས་བྱ་བ་ནི་མི་གསལ་བའོ། །དེར་གསང་བ་དེ་ཉིད་ཕྱོགས་ཡིན་ཏེ། དེ་ཁོ་ན་ཉིད་མདོར་བསྟན་པའོ། །གསང་བ་ནི་ས་བོན་ལྔའོ། །གསང་བ་ནི་ དམ་པའི་དངོས་པོ་སྦས་པའོ། །གསང་བ་ནི་གསང་བའི་པད་མའོ། །གསང་བ་ནི་ལྟེ་བའི་དགའ་བའོ། །གསང་བ་ནི་ཐམས་ཅད་དུ་འགྲོ་བའོ། །གསང་བ་ནི་བདེ་བ་ཐམས་ཅད་མཐའ་ཡས་པ་སྟེ། རྒྱུད་ཀྱི་ གཞུང་གིས་བཤད་དོ། །གསང་བ་ཡང་ནི་བྱང་ཆུབ་སེམས། །གཉིས་པ་ཐབས་དང་ཤེས་རབ་ཉིད། །གསུམ་པ་ཡང་ནི་སྙིང་རྗེ་སྟེ། །བཞི་པ་སྙིང་པོ་དམ་པ་ཉིད། །ལྔ་པ་མཉམ་པ་ཉིད་དུ་གསུངས། ། དྲུག་པ་ཡང་ནི་བྱམས་པ་ཉིད། །བདུན་པ་ཆོས་ཉིད་ཡེ་ཤེས་ཏེ། །འདི་རྣམས་གནས་སུ་ཀུན་དུ་བཞུགས། །བྱང་ཆུབ་སེམས་ནི་མ་སྐྱེས་པ། །ཏིང་འཛིན་རྣམ་པ་སྣ་ཚོགས་མཆོག །མིང་ནི་མཛེས་ སྤྱིར་རྣམ་པར་བཤད། །རྡོ་རྗེ་སེམས་དཔའི་དགའ་མ་དེ། །མང་པོའི་གནས་སུ་གཅིག་པུ་སྟེ། །དེ་ནི་ཤེས་རབ་ཕ་རོལ་ཕྱིན། །ཀུན་མཁྱེན་ཀུན་འགྲོ་ཐམས་ཅད་པ། །ཕྲ་སྙིང་གསང་བའི་ཁ་ནང་འགྲོ། །སྒྱུ་མ་ འི་གཟུགས་བརྒྱ་རིག་པའི་ཕྱིར། །སངས་རྒྱས་ཀུན་གྱིས་འཆད་པར་བྱེད། །མེ་ལོང་ལ་སོགས་དངོས་པོ་ཡིས། །སྔགས་ནི་ལྔ་པོ་ཡང་དག་བཤད། །ཤེས་རབ་ཕ་རོལ་ཕྱིན་པར་གསུངས། །ཡི་གེ་དང་པོ་གཅིག་ གྱུར་པ། །མེ་ལོང་ལ་སོགས་བདེ་གཤེགས་ལྔ། །དྲུག་པ་དཔལ་ལྡན་བདེ་ཆེན་པོ། །དེ་ཡི་ཡང་ནི་ཡེ་ཤེས་གཞན། །དྲུག་པ་སྟེང་དུ་གྲགས་པ་མེད། །རྒྱུད་ནི་འབུམ་ཕྲག་ཚད་དུ་ནི། །དྲུག་པ་ཡོད་པར་མ་གསུངས་སོ། ། རྡོ་རྗེ་སེམས་དཔའ་ལྟ་བུ་ཉིད། །མི་ཡི་འཇིག་རྟེན་ཡོད་མ་ཡིན། །དེ་ཕྱིར་ང་ཡིས་ཁྱོད་ལ་བཤད། །འདི་ཉིད་ཀྱི་ནི་ནང་སོན་པས། །གཉིས་མེད་མཉམ་པ་ཉིད་དུ་གང་། །སྔོན་དང་ཕྱི་མར་བཅོམ་ལྡན་འདས། །དཔལ་ལྡན་ 86-1-367b རྡོ་རྗེ་སེམས་དཔས་གསུངས། །འདི་ལ་སློབ་དཔོན་གྱིས་ཐམས་ཅད་དུ་འགྲོ་བའི་ཡེ་ཤེས་ཇི་ལྟ་བུ་ལགས། ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །གནས་ནི་རྣམ་པ་བཞི་རུ་གསུངས། །བཞི་ནི་ཆ་དང་ཡང་དག་ལྡན། ། པད་མ་བཞི་ལ་རྣམ་པར་གནས། །སྤྱི་བོ་མེད་སྙིང་པད་མར་གནས། །ཁ་ཡི་པད་མའི་སྤྱི་བོར་གནས། །ལྟེ་བའི་པད་མར་གནས་པའི་སྒྲ། །སྒྲ་མཐར་གསང་བའི་པད་མར་ནི། །འགྲོ་དང་རྗེས་སུ་འོང་བར་བྱེད། ། ཐིག་ལེའི་སྦྱོར་བས་རབ་ཏུ་བསྐོར། །ཁ་དོག་གནག་དང་དམར་བ་དང་། །མདོག་དཀར་དེ་བཞིན་སེར་བ་ཉིད། །ཆ་ནི་བཅོམ་ལྡན་ཐིག་ལེའི་གཟུགས། །ཆ་ནི་ཤེས་རབ་ཆེ་ཞེས་གསུངས། །ལྷ་མོ་སྒྲ་ནི་ རྣམ་ངེས་བསྟན། །གང་དེ་རིག་མ་སྒྱུ་མ་ཆེ། །སྣ་ཚོགས་གཟུགས་ཅན་མཐའ་ཡས་མ། །འབྱིན་ཅིང་སྡུག་དང་འཇིགས་དང་ཆགས། །ཐིག་ལེའི་སྒྲ་ནི་ཡོངས་སུ་བསྐོར། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་། ། བཞི་སྟོང་གི་ནི་ཆོ་གས་ནི། །ལུས་ཀྱི་དེ་ཉིད་མི་ཤེས་པས། །དེ་དག་ཐམས་ཅད་འབྲས་བུ་མེད། །ཡིག་འབྲུ་རྣམས་ཀྱི་དང་པོ་ཨ། །བརྟན་དང་གཡོ་བ་རྣམས་ལ་གནས། །སྙིང་རྗེ་ཆེན་པོ་རེ་བ་བྱུང་། ། ཁ་ནི་འོག་ཏུ་ནམ་མཁའ་འབྱེད། །ཐོག་མ་ཐ་མ་མེད་པའི་ལྷ། །དེ་ཡི་སྤྱི་བོ་ངེས་པར་བསྟན། །མཆོག་གི་དེ་ཉིད་འདི་དག་ནི། །ལྷ་མོ་ང་ཡིས་རབ་ཏུ་ཕྱེ། །འདི་ཉིད་ལས་ནི་ཐམས་ཅད་འབྱུང་། །ཆོས་ཀྱི་དབྱིངས་ནི་ བྲུྃ་དུ་བརྗོད། །སྐྱེ་གནས་དབུས་སུ་རྣམ་པར་གནས། །མཐར་ནི་སྭཱ་ཧཱ་ཞེས་བྱ་བའི་ཕྱིར། །བསྡུས་ནས་ཞེས་ནི་རྣམ་པར་བརྗོད། །རུས་པ་རྐང་དང་ཁུ་བ་ཉིད། །ཕ་ལས་སྐྱེས་པ་གསུམ་དུ་གསུངས། །ལྤགས་པ་ དང་ནི་ཤ་དང་ཁྲག །མ་ལས་སྐྱེས་པ་གསུམ་ཞེས་བསྒྲགས། །འདི་དག་ཙམ་དུ་གསུངས་པ་རྣམས། །གོང་བུ་རྣམས་ནི་བསྡུས་པ་ཉིད། །གཟུགས་དང་ཚོར་བ་འདུ་ཤེས་དང་། །འདུ་བྱེད་དང་ནི་རྣམ་ཤེས་ཉིད། ། 86-1-368a སངས་རྒྱས་ལྔ་ཡིས་གཟུགས་བརྙན་དངོས། །ཕུང་པོ་དག་ཅེས་བསྒྲགས་པར་བྱ། །གཟུགས་དང་སྒྲ་དང་དྲི་དང་ནི། །རོ་དང་ཡང་ནི་རེག་བྱ་ཉིད། །ཆོས་ཀྱི་ཁམས་ཞེས་རྣམ་པར་བཤད། །ཁམས་རྣམས་དང་ ནི་སྐྱེ་མཆེད་རྣམས། །འདི་རྣམས་ལས་ནི་བྱུང་བ་ཡི། །ཁུ་བ་ལས་ནི་གོང་བུ་སྐྱེ། །གོང་བུ་ལས་ནི་མི་རྣམས་འབྱུང་། །ཡིད་ནི་ནམ་མཁའི་ཁམས་ཀུན་དུ། །སྐྱེ་མཆེད་དང་ནི་ཁམས་རྣམས་དང་། །དབང་པོ་ཕུང་པོ་ འབྱུང་བ་དང་། །ཁམས་རྣམས་ལས་ནི་བྱུང་བ་ཡི། །དཀྱིལ་འཁོར་ལུས་སུ་གསུངས་པ་སྟེ། །དཀྱིལ་འཁོར་བྷ་གར་བརྗོད་པ་ཉིད། །དཀྱིལ་འཁོར་ཡང་ནི་བྱང་ཆུབ་སེམས། །དཀྱིལ་འཁོར་གསུམ་དུ་བརྟག་པར་བྱ། ། གང་ལ་གཙོ་བོ་ཀུན་སྤྱོད་པ། །རྟག་པ་དུ་མར་ཀུན་དུ་གྱུར། །ཕུང་པོ་རྣམ་པ་གཉིས་སུ་གསུངས། །འབྱུང་བ་རིག་པར་རྟག་ཏུ་བརྟག །མྱོས་བྱེད་དང་ནི་ལྕགས་ཀྱུ་ཉིད། །ཞགས་པ་པད་མ་གཞུག་བྱེད་དང་། །བཅིང་པ་ ལྕགས་སྒྲོགས་དྲིལ་བུ་ཡང་། །ངེས་པར་བྱེད་པ་རུ་ནི་གསུངས། །བཤང་བ་དཀར་པོ་ཞེས་བྱར་གསུངས། །པད་མ་ཞེས་བྱ་ཁྲག་ཏུ་གསུངས། །ཤ་ཞེས་བྱ་བ་མར་མེ་ཉིད། །ཁུ་བ་ནམ་མཁའ་ཉིད་དུ་བརྗོད། ། ཐིམ་པའི་ཕྱིར་ནི་ལིང་གར་གསུངས། །མི་རྟོག་སྙིང་གི་བྷ་གར་བརྗོད། །གླུ་ནི་ལངས་པ་ཉིད་ཀྱི་གླུ། །གར་ནི་མཉམ་པར་སྦྱོར་བ་ཉིད། །རོ་ནི་ཤི་བར་བརྗོད་པ་ཉིད། །ཁ་ནི་ཞལ་དང་བུག་པ་ཉན། །སྙིང་པོ་རོ་བསྲེགས་དུར་ ཁྲོད་དོ། །མེ་ནི་བྱིན་ཟ་གསལ་བ་དང་། །དེ་བཞིན་དུ་ནི་འབར་བའོ། །བུར་ནི་གུ་གུལ་དུ་བརྗོད་པའོ། །ནག་པོའི་འབྱུང་པོའི་ཉི་མ་ནི། མར་གྱི་ངོ་ཡི་བཅུ་བཞི་པའོ། །གསེར་ཤིང་ནི་དྷ་དུ་རའོ། །ཨ་ལྃ་ཀ་ནི་ལྡོང་རོས་སོ། །མ་དུ་ལུང་གཱ་ནི་ས་བོན་གང་ བའོ། །ཙི་ཏྲ་ཀ་ནི་ཙི་ཏྲ་ཀའོ། །བ་ཙ་ནི་ཚིག་ཉིད་དོ། །ཁྱིམ་བྱའི་སྒོ་ང་ཐམས་ཅད་ནི་ཁྱིམ་བྱའི་སྒོ་ངའི་དུམ་བུའོ། །སྐྱ་བོ་ནི་དཀར་པོའོ། །རྟ་གསོད་པ་ནི་ཀ་ར་བི་རའོ། །ཉི་མའི་ལྗོན་ཤིང་ནི་ཨརྒའི་ཤིང་ངོ་། །པེ་ཆ་ག་པ་ནི་ཆ་ག་པ་དང་སྲོག་ཆགས་ 86-1-368b ཞེས་བྱ་བའི་དོན་ཏོ། །སྡིག་པ་ནི་སྦྲུལ་ལོ། །ཨ་ལྃ་ནི་རྔ་མའོ། །ཀ་ལཱ་པ་ནི་ཆའོ། །ཉིན་ཕྱེད་ཀྱི་འོ་མས་བྱུག་ཅིང་ཞེས་པ་ནི་ཡང་བསྒོས་པའོ། །བཱ་ན་རི་ནི་ཀཱ་པིའོ། །ཡུལ་ནི་ཀཙྪུ་ར་བརྗོད་དོ། །དེའི་བདག་ཉིད་ནི་ཐོད་ལོ་སྐོར་དང་སྤྲེའུ་དང་། ཁ་ཊི་ཀ་ཉིན་ཕྱེད་ཀྱི་འོ་མའི་ནང་དུ་ཉི་མ་བདུན་དུ་གཞག་པར་བྱའོ། །དེ་དག་དང་ཉིན་ཕྱེད་ཀྱི་འོ་མ་དག་དང་སྦྱར་བས་མགོ་བོའི་དབང་པོ་བྲི་བར་བྱའོ། །དུག་སྦྱིན་པར་འགྱུར་རོ་ཞེས་བྱ་བ་ནི་རེག་པ་ལ་སྐྱེད་པར་བྱེད་པའི་དོན་ཏོ། །མ་ལ་ཡ་ལས་ བྱུང་བ་ནི་ཙན་དན་ནོ། །ནཱ་ག་གི་སེར་ནི་ནླ་གའོ། །ནད་ཀྱི་དབང་པོ་ནི་རུ་རྟའོ། །མྱོས་བྱེད་ཀྱི་འབྲས་བུ་ནི་ཚེར་མའི་འབྲས་བུའོ། །ཛ་གུའི་ཡུལ་ནི་མྱོས་བྱེད་ཀྱི་སྤྲོ་བར་རྟོགས་པར་བྱའོ། །ཏ་ཀ་ར་ནི་དྲིའི་ཏ་ཀ་རའོ། །ལྡན་པ་ནི་སྦྱོར་བའོ། ། འབྲས་ཀྱི་ཆུ་ནི་ཀོ་ཤའོ། །ཇི་སྙེད་པའི་དུག་སྣ་ཚོགས་ནི་དུ་མའི་རྣམ་པའོ། །འཇིག་པར་བྱེད་དོ་ཞེས་བྱ་བ་ནི་ཟད་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེའི་ཉིན་པར་སྐྱེས་པ་ནི། དེའི་ཉིན་འབར་ཤི་བའོ་ཞེས་བྱ་བའི་དོན་ཏོ། །བྱིས་པ་ནི་བུ་ཆུང་ངོ་། །རོ་ཙ་ནི་ བཤང་བའོ། །ཏ་ག་ར་ནི་ཀླུའི་ཤིང་བུའོ། །སྙིང་པོའི་གནས་ནི་བཅུག་པར་བྱས་པའོ། །སྦལ་པ་ནི་སྙིང་པོ་ཅན་ནོ། །སྦྲུལ་མགོ་གཉིས་པ་ནི་ལྟོ་འཕྱེ་མགོ་གཉིས་པའོ། །ཁྲག་དང་ཚིལ་བུ་བསྐོལ་བ་ནི་སྣུམ་དུ་བརྗོད་དོ། །བ་རུ་རའི་ ཤིང་ནི་པེ་རི་འབྲས་བུའོ། །ལག་པ་ནི་ཕྱག་གོ། །དུག་གིས་ཟིན་པ་འཇིགས་པར་བྱེད་དོ། །ཞེས་བྱ་བ་ནི་ཟིན་པ་འཕྲོག་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །བ་གླང་གི་མར་ནི་བའི་མར་རོ། །རྡོ་རྗེ་ཅན་ནི་སྣུ་ཧིའི་འོ་མའོ། །བརྟྲི་ནི་རྨ་བྱའོ། ། ཁྲག་ནི་རྨ་སྐྱེས་སོ། །སྦྲུལ་མགོ་གཉིས་པའི་ཤ་ནི་ཤའོ། །བལ་ཀའི་རྩ་བ་ཆ་བདུན་པ་ནི་བདུན་གྱི་དུམ་བུའོ། །ཨོཾ་བཛྲ་ཀ་ར་ཧཱུྃ་ཕཊ། འབྱུང་པོ་འདུལ་བའི་སྒྲས་འབྱུང་པོ་མཐར་བྱེད་པ་ནི་འབྱུང་པོ་ཉིད་དུ་རབ་ཏུ་གྲགས་སོ། །ལག་པ་གཡས་པར་ བཏགས་ན་གདོན་ལས་ཐར་བར་བྱེད་དེ། གཞན་དུ་ནི་མ་ཡིན་ནོ། །ལྟོ་འཕྱེའི་དབང་པོ་ནི་སྦྲུལ་གྱི་རྒྱལ་པོའོ། །ཤུན་པ་ནི་བཤུས་པའོ། །ལྟོ་འཕྱེའི་དགྲ་ནི་རྨ་བྱ་སྟེ་དེའི་གཤོག་པའོ། །ཁྭ་གཉིས་ནི་ཁྭའོ། །ཉིན་མོ་འཇིགས་པ་ནི་འུག་པའོ། ། 86-1-369a རྟ་ནི་འགྲོ་མགྱོགས་སོ། །རྨིག་པ་ནི་རྐང་པའོ། །ཁུང་བུ་ནི་བུག་པའོ། །གཞོག་པ་ནི་བཅུག་པའོ། །སྦྲུལ་ནི་ལྟོ་འཕྱེའོ། །གནོད་སྦྱིན་ནི་ཁྱིའོ། །ཐོང་བ་ནི་རྨོད་བྱེད་དོ། །ཕག་ནི་ཕག་པའོ། །མགོ་སྐྱེས་ནི་ སྐྲའོ། །མགྲིན་རིངས་ནི་རྔ་མོའོ། །དམར་པོ་ནི་ཁྲག་གོ། །བྷལླ་ཏ་ཀ་ཉིད་དང་། སྟར་བུ་ནི་ཨམ་ལ་བེ་ལྟ་ཉིད་དོ། །ལག་སྐྱེས་ནི་སེན་མོའོ། །ཁ་སྦྱོར་གྱི་མེ་ནི་ཁ་སྦྱར་གྱི་འཚེད་པའོ། །བསྲེགས་པ་ནི་ཐལ་བར་བྱས་པའོ། ། ཨྃ་ཀོ་ཊ་ནི་ཀོ་ཊ་ནི་འ་ཤིང་ངོ་། །དྲི་ཞིམ་པ་ནི་བ་གླང་ངོ་། །ཨྃ་ཀོ་ཊའི་ས་བོན་བཏུས་པའི་མར་ཁུ་དེས་གྲུབ་པའི་མིག་སྨན་འོ་མ་དང་བསྲེས་པའི་མིག་སྨན་དེས་མིག་བྱུག་པར་བྱའོ། །རྒྱལ་ནི་སྐར་མ་རྒྱལ་ལོ། །ཨྃ་ཀོ་ཊའི་མར་ ཁུའི་རྩིགས་མ་དང་། ཏ་ཀ་རའི་འབྲས་བུ་དང་། ཨྃ་ཀོ་ཊའི་ས་བོན་གྱི་མར་ཁུ་དང་། གང་ཞིག་གཉིས་ཀའི་བརྩིགས་མ་དག་གིས་མིག་བྱུགས་ན་ལྷའི་གཟུགས་སུ་འགྱུར་རོ། །ཏ་ཀ་རའི་འབྲས་བུའི་མིག་སྨན་གྱིས་ བྱུགས་ན་སྔར་གྱིས་རང་བཞིན་དུ་འགྱུར་ཏེ། རང་གི་ངོ་བོ་ཉིད་ཅན་དུ་མཐོང་ངོ་། །རི་བོང་ཅན་གྱི་ཆུ་ནི་སེ་བ་ལའོ། །ཛ་ལུ་ཀ་ནི་བར་བ་ཉིད་དོ། །སྦལ་བའི་མར་ཁུ་ནི་སྙིང་པོ་ཅན་གྱི་མར་ཁུའོ། །བ་ཏཱ་ལའི་རྩ་བ་དང་ལྷན་ཅིག་གོ། ། དགེ་སྦྱོང་ནི་སྐྲ་བྲེག་པའོ། །ཟླ་བ་ལས་བྱུང་བ་ནི་སེ་བ་ལས་བྱང་བའོ། །དུ་ཎ་དུ་བྷ་ན་སྦྲུལ་གདོང་གཉིས་པའོ། །ཁྲག་ནི་གཟུགས་འཛིན་པའོ། །གོས་ཀྱི་ནང་དུ་གཞུག་པར་བྱས་ནས་ཁར་གཞུག་གོ། །སྱུ་ནཱ་ཀ་ཞེས་བྱ་ བའི་ཤིང་དང་། །མར་སར་ནི་མར་དཀར་ཉིད་དོ། །དམར་པོའི་བཙུག་ནི་གསེར་གྱི་བཙུག་གོ། །དྲི་ངན་པ་ཞེས་བྱ་བ་ནི་སྨན་ནོ། །མི་ན་ནི་ཉའོ། །སྲིན་བུ་ནི་ཤིང་གི་རྗེས་སུ་རྒྱུ་བའི་འབུ་སྲིན་ནོ། །ཀོ་ཀི་ལ་ནི་སྦྲང་བུའོ། །བུ་རམ་ནི་ གུ་ཌ་ཉིད་དོ། །ཨ་ར་ལ་ནི་སིངས་པོའོ། །སྐྱེ་བ་གཉིས་པ་ནི་བྲམ་ཟེའོ། །བྱི་ལ་ནི་རྟུག་པ་སྦེད་པའོ། །སྤྲེའུ་ནི་བཱ་ནཱ་རའོ། །རང་འཚེད་པ་ནི་གཡུང་པོའོ། །ཁྭའི་དགྲ་ནི་འུག་པའོ། །ན་གུ་ལེ་ནི་སྲེ་མོང་ཉིད་དོ། །ཙ་མ་ར་ནི་བྱི་ལའོ། །འདི་དག་གི་ 86-1-369b ཕྱེ་མའོ། །བ་གླང་ཚེ་ནི་ལྕེ་སྤྱོང་ངོ་། །མ་ལུང་ག་ནི་ས་བོན་གང་བའོ། །ཕུག་རོན་ནི་ཀ་བོ་ཏའོ། །ཟངས་ཀྱི་གཙུག་པུད་ཅན་ནི་ཁྱིམ་བྱའོ། །འདི་དག་གི་རྟུག་པ་བསྡུ་བར་བྱའོ། །སྐྲའི་ལས་ཀྱི་མཐའ་ཞེས་བྱ་བ་ནི་མགོ་རེག་གོ། ། པི་ཙུ་མརྡྷ་ནི་ནིམ་པའོ། །གཏོར་ཟན་ནི་ཁྭའོ། །སང་དགའ་བ་དང་བཅས་མ་དཀར་མོ་ནི་ཁྱི་མོ་དཀར་མོའོ། །ནུས་པ་ནི་དབྱར་བའོ། །མདའི་རྨ་ནི་སྦྲང་བུའོ། །བསྣུན་པ་ནི་བརྡུངས་པའོ། །རང་གི་ས་བོན་ནི་བདག་གི་རྫས་སོ། །རྒྱལ་ནི་སྐར་ མ་རྒྱལ་ལོ། །སྐྱེས་མ་ནི་བུད་མེད་དོ། །སྐལ་བ་ངན་པ་གཟུང་བ་ནི་བླངས་པའོ། །སྐྱེས་པའི་ཤིང་ནི་ཨ་མྲ་ལ་སོགས་པའོ། །ཤིང་གི་ཡལ་ག་ནི་མདབ་མའོ། །པི་ལུ་ནི་གླང་པོའོ། །སྟེང་དུ་འདྲེན་པ་ནི་ལག་པས་འཛིན་པའོ། ། སྐྱེས་བུའའི་མྱེས་བྱེད་ནི་རྫས་སོ། །ཀྲཱན་ཏ་ནི་ཁྱབ་འཇུག་གནོན་པའོ། །སྲ་བན་ཏི་ནི་ངུ་བའོ། །ཨ་བ་ན་ཏ་ཛ་ཏི་ཀཱ་ནི་ཐལ་མོ་སྦྱར་བའོ། །ཤི་ཁ་ནི་རྨ་བྱའི་གཙུག་ཕུད་དོ། །མཁའ་འགྲོའི་བདག་པོ་ནི་ནམ་མཁའ་ལྡིང་གི་ བདག་པོའོ། །ལྷའི་བདག་པོ་སྦས་པ་ནི་དབང་པོ་དང་སྦས་པའོ། །བ་བླ་ནི་མན་ཤི་ལའོ། །ལྡོང་རོས་ནི་ལྡོང་རོས་ལྗང་གུའོ། །ཨུ་གྲཱ་ནི་བ་ཙཱའོ། །བཅད་ནས་སྐྱེས་པ་ནི་དུར་བའོ། །བཀྲ་ཤིས་ནི་རོ་ཙ་ནའོ། །བྃ་ས་ཞེས་ བྱ་བ་ནི་ལྟེ་བ་མངོན་པར་སར་པའོ། །དབང་པོའི་ནས་ནི་ཀུ་ཏ་ཛའི་ས་བོན་ཏེ། ལ་ལ་དག་གི་ཀུ་ཏ་ཛའི་ས་བོན་ནོ། །དཔལ་ཐམས་ཅད་ནི་མཛེས་པ་དང་ལྡན་པའོ། །ཨ་རུ་ཎཱ་ནི་ཙན་དན་དམར་པོའོ། །དྲང་སྲོང་གི་བུ་ ནི་ནམ་མཁའ་ལ་འགྲོ་བ་དང་། ནམ་མཁའ་བསྐྱེད་པའོ། །རིའི་སྙིང་པོ་ནི་གཞན་གྱིས་མི་ཐུབ་པའོ། །སྲོ་ད་ནི་རྣ་བའི་མིག་སྨན་ནོ། །རི་བོང་གིས་མཚན་པའི་ཚེར་མ་ནི་སེ་བ་ལའི་ཚེར་མའོ། །སྦྲང་རྩི་ནི་སྦྲང་མའིའོ། ། སྦྲང་རྩི་ནི་ཡ་ཥྚིའི་སྦྲང་རྩིའོ། །དང་པོའི་མེ་ཏོག་ནི་དང་པོའི་ཟླ་མཚན་གྱི་ཁྲག་གོ། །ལྕགས་གསུམ་ཞེས་བྱ་བ་ནི་གསེར་དང་དངུལ་དང་ཟངས་སོ། །སྔོན་པོ་གཉིས་ཀྱིས་ཉེ་བར་མཚོན་ཅིང་སྦྱར་བའི་ཨ་ཤོ་ཀའི་ཤིང་ནི་ཨ་ཤོ་ 86-1-370a ཀ་སྔོན་པོའོ། །དེ་ལས་བྱུང་བའི་མྱུ་གུ་ནི་ཨ་ཤོ་ཀ་སྔོན་པོ་ལས་བྱུང་བའི་མྱུ་གུའོ། །ཉི་མ་ནི་ཟངས་ཏེ་ཤིན་དུ་དམར་བའོ། །ཟླ་བ་ནི་དངུལ་ལོ། །མེ་ནི་གསེར་རོ། །བ་གླང་གི་གི་ཝང་ནི་བ་གླང་གི་ གི་ཝང་ངོ་། །ཨེང་གུ་དེའི་ཤིང་གི་མེ་ཏོག་ནི་ཨིང་གུ་དིའི་ལྗོན་ཤིང་གི་ཀུ་སུ་སྟེ། ལྗོན་ཤིང་གི་མེ་ཏོག་ཀུན་བསྡུས་པའོ། །འགགས་པ་ནི་སྐྱེས་པ་ཤི་བ་སྟེ། དེའི་མིག་དང་སྤུ་རྣམས་སོ། །ཁྭ་གཉིས་པའི་ཟོས་ པ་དང་ལྡན་པ་ནི་ཁྭས་ཟོས་པ་སྐྱུགས་པ་དང་ལྷག་མ་མ་ཟོས་པའོ། །ཕའི་སྐྱེད་མོས་ཚལ་ནི་དུར་ཁྲོད་དོ། །དེར་མཉེས་པ་ནི་ཟླ་མཚན་གྱིས་མྱོས་པའི་བུ་མོའི་རྫས་བླངས་པའོ། །ཨ་ཤོ་ཀ་ཡང་ཡིན་པ་སྔོན་པོ་ཡང་ཡིན་པ་དེ་ནི་ ཨ་ཤོ་ཀ་སྔོན་པོའོ། །དེའི་བྱང་ཕྱོགས་ཀྱི་ཁྭའི་ཚང་ནི་ཁྭའི་གནས་སོ། །དེ་ལས་གང་ཞིག་བྱུང་བའི་མྱུ་གུ་དེ་ནི་ཨ་ཤོ་ཀ་སྔོན་པོ། བྱང་ཕྱོགས་ཀྱི་ཁྭའི་ཚང་གི་མྱུ་གུའོ། །ཕུག་རོན་གྱི་ཁོང་པར་སྲོ་ཏ་ཨཉྫ་ན་བཅུག་ལ། འོན་ཀྱང་ཙི་ཏའི་མེས་བསྲེག་པར་བྱ་སྟེ། དེ་ནས་མིག་སྨན་འགྲུབ་པར་འགྱུར་རོ། །བྱི་ལ་དཀར་པོ་མ་ཡིན་པས་བསད་པ་ནི་བྱི་ལ་ནག་པོའི་ཁྲག་གིས་མི་སྣང་བར་བྱས་ཏེ་སྦེད་པ་སྐྱེད་པར་བྱེད་པའོ། །ཏྲི་ནའི་མྱུ་གུ་སར་ པོའི་ཚོགས་དེ་རྣམས་ནི་ཏྲི་ནའི་མྱུ་གུ་སར་པའི་ཚོགས་རྣམས་སོ། །དས་བཏག་པའི་ས་ནི་ཏྲི་ནའི་མྱུ་གུ་སེར་པོའི་ཚོགས་ཀྱིས་བཏེག་པའི་སའོ། །དེའི་སྟེང་དུ་གནས་པའི་ས་དང་མདའི་རྨ་དང་། ཏ་ལ་དང་ལྡན་ པའོ། །མདའི་རྨ་ནི་སྦྲང་བུའོ། །ཏ་ལ་ནི་ལྡོང་རོས་སོ། །དེ་དག་དང་ཡང་དག་པར་ལྡན་པ་ནི་བཅས་པ་སྟེ། སར་གྷ་དང་། ཏ་ལ་དང་ལྡན་པའོ། །རྒྱལ་ལ་ཞེས་པ་ནི་རྒྱལ་གྱི་ཉི་མ་ལའོ། །མིག་སྨན་ནི་གོང་དུ་གསུངས་ པའོ། །གང་ཞིག་སྔགས་དང་སྨན་གྱི་སྦྱོར་བས་ལེགས་པར་བྱས་ན་དེའི་སྦྱོར་བས་འགྲུབ་པར་འགྱུར་རོ། །འདི་དག་ནི་རྣལ་འབྱོར་གྱི་རྒྱུད་ལས་འོངས་པ་སྟེ། དེ་ནས་བྷ་ག་དབུས་བུ་བསྒྲུབ་པར་བྱའོ་ཞེས་གསུངས་སོ། ། 86-1-370b དང་པོར་ཕྱག་རྒྱ་བྱིན་གྱིས་བརླབས་ནས། ཕྱི་ནས་མིག་སྨན་གྱི། བསྒྲུབ་པ་བཅུག་ཅིང་སྦྱོར་བས་ཇི་སྲིད་དངོས་གྲུབ་ཀྱི་མཚན་མ་མ་སྐྱེས་ཀྱི་བར་དུ་བསྒོམ་པར་བྱའོ། །གང་ཞིག་སྔགས་ཀྱི་སྒྲུབ་པ་དང་བྲལ་བའི་མིག་སྨན་ འདི་འབའ་ཞིག་གིས་ཞི་བའི་ལས་ལ་སོགས་པའང་བྱེད་དོ་ཞེས་གསུངས་སོ། །མིག་མིག་སྨན་གྱིས་བྱུགས་ནས་ཞི་བ་ལ་སོགས་པའི། ལྟ་བས་བལྟས་ན་ཞི་བ་ལ་སོགས་པར་འགྱུར་རོ། །མིག་མིག་སྨན་གྱིས་ བྱུགས་ནས་རྒྱལ་པོ་ལ་བལྟས་ན་རྒྱལ་པོའི་མཆོད་པ་རྙེད་པར་འགྱུར་རོ། །མིག་མིག་སྨན་གྱིས་བྱུགས་ནས་ཁྲོ་བོའི་ལྟ་བས་དགྲ་ལ་བལྟས་ན་དགྲ་ཟ་བར་འགྱུར་རོ། །དེ་བཞིན་དུ་བགེགས་ཐམས་ཅད་ལ་ངེས་པར་བལྟས་ ན་གདོན་ལ་སོགས་པའི་བགེགས་ཐམས་ཅད་ཡང་དག་པར་སྐྲོད་པར་བྱེད་དོ། །འཆད་པར་འགྱུར་བའི་སྔགས་ཀྱིས་མངོན་པར་བསྔག་ཅིང་བཟླ་བར་བྱའོ་ཞེས་གསུངས་པའོ། །བུད་མེད་ཀྱི་བྷ་གར་གུར་གུམ་བཅུག་ ནས་ཕྱི་ནས་རང་གི་སྒྲུབ་པ་གཞུག་པར་བྱ་ཞིང་མཉམ་པར་སྦྱོར་བས་སྔགས་བཟླས་ཏེ་ཁྱད་པར་དུ་ཡང་བསྒྲུབ་པར་བྱའོ། །དེའི་སྔགས་བརྗོད་པ་བཀའ་སྩལ་པ། ཨོཾ་པྲ་མནྣ་ཏ་རེ་ཨ་མྲྀ་ཏ་མུ་ཁྃ། ཨ་མྲྀ་ཏ་ལོ་ཙ་ནེ། སརྦྦཱ་ཨརྠ་སཱ་དྷ་ནི། སརྦྦ་ས་ཏྭཱ། བ་ཤྃ་ཀ་ར་ཧཱུྃ་ཕཊ་ཧཱུྃ་སྭཱ་ཧཱ། ཨོཾ་ཏྲྀ་མུ་ཥེ་ཌྦྷཱུ་ཛེ་དེ་བི་མཱ་མ་ཀི་རཽ་དྲ་རཱུ་པི་ནི་ཧྲིཾ་ཧྲིཾ་ཧཱུྃ་ཧཱུྃ་ཨྃ་ཨྃ་ཧ་ཧ་སྭཱ་ཧཱ། སྔོན་གྱི་བསྙེན་པ་འབུམ་ཕྲག་གཅིག་བཟླས་ནས། ཕྱི་ནས་མིག་ སྨན་དང་གུར་ཀུམ་ཡང་བསྒྲུབ་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །གུར་གུམ་དེས་དཔྲལ་བར་ཐིག་ལེ་བྱའོ་ཞེས་གསུངས་སོ། །བུད་མེད་སྐལ་བ་བཟང་པོར་བྱེད་པ་བཀའ་སྩལ་པ། བྷ་ག་ཙན་དན་གྱིས་བྱུགས་པའི་སྟེང་དུ་བ་གླང་ གི་འགི་ཝང་གིས་བྲུྃ་བྲིས་ནས། བདག་པོ་དང་ལྷན་ཅིག་སྦྱོར་བས་ཇི་སྲིད་མྱོས་བྱེད་མ་འོངས་ཀྱི་བར་དུའོ། །དེ་ནས་བདག་པོ་དེ་བྲན་བཞིན་དུ་འགྱུར་རོ། །ནྲི་པ་ནི་བུང་བའི་རྒྱལ་པོའོ། །ཙི་ཊི་ནི་འདབ་མ་སྟོང་པའོ། །མཚན་མོ་ནི་ཡུང་བའོ། ། 86-1-371a བ་ཀུ་ཙི་ནི་ཨ་བ་གུ་ཙའོ། །ཨུཏ་པ་ལའི་སྙིང་པོ་ནི་ཨུཏ་པ་ལ་ཁ་མ་ཕྱེ་བའོ། །ལྕགས་ཀྱི་དྲི་མ་ནི་ལྕགས་ཀྱི་བཤང་བའོ། །དྲི་ལ་སོགས་པ་ནི་གུ་གུལ་དང་སརྫ་ར་སའོ། །ཁྲག་སེལ་བ་ནི་ལས་ཀྱི་ཁ་ དོག་གོ། །གསེར་གྱི་ཤིང་ནི་གསེར་གྱི་ལྗོན་ཤིང་ངོ་། །ཌི་ཌྷ་བྲ་རོ་ཧ་ནི་བཱ་ལཱའོ། །སིནྷུ་བ་ར་ནི་ནིར་གུན་ཊའོ། །ཤྱ་མ་ནི་པྲི་ཡྃ་ཀུའོ། །ཀེ་ཤ་རི་ནི་ནཱ་ག་གེ་སར་རོ། །རིག་པ་འཛིན་པ་ནི་ཙམ་པ་ཀའོ། །ནཱ་ག་ནི་པུ་ན་ ན་གའོ། །འཁོར་ལོ་འཐག་པ་ནི་ཨེ་ཌ་ཙིའོ། །མཚན་མཆོག་སྤྱོད་པ་ནི་ཡུང་བའོ། །ཤི་ཁི་ནི་རྨ་བྱའི་གཙུག་པུད་དོ། །པྲ་བ་ན་ནི་བལླ་ཀའོ། །འབྱུང་པོའི་དགྲ་བོ་ནི་ནིར་གུན་ཏིའོ། །བ་ར་ཧྲི་ད་ནི་བལླ་བྷི་དང་རྐུན་མའི་ མེ་རྟོག་ཏུ་བརྗོད་དོ། །ཀ་རན་ལ་ནི་ཀ་རཉྫའོ། །མན་ཛ་རི་ནི་འདུལ་བར་བྱེད་པའོ། །གསེར་གྱི་ཤིང་གི་ཤུན་པ་ནི་ལྤགས་པའོ། །གྷ་ན་ནི་མུསྟ་ཀའོ། །མཚན་མོའི་ཤིང་ནི་སྐྱེད་པའི་ཤིང་ངོ་། །ནད་ཀྱི་དབང་པོ་ནི་ཀུནྡའོ། ། སྲིད་པའི་རྡུལ་ནི་ཁྱིམ་གྱི་མེ་ཏོག་གོ། །རྐུན་མ་ནི་རྒན་པོ་གཞོན་པར་བྱེད་པའོ། །ཀེཾ་སུ་ནི་དེའི་ཡོངས་སུ་སྨིན་པའི་འབྲས་བུའོ། །དཀྱིལ་འཁོར་ལ་སོགས་པའི་བསྒྲུབ་པ་དང་རབ་ཏུ་ལྡན་པ་ལ་ལྷའི་བུའི་བདུད་ལ་ སོགས་པ་ཁ་ཅིག་འབྱུང་བ་ཚར་གཅད་པའི་ཕྱིར། མཚོན་ཆ་ཀུན་གྱི་ཕྱག་རྒྱ་ཆེ། །འཕྲུལ་འཁོར་འཕངས་དང་མ་འཕངས་དང་། །དེ་བཞིན་ལག་པས་འཕངས་པ་ཉིད། །འཕངས་པ་འཛིན་པར་བཅས་པ་དང་། །ལག་པའི་ འཐབ་མོ་ལྔ་པ་ཉིད། །གཞུ་ཡི་རིག་བྱེད་རང་གྱུར་བས། །ཕྱག་རྒྱ་རབ་ཏུ་གནས་པར་བྱ། །དེ་ལ་སྦྱོར་འཕངས་མདའ་ལ་སོགས། །མ་འཕངས་པ་ནི་རལ་གྲི་སོགས། །ལག་པས་གྲོལ་བ་འཁོར་ལོ་སོགས། །འགྲོ་བ་འཛིན་ བཅས་ཞགས་པ་སོགས། །མཚོན་ཆ་ཐམས་ཅད་ཡོངས་སྤངས་ནས། །ལག་པའི་འཐབ་མོས་དགྲ་འདུལ་སོགས། །དེ་བཞིན་བཅིང་བ་ཡང་དག་ལྡན། །དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡིས། །མཚོན་ཆའི་མཆོག་ནི་ 86-1-371b སྣ་ཚོགས་པའི། །གནས་དག་དབྱིབས་ནི་རབ་བཤད་བྱ། །རྣལ་འབྱོར་སྒྲུབ་ཐབས་ཤིན་དུ་མཛེས། །སྦྱོར་དང་མྱུར་བར་གསོར་བ་དང་། །དགུག་པ་དང་ནི་འཛིན་པ་ཉིད། །གསལ་བ་རུ་ནི་གཏོང་བ་སྟེ། །ས་ལ་མཉམ་སྟབས་ཕྱག་ རྒྱས་གདབ། །བཻ་ཤ་ཁ་སར་ཕྱག་རྒྱས་གདབ། །དཀྱིལ་འཁོར་དེ་ཉིད་ཕྱག་རྒྱས་གདབ། །གནས་ནི་གསུམ་དུ་གཡས་བརྐྱང་བས། །དབྱིབས་ཀྱི་ཕྱག་རྒྱ་བཀའ་སྩལ་པ། །མཐེ་བོ་དང་ནི་སོར་མོ་རྣམས། །ལོང་བུའི་ནང་དུ་སྦྱར་བ་ ཡིན། །གང་ཞིག་བརྟན་པར་སྦྱར་བ་ནི། །མཉམ་པའི་རྐང་སྟབས་གནས་སུ་གསུངས། །རྐང་པའི་སོར་མོ་ཕྱིར་གཞག་ནས། །པུས་མོ་གཉིས་ནི་བསྲང་སྟེ་གཡོ། །སོར་མོ་ཉི་ཤུ་རྩ་དྲུག་ཆད། །གནས་ནི་བཻ་ཤ་ཁ་རུ་བརྗོད། ། ངང་པའི་གཤོགས་པའི་དབྱིབས་སུ་ནི། །པུས་མོ་གཉིས་ནི་མཉམ་སྦྱར་བ། །ཕར་དུ་ཡང་ནི་ཁྲུ་གཉིས་ཉིད། །དེ་ནི་དཀྱིལ་འཁོར་རྐང་སྟབས་གསུངས། །གང་ཡང་གཤོལ་གྱི་དབྱིབས་མཉམ་པར། །པུས་མོ་བརླའི་ གཡས་བསྲུངས་ན། །གཡོན་ནི་བྱོལ་སོང་འགྲོ་བ་ཡིན། །འཁྱུད་ནས་བརླ་དང་རྗེ་ངར་གནས། །མཐོ་ལྔ་རྣམ་པར་རྒྱས་པ་ནི། །གཡས་བརྐྱང་བར་ནི་དེ་རབ་གྲགས། །དེ་ཉིད་རྣམ་པར་བཟློག་པ་ནི། །དེ་ནི་གཡོན་ བརྐྱང་བ་རུ་བརྗོད། །ལྷོད་མིན་བ་དང་མཁྲང་བ་ཉིད། །མཉེན་ཞིང་ཡན་ལག་བརྟན་པ་ཉིད། །གང་ལས་སྐྱེ་མཆེད་རྣམ་པར་དག །རང་གི་སྐུ་ཡི་ཕྱག་རྒྱ་མཛེས། །རིམས་ཀྱི་ནད་དང་དུག་གི་ནད། །མཁའ་འགྲོའི་འཚེ་བ་ གདོན་དག་ནི། །འདིས་ནི་ཡན་ལག་ཀུན་བརྒྱན་པ། །ཐམས་ཅད་དུ་ནི་ཟིལ་གྱིས་གནོན། །གང་བའི་སྐྱེ་མཆེད་ཀྱི་ཕྱག་རྒྱའོ། །རང་སྙིང་འགུགས་པའི་རྣལ་འབྱོར་གྱིས། །ཤིན་དུ་མཛེས་པས་གཞུ་ཉིད་གཟུང་། ། གཡས་སུ་རབ་ཏུ་བསྒྱུར་བ་དང་། །མདའ་ནི་བཅུག་ན་འགྲུབ་པར་འགྱུར། །སྔོན་དུ་ལག་པ་མཉམ་བྱས་ནས། །རྒྱབ་ཏུ་བཀུགས་ནས་རིམ་པར་ནི། །གང་ཞིག་དལ་གྱིས་དགུག་བྱ་ཞིང་། །འགྲོ་བ་ཐམས་ཅད་ 86-1-372a དགུག་པར་བྱ། །ཐམས་ཅད་དགུག་པའི་ཕྱག་རྒྱའོ། །རྣ་བའི་སྐྱེ་མཆེད་དཀྱིལ་འཁོར་དུ། །བཅུག་ནས་རིམ་པ་ཇི་ལྟ་བར། །ཨོཾ་ནི་ཇི་སྲིད་རང་གི་ཁར། །ཇི་སྲིད་དུ་ན་འཛིན་པའོ། །དུས་སུ་ཨོཾ་ནི་ཟློས་གྱུར་པ། ། དེ་སྲིད་དུས་སུ་གཟུང་བར་བྱ། །འཛིན་པ་ཡི་ནི་ཕྱག་རྒྱའོ། །རིམ་པ་ཇི་ལྟར་མཉམ་བཀུག་ནས། །ཆོ་ག་ཇི་བཞིན་གཟུང་བར་བྱ། །དེ་ལ་ཅུང་ཟད་དྲང་བྱ་ཞིང་། །ཡོངས་སུ་བཀང་ན་འགྲུབ་པར་འགྱུར། །དགང་བའི་ཕྱག་རྒྱའོ། ། འཛུམ་ཞིང་མིག་གིས་ལྟ་བ་དང་། །འབེན་ལ་ཁུ་ཚུར་དགབ་པར་བྱ། །ལྟ་སྟངས་ཁུ་ཚུར་བཅུག་ནས་ནི། །རབ་ཏུ་བཏང་ནས་མཆོག་འགྲུབ་འགྱུར། །གཞུ་ཡིས་རྣམ་པར་རྒྱལ་བའི་ཕྱག་རྒྱའོ། །གྲུ་བཞི་རྣོན་པོ་ཟླུམ་པོ་དང་། ། དེ་བཞིན་མཆོག་ཏུ་བསྐོར་བ་ཉིད། །གང་དུ་གཡས་ནས་བསྐོར་བྱ་ཞིང་། །དེ་བཞིན་འོག་དང་སྟེང་དུ་འགྲོ། །རིམ་པས་མནན་ཅིང་དྲག་མནན་པས། །ཆོ་ག་བཅུས་མཆོག་ཕྱག་རྒྱ་ཡིས། །ཁམས་གསུམ་རྒྱལ་པོ་ཆེན་པོ་ དང་། །རྒྱལ་བའི་བདེ་བ་ཉེ་བར་སྤྱོད། །དཔལ་ལྡན་འཇིག་རྟེན་གསུམ་རྒྱལ་ནི། །ཕྱག་རྒྱ་བཅུག་ཅིང་མཉམ་བཅུག་དང་། །དེ་བཞིན་ཀློག་ལྟར་བཅུག་པ་ཉིད། །ཕྱག་རྒྱ་བཀུག་པའི་ཏིང་འཛིན་གྱིས། །དེ་བཞིན་ཀློག་ལྟར་བསྐོར་བ་ཉིད། ། འོག་ཏུ་མཉམ་པ་དེ་བཞིན་དུ། །སྟེང་གི་ཕྱོགས་སུ་འགྲོ་བ་ཉིད། །དེ་བཞིན་གཤེགས་འཛིན་ཕྱག་རྒྱ་ནི། །གནས་གསུམ་དག་ཏུ་བསྒོམ་པར་བྱ། །རྒྱན་ཐམས་ཅད་ཀྱི་ཕྱག་རྒྱའོ། །ཀུན་དུ་ཀུན་ནས་ཐམས་ཅད་དང་། ། རྣམ་ཀུན་དུས་ཀུན་རང་གི་ནི། །གཞུ་ཡི་རིག་བྱེད་ཕྱག་རྒྱ་འཛིན། །ཡི་གེ་མཆོག་ནི་འགྲུབ་པར་འགྱུར། །མཚོན་ཆ་ཐམས་ཅད་ཀྱི་ཕྱག་རྒྱའོ། །སངས་རྒྱས་རྡོ་རྗེ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དེ། སྤྱན་གྱི་གཟུགས་སུ་ གྱུར་པ་དང་། རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་དང་ལྡན་པས་སྔགས་ཀྱི་ཡི་གེ་ལས་སྤྱན་ཕྱུང་སྟེ། ཟླ་བ་གང་བ་དང་བུམ་པའི་ལག་པ་མའི་མ་མོ་འདོད་པར་བྱ་བ་དང་། དབང་བསྐུར་བར་བསམས་ན་ཞི་བ་སྐྱེ་བར་བྱེད་པ་ཡིན་ཏེ། 86-1-372b ཤི་བ་རྣམས་ལ་སྲོག་སྦྱིན་པར་བྱེད་ཅིང་གྲུབ་པ་འདོད་པ་ལ་དངོས་གྲུབ་སྦྱིན་པར་བྱེད་དོ། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེའི་དམ་ཚིག་ལ་སྐུལ་བར་བྱེད་པ་ནི་རྡོ་རྗེའི་དམ་ཚིག་སྐུལ་བར་བྱེད་པའོ། །ཐུགས་ཀྱི་རྡོ་རྗེའི་སྐུ་གསུམ་ འབར་བའི་མཆོག་གི་དམ་ཚིག་ནི་མཱ་མ་ཀཱིའི་མཚན་ཉིད་དེ། གང་དུ་ཏིང་ངེ་འཛིན་ལ་དེ་ནི་དེ་བཞིན་དུ་བརྗོད་དོ། །རྡོ་རྗེའི་རིགས་ཀྱི་སྔགས་ཀྱི་ཡི་གེ་དཀར་པོ་ཕྱུང་ནས། དེའི་ཚེ་བསྒྲུབ་བྱའི་ལུས་ལ་གང་བར་བསྒོམ་པ་བྱས་ ན་སྡིག་པ་འཇིག་པར་བྱེད་པ་ཡིན་ནོ། །ཞི་བ་ལ་མ་མོ་སྤྱན་དང་ལྡན་པ་ལྟ་བུར་བྱ་བ་དང་། རྒྱས་པ་ལ་ནི་རིན་པོ་ཆེའི་བུམ་པ་ནས་རིན་པོ་ཆེའི་ཆར་པ་འབྱིན་པར་བསམ་པར་བྱའོ། །འདོད་ཆགས་ཆེན་པོ་ལ་འོད་དཔག་ཏུ་ མེད་པ་གང་གི་པད་མས་གཙེས་པ་དེའི་གར་གྱིས་ཕྱེ་བ་སྟེ། དེ་ལྟར་གྱུར་པའི་ཀུན་བྱེད་པ་ནི་རིགས་ཀུན་གྱི་བདག་ཉིད་ཅན་ནོ། །གང་གི་ཀུན་བྱེད་པ་ནི་ཐམས་ཅད་བྱེད་པའོ། །འདིས་ནི་བྱས་པའི་དེའི་དམིགས་པས་ ཏིང་ངེ་འཛིན་ལ་རྡོ་རྗེ་དམིགས་པར་དེ་བཞིན་དུ་བརྗོད་དོ། །རྡོ་རྗེ་ནི་རྣམ་པར་སྣང་མཛད་དོ། །པད་མ་ནི་འོད་དཔག་ཏུ་མེད་པ་མེད་པ་སྟེ། སྔགས་ཀྱི་ཡི་གེ་གསེར་གྱི་ཁ་དོག་ལྟ་བུ་ཕྱུང་ནས་སྒྲུབ་པ་པོ་ལ་མངོན་པར་ དབང་བསྐུར་བར་བྱེད་ན་རྒྱས་པ་ཆེན་པོ་སྐྱེད་པར་བྱེད་དོ། །དེ་རྣམས་ཀྱི་སྤྲོ་བ་དང་བསྡུ་བར་བྱེད་པ་དག་སྒོམ་པར་བྱེད་ན་ཆོས་ཀྱི་མཛོད་འཕེལ་བར་བྱེད་དོ། །རང་གི་སྙིང་གའི་པད་མའི་སྙིང་པོར་ནང་དུ་གནས་པས་བསྒྲུབ་བྱ་ སྔགས་ཀྱི་ཡི་གེའི་ཕྲེང་བས་བྱིན་གྱིས་བརླབས་ཏེ། སྣ་ཚོགས་རྡོ་རྗེ་སྤྱི་བོར་བྱས་ནས་ཇི་ལྟ་བ་བཞིན་དུ་སྙོམས་པར་འཇུག་པར་བྱེད་ན། བསྲུང་བ་ཆེན་པོ་བྱེད་པར་འགྱུར་རོ། །ཐམས་ཅད་དབང་དུ་གྱུར་པས་རྣམ་པར་རྟོག་ པ་མེད་པ་དང་། དབང་དུ་གྱུར་པ་ལ་སོགས་དེ་རྣམས་རྟོགས་པར་བྱེད་པ་དང་། སྐྱེད་པར་བྱེད་པ་དེ་ནི་དོན་ཡོད་རྡོ་རྗེ་ཅན་ཏེ། དེ་ཉིད་རྡོ་རྗེ་གསུང་མཉམ་པ་ཉིད་ཀྱིས་དགའ་བར་བྱེད་པའོ། །རྡོ་རྗེ་ནི་མི་ཕྱེད་པ་སྟེ། གང་དུ་ཏིང་ངེ་འཛིན་དེ་ལ་ 86-1-373a སྙོམས་པར་ཞུགས་པས་སྔགས་ཀྱི་ཡི་གེ་དམར་པོ་ཕྱུང་སྟེ། དེ་བསྒྲུབ་པར་བྱ་བ་དག་པར་བྱ་ཞིང་བཟླས་པ་བྱས་ན་མངག་གཞུག་པར་བྱེད་དོ། །ཡེ་ཤེས་ཀྱིས་ཀུན་སྒྲོལ་བས་སྒྲོལ་མ་ཞེས་བྱ་བ་ནི་ཡེ་ཤེས་ འཇུག་པར་བྱད་མ་ཅན་ནོ། །དེའི་ཚེ་དམིགས་པའི་ཕྱིར་དེ་དེ་བཞིན་དུ་གསུངས་སོ། །ཡེ་ཤེས་སྣ་ཚོགས་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྣ་ཚོགས་ཏེ། རྡོ་རྗེ་གཤིན་རྗེ་མཐར་བྱེད་ལ་སོགས་པའི་ཁྲོ་བོ་རྣམས་དེ་དག་ ཉིད་ཀྱིས་གདུག་པ་རྣམས་འདུལ་བའི་དོན་དུ་སྟེ། དེ་རྣམས་ནི་གུར་ཉིད་དོ། །མཛེས་པ་ནི་ཡན་ལག་དང་ཉིང་ལག་དམན་པ་མ་ཡིན་པའོ། །སྲུབས་མེད་པ་ནི་དུམ་བུ་གཅིག་པའོ། །སྲུབས་གཉིས་པ་ནི་དུམ་བུ་གཉིས་པ་སྟེ། འདི་དག་ཉིད་ཀྱི་སྐབས་ཡིན་པའི་ཕྱིར་རོ། །རྐང་པའི་རྗེས་ཀྱི་ས་རྡུལ་གྱི་ཆོ་ག་ཞེས་བྱ་བ་ནི་དེ་བརྗོད་པ་ཡིན་ཏེ། གཤིན་རྗེ་མཐར་བྱེད་ཀྱི་རྣལ་འབྱོར་པ་ལྷ་མོ་བཞིའི་རྣལ་འབྱོར་དང་ལྡན་ཞིང་། དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་ བརླབས་པས་བསྒྲུབ་པར་བྱ་བའི་རྐང་རྗེས་ཀྱི་རྡུལ་གྱིས་དེའི་གཟུགས་བརྙན་བྱས་ནས་ཐོད་པའི་ནང་དུ་གཞུག་པར་བྱ་སྟེ། དེ་ཉིད་ལ་གཞུག་པ་དང་བཅིང་བ་བྱས་ནས་རྐང་པ་གཡོན་པས་ད་མནན་ཏེ། ཇི་སྲིད་ཁུགས་པར་གྱུར་ པ་དེ་སྲིད་དུ་བསྐུལ་བ་དང་བཅས་པར་བཟླ་བར་བྱའོ། །སྐུ་གསུམ་མི་ཕྱེད་བསྒོམ་པ་ཡིས་ཞེས་བྱ་བས་ནི་རང་གི་ལྷའི་ང་རྒྱལ་བརྟན་པར་བསྒོམ་པས་སོ། །གཏི་མུག་ཆེན་པོའི་མཆོག་ནི་དོན་ཡོད་རྡོ་རྗེ་ཅན་ཏེ། དེའི་ཡེ་ཤེས་ ནི་རྡོ་རྗེ་རྩེ་མོ་ལས་སྐྱེས་པའི་བྱང་ཆུབ་ཀྱི་སེམས་ཏེ། དེའི་ཕྱིར་རྡོ་རྗེ་བདུད་རྩིའི་ཁྲོ་བོ་ནི་གང་དུ་ཏིང་ངེ་འཛིན་ལ་དེ་དེ་བཞིན་དུ་བརྗོད་དོ། །ཚོགས་ཀྱི་བདག་པོའི་རྐང་པར་བཅུག་པ་ཞེས་བྱ་བ་ནི་བདུད་རྩི་ཐལ་སྦྱོར་གྱི་རྣལ་འབྱོར་དང་ ལྡན་པས་བསྒྲུབ་པར་བྱ་བའི་རྐང་རྗེས་ཀྱི་རྡུལ་ལ་དེའི་གཟུགས་བརྙན་བོང་བུའི་གཅིན་གྱིས་བྱས་ནས་མི་དགེ་བའི་ཕྱག་རྒྱས་བྱས་ནས་རླུང་གི་དཀྱིལ་འཁོར་གྱི་འདབ་མ་ལས་སཱ་ལུ་བཏགས་པར་བྱས་པ་དང་། དུར་ཁྲོད་ཀྱི་སོལ་ 86-1-373b བས་བསྒྲུབ་བྱའི་མིང་ཁྲོ་བའི་ནང་དུ་ཆུད་པར་མངོན་པར་བྲིས་ཤིང་། གཟུགས་བརྙན་ལྔ་རྒྱབ་ཏུ་གཞག་ནས་རྡོ་རྗེ་ལོག་པར་འདྲེན་པ་བཀུག་ནས་མཆོད་དེ། དེའི་རྐང་པ་དག་ཏུ་གཞུག་པར་བྱའོ། །དེ་བྱའོ་ཞེས་བྱ་བ་ནི་དེ་སྲིད་དུ་ སྔགས་ཀྱི་མཐར་ཧཱུྃ་བརྗོད་པར་བྱའོ། །གང་གི་ཚེ་རླུང་གིས་བར་ཆད་དུ་གྱུར་པ་དེའི་ཚེ་གོང་དུ་གསུངས་པའི་རིམ་པས་སྟོང་པ་ཉིད། དམིགས་ནས་བདག་ཉིད་དཔལ་རྣམ་པར་སྣང་མཛད་ཀྱི་གཟུགས་སུ་བསྐྱེད་པ་བཀའ་ སྩལ་པ། རླུང་གིས་ཕྱོགས་སུ་དྲི་ནག་པོས་དཀྱིལ་འཁོར་གྲུ་བཞི་པར་ཐིག་ལེ་བདུན། ཡ་ཡིག་སོ་སོའི་ནང་དུ་བྱས་པ་ནི་དེའི་དུས་སུ་ཐིག་ལེ་བདུན་པོ་སྟེ། ཐིག་ལེ་བདུན་པོ་འདི་རྣམས་ལས་རླུང་ལྷ་བདུན་རི་དགས་ ལ་ཞོན་ཞིང་མདོག་ནག་པོའོ། །དེ་ལ་རང་གི་ས་བོན་ལས་བྱུང་བ་ནི་དེས་རང་གི་སྙིང་ག་ལས་བཏོན་པ་སྟེ། འཕགས་པ་མི་གཡོ་མགོན་ནམ། འདོད་པའི་རྒྱལ་པོས་བཀུག་ནས་ཞགས་པས་བཅིང་བར་བསམ་པར་བྱའོ། ། དེ་ནས་ཁམ་ཕོར་གྱི་ས་ཞེས་བྱ་བ་ནི་ཧཱུྃ་སུྃ་ཧཱུྃ་ཞེས་བྱ་བ་ལས་རི་རབ་ཀྱི་གཟུགས་རྭ་བརྒྱད་དང་ལྡན་པ་བསྐྱེད་ནས། ཁ་འོག་ཏུ་ཕུབ་ནས་གཞག་པ་ནི་རྡོ་རྗེའི་འཆིང་བ་ཆེན་པོ་ཡིན་ནོ། །རང་གིས་སྔགས་བཟླས་ པ་ནི་དེའི་ཐིག་ལེ་བདུན་སྔགས་ཀྱིས་སྦས་ནས་དབུགས་ཀྱིས་གནས་པར་བྱའོ། །དེའི་སྟེང་དུ་ཡང་ལྃ་གྱིས་དབང་ཆེན་གྱི་དཀྱིལ་འཁོར་གྲུ་བཞི་པ་ཁ་དོག་སེར་པོའོ། །དེར་ཡང་རྩེ་ལྔ་པ་ཆེན་པོ་ལས་མཐའ་ ཡས་པའི་འོད་ཟེར་ལས་ཁྲོ་བོ་འཇིགས་པ་སྤྲོ་བར་བྱའ་ཞིང་། ཁྲོ་བོ་རྡོ་རྗེས་མནན་པར་བསྒོམ་པར་བྱའོ། །དེའི་སྟེང་དུ་རྐང་པ་གཡོན་པ་གཞག་ནས། འཕགས་པ་མི་གཡོ་མགོན་གྱི་སྔགས་བརྒྱ་རྩ་བརྒྱད་ དུ་བཟླ་བར་བྱའོ། །རྡོ་རྗེའི་སྟེང་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་། འཕགས་པ་མི་གཡོ་མགོན་ཞབས་གཡས་བརྐྱང་བས་ཐམས་ཅད་གནོན་ཅིང་བཅོམ་ལྡན་འདས་ཀྱི་སྔོན་དུ་ལག་ན་རལ་གྲི་དང་། 86-1-374a ཞགས་པས་རླུང་བསྡིགས་པར་བསམ་པར་བྱ་སྟེ། དེ་སྐད་དུ་འཇིག་པའི་དུས་ཀྱི་རླུང་ཐམས་ཅད་ཀྱང་བཅིང་བ་བྱས་པར་འགྱུར་རོ། །ཆར་དབབ་པའི་དོན་དུ་སྟོབས་པོ་ཆེ་ཞེས་བྱ་བ་ལ་སོགས་པ་ནི་ པད་མ་འདབ་མ་བརྒྱད་པ་བྲིས་ནས་དེའི་འདབ་མ་བརྒྱད་ལ་མཐའ་ཡས་དང་། རིགས་ལྡན་དང་། ནོར་རྒྱས་ཀྱི་བུ་དང་། དུང་སྐྱོང་དང་། འཇོག་པོ་དང་། པད་མ་ཆེན་པོ་དང་། སྟོབས་ཀྱི་རྒྱུ་དང་། པད་མ་ཞེས་བྱ་བ་ནི་བདག་ ཉིད་ཀྱི་རིམ་པ་ལས། སེར་པོ་དང་དཀར་པོའོ། །ཤ་ཥ་ས་ཧ་སྭྃ་སྭྃ་སྭ་རང་གི་ས་བོན་གྱིས་བྱིན་གྱིས་བརླབས་པའི་ཀླུ་བརྒྱད་པོ་རྣམས། སྙིང་པོ་བརྒྱད་དུ་གནས་པའི་སྔ་མ་བཀུག་ནས་མཆོད་དེ། འདིར་བཞུགས་པ་ཁྲོ་བོ་ འི་སྐུ་འབར་བའི་ཚོགས་ཀྱི་བདག་ཉིད་ཧཱུྃ་ནི་ཧཱུྃ་ཞེས་མཆོག་ཏུ་བཟླས་པས། ཞབས་ཀྱི་འོག་ཏུ་ཀླུ་རྣམས་གཟིར་བ་སྒོམ་པར་བྱེད་ན་ཆར་མཆོག་ཏུ་རབ་ཏུ་འབེབས་པར་འགྱུར་རོ། །ཆར་བཟློག་པའི་དོན་བཀའ་ སྩལ་པ། བདག་ཉིད་ཁྲོ་བོའི་གཟུགས་ཉི་མའི་མདོག་གི་འོད་ལྟར་ཤིན་དུ་དམར་བར། བསམས་ནས་རང་གི་ཁ་རུ་ཧཱུྃ་འབར་བའི་ལྕེ་ནམ་མཁའི་ཚད་འདིས་དྲལ་ཞིང་ཡོངས་སུ་གང་བ་ལས་སྤྲིན་སྙིང་གའི་ སྦུབས་ཀྱི་དབུགས་ཀྱིས་འགུགས་ཤིང་དབུགས་འབྱིན་པས་རས་བལ་གྱི་ཕུར་མ་ལྟར་གཏོར་བར་བྱེད་དོ། །ཡང་ན་རང་གི་ཕྱག་རྒྱའི་ཚོགས་འབར་བར་བཏོན་པས་དྲལ་ཞིང་བཅད་ནས་ཧཱུྃ་གིས་མཆོག་ཏུ་སྡིགས་པར་བྱའོ། །དེ་ གཞིག་པའི་དོན་བཀའ་སྩལ་པ། མེའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ནི་རྟག་པའི་རྣལ་འབྱོར་དང་ལྡན་པས། རང་གི་དཔྲལ་བ་ནས་འཕགས་པ་མི་གཡོ་མགོན་རྃ་ལས་བྱུང་བ་བཏོན་ནས་མེའི་དཀྱིལ་འཁོར་ལ་གནས་ པ་ཕྱག་དྲུག་པ་གཡོན་ཀྵིཾ་ལས་སྡིགས་མཛུབ་དང་། ཧཱུྃ་ལས་ཞགས་པའི་ནང་དུ་གྷི་བཅུག་པ་དང་། དྷྃ་ལས་གཞུའོ། །གཡས་པ་ན་ཁྃ་ལས་རལ་གྲི་དང་ཧོ་ལས་མདའ་དང་། ཧཱུྃ་གིས་རྡོ་རྗེ་འཛིན་པར་བསམས་ནས། དེ་ཉིད་ཀྱི་འོད་ཟེར་གྱིས་ 86-1-374b ཁྲོ་བོ་དང་ལྷན་ཅིག་པས་བགེགས་ཐམས་ཅད་ཧཱུྃ་གི་སྒྲ་བསྒྲགས་པས། འབར་བའི་རལ་གྲི་ལ་སོགས་པས་བསྣུན་པ་ལ་སོགས་པ་དང་། མདའ་འཕངས་ནས་ཕུར་པས་སྐྱེས་པའི་བགེགས་གཞོམ་པར་བྱའོ། །སྐྱེས་པའི་ ཁྲག་ཆེན་པོ་ཅེས་བྱ་བ་ལ་སོགས་པ་ནི་རྐང་རྗེས་ཀྱི་རྡུལ་དང་། སྐྱེས་པའི་ཁྲག་གིས་བསྒྲུབ་པར་བྱ་བའི་གཟུགས་བརྙན་བྱས་ནས། སྐྱེས་རུས་པའི་ཕུར་བུ་དག་ལ་འོད་ཟེར་ཅན་གྱི་སྔགས་ཉི་ཤུས་མངོན་པར་བསྔགས་ཏེ། མིག་ལ་ ཕུར་བས་བཏབ་ནས་ཚོགས་ཀྱི་བདག་པོའི་ཁར་གཞུག་གོ། །ཨོཾ་སུམྦྷ་རྡོ་རྗེ་གཏུན་ཤིང་དང་ཐོ་བས་དང་པོ་ཁ་དང་གཏུན་ཤིང་གིས་རྒྱབ་ཏུ་བརྡུང་བར་བསམ་པར་བྱའོ། །འབར་བ་གཞོམ་པའི་དོན་དུ་མིག་སྨན་གྱི་ཁ་དོག་ཅེས་བྱ་བ་ལ་ སོགས་པས་ནི་ནམ་མཁའི་གནས་སུ་ཧཱུྃ་ག་ཧཱུྃ་ཞེས་ནང་དུ་གཞུག་པར་བྱའོ། །སུའི་ཡིག་འབྲུ་ལས་སྐྱེས་པ་ཀླུ་ནག་པོ་སྟོང་ཕྲག་གིས་བསྐོར་བའི་ནམ་མཁའ་ལྡིང་གིས་བཀའ་སྩལ་བྱའོ། །ཇི་ལྟ་བ་བཞིན་དུ་བསྒོམས་ཏེ། ཨོཾ་བཛྲ་ནཱ་རཱ་ཡ་ན་ཞེས་བྱ་བ་ལ་སོགས་པ་ནི་དང་པོར་བསྐུལ་ཏེ། དེས་བརྒྱ་བྱིན་ཡང་ཡིད་ཀྱིས་བསྐུལ་བར་བྱའོ། །འདིའང་ཆར་གྱི་སྤྲིན་ལ་ཆར་གྱི་དོན་དུ་བཀའ་སྩལ་པར་བྱ་སྟེ། བཀའ་ཐོས་ན་ཡང་ཆར་འབེབས་པོས་ སྤྲིན་ཕྱིར་བཟློག་པ་ནི་ཡིད་ཀྱིས་བསམ་པར་བྱའོ། །ནམ་མཁའ་ལྡིང་གི་གཤོག་པས་ཟློག་པར་བྱེད་ཅིང་མཆུས་བསྣུན་པས་ཆུ་བོའི་མཚམས་བྱེད་དོ། །རྡོ་རྗེ་ཕྱིར་བཟློག་པའི་དོན་བཀའ་སྩལ་ཏོ། །སྦྱིན་སྲེག་ཅེས་བྱ་བ་ལ་སོགས་ པས་ནི་དགེ་བ་བྱེད་པའི་ཕྱིར་ཞི་བ་དང་། རྒྱས་པ་དང་དབང་དུ་བྱེད་པའི་མཚན་ཉིད་ལ་ནི་བཙུབས་པ་ལས་བྱུང་བའི་མེས་བྱའོ། །མངོན་སྤྱོད་ལ་ནི་དུར་ཁྲོད་ཀྱི་མེས་བྱའོ། །ཐབ་ཁུང་ཞེས་བྱ་བ་ནི་ཟླུམ་པོ་དང་། གྲུ་བཞི་དང་། ཟླ་བ་ཕྱེད་པ་དང་། གྲུ་གསུམ་མོ། །དེ་ལྟར་ཐབ་ཁུང་གི་མཐའ་མར་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ནག་པོར་པད་མ་རྣམས་ཀྱང་གཞག་པར་བྱའོ། །དེ་ནས་དེའི་མདོག་ལྟར་གཙུག་ཏོར་དང་། ཆུ་སྐྱེས་དང་། རིན་པོ་ཆེ་དང་། རྡོ་རྗེ་འབར་བ་ 86-1-375a རྣམས་བྱའོ་ཞེས་བྱ་བའི་དོན་ཏོ། །ལས་ཀུན་བྱེད་པ་བཟླས་པས་ནི་ཞེས་བྱ་བ་ནི་ཧཱུྃ་གིས་མངོན་པར་བསྔགས་པའོ། །གཡོན་པའི་རྡོ་རྗེས་ཞེས་བྱ་བ་ནི་ལག་པ་གཡོན་པ་རྡོ་རྗེ་རྩེ་གསུམ་པ་ཅན་དུ་བྱས་པའོ། །ལས་ཀྱི་ འོད་ཀྱིས་རྣམ་པར་བརྒྱན་པ་ཞེས་བྱ་བ་ནི་ཞི་བ་ལ་སོགས་པའི་ལས་ཀྱིས་ཅི་རིག་པར་འོད་ཀྱིས་རྣམ་པར་སྤྲས་པའོ། །འབར་བའི་རྣམ་པས་ཡོངས་སུ་ཐིམ་པར་བྱས་པའོ་ཞེས་བྱ་བ་ལ་འབར་བ་ནི་ལྷའམ་འབར་བ་ནི་གཙིགས་པའི་ གཟུགས་ཀྱིས་ཏེ། དེ་བཞིན་དུ་ཡེ་ཤེས་ཀྱི་རང་བཞིན་གྱི་ཆོ་ག་བསྒོམ་པར་བྱ་ཞིང་། ཨོཾ་དང་པོ་དང་། མཐར་སྭཱ་ཧཱ། ལས་མཆོག་ཏུ་གནས་ནས་ཞི་བ་དང་། རྒྱས་པ་དང་། དབང་ལའོ། །མངོན་སྤྱོད་ལ་ཁྲོ་བའི་ཚིག་གིས་ཧཱུྃ་བཅས་པའི་ ཕཊ་ཀྱིས་སྔགས་བཟླ་བར་བྱའོ། །ཐོག་མ་དང་ཐ་མར་བསྲེགས་བླུགས་གང་བར་དབུལ་ལོ། །ཁ་དགང་བ་ཞེས་བྱ་བའི་ཚིག་གིས་ནི་ལྷའི་ཞལ་གྱི་པད་མར་སྦྱིན་སྲེག་བྱའོ། །བཤང་ལྕེ་ལ་སོགས་པའི་སྲེག་བླུགས་ལ་ སྡིགས་དགོས་པ་མི་བྱ་སྟེ། གང་གི་ཕྱིར་དོན་དམ་པར་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་ཐམས་ཅད་རྣམ་པ་ཙམ་མོ། །དེ་ནས་དབང་པོ་གཉིས་སྙོམས་པར་ཞུགས་པས་ཀྱང་ལྷའི་ང་རྒྱལ་སྔོན་དུ་བྱ་བ་དང་། ཐབས་དང་ཤེས་རབ་རོ་གཅིག་པ་མངོན་དུ་བྱེད་ཅིང་ཟག་པ་མེད་པའི་ཡེ་ཤེས་སྐྱེད་པར་བྱེད་པའོ། །སྐུ་ལ་སོགས་པ་ཡང་དག་པར་བསྟན་པར་བྱ་བ་བཀའ་སྩལ་པ། བུད་མེད་དང་ནི་སྐྱེས་པའི་ལུས། ལས་ནི་དུ་མས་བསྐྱེད་ པ་ཞེས་བྱ་བ་ལ་སོགས་པ་རྣམ་པར་བསྟན་པ་ཞེས་བྱ་བས་ནི་དགེ་བ་དང་མི་དགེ་བའི་ཀྱི་ལས་ཀྱི་མཚན་ཉིད་ཤེས་པའི་སྐྱེས་བུའོ། །ཤ་དང་རྐང་ལ་སོགས་པ་དག་ནི་རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་ལ་སོགས་པའི་ རང་བཞིན་ཏེ། འདིའི་ཕྱིར་བསྟེན་པར་བྱའོ། །གང་ཡང་འདོད་ཆགས་ཞེ་སྡང་ཞེས་བྱ་བ་ལ་སོགས་པ་ནི། འདུ་བྱེད་འཕེལ་བ་བཤང་བ་དང་གཅི་བ་ལ་སོགས་པ་ལྔ་ཡོངས་སུ་འཛག་པ་ནི་ས་ལ་སོགས་པ་འབྱུང་བ་བཞིའི་ 86-1-375b རང་བཞིན་རྫོགས་པའོ། །བསྒོམས་པ་ལས་ཞེས་བྱ་བ་ནི་བརྟགས་པ་དང་བྲལ་བའི་བློ་གྲོས་ཀྱིས་སོ། །དེ་ནས་མཆོག་ཏུ་རབ་ཏུ་བྱ། །ཐམས་ཅད་ལས་ནི་སྣ་ཚོགས་མཆོག་ཅེས་བྱ་བ་ནི་ཇི་སྙེད་དུ་གྲུ་བཞི་པ་དང་། སྒོ་བཞི་པ་དང་། སྒོ་སྐྱོང་བ་དང་ཡང་དག་པར་ལྡན་པའོ། །ཚོགས་ཀྱི་དཀྱིལ་འཁོར་བརྟག་པར་བྱ་ཞེས་བྱ་བ་ནི་ཕྱི་རོལ་གྱི་དཀྱིལ་འཁོར་ཞེས་གསུངས་སོ། །དེ་ནི་ནང་གི་དཀྱིལ་འཁོར་བསྟན་པར་བྱ་སྟེ། ཀུན་ལས་སྣ་ཚོགས་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་ པ་ནི་དཔལ་སངས་རྒྱས་སྤྱན་ལ་སོགས་པའི་ལྷ་མོ་རྣམས་དང་ལྡན་པའོ། །ཀུན་ལས་སྣ་ཚོགས་འཁོར་ལོ་ཅན་ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའི་གོང་དུ་གསུངས་པའི་གནས་སུ་བཀོད་པས་དེའི་རྗེས་སུ་མཚམས་བཞི་ པོ་རྣམས་སུ་དྲག་མོ་ལ་སོགས་པའི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་ནས། སེང་ལྡེང་གི་ཕུར་པ་སོར་བརྒྱད་པ་དང་། རྡོ་རྗེ་ཐོ་བས་དེའི་སྔགས་བཟླས་ནས་བརྡུང་ཞིང་ལྟེ་བ་དང་། དྲག་མོ་ལ་སོགས་པའི་མཚམས་ རྣམས་སུ་རིམ་པས་མཐའ་ཡས་དང་། རྣམ་པར་རྒྱལ་མ་ཞེས་བྱ་བ་ལ་སོགས་པའི་ཕུར་པས་བཏབ་སྟེ། དཀྱིལ་འཁོར་བ་སྟ་གོན་ལ་གནས་པར་བྱའོ། །དྲི་ལ་སོགས་པས་དཀྱིལ་འཁོར་གྱི་གནས་ཀྱི། ལྷ་ཐམས་ ཅད་ཀྱི་གནས་སུ་རང་གི་ཧཱུྃ་དང་། དེའི་མཚན་དང་པོར་བཟླས་ནས། མངོན་པར་གཏོར་ཞིང་། དེ་ནས་སྔོན་དུ་ཚོགས་ཀྱི་དཀྱིལ་འཁོར་རང་གི་ལྷའི་འཁོར་ལོ་བཏོན་ཏེ། གནས་ཇི་ལྟ་བར་བཞུགས་སུ་གསོལ་ ནས་གསུངས་པའི་དགུག་པ་ལ་སོགས་པའི་བྱིན་གྱིས་བརླབས་པ་དང་པོར་བྱ་བ་དང་། རང་གི་སྔགས་དང་ཕྱག་རྒྱ་དང་ལྷན་ཅིག་ཏུ་ཉེ་བར་བལྟས་ནས་དབང་བསྐུར་བ་དང་། མཆོད་པ་དང་། བསྟོད་པ་དང་། ཕྱག་འཚལ་ནས། ཉོན་མོངས་པ་ཅན་གྱི་ཡིད་ཞི་བར་བྱ་བའི་ཕྱིར་སྦྱིན་སྲེགས་བྱས་ནས་ཕྱོགས་སུ་གཏོར། 86-1-376a མ་སྦྱིན་པར་བྱའོ། །ཇི་ལྟར་རེ་ཤིག་རྩ་བའི་བུམ་པ་ལ་སོགས་པའི་ལྷག་པར་གནས་པ་བྱས་ནས་སློབ་མ་སྟ་གོན་ལ་གནས་པར་བྱའོ། །ཧཱུྃ་བཟླས་པའི་ཆུས་དང་པོར་སྙིང་གར་གཏོར་ནས། དེ་ཉིད་ཀྱིས་རྡོ་རྗེ་དང་ བཅས་པའི་ལག་པ་གཞག་པར་བྱ་ཞིང་། སྙིང་ཀར་རྡོ་རྗེ་རྩེ་ལྔ་པ་དང་། ཇི་སྲིད་སྤྱི་བོར་སྣ་ཚོགས་རྡོ་རྗེ་བསམ་པར་བྱའོ། །གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བྱས་ཏེ། ཧཱུྃ་གིས་མངོན་པར་སྔགས་པའི་ སྲད་བུས་དཔུང་པ་བཅིངས་ནས་སོ་ཤིང་ལ་སོགས་པ་དང་། དྲི་ལ་སོགས་པ་སྦྱིན་པར་བྱའོ། །དེ་རྣམས་ལ་ཆོས་བསྟན་ཅིང་དཀྱིལ་འཁོར་གྱི་གནས་སུ་གཞུག་པར་བྱ་སྟེ། དེའི་འོད་ཟེར་རྣམས་ཀྱིས་གཤེགས་ སུ་གསོལ་བར་བྱའོ། །སྔར་བཞིན་ཡོངས་སུ་གྱུར་པས་ཞེས་བྱ་བ་ནི་མཆོད་པ་ལ་སོགས་པ་བྱེད་པ་སྟེ། ཇི་ལྟར་འདི་སྐད་དུ་ལྷའི་འཁོར་ལོ་བཏོན་པ་དེ་བཞིན་དུ་ལྷའི་འཁོར་ལོ་དེར་ནང་དུ་བསྒོམ་པར་བྱ་ཞེས་བྱ་བ་ཇི་སྙེད་ པའོ། །གཞན་ཡང་དང་པོར་རྟག་པའི་རྣལ་འབྱོར་དང་ལྡན་པས་མི་བསྐྱོད་པ་ལ་སོགས་པ་ཐུགས་ཀ་ནས་བཏོན་ནས་སྔོན་པོ་ལ་སོགས་པའི་ཁ་དོག་གི་སྲད་བུ་ལྔ་པོ་དེའི་བདག་ཉིད་དུ་བྱས་ཏེ། ཧཱུྃ་དལ་གྱིས་སྒྱུར་ཞིང་ ཧཱུྃ་དེ་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །དེ་ལྟར་རྡུལ་ཚོན་ཡང་ཇི་ལྟར་རྣལ་འབྱོར་འདི་ཉིད་དུ་བཞུགས་གསུངས་པ། སངས་རྒྱས་ལྔས་བྱིན་གྱིས་བརླབས་ནས་དཀྱིལ་འཁོར་གྱི་ཕྱོགས་བཞི་ཇི་ལྟ་བར་ཐིག་གདབ་སྟེ། དང་པོར་སློབ་དཔོན་གྱིས་རྡུལ་ཚོན་བྲི་བར་བྱ་ཞིང་། ཕྱིས་ནི་སློབ་མས་དཀྱིལ་འཁོར་གྱི་ཕྱི་རོལ་དུ་སྔོན་པོ་དང་། དམར་པོ་དང་། དཀར་པོ་དང་། ལྗང་གུ་དང་། སེར་པོའི་རྡུལ་ཚོན་རྣམ་པ་ལྔའོ། །གཉིས་པ་ལ་ནི་སྔོན་ པོ་དང་། དམར་པོ་དང་། དཀར་པོ་དང་གསུམ་མོ། །གསུམ་པོའི་འཁོར་ལོ་ནི་རྡུལ་ཚོན་དཀར་པོས་སོ། །འཁོར་ལོའི་ལྟེ་བ་སྣ་ཚོགས་འབར་ཞེས་བྱ་བ་ནི། སྣ་ཚོགས་པད་མར་བཞུགས་པའི་རྣམ་པར་སྣང་ 86-1-376b མཛད་ཆེན་པོ་བཞུགས་པར་བྱའོ། །ཤར་ལ་སོགས་པའི་རེའུ་མིག་རྣམས་སུ་ནི་རྟག་པ་ལ་སོགས་པ་སྟེ། ཕྱོགས་སུའོ། །འཁོར་ལོའི་ཤར་ལ་སོགས་པའི་མཚམས་རྣམས་སུ་སྤྱན་ལ་སོགས་པའོ། །འཕར་མ་གཉིས་པོའི་ ཤར་ལ་སོགས་པའི་ཕྱོགས་སུ་དྲག་མོ་ལ་སོགས་པའི་རྡོ་རྗེ་ལྷ་མོ་རྣམས་སོ། །འཕར་མ་གསུམ་པའི་ཤར་ལ་སོགས་པའི་སྣམ་བུ་ལ་བྱང་ཆུབ་སེམས་དཔའ་བྱམས་པ་ལ་སོགས་པ་བྲི་བར་བྱའོ། །ཤར་གྱི་སྒོར་ རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པའོ། །མཚམས་རྣམས་སུ་ནི་མུར་ཛ་ལ་སོགས་པའོ། །དེ་ལྟར་དཀྱིལ་འཁོར་བྲི་བར་བྱའོ། །ཇི་ལྟར་རེ་ཤིག་བུམ་པ་ལེགས་པར་བྱས་ན་བརྒྱ་རྩ་བརྒྱད་བཟླ་བར་བྱའོ། །རྩ་བའི་བུམ་ པ་ནི་དཀྱིལ་འཁོར་གྱི་བདག་པོའོ། །བཞི་པ་ལ་ནི་སྤྱན་ལ་སོགས་པའི་ལྷ་མོ་བཞི་པོ་རྣམས་ཀྱིས་སོ། །ལྷ་ཐམས་ཅད་ཀྱི་རིགས་ཀྱི་དབྱེ་བས་ནི་བཞིའོ། །དེ་ནས་བུམ་པ་སྒོར་གནས་པ་ལ་ལས་ཐམས་ཅད་པ་ བཟླས་པས་བསང་གཏོར་བྱའོ། །དེ་རྣམས་གོས་ལ་སོགས་པས་བརྒྱན་པར་བྱས་ནས་བདག་པོའི་རྣལ་འབྱོར་དང་ལྡན་པས་ལེགས་པའི་རྣལ་འབྱོར་གྱིས་ལྷ་ཐམས་ཅད་ཀྱི་འཁོར་ལོ་རང་གི་བདག་ཉིད་ཀྱི་ནང་དུ་བསྒོམ་ པར་བྱ་ཞིང་དེའི་ང་རྒྱལ་དང་ལྡན་པར་བྱའོ། །མཆོད་ཡོན་གྱི་ཉེ་བར་སྤྱོད་པ་ཡོངས་སུ་བཟླས་ནས་སྒོ་མངོན་པར་ཕྱེ་སྟེ། གནས་ཇི་ལྟ་བར་བུམ་པ་ལ་སོགས་པ་རྣམས་བཞག་ལ། དཀྱིལ་འཁོར་གྱི་ལྷ་རྣམས་སྔ་ མ་བཞིན་དུ་ཕྱུང་ནས་རང་གི་གནས་སུ་འཁོར་ལོ་གཞུག་པར་བྱའོ། །རང་གི་ལྷའི་ཕྱག་རྒྱ་རྣམས་ཀྱིས་བྱིན་གྱིས་བརླབ་པའི་ཕྱིར། རང་གི་ཕྱག་རྒྱ་རབ་ཏུ་བསྟན་པས། རང་གི་དབང་གིས་དབང་བསྐུར་བའི་ཏིང་ངེ་ འཛིན་ལ་གནས་པར་བསམས་ནས། སྒེག་མོ་ལ་སོགས་པའི་སྔོན་གྱི་མཆོད་པ་རྣམས་ཀྱིས་མཆོད་པ་དང་། རྔ་དང་གླིང་བུ་ལ་སོགས་པ་ཡིད་དུ་འོང་བའི་རང་གི་མཆོད་པའི་ཁྱད་པར་བྱིན་གྱིས་བརླབས་པའི་ 86-1-377a རིག་མ་རྣམས་ཀྱིས་ཐལ་མོ་སྦྱར་བས། རྡོ་རྗེའི་གླུ་ལེགས་པར་སྦྱར་བ་གསུམ་དུ་བརྗོད་པས་ཕྱག་འཚལ་ཏེ། ཚིམ་པར་བྱ་བའི་དོན་དུ་གསུངས་པའི་སྦྱིན་སྲེག་བྱས་ནས་དེ་ནས་བཟོད་པ་གསོལ་ བར་བྱའོ། །དངོས་གྲུབ་ཐམས་ཅད་ཀྱི་དོན་དུ་རང་གིས་གསོལ་བ་བཏབ་ནས་དང་པོ་ལ་སོགས་པ་བསྐྱེད་པར་བྱ་སྟེ། སློབ་མ་ལ་སྣ་ཚོགས་པས་བརྒྱན་པར་བྱའོ། །ར་ཨོཾ་ལ་སོགས་པས་སྙིང་ཁར་སྐུ་ལ་སོགས་ པའི་བྱིན་གྱིས་བརླབ་པའི་ཕྱག་རྒྱས་བྱིན་གྱིས་བརླབ་པར་བྱའོ། །ཐལ་མོ་སྦྱར་བ་སྡིགས་མཛུབ་དཀྲིས་པའི་འཁོར་ལོའི་རྣམ་པས་ཧཱུྃ་བརྗོད་ཅིང་གནས་ལྔ་པོ་ཐམས་ཅད་དུ་བྱས་ཏེ། གདོང་གོས་ཀྱིས་བཀབ་ནས་ རྡོ་རྗེ་ལྷ་མོ་ལ་སོགས་པའི་ཕྱག་རྒྱས་བཟུང་བའི་མེ་ཏོག་དང་། ཧཱུྃ་ཉིད་ཀྱིས་གཞུག་ཅིང་སྤྱི་བོའི་ཚོགས་ཐམས་ཅད་བྱའོ། །དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་པས་བྱིན་གྱིས་བརླབས་ནས། དྲི་དང་མེ་ཏོག་ ལ་སོགས་པས་བརྒྱན་པར་བྱ་སྟེ། ཇི་ལྟ་བར་བུམ་པ་ཐམས་ཅད་ཀྱིས་དབང་བསྐུར་བར་བྱའོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་མཆོད་ཡོན་དང་། ཕྱག་ན་བུམ་པ་བདུད་རྩི་བཟང་པོས་བཀང་བས་དེ་རྣམས་ ཀྱིས་དབང་བསྐུར་བར་བལྟ་བར་བྱའོ། །གཞན་ཡང་གོས་ལ་སོགས་པ་རྣམས་ཀྱིས་བརྒྱན་ཏེ། རྡོ་རྗེ་ལ་སོགས་པ་རྣམས་ཀྱིས་དབང་བསྐུར་བར་གྱུར་པ་དང་། མི་བསྐྱོད་པ་ལ་སོགས་པ་དུ་མའི་གཟུགས་ ཡོངས་སུ་གྱུར་ནས་ཉེ་བར་ཐོད་པ་དང་། ཕྲེང་བ་དང་། རྡོ་རྗེ་དང་། བདག་པོ་དང་། རྡོ་རྗེ་མིང་གིས་དབང་བསྐུར་བ་དང་། གསེར་ལ་སོགས་པའི་ཐུར་མས་མི་ཤེས་པའི་རབ་རིབ་བསལ་བ་དང་། མེ་ལོང་བླངས་ཏེ། རྡོ་རྗེ་སེམས་དཔའི་རང་བཞིན་ཉིད་ཅེས་བྱ་བ་ལ་སོགས་པའི་ཚིགས་བཅད་ཀྱིས་མཚན་ཉིད་རྣམས་བསྒྲག་པར་བྱའོ། །དབྱངས་ཀྱི་དང་པོས་གླེགས་བམ་དང་། དང་པོའི་རྗེས་ཀྱི་དབྱངས་ཀྱིས་རྡོ་རྗེ་དྲིལ་བུ་དང་། 86-1-377b བཀའི་གནང་བ་སྦྱིན་པའི་དོན་དུ་རྐང་པ་བྱིན་གྱིས་བརླབ་ཅིང་། ལག་པ་གཡས་པས་རལ་གྲི་སྦྱིན་པར་བྱ་སྟེ། དིང་ནས་བཟུང་སྟེ་འཇིག་རྟེན་ལ་ཆོས་ཀྱི་འཁོར་ལོ་སྐོར་ཅིག །སྐྱོབ་པ་ཞེས་བྱ་བ་ལ་སོགས་པ་ཡང་ དག་པར་དམིགས་པར་བྱའོ། །དེ་རིང་ནས་བཟུང་སྟེ་ཞེས་བྱ་བ་ལ་སོགས་པས་ནི་དམ་ཚིག་ཉེ་བར་བསྟན་ནས། བླ་མས་ཡོན་བླངས་ནས་ཞི་བའི་སྦྱིན་སྲེག་བྱའོ། །མཆོད་པ་དང་བསྟོད་པ་ལ་སོགས་པ་བྱས་ནས་ ཧཱུྃ་ཞེས་བརྗོད་པར་བྱའོ། །སེམས་དཔའི་རྡོ་རྗེ་ཅན་མུཿལྷའི་འཁོར་ལོ་གཤེགས་སུ་གསོལ་བར་བྱའོ། །ཕུར་པ་བཏོན་ནས་དེ་བཞིན་དུ་གསང་བའི་དཀྱིལ་འཁོར་ཉིད་གོང་དུ་གསུངས་པའི་ལག་པ་གཉིས་ཀྱིས་ གཤེགས་སུ་གསོལ་བར་བྱའོ། །ཛཿཧཱུྃ་བྃ་ཧོཿཞེས་བརྗོད་པས་རང་གི་གནས་ཉིད་དུ་ཁྱད་པར་དུ་འཕགས་པ་ནང་དུ་བསྒོམ་པར་བྱའོ། །ཧཱུྃ་ཉིད་ཀྱིས་རྡུལ་ཚོན་དབྱི་བར་བྱ་ཞིང་བསྡུས་ནས་ཆུའི་ནང་དུ་བླུག་པར་བྱའོ། །ཁྲོ་ བོས་ཁྲོ་བ་འཛིན་པའི་ཕྱིར་དཔལ་ཧེ་རུ་ཀ་འབྱུང་བ་བཀའ་སྩལ་པ། དེ་ཉིད་བཅོམ་ལྡན་རྣལ་འབྱོར་ཏེ་ཞེས་བྱ་བ་ལ་སོགས་པ་ནི། དཔལ་རྡོ་རྗེ་སེམས་དཔའ་དང་པོའི་རྣལ་འབྱོར་ཞེས་བྱ་བར་རིགས་ཀྱི་བུ་བསྒྲགས་པ་ ཡིན་ནོ། །སྲོག་གཅོད་པ་ལ་སོགས་པའི་མི་དགེ་བ་བཅུ་ལ་སྤྱོད་པ་དང་། དམ་ཚིག་ཉམས་པ་དེ་རྣམ་པར་དག་པ་བརྗོད་དེ། རྣམ་པར་དག་པ་ཞེས་བྱ་བ་ནི་སྒེག་ཅིང་ཞེས་བྱ་བ་ལ་སོགས་པའི་རོ་དང་ལྡན་པ་དང་ཞལ་བརྒྱད་པ་ལ་ཞབས་བཞི་པ། ། ཕྱག་ནི་བཅུ་དྲུག་དག་གིས་བརྒྱན། །སྤྱན་ནི་ཉི་ཤུ་རྩ་བཞི་པར། །བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཡང་དེ་ལྟར་རིམ་པ་འདིས་བཅོམ་ལྡན་འདས་ཞལ་བཞི་པ། ཕྱག་བཞི་ཡིས་ནི་རྣམ་པར་སྤྲས་པའོ། །དེ་ ལ་ཞལ་དང་པོ་ནི་དྲག་པོའོ། །གཉིས་པ་གཡས་པ་ནི་བདེ་བས་རབ་ཏུ་མྱོས་ཤིང་འཇིགས་པར་མཛད་པའོ། །རྒྱབ་ཏུ་ཞལ་གསུམ་པ་ལ་ནི་རྨད་དུ་བྱུང་བའི་བཟའ་བའོ། །གཡོན་དུ་ཞལ་སྒེག་པས་འོ་མཛད་པའོ། ། 86-1-378a དེ་བཞིན་དུ་སྟེང་མའི་ཞལ་གཅིག་པ་ཞེས་བྱ་བ་ནི་རྣམ་པར་མཛད་པའི་མཆོག་གོ། །ཞལ་གསུམ་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཡེ་ཤེས་སོ། །མི་བསྐྱོད་པའི་གཟུགས་ཅན་ གྱི་རྡོ་རྗེ་ཅན་ནི་དེ་བཞིན་དུ་ཕྱག་དྲུག་པའོ། །རྒྱས་པར་འབྱུང་བ་ནི་ཕྱག་གཉིས་པ་ལ་ཞལ་གཅིག་པར་ཡང་བསྟན་པར་བྱ་ཞིང་གཡོན་པའི་ཕྲག་པར་ནི་མཆོད་ཕྱིར་ཐོགས་དག་པའི་སྦྱོར་བས་རྡོ་རྗེ་དང་། དྲིལ་བུ་དང་བཅས་པས་ ཁ་ཊྭཱྃ་ག་གནས་པའོ། །དེའི་ཕྱག་གཡས་པ་ན་བ་དན་རྩེ་གསུམ་པ་དང་ལྡན་པ་དང་། རྡོ་རྗེ་སུ་ཙི་ཀ་དང་། འབར་བའི་འཁོར་ལོའོ། །ཕྱག་གཡོན་པ་ན་ཐོད་པ་སྙིང་རྗེ་ཆེན་པོས་གང་བ་ཡོངས་སུ་འཛིན་པའོ། །ཕྱག་རྒྱ་ ཆེན་པོའི་ཕྱེད་དཀྲུངས་ཀྱིས་ཟ་བ་ཞེས་བྱ་བ་ནི། སྟན་མཐོན་པོ་ལ་འདུག་པ་སྟེ། རྐང་པ་གཡོན་པ་ས་ལ་གཞག་པར་བྱ་སྟེ། དེའི་བརླབ་ལ་གཡས་པའི་རྐང་པའི་སེམས་དཔའི་སྐྱིལ་མོ་དཀྲུངས་ཀྱི་སྦྱོར་བས་དགོད་དོ། ། དེའི་རྐང་པའི་མཐིལ་གྱིས་ཡང་གཡོན་པའི་བརླ་མཉམ་པར་སྦྱོར་བར་བྱེད་པའི་སྦྱོར་བས་མནན་པར་བྱའོ། །རིགས་ཀྱི་བུ་འདི་ནི་བཅོམ་ལྡན་འདས་ཀྱི་དྲག་པོའི་གདན་ལ་བཞུགས་པའི་སྐྱིལ་མོ་དཀྲུང་གི་ ཕྱག་རྒྱའི་དཀྱིལ་འཁོར་སྒྲུབས་པར་བྱ་བ་རབ་ཏུ་ཐོབ་པར་འགྱུར་ཏེ། གཡོན་པའི་བརླར་རྐང་པའི་དགོད་པས་མཉམ་པར་སྦྱོར་བར་བྱེད་པས་ཕྱེ་མར་བྱས་ནས་རབ་ཏུ་རྒྱས་པར་ཁྲོ་བོའི་སྐུ་དེ་ན་ཞལ་སྟེང་དུ་བསམས་ ནས། དེར་བསྒྲུབ་པར་བྱ་བ་བཏུང་བར་བྱའོ། །དེ་ཉིད་བཅོམ་ལྡན་འདས་ཀྱི་ཞལ་སྟེང་དུ་བསྒོམ་པར་བྱ་ཞིང་། ཞབས་གཡས་པས་དེ་བཞིན་དུ་རྡོ་རྗེ་སྐྱིལ་མོ་དཀྲུང་གི་སྦྱོར་བས་བུད་མེད་ཐམས་ཅད་ ཇི་ལྟར་འདོད་པས་བླངས་ནས། བརླ་གཡོན་པ་བསྐྱོད་པས་དེ་རྣམས་དང་མཉམ་པར་སྦྱོར་བར་བྱའོ། །ཡང་ན་ཞལ་གྱི་ཕྱག་རྒྱ་བསྒྲགས་པར་བྱ་སྟེ། ཤར་གྱི་རེའུ་མིག་ལ་ནི་དཀར་མོའི་གདོང་ཞི་བའོ། ། 86-1-378b གཡས་སུ་ཆོམ་རྐུན་མའི་གདོང་ནི་དྲག་མོའོ། །རྒྱབ་ཏུ་རབ་ཏུ་རྨོངས་མའི་ནི་བདེ་བའི་མྱོས་བྱེད་ཀྱིས་རབ་ཏུ་རྨོངས་མའི་གདོང་ངོ་། །གཡོན་དུ་རོ་ལངས་མ་ནི་རེངས་མའི་གདོང་མའོ། །མེའི་རེའུ་མིག་ལ་ པུཀྐ་སཱི་ནི་གར་གྱི་གདོང་མའོ། །བདེན་བྲལ་གྱི་རེའུ་མིག་ལ་ནི་གདོལ་པ་མོ་གཞན་གྱི་སྲོག་འཕྲོག་པའི་སྦྱོར་བས་ཐམས་ཅད་དུ་གུས་པ་དང་བཅས་པའི་གདོང་མའོ། །རླུང་དུ་གྷསྨ་རཱིའི་ཤི་བ་ཟ་བ་སྦྱོར་ བའི་གདོང་མའོ། །དབང་ལྡན་དུ་ཧེ་རུ་ཀ་ལྟ་བུར་བཅོམ་ལྡན་འདས་ཀྱི་གཟུགས་ཅན་མའོ། །དཀར་མོ་ནི་ཞི་བའི་ལྟ་སྟངས་སོ། །ཆོམ་ཀུན་མ་ནི་དྲག་མོའི་ལྟ་སྟངས་སོ། །རབ་ཏུ་རྨོངས་མ་ཡི་ནི་རབ་ཏུ་ རྨོངས་པའི་ལྟ་སྟངས་སོ། །རོ་ལངས་མ་ནི་ཤི་བ་སློང་བའི་ལྟ་སྟངས་སོ། །པུཀྐ་སཱི་ནི་གར་གྱི་ལྟ་སྟངས་སོ། །གདོལ་པ་མོ་ནི་སྟེང་དུ་ལྟ་བའོ། །གྷསྨ་རཱིའི་ནི་འོག་ཏུ་གདན་ལ་ལྟ་བའོ། །མེ་ཏོག་ ལ་དཀར་མོ་གཟུགས་སུ་བསམས་ནས། གང་ལ་བྱིན་པ་དེ་ཕྱག་རྒྱས་འདེབས་པར་འགྱུར་རོ། །གདུག་པ་ལ་ནི་ཆོམ་ཀུན་མའི་གདུགས་སོ། །ཆང་ལ་ནི་རབ་ཏུ་རྨོངས་མའི་གཟུགས་སོ། །ཆུ་ལ་ནི་ རོ་ལངས་མའི་གཟུགས་སོ། །ཤིང་གི་འཁྲིལ་ཤིང་ལ་ནི་པུཀྐ་སཱིའོ། །རས་ལ་ནི་གཏུམ་མོའོ། །མེ་ལ་ནི་གྷསྨ་རཱི་སྟེ། རྩེ་གཅིག་མའི་མཉམ་པར་སྦྱོར་བའི་བསམ་གཏན་གྱི་སྦྱོར་བས་ཀུན་དུ་གནས་ སོ། །དེ་ནས་དཀར་མོ་དེའི་བསམ་གཏན་གྱིས་ཀྱང་ཕྱག་རྒྱས་གདབ་པར་བྱའོ་ཞེས་སྦྱར་རོ། །དེ་ལྟར་བྱ་བ་ཆོམ་རྐུན་མས་སྙིང་ག་ནས་དྲངས་བའི་བསམ་གཏན་གྱིས་བསྒྲུབ་བྱའི་ལུས་ལ་ཞུགས་ཏེ་སྙིང་ ནས་དྲང་ངོ་། །རབ་ཏུ་རྨོངས་མའི་སྦྱོར་བས་བདེ་བས་རྨོངས་ཤིང་བསྒྲུབ་བྱ་རྨོངས་པར་བསམ་པར་བྱ་སྟེ། དེ་ལྟར་བདེ་བ་རབ་ཏུ་སྦྱིན་པས་རབ་ཏུ་རྨོངས་པར་བྱེད་པའོ། །རོ་ལངས་མའི་བསམ་གཏན་ 86-1-379a གྱིས་བདུད་རྩི་ཆུ་ཡིས་གཏོར་བས་ཤི་བ་སློང་བར་བྱེད་དོ། །པུཀྐ་སཱིའི་རྣལ་འབྱོར་གྱིས་སེ་གོལ་གཏོགས་པས་གར་བྱེད་དོ། །སྟེང་དུ་ཤིན་དུ་དབུགས་ཀྱི་བསམ་གཏན་གྱིས་ལྷན་ཅིག་གཅིག་ཏུ་ གྱུར་པས་གདོལ་པ་མོས་གསོད་པར་བྱེད་དོ། །གདན་གྱི་བཟའ་བས་གྷསྨ་རཱིའི་བསམ་གཏན་དེས་བཟའ་བར་བྱའོ། །དཀར་མོས་ནི་གཡོན་གྱི་ལྟ་སྟངས་ཀྱི་བསྒྲུབ་བྱ་ལ་བལྟས་པས་ཕྱག་རྒྱས་འདེབས་པར་ བྱེད་དོ། །ཡིད་ཀྱིས་བསྒྲུབ་བྱའི་སྙིང་གར་ཞུགས་ཏེ། དེའི་སྙིང་གི་པད་མ་ལག་པ་གཡོན་པས་བཏོན་ཅིང་འགུགས་པར་བྱེད་དོ། །ཆོམ་རྐུན་མས་ནི་སྙིང་ནས་འདྲེན་པར་བྱེད་དོ། །རབ་ཏུ་མྱོས་མས་ནི་ ཡིད་ཀྱིས་སམ་མངོན་སུམ་དུའོ་བྱེད་པས་བདེ་བས་རབ་ཏུ་རྨོངས་པས་རབ་ཏུ་རྨོངས་པར་བྱེད་དོ། །རོ་ལངས་མ་ནི་ཡིད་ཀྱིས་སམ། དངོས་སུ་འཁྱུད་ནས་འཆི་བ་སློང་བར་བྱེད་དོ། །པུཀྐ་སཱིའི་རྣལ་ འབྱོར་གྱིས་གར་བྱེད་པ་ནི་ཡིད་ཀྱིས་བསྒྲུབ་བྱ་དང་ལྷན་ཅིག་གཅིག་ཏུ་གྱུར་པས་ངག་གིས་གར་བྱེད་དོ། །ཡིད་ཀྱིས་བསྒྲུབ་བྱ་དང་ལྷན་ཅིག་གཅིག་ཏུ་གྱུར་པས་བདེ་བས་རྨོངས་པས་སྟེང་གི་ལྟ་སྟངས་བྱས་ ཏེ། གཏུམ་མོའི་རྣལ་འབྱོར་གྱིས་གསོད་པར་བྱེད་དོ། །གྷསྨ་རཱིའི་རྣལ་འབྱོར་གྱིས་བསྒྲུབ་བྱ་ཁར་བཅུག་སྟེ་བཅའ་ཞིང་བཟའ་བར་བྱའོ། །བཟའ་བར་བྱ་ཞེས་བྱ་བ་ནི་དགྲ་བོ་ཐམས་ཅད་རྟག་ཏུ་ཟོས་པ་ཞེས་ བྱ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཧཱུྃ་མཛད་ལ་ནི་འཇིག་རྟེན་གསུམ་སྒྲོལ་བ་ཞེས་བྱ་བའི་མིང་རྙེད་པར་འགྱུར་ཏེ། དེ་ནི་རྡོ་རྗེ་སེམས་དཔའ་སྟེ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཡིན་ནོ། ། དེ་ནས་གཞན་དུ་ཞེས་བྱ་བ་ནི་མཛེས་པ་དང་། སྙིང་རྗེའི་སྟོབས་ལ་སོགས་པའི་ཁྲོ་བོ་གཞན་ཐམས་ཅད་ཁྲོ་བོའི་རོ་གཅིག་པར་ཞེན་པའོ། །བཅོམ་ལྡན་འདས་ཁྲོ་བོའི་གཟུགས་ཀྱི་མཚན་ཉིད་ཅི་ལགས། 86-1-379b གང་གི་དོན་དུ་གསུངས། ལུས་ལ་དམ་པར་ལྟ་བ་དང་། སྲོག་དང་གང་ཟག་ལ་སོགས་པ་བདག་ཏུ་འཛིན་པས་སྨྲས་པའི་བརྟགས་པ་ཐམས་ཅད་ཀྱི་མཐར་བྱེད་གཤིན་རྗེའི་རྒྱལ་པོ་སྟེ། གསུམ་བྱེད་པ་དེ་རྣམས་ ཀྱིས་བརྟགས་པའི་འཁོར་ལོ་ལས་རྒྱལ་བ་ནི་བརྟགས་པ་ཐམས་ཅད་ཀྱི་མཆོག་དངོས་གྲུབ་ཀྱི་དབང་ཕྱུག་ཡིན་ནོ། །ཁྲོ་བོའི་རྒྱལ་པོ་རྡོ་རྗེ་འཇིགས་བྱེད་ཅེས་བྱ་བ་བཤད་པར་བྱ་སྟེ། གང་གི་ཕྱིར་ཁྱབ་འཇུག་ དང་། དབང་ཕྱུག་ཆེན་པོ་ལ་སོགས་པ་ནས་བཟུང་སྟེ། དེ་ཐམས་ཅད་རྡོ་རྗེ་འཇིགས་བྱེད་ཀྱིས་ཐལ་བར་བརླག་པར་མཛད་དོ། །འདོད་ཆགས་ཆེན་པོ་ཞེས་བྱ་བ་ལ། འདོད་ཆགས་ཆེན་པོ་ནི་འདོད་ཆགས་རྡོ་ རྗེ་སྟེ། དེའི་ངོ་བོ་ཅན་ནི་དེར་བརྗོད་པ་ཡིན་ནོ། །ཡང་རྡོ་རྗེ་སེམས་དཔར་གྱུར་ནས་འདོད་ཆགས་ཅན་གྱི་རྡོ་རྗེར་འགྱུར་བའི་ཕྱིར་དཔྱིད་ལྟ་བུར་མེ་ཏོག་དྲི་ཞིམ་པོའི་ཕྲེང་བ་དང་། སྙིང་པོ་ལ་སོགས་པས་བརྒྱན་ པར་བྱ་བའི་ཕྱིར་དང་། མེ་ཏོག་གི་གཞུ་དང་མདའ་དང་ལྡན་པའི་ཕྱིར་ང་ནི་འདོད་པའོ། །སྐུ་གསུམ་མདའ་ནི་རྣམ་དགོད་པ་ཞེས་བྱ་བ་ནི་སྤང་ལེབ་ཀྱི་ཕུབ་ཀྱི་དབུས་སུ་ཡུྃ་ཁྃ་དང་། ཨོཾ་ལ་སོགས་པ་གསུམ་དགོད་པ་དང་ མདའ་དང་ལྷན་ཅིག་བཙུན་མོའི་སྤྱི་བོར་རྫས་འདི་རྣམས་བསམ་པར་བྱ་ཞིང་འཛག་པའི་དོན་དུ་པད་མའི་མཐར་གསུངས་སོ། །གལ་ཏེ་འདོད་པ་ན་ཞུ་བ་ནི་འདོད་པ་ཞུ་བ་ལྟ་བུའོ། །པད་མ་ཞེས་བྱ་བ་ ནི་སྙིང་པོ་སྟེ། ཨེ་བྃ་ལྟ་བུར་དབང་དུ་གྱུར་པས་འཛག་པའོ། །འདི་སྐད་ལ་སོགས་མཐའ་ཡས་མཆོག །སངས་རྒྱས་ཀུན་གྱི་སྡོམ་པ་མཆོག །ཅེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་དེ་བཞིན་གཤེགས་པས་བཀའ་སྩལ་ཏོ། །དེ་ནས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་ 86-1-380a བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཉིད་ཀྱིས་འབྱུང་བ་ཡང་དག་པར་བཀའ་སྩལ་པ། ད་ནི་བདག་ལ་བཤད་དུ་གསོལ། སྣ་ཚོགས་བྲིས་སྐུ་བཀབ་པ་ཞེས་བྱ་བ་ནི་གདན་རྣམས་ སུ་བརྗོད་དེ། དེ་རྣམས་ཀྱིས་ཡར་འཇུག་པ་ནི་དེའི་དོན་གྱི་རྣལ་འབྱོར་ཏེ། བྲིས་སྐུའི་འཇུག་པའི་རྣལ་འབྱོར་རོ། །དེ་བས་ན་རང་འབྱུང་བར་བྱེད་དོ། །ཡང་དག་པར་རབ་ཏུ་གསུངས་པ་ཞེས་བྱ་བ་ནི་བསྐྱེད་དོ་ ཞེས་བྱ་བའི་དོན་ཏོ། །པད་མའི་སྣོད་ཅེས་བྱ་བ་འདི་ནི་མིའི་ཐོད་པར་ཤེས་པར་བྱའོ། །ད་ནི་ཡང་ཁྱོད་ལ་བཙུན་མོའི་དཀྱིལ་འཁོར་གྱི་དབྱིབས་བཤད་པར་བྱ་སྟེ། དེ་བཞིན་གཤེགས་པའི་ཕོ་བྲང་ནི་ཟླུམ་པོའོ། ། ཧེ་རུ་ཀའི་ཟ་བ་ཕྱེད་པའི་དབྱིབས་ཞེས་བྱ་བ་ནི་རླུང་གི་དཀྱིལ་འཁོར་གྱི་དབྱིབས་ཞེས་བྱ་བའི་དོན་ཏོ། །པད་མའི་རྣམ་པ་དང་། རིན་པོ་ཆེའི་རྣམ་པར་ཤེས་པར་བྱའོ། །ཇི་ལྟར་འདོད་པ་ཞེས་བྱ་བ་ནི་ཇི་ ལྟར་འདུན་པའོ། །དེ་ལྟར་དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། པད་མ་དང་། རིན་པོ་ཆེ་དང་། རལ་གྲིའི་གདན་གྱི་དབུས་སུ་སྒྲུབ་པ་པོ་གང་འདོད་པ་དེ་ཉིད་དེ་བཞིན་གཤེགས་པ་ལ་སོགས་པའི་གཟུགས་བརྙན་ནོ། ། ཕྱི་ནས་རྟ་མཆོག་གི་གཟུགས་བརྙན་གཞུག་པར་བྱ་སྟེ། རྟ་མཆོག་གི་དཀྱིལ་འཁོར་དུ་གསུངས་པ་ཡིན་ནོ། །ཇི་ལྟར་ཐོབ་པ་ཞེས་བྱ་བ་ནི་ཇི་ལྟར་རྙེད་པ་ཞེས་བྱ་བའི་དོན་ཏོ། །གང་ཉིད་ཀྱི་དཀྱིལ་འཁོར་གྱི་ཡོ་བྱད་སྐྱེས་པ་ དེ་ཉིད་ཀྱི་ཡོ་བྱད་ཀྱིས་བྲི་བར་བྱའོ། །དུས་ཇི་ལྟ་བར་ཞེས་བྱ་བ་ནི་ཞི་བར་འདོད་པས་དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་དབུས་སུ་གདན་དེ་བྲི་བར་བྱའོ། །རྒྱས་པའི་དོན་དུ་རིན་པོ་ཆེའི་དཀྱིལ་འཁོར་ལ་ཉི་མ་ ཤར་བ་ན་བྲི་བར་བྱའོ། །མངོན་སྤྱོད་ཀྱི་ལས་རྣམས་ལ་ཉི་མ་ཕྱེད་དང་ནམ་ཕྱེད་ན་རྡོ་རྗེའི་དཀྱིལ་འཁོར་ལའོ། །གཞན་པའི་ལས་ལ་པད་མའི་དཀྱིལ་འཁོར་ལ་ཉི་མ་བསྙུར་ནའོ། །ཇི་ལྟར་བདེ་བ་ཞེས་བྱ་བ་ནི་དམ་ 86-1-380b ཚིག་དང་། དབང་བསྐུར་བ་ལ་དུས་ཀྱི་ངེས་པ་ཡོད་པ་མ་ཡིན་ནོ། །ཤར་དང་། ལྷོ་དང་། བྱང་དང་། ནུབ་ཀྱི་ཕྱོགས་སུ་ཐིག་བཞི་བཏབ་པས་དཀྱིལ་འཁོར་བརྒྱད་དུའོ། །ཡོངས་སུ་གང་བའི་དབང་ཞེས་བྱ་བ་ནི་སློབ་དཔོན་གྱི་ དབང་ཐམས་ཅད་དོ། །སློབ་མ་མཆོག་འབྲིང་ཐ་མ་ཀུན། །ཞེས་བྱ་བ་ནི་ཐ་མ་ལ་ནི་དཀྱིལ་འཁོར་གྱི་དབང་དང་། ཉིན་པར་གྱི་ཐིག་ལེའོ། །འབྲིང་པོ་ལ་ནི་ཉ་ཕྱིས་ཀྱིས་སོ། །གང་ཞིག་མཆོག་དེ་རྣམས་ལ་ནི་ སངས་རྒྱས་གཅིག་པུའི་བདག་ཉིད་ཀྱིས་སྦྱིན་པར་བྱའོ། །དུམ་བུ་གཅིག་པའི་མགོ་སྐྱེས་བྱ་བ་ནི་དུམ་བུ་གཅིག་པ་དང་། མགོ་བོའི་རྡོ་རྗེ་ནི་དུམ་བུ་གཅིག་པའི་མགོ་སྐྱེས་སོ། །དུམ་བུ་གཅིག་པའི་ཐོད་པ་དུམ་ བུ་གཅིག་པའི་བདག་ཉིད་ཀྱིས་དབང་ཡང་བྱའོ། །མགོ་སྐྱེས་ཞེས་བྱ་བ་ནི་པད་མའི་སྣོད་དོ། །དུམ་བུ་གཅིག་པ་ནི་བུག་བ་གཅིག་པ་སྟེ། མ་གས་པ་དང་མ་ཆག་པ་ཞེས་བྱ་བ་ཇི་སྙེད་པ་རྟོགས་པར་བྱའོ། ། ཀྃ་ནི་ཕུང་པོ་སྐྱོང་བར་བྱེད་པའི་ཕྱིར་ཐོད་པའོ། །དེ་བཞིན་དུ་གསུངས་པ། སངས་རྒྱས་ཀུན་གྱི་བདག་ཉིད་འགྲུབ། །པད་མ་གཅིག་བདག་དེ་བཞིན་ནོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རྡོ་རྗེའི་རིན་ པོ་ཆེའི་དབང་ངོ་། །དཔལ་ཧེ་རུ་ཀ་ནི་རྡོ་རྗེའི་དབང་ངོ་། །འོད་དཔག་ཏུ་མེད་པའི་དབང་ནི་ནོར་བུའི་དབང་དང་། དེར་བཟླས་པར་ཡང་བྱའོ། །རིན་པོ་ཆེའི་ཕྱེད་པ་ནི་རྡོ་རྗེའི་དབང་ངོ་། །སངས་རྒྱས་ཀུན་གྱི་ སྐུ་ནི་ནོར་བུའི་དབང་དུ་ཤེས་པར་བྱའོ། །རྟ་མཆོག་གི་ཡང་ངོ་། །རྒྱུ་དང་འབྲས་བུའི་རང་བཞིན་གྱིས་མི་བསྐྱོད་པ་ནི་རྡོ་རྗེ་སེམས་དཔར་ཡང་ཤེས་པར་བྱའོ། །ཐོད་པའི་གདན་འདིའི་འབད་པས་བསྒྲུབ་པར་ བྱ་བ་གང་ཞེ་ན། རང་བཞིན་ཉིད་དེའི་གྲུབ་པ་རབ་ཏུ་བྱུང་བས་རང་བཞིན་ལས་རབ་ཏུ་འབྱུང་བའི་ནུས་པས་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་སྐབས་མེད་པའི་ངོ་བོའི་ཕྱིརོ། །དེ་ཉིད་དུ་གྱུར་པའི་རབ་ཏུ་ 86-1-381a འབྱུང་བས་དེ་ནི་རང་བཞིན་གྱིས་གྲུབ་པའོ། །ཐོད་པའི་ཕྲེང་བའི་དབུ་རྒྱན་གྱི་གཟུགས་ཀྱི་རང་བཞིན་ལས་ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ལས་དེ་ལྟར་གསུངས་པ་ཡིན་ནོ། ། དཔེར་ན་མེ་ནི་ཚ་བའི་རང་བཞིན་དུ་གྲུབ་པ་སྟེ། དེ་ལྟར་དེའི་ཡང་རབ་ཏུ་འབྱུང་བ་ཉིད་ལས་རང་བཞིན་རྣམ་པར་དག་པའི་ཕྱིར། དེ་ཉིད་ཀྱི་བཟང་པོའི་བསམ་པའི་རྣལ་འབྱོར་བྱས་ནས་ཡེ་ཤེས་སེམས་ དཔའ་དང་ལྷན་ཅིག་གཅིག་པའི་དངོས་པོས་དེ་ལྟར་གྱུར་པའི་རྣལ་འབྱོར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྟོགས་པར་བྱའོ། །རང་གི་སྙིང་གའི་ཟླ་བར་ཧཱུྃ་བློས་བྲིས་ནས་དེ་བརྗོད་པར་བྱ་སྟེ། བདག་ ཉིད་ནམ་མཁའ་དང་མཉམ་པར་བསམ་པར་བྱའོ། །དེ་ཉིད་ཀྱི་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་ཡང་དག་ཟླ་བའི་དཀྱིལ་འཁོར་ཉིད་དོ། །དེའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པར་ཧཱུྃ་ཡང་བསྒོམ་མོ། །དེར་དེ་བཞིན་ གཤེགས་པ་ཐམས་ཅད་བཅུག་ཅིང་དེར་ཡང་རྡོ་རྗེ་སེམས་དཔར་བསྐྱེད་ནས་བཀུག་སྟེ། པད་མའི་གདན་ལ་བཞུགས་སུ་གསོལ་བ་དང་། ཇི་ལྟར་སྤྱན་ལ་སོགས་པའི་སྤྲུལ་པ་ཡང་བཞུགས་པར་བྱ་ཞེས་བྱ་བའི་ དོན་ཏོ། །དེ་ལྟར་རྣམ་པར་སྣང་མཛད་ལ་སོགས་པའི་ཡང་རང་གི་རིགས་ཀྱི་འབྱུང་བའི་སྦྱོར་བ་ལ་བལྟ་བར་བྱ་སྟེ། འདིས་ནི་ཡང་རབ་ཏུ་སྦྱོར་བས་གང་ཞིག་དེ་རྣམས་སྐྱེ་བ་དེ་ནི་ཉི་མ་དང་ཟླ་བ་ འབྱུང་བ་ལྟ་བུའོ། །ཕྱི་རོལ་དང་ནང་གི་བདག་ཉིད་ལས་ཡི་གེ་ལྔར་འགྱུར་བའི་ཕྱིར་ལྷ་མོ་ཐམས་ཅད་གཉིས་ལས་བསྐྱེད་པ་དང་རྫོགས་པའོ། །ལས་ཐམས་ཅད་རབ་ཏུ་རྒྱས་པར་འབྱུང་བའི་ཆོ་གའོ། ། ལ་ལ་ཞེས་བྱ་བ་ནི་མ་མཐོང་བའོ། །རང་གི་སེམས་སོ་སོར་རྟོག་པའི་ཕྱིར་བྱང་ཆུབ་ཀྱི་སེམས་སོ། །བྱང་ཆུབ་ཏུ་བཏབ་པའི་སེམས་དཔའོ་ནི་བྱང་ཆུབ་སེམས་དཔའོ། །དེའི་སྤྱོད་པ་ནི་བྱང་ཆུབ་ཀྱི་སྤྱོད་པ་ 86-1-381b སྟེ། ཇི་ལྟར་སེམས་དཔའ་ཡང་དག་པར་རྙད་ནས་རྗེས་སུ་འབྲང་བའི་ཕྱིར་རྗེས་སུ་འགྲོ་བའོ། །རྒྱལ་བར་བྱེད་པ་དང་། སྦྲང་རྩིར་བྱེད་པ་དང་། དོན་ཐམས་ཅད་སྒྲུབ་པར་བྱེད་པའི་མིང་པོ་གསུམ་གྱི་གཟུགས་ཀྱིས་ གནས་པའི་ཚུལ་གྱིས་སེམས་ཅན་གྱི་དོན་བྱེད་དེ། དེ་ཉིད་སྣ་ཚོགས་ཀྱི་རྣམ་པར་འགྱུར་ཞིང་། རྡུལ་དང་། མུན་པ་དང་། སྙིང་སྟོབས་ཀྱང་སེམས་ཅན་གྱི་དོན་དུ་འགྱུར་ཏེ། གང་ཞིག་རྣམ་པར་དག་པ་དེ་ནི་ ཀུན་དུ་བཟང་པོའོ། །དེ་བས་ན་བྱང་ཆུབ་ཀྱི་སྦྱོང་བ་འདི་ནི་ཇི་ལྟར་རྗེས་སུ་འབྲང་བ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །ཁབ་ནས་གསལ་བར་འབྱུང་བའམ་བྱ་བ་ནི་སེམས་ཅན་གྱི་དོན་དུ་སྐྱེས་བུ་ཆེན་པོའི་ མཚན་སུམ་བཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་བཅུ་རྫོགས་པ་སྟེ། བསོད་ནམས་ཀྱི་ཕུང་པོ་དེའི་ཉི་ཟེར་གྱི་རྡུལ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་རྣམས་སོ། །དེ་རྣམས་ཀྱི་ རྡུལ་ནི་དཔེ་བྱད་བཟང་པོ་རྣམས་སོ། །གསལ་བར་གྱུར་པ་དེ་གང་ཞེ་ན། གསལ་བ་ནི་ཁྱད་པར་དུ་ཡོན་ཏན་ལ་སོགས་པ་འཛིན་པ་སྟེ། བྱང་ཆུབ་ཆེན་པོའི་མཆོད་པ་ནི་དེ་རྣམས་ཀྱི་ཚོགས་ཀྱིས་ཡོངས་ སུ་བསྐོར་བའོ། །བདུད་ཀྱི་གཟུགས་ཀྱིས་བྱང་ཆུབ་སེམས་དཔའ་སླུ་བ་ནི་སྐྱེས་པའི་བདུད་དེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སེམས་གསོད་པའི་ཕྱིར་བདུད་ནི་འདོད་ཆགས་རྡོ་རྗེའོ། །བདུད་བཞི་བཅོམ་ པ་དང་ལྡན་ཞིང་བདུད་ལས་རྒྱལ་བར་ཁ་ཅིག་ཏུ་ཤཱཀྱ་ཐུབ་པར་གྱུར་པས་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཆོས་དང་གང་ཟག་ཏུ་འཛིན་པ་ཚར་གཅད་པའི་ཕྱིར་ཐར་པ་རྣམ་པར་དག་པའོ། །འཇིག་རྟེན་ པའི་རྣལ་འབྱོར་པའི་གང་ཟག་ཚར་གཅད་པའི་ཕྱིར་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཆོས་སུ་འཛིན་པ་ཚར་གཅད་པའི་ཕྱིར། དེ་ལྟར་ཆོས་དང་གང་ཟག་ལ་བདག་མེད་པར་རྟོགས་ནས་ཇི་ལྟར་ 86-1-382a གྱུར་པ་ཡོངས་སུ་ཤེས་པའི་ཕྱིར་ཐར་པ་ཐམས་ཅད་རྣམ་པར་དག་པ་ཡིད་ཏེ། འདིའི་དོན་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆོས་ཀྱི་འཁོར་ལོ་སྐོར་བར་མཛད་པའོ། །བདག་ཏུ་ལྟ་བ་རྣམ་པ་ དྲུག་བཅུ་རྩ་གཉིས་དང་། འདོད་ཆགས་རྣམ་པ་ཐམས་ཅད་དང་། དེའི་རྣམ་པར་དག་པ་སྟེ། དེ་ཁོ་ན་ལ་བདག་མི་དམིགས་པས་རང་བཞིན་མེད་པའི་ཕྱིར། དེའི་དོན་དུ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གི་རྒྱལ་པོ་ནི་ པད་མ་གར་གྱི་དབང་ཕྱུག་ཡིན་ནོ། །དགའ་ལྡན་གྱི་ལྷ་ཐམས་ཅད་ཀྱི་མཐར་ཐུག་པ་ལ་འཁོར་ལོ་དམ་པའོ། །རྫུ་འཕྲུལ་གྱི་ཆོ་འཕྲུལ་སྣ་ཚོགས་པའི་མཆོག་ནི་ལྷའི་འཁོར་ལོ་དམ་པའོ། །འདི་ལྟ་སྟེ་ཡང་ནི་རིགས་ ཀྱི་བུ་སངས་རྒྱས་ཐམས་ཅད་ཀྱི་འདུས་པ་ཞེས་བྱ་བ་ལ་འདུས་པ་ནི་ཚོགས་པའོ། །བདེ་བ་ཅན་ཞེས་བྱ་བ་ནི་མཆོག་གི་དགའ་ལྡན་ཏེ། རིགས་ཀྱི་བུ་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་ལྟ་བུའོ། །དཔེར་ན་བདེ་བ་ ཅན་གྱི་འཇིག་རྟེན་གྱི་ཁམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པས་བརྒྱན་པའོ། །དེ་བཞིན་དུ་བཅོམ་ལྡན་འདས་པད་མ་གར་གྱི་དབང་ཕྱུག་དང་། དཔལ་རྣམ་པར་སྣང་མཛད་ལ་སོགས་པ་དེ་ བཞིན་གཤེགས་པ་གཞལ་དུ་མེད་པས་ཀུན་དུ་བསྐོར་བས། དེ་ནི་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་ལྟ་བུ་སྟེ། དེའི་དོན་དུ་པད་མ་གར་གྱི་དབང་ཕྱུག་སྒྲོལ་བ་པོ་འབྱུང་བ་ཡིན་ནོ། །སྦྱིན་པ་དང་། སྦྱིན་པ་པོ་ དང་། ལེན་པ་པོ་མི་དམིགས་པའི་སྦྱིན་པས་སེར་སྣ་སྤང་བའི་ཕྱིར་དོན་དམ་པར་རྣམ་པར་དག་པ་དེའི་དོན་དུ་སེར་སྣ་ཅན་གྱི་སེམས་ཅན་རྣམས་འཁོར་གསུམ་ཡོངས་སུ་དག་པའི་ཡེ་ཤེས་ཀྱིས་ཤིན་དུ་ སྦྱིན་པ་ལ་སྦྱོར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཉི་མ་ལྟ་བུའི་ཕྱག་རྒྱ་ཆེན་པོ་ནི་ཉི་མའི་ཕྱག་རྒྱའོ། །ནམ་མཁའི་སྙིང་པོ་ཞེས་བྱ་བ་ནི་ནམ་མཁའ་ལ་མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་སྙིང་པོ་བསྐྱེད་པའི་ཕྱིར་གང་གི་ 86-1-382b འདི་ནི་དེ་དེ་བཞིན་དུ་གསུངས་སོ། །དངོས་གྲུབ་ཐམས་ཅད་ཀྱི་དབང་ཕྱུག་བསམ་པ་ཐམས་ཅད་ཡོངས་སུ་སྐོང་བར་བྱེད་པ་ནི་སེམས་ཅན་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་དུ་འཁོར་ལོས་སྒྱུར་བ་ལ་སོགས་ པར་གསོལ་བ་འདེབས་པ་དེ་རྣམས་ཀྱི་བསམ་པ་དེ་རབ་ཏུ་སྦྱིན་པས་ཐམས་ཅད་ཀྱི་བསམ་པ་སྐོང་བར་བྱེད་པ་སྟེ། དེའི་ཕྱིར་བཀའ་སྩལ་པ། ནམ་མཁའ་ལ་གླང་པོ་ལ་སོགས་པ་རིན་པོ་ཆེ་སྣ་བདུན་གྱི་རིན་པོ་ཆེ་ཐམས་ ཅད་ཀྱི་ཆར་འབབ་ཅེས་བྱ་བ་ནི་རིན་པོ་ཆེ་བདུན་གྱི་ཆར་འབབས་པའོ། །དེའི་དོན་དུ་སྒྲོལ་མ་འབྱུང་བ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཡིན་ནོ། །ཤིན་དུ་བརྩོན་འགྲུས་དམན་པ་ཞེས་བྱ་བ་ནི་ལེ་ལོ་ ལ་སོགས་པའོ། །སྟོབས་ཀྱི་རྣལ་འབྱོར་ནི་གྲགས་པའི་རྣལ་འབྱོར་རོ། །དེ་བས་ན་སྟོབས་ཀྱི་རྣལ་འབྱོར་གྱིས་རྣམ་པར་དག་པ་ནི་དྲག་ཤུལ་གྱི་རྣལ་འབྱོར་གྱིས་རྣམ་པར་དག་པའོ། །བརྩོན་འགྲུས་ཀྱི་སྦྱོར་བས་ ནི་དེའི་དོན་དུ་སྟོབས་ཀྱི་རྣལ་འབྱོར་རྣམ་པར་དག་པས་རྟ་མཆོག་འབྱུང་བ་ཡིན་ཏེ། རྟ་མགྲིན་ཡིན་ན་ཞེས་བྱ་བའི་དོན་ཏོ། །དཔུང་པ་བཞི་དང་ལག་པ་བཞི་ཞེས་བྱ་བ་འདི་ནི་ཕྱག་བརྒྱད་པ་ལྟ་བུའོ། །ཞབས་བཞི་ ཞེས་བྱ་བ་ནི་གཡོན་བརྐྱང་བའི་སྦྱོར་བའོ། །དེ་ནས་གཡས་པའི་ཞབས་གཅིག་གིས་ནི་མིའི་དངོས་གྲུབ་ཀྱི་དཔལ་མོ་མནན་ཏོ། །གཉིས་པས་ནི་ལྷ་མོ་ཤ་ཙི་དང་དགའ་མ་མནན་པའོ། །གཡོན་གྱི་དང་པོས་ནི་མིག་ གསུམ་པ་དང་། ཁྱབ་འཇུག་གོ། །གཉིས་པས་ནི་ཚངས་པ་དང་འདོད་པའི་ལྷ་མནན་ནས་བཞུགས་སོ། །དངོས་གྲུབ་ཐམས་ཅད་ཀྱི་དབང་ཕྱུག་རྟ་མཆོག་གིས་ནི་འཇིག་རྟེན་གསུམ་པོ་ལྷ་ཆེན་པོ་ལ་སོགས་པ་རྣམས་ བསྡུས་ནས་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་རྣམས་ཀྱིས་རྣམ་པར་བཏུལ་བ་ཞིག་རྡོ་རྗེ་ཧཱུྃ་མཛད་ཀྱིས་འཇིག་རྟེན་གསུམ་པོ་ཐམས་ཅད་བསྒྲལ་ནས། དེའི་དཀྱིལ་འཁོར་དུ་ལྷ་ཆེན་པོས་བླ་མ་ལ་དཀའ་ཟློག་མ་ཡོན་དུ་ཕུལ་ནས་ 86-1-383a ཕྱུང་བ་ནི་རིམ་པ་ཇི་ལྟ་བར་གྲུ་བཞི་སྒོ་བཞི་པར་ཐིག་གདབ་པར་བྱ་ཞིང་སྒེག་མོ་ལ་སོགས་པས་ཡོངས་སུ་གང་བའི་དཀྱིལ་འཁོར་ཞེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་གྱི་ཚད་གང་གིས་ཐིག་གདབ་པར་བྱ་ཞེ་ན། ནང་ དུ་ཁྲུ་གང་ཞེས་བྱ་བ་ནི་དབུས་སུ་ཁྲུ་གང་སྟེ། ཕྱི་རོལ་དུ་ཁྲུ་གང་ཉིད་དང་། འཕར་མ་གསུམ་པ་ཁྲུ་གཉིས་པ་ཞེས་བྱ་བར་དགོངས་པའོ། །ཟླ་བའི་དཀྱིལ་འཁོར་ལྟ་བུ་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་སྙིང་པོ་ཟླུམ་པོ་ཡིན་ནོ་ཞེས་བྱ་བར་ བཅོམ་ལྡན་འདས་འཇིག་རྟེན་གསུམ་པོ་སྒྲོལ་བའི་དཀྱིལ་འཁོར་བཀའ་སྩལ་ཏོ། །ད་ནི་མི་མཐུན་པའི་ཕྱོགས་ཀྱི་བསྒོམ་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་བསྒོམ་པ་བཤད་པར་བྱ་སྟེ། དེ་ལ་རེ་ཞིག་དང་པོར་ཚུལ་བཞིན་མ་ཡིན་ པའི་ཡིད་ལ་བྱེད་པ་ནི་སྲིད་པའི་རྒྱུའི་ཕྱིར་རོ། །རྨོངས་པ་ལས་བདེན་པ་བཞི་ལ་འཇུག་པའི་ཕྱིར་རོ། །དྲན་པ་ཉེ་བར་གཞག་པ་བསྒོམ་པ་ནི་ལུས་ལ་ཚུལ་བཞིན་མ་ཡིན་པ་བསྒོམ་པ་སྟེ། དེ་ཡོངས་སུ་བརྟགས་པས་ གང་ཞིག་སྡུག་བསྔལ་གྱི་བདེན་པ་ལ་འཇུག་པའོ། །དེའི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི་འདུ་བྱེད་ཀྱི་མཚན་ཉིད་ཀྱི་ཕྱིར་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཏེ། དེ་དང་ལྷན་ ཅིག་ཟག་པ་མེད་པ་དང་བཅས་པའི་གནས་སྐབས་ཀྱི་སྡུག་བསྔལ་གང་ཞིག་ལྟ་བའི་ཕྱིར། ཚོར་བ་ནི་སྲེད་པའི་རྒྱུའི་ཕྱིར་དེ་ཡོངས་སུ་བརྟགས་པས་ཀུན་འབྱུང་གི་བདེན་པ་ལ་འཇུག་གོ། །བདག་གྀ་དངོས་པོ་ལ་མངོན་བར་ ཞེན་པའི་སེམས་དེ་ཡོངས་སུ་བརྟགས་པའི་ཕྱིར་འགོག་པའི་བདེན་པ་ལ་འཇུག་གོ། །བདག་ཏུ་ལྟ་བ་གཅོད་པས་རྟོགས་པའི་ཕྱིར། ཆོས་ལ་བརྟགས་པས་གང་ཞིག་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་ ཐམས་ཅད་ལ་རྨོངས་པ་མེད་པའི་ཕྱིར་ལམ་གྱི་བདེན་པ་ལ་འཇུག་གོ། །དེ་ལྟར་དང་པོར་བདེན་པ་བཞི་ལ་འཇུག་པའི་ཕྱིར་དྲན་པ་ཉེ་བར་གཞག་པའི་བསྒོམ་པ་རྣམ་པར་གཞག་པར་བྱ་སྟེ། དེ་ནས་ཡང་དག་པར་སྤོང་བའི་ 86-1-383b བསྒོམ་པ་ཡོངས་སུ་ཤེས་པ་ལ། གང་གི་ཕྱིར་མཐུན་པའི་ཕྱོགས་དང་། མི་མཐུན་པའི་ཕྱོགས་ཀྱི་རྣམ་པ་ཐམས་ཅད་དུ་དེ་རྟོགས་ན་བརྩོན་འགྲུས་རྣམ་པ་བཞི་པོ་འདི་དག་རྩོམ་མོ། །དྲན་པ་ཉེ་བར་གཞག་པའི་བསྒོམ་པས་ མཐུན་པའི་ཕྱོགས་དང་། མི་མཐུན་པའི་ཕྱོགས་ཀྱི་རྣམ་པ་ཐམས་ཅད་ཡོངས་སུ་ཤེས་ནས་མཐུན་པའི་ཕྱོགས་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་དང་། མི་མཐུན་པའི་ཕྱོགས་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། བརྩོན་འགྲུས་ རྣམ་པ་བཞི་ཡང་དག་པར་རབ་ཏུ་རྩོམ་སྟེ། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་ཞེས་རྒྱས་པར་གོང་དུ་གསུངས་སོ། །ལས་ཉིད་ལ་གནས་པ་ཞེས་བྱ་བ་ནི་དེ་ལ་དོན་ཐམས་ཅད་ཡང་དག་པར་ རྟོགས་པའི་ཕྱིར། སྐྱོན་ལྔ་སྤང་བ་དང་། འདུ་བྱེད་བརྒྱད་བསྟེན་པ་དེའི་ཕྱིར་ཡོངས་སུ་ཤེས་པས་བརྩོན་འགྲུས་ཀྱི་བསྒོམ་པས་སེམས་གནས་པའི་ལས་ཉིད་དོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི་དོན་ཐམས་ཅད་ཡང་ དག་པར་འཕེལ་བའི་རྒྱུའི་ཕྱིར་གནས་པ་ནི་འདིར་སེམས་ཀྱི་ཏིང་ངེ་འཛིན་དུ་རིག་པར་བྱའོ། །དེ་ནས་ཡང་དག་པར་སྤོང་བའི་མཐར་རྫུ་འཕྲུལ་གྱི་རྐང་པ་དེ་ཡང་ལས་ཉིད་དེ། སྐྱོན་ལྔ་སྤང་བ་དང་། འདུ་བྱེད་ བརྒྱད་བསྒོམ་པས་རིག་པར་བྱའོ། །སྐྱོན་ལྔ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལ་ལེ་ལོ་དང་། ཤེས་བཞིན་མ་ཡིན་པ་དང་། རྨུགས་པ་དང་། བྱིང་བ་དང་། རྒོད་པ་ཉིད་དེ། མངོན་པར་འདུས་ མ་བྱས་པ་དང་། དེ་ནས་མངོན་པར་འདུ་བྱ་བ་སྐྱོན་ལྔ་སྤང་བར་ལྔ་པོ་འདི་རྣམས་བརྗོད་དོ། །དེ་ལ་བྱིང་བ་དང་། རྒོད་པས་སྐྱོན་གཅིག་བྱེད་དེ། མངོན་པར་འདུས་མ་བྱས་པ་ནི་བྱིང་བ་དང་རྒོད་པ་འཇུག་པའི་དུས་སུ་ སྐྱོན་ནོ། །མངོན་པར་འདུ་བྱས་པས་རབ་ཏུ་ཞི་བ་ལ་འདི་རྣམས་སྤང་བའི་ཕྱིར་ཇི་ལྟར་སྤང་ཞིང་འདུ་བྱེད་བརྒྱད་རྣམ་པར་གཞག་ཅི་ན། བཞི་ཡིས་ལེ་ལོ་སྤང་བའི་ཕྱིར་འདུན་པ་དང་། རྩོལ་བ་དང་། དད་པ་དང་། 86-1-384a ཤིན་དུ་སྦྱངས་པ་དེ་རྣམས་ཡང་རིམ་པ་ཇི་ལྟ་བར་རིག་པར་བྱའོ། །གནས་དང་དེ་ནས་གནས་པ་དང་། དེའི་མཚན་མ་དང་འབྲས་བུ་ཉིད་དེ་གནས་ནི་འདུན་པའོ། །གནས་པ་ནི་རྩོལ་བའོ། ། དེའི་གནས་འདུན་པའི་མཚན་མ་ནི་དད་པ་སྟེ། ཡིད་ཆེས་པ་དང་། དང་བ་དང་། འདོད་པའོ། །དེའི་གནས་པ་རྩོལ་བའི་འབྲས་བུ་ནི་ཤིན་དུ་སྦྱངས་པ་སྟེ། འདུན་པ་དང་བཅས་པའི་བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་ གྱི་ཁྱད་པར་རྟོགས་པར་བྱའོ། །ལྷག་མ་སྤོང་བའི་འདུ་བྱེད་བཞི་ནི་དྲན་པ་དང་། ཤེས་བཞིན་དང་། སེམས་པ་དང་། བཏང་སྙོམས་ཏེ། གྲངས་ཇི་ལྟ་བར་སྐྱོན་བཞིའི་གཉེན་པོའི་ཕྱོགས་སོ། །དེ་ཡང་དྲན་པ་ ལ་སོགས་པའི་རིམ་པ་དེ་བཞིན་དུ་རིག་པར་བྱ་སྟེ། དམིགས་པ་ནི་རྨུགས་པ་མེད་པས་བྱིང་བ་དང་། རྒོད་པས་རྗེས་སུ་རྟོགས་པར་བྱ་ཞིང་དེ་གཉིས་ཀྱི་མངོན་པར་འདུ་བྱེད་པ་ཞི་བ་ལ་ཤིན་དུ་སྦྱངས་ པས་འབྱུང་ངོ་། །དྲན་པ་ནི་དམིགས་པ་ན་རྨུགས་པ་མེད་པས་ཤེས་བཞིན་ཏེ། རྨུགས་པ་མེད་པར་གྱུར་ན་བྱིང་བ་དང་རྒོད་པ་རྗེས་སུ་རྟོགས་སོ། །མ་རྟོགས་པ་དེ་རྟོགས་པར་བྱ་བའི་དོན་ཏོ། །མངོན་ བར་འདུ་བྱེད་པའི་སེམས་ཀྱིས་བྱིང་བ་དང་། རྒོད་པ་ཞི་བ་ལ་དམ་པའི་ཤིན་དུ་སྦྱངས་པའི་སེམས་ཀྱིས་བཏང་སྙོམས་སོ། །རྫུ་འཕྲུལ་གྱི་རྐང་པའི་མཐར་དད་པ་ལ་སོགས་པའི་དབང་པོ་དེ་རྣམས་ཀྱི་རྣམ་ པར་གཞག་པ་ཇི་ལྟར་དགོད་ཅེ་ན། ཐར་པའི་ཆ་དང་ལྡན་པ་གང་ཞིག་འདུན་པའི་རྣལ་འབྱོར་གྱི་བདག་པོ་དང་། དམིགས་པ་ན་རྨུགས་པ་མེད་པས་བརྗེད་པ་མེད་པའི་བདག་པོའོ། །བདག་པོ་ཞེས་བྱ་བ་ནི་སྒྱུར་བར་ བྱེད་པའོ། །རྫུ་འཕྲུལ་གྱི་རྐང་པའི་ལས་ནི་སེམས་ཀྱི་འཇུག་པའོ། །ཐར་པའི་ཆ་དང་ལྡན་པ་ནི་གང་ཞིག་དགེ་བའི་རྩ་བ་ལ་འདུན་པའི་བདག་པོ་དང་། རབ་ཏུ་སྦྱོར་བའི་བདག་པོ་དང་། དམིགས་པ་ནི་ 86-1-384b རྨུགས་པ་མེད་པའི་བདག་པོ་དང་། བརྗེད་པ་མེད་པའི་བདག་པོ་དང་། རྣམ་པར་འབྱེད་པའི་བདག་པོ་སྟེ། རིམ་པ་ཇི་ལྟ་བ་བཞིན་དུ་དད་པ་ལ་སོགས་པའི་དབང་པོ་ལྔ་པོ་རྣམས་རིག་པར་བྱའོ། །དེ་ལ་ཟ་བ་ པོ་དང་། བཟའ་བར་བྱ་བ་སྟོང་པ་བཀའ་སྩལ་པ། ནང་གི་སྐྱེ་མཆེད་རྣམས་ནས་བརྩམས་ཏེ། ཕྱི་རོལ་གྱི་བཟའ་བ་སྟོང་པ་ཉིད་དང་། དེའི་ལུས་ཀྱི་ཟ་བ་པོ་དང་། བཟའ་བ་དག་གང་ཞིག་བྱིན་གྱིས་བརླབས་ པའི་ལུས་དེའི་སྟོང་པ་ཉིད་ལའང་ལྟ་ཞིང་སྐྱོ་བས་འདུ་བྱེད་སྤོང་བར་བྱེད་དེ། དགེ་བ་མི་ཟད་པ་དང་། གང་ཡང་ཁྱད་པར་དུ་བལྟས་པས་ནང་དང་ཕྱི་རོལ་སྟོང་པ་ཉིད་དུ་གསུངས་སོ། །རབ་ཏུ་གནས་པའི་དངོས་ པོ་སྣོད་ཀྱི་འཇིག་རྟེན་རྒྱས་པའི་ཕྱིར་དེའི་སྟོང་པ་ཉིད་ནི་ཆེན་པོ་སྟོང་པ་ཉིད་ཅེས་གསུངས་སོ། །དེ་ཡང་ནང་གི་སྐྱེ་མཆེད་རྣམས་ལ་སོགས་པ་གང་གིས་སྟོང་པ་ཉིད་མཐོང་བ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱིས་དེའི་སྟོང་ པ་ཉིད་ནི་སྟོང་པ་ཉིད་སྟོང་པ་ཉིད་དོ། །ཇི་ལྟར་དོན་དམ་པའི་རྣམ་པས་མཐོང་བ་དེ་སྟོང་པ་ཉིད་ནི་དོན་དམ་པ་སྟོང་པ་ཉིད་དོ། །དེའི་དོན་དུ་ཡང་བྱང་ཆུབ་སེམས་དཔས་རབ་ཏུ་སྤྱོད་དོ། །དེའི་སྟོང་པ་ཉིད་ཀྱི་དོན་ ཇི་ལྟར་འཚལ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་བ་གཉིས་འཐོབ་པའི་དོན་དུ་དགེ་བའི་འདུས་བྱས་དང་། འདུས་མ་བྱས་གཉིས་སོ། །རྟག་ཏུ་སེམས་ཅན་ལ་ཕན་པའི་ཕྱིར་དང་། སེམས་ཅན་ལ་ཤིན་དུ་ཕན་པའི་དོན་དུ་འཁོར་བ་མི་སྤང་བའི་ཕྱིར། དེའི་སྟོང་པ་ཉིད་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དོ། །རྒྱུན་མི་འཆད་པར་འཁོར་བ་སྟོང་པ་ཉིད་དུ་མ་མཐོང་བས་སྐྱེ་སྟེ། འཁོར་བ་ ཡོངས་སུ་སྤོང་བར་བྱེད་ཀྱང་། གང་ཡང་དགེ་བ་མི་ཟད་པས་ན་ཁྱད་པར་དུ་ལྟ་བས་མྱ་ངན་ལས་འདས་པར་ཡང་མི་བྱེད་ཅིང་དེའི་སྟོང་པ་ཉིད་སྤོང་བར་ཡང་མི་བྱེད་དེ། འདི་ནི་བླང་བ་དང་དོར་བ་མེད་པ་སྟོང་པ་ཉིད་ 86-1-385a དོ། །རིགས་ཀྱང་རྣམ་པར་དག་པའི་ཕྱིར་ཞེས་བྱ་བ་ལ། རིགས་ནི་རང་བཞིན་ཏེ་ངོ་བོ་ཉིད་དོ། །མཚན་དང་དཔེ་བྱད་ཐོབ་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ། སྐྱེས་བུ་ཆེན་པོའི་མཚན་དང་། དཔེ་བྱད་དང་བཅས་པར་ཐོབ་པར་བྱ་བའི་ ཕྱིར་དང་། དག་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཆོས་རྣམས་ལ་བྱང་ཆུབ་སེམས་དཔའ་རྣམས་རབ་ཏུ་སྤྱོད་དེ། ཁྱད་པར་དུ་སྟོབས་དང་། མི་འཇིགས་པ་ལ་སོགས་པ་སྦྱངས་བའི་ཕྱིར། རེ་ཤིག་སྟོང་པ་ཉིད་བཅུ་བཞིར་རྣམ་པར་གཞག་པར་རིག་པར་བྱའོ། ། ཡང་འདིར་སྟོང་པ་ཉིད་གང་ཞེ་ན། ཆོས་དང་གང་ཟག་གི་དོན་དངོས་པོ་མེད་པ་སྟོང་པ་ཉིད་དེ། དེའི་ཕྱིར་དེ་ལས་བྱུང་བ་དམ་པའི་དངོས་པོ་ནི་དེར་དེ་སྟོང་པ་ཉིད་དང་། ཕ་རོལ་གྱི་ཆོས་དང་གང་ཟག་དངོས་པོ་མེད་པ་སྟོང་པ་ཉིད་ལས་བྱུང་བའི་ དམ་པའི་དངོས་པོའོ། །དེར་ཇི་སྐད་གསུངས་པའི་ཟབ་མོ་ལ་སོགས་པ་སྟོང་པའི་ཕྱིར་སྟོང་པ་ཉིད་བཅུ་དྲུག་ཏུ་མཚན་ཉིད་བཤད་པའི་དོན་དུ་གཞུང་གཉིས་ཀྱི་སྟོང་པ་ཉིད་རྣམ་པར་གཞག་པར་བྱ་སྟེ། དངོས་པོ་མེད་པ་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ རང་བཞིན་སྟོང་པ་ཉིད་དེ། ཆོས་དང་གང་ཟག་ལ་ཡང་དག་པར་འཇུག་པ་དེའི་སྟོང་པ་ཉིད་ཇི་སྙེད་པ་ཡོངས་སུ་སྤང་བའི་དོན་དུ་རིམ་པ་ཇི་ལྟ་བ་དེ་ལྟར་སྤྱོད་པ་ཉིད་ཀྱི་རབ་ཏུ་དབྱེ་བ་ཤེས་པར་བྱའོ། །ཇི་ལྟར་བསྒྲུབ་པ་རྣམ་པར་ཤེས་པར་བྱ་ ཞེ་ན། གལ་ཏེ་འདི་ཀུན་ནས་ཉོན་མོངས་པ་ཅན་དུ་མ་གྱུར་ན་ལུས་ཅན་ཐམས་ཅད་གྲོལ་བར་འགྱུར་རོ། །གལ་ཏེ་འདི་རྣམ་པར་དག་པར་མ་གྱུར་ན་བརྩམས་པ་འབྲས་བུ་མེད་པར་འགྱུར་རོ། །གལ་ཏེ་ཆོས་རྣམས་ཀྱི་སྟོང་པ་ཉིད་བློ་བུར་གྱི་ ཀུན་ནས་ཉོན་མོངས་པ་མ་སྐྱེས་པའི་ཕྱིར། མི་མཐུན་པའི་ཕྱོགས་ཀྱིས་ཀུན་ནས་ཉོན་མོངས་པ་ཅན་དུ་མ་གྱུར་ན། ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་འབད་པ་མེད་པ་ཉིད་དུ་སེམས་ཅན་ཐམས་ཅད་གྲོལ་བར་འགྱུར་རོ། །དེ་ནས་ མ་སྐྱེས་པའི་ཡང་མི་མཐུན་པའི་ཕྱོགས་ཀྱིས་རྣམ་པར་དག་པར་མ་གྱུར་ཏེ། ཐར་པའི་དོན་དུ་རྩོམ་པ་འབྲས་བུ་མེད་པར་འགྱུར་རོ། །དེ་ལྟར་བྱས་ན་ཉོན་མོངས་པ་ཅན་མ་ཡིན་པ་དང་། ཉོན་མོངས་པ་མེད་པ་ཅན་མ་ཡིན་པ་དང་། 86-1-385b དག་པ་དང་མ་དག་པ་ཉིད་ཀྱི་སེམས་ཀྱི་རང་བཞིན་འོད་གསལ་བའི་ཕྱིར་དེ་ཇི་ལྟར་ན། ཉོན་མོངས་པ་ཡང་མ་ཡིན་ཞིང་མ་དག་པ་ཡང་མ་ཡིན་ནོ། །ཉོན་མོངས་པ་བློ་བུར་གྱི་ཕྱིར། ཇི་ལྟར་ཉོན་མོངས་པ་ཅན་མ་ཡིན་པའང་མ་ཡིན་ ཞིང་། དག་པའང་མ་ཡིན་ནོ། །དེ་ལྟར་སྟོང་པ་ཉིད་ཀྱི་རབ་ཏུ་དབྱེ་བས་གསུངས་སོ། །དེ་ལ་སྟོང་པ་ཉིད་ཀྱི་མདོར་བསྡུས་པའི་དོན་བསྒྲུབས་པ་ཡིན་ནོ། །ཡང་གསུངས་པ། འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་ལ་སོགས་པ་དང་། ཞེ་སྡང་གི་གཉེན་པོར་བྱམས་པ་དང་། གཏི་མུག་གི་གཉེན་པོར་རྟེན་ཅིང་འབྲེལ་པར་འབྱུང་བའོ། །དེ་ལ་ཇི་ལྟར་འདོད་ཆགས་རྣམ་པར་ལྡོག་ཅེ་ན། གལ་ཏེ་དེ་དང་འགལ་བའི་ཕྱིར་རོ་ཞེ་ན། ཡིན་མོད་ཀྱི་གང་ཞིག་དེ་སྐད་དུ་འདོད་ ཆགས་ཀྱི་བདག་ཉིད་དུ་བྱེད་པ་ན་འདོད་ཆགས་དང་བྲལ་བ་ཡིན་ནོ། །དེ་བཞིན་དུ་གསུངས་པ། བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་ཨེ་མ་ཧོ། །སངས་རྒྱས་ཐམས་ཅད་ཀྱི་འདོད་ཆགས་ཀྱི་ཡེ་ཤེས་ནི་རྙོག་པ་མེད་པ་ སྟེ། འདོད་ཆགས་ཀྱིས་འདོད་ཆགས་དང་བྲལ་བ་བཅོམ་ནས་བདེ་བ་ཐམས་ཅད་སྦྱིན་པར་བྱེད་དོ། །འདོད་ཆགས་ལ་སོགས་པ་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བ་མེད་པ་དང་བཅས་པ་སྟེ། གཞན་དུ་རྒྱུན་དུ་ཞུགས་པའི་ འདོད་ཆགས་རྙེད་པ་ཡིན་ན་དེའི་འདོད་ཆགས་ལ་སོགས་པ་ཡོངས་སུ་མི་སྤོང་བར་སྤྱོད་ན། འོན་ཏེ་རིམ་པའི་ཁྱད་པར་ལས་ཡོན་ཏན་གྱི་ཁྱད་པར་འབྱུང་བར་འགྱུར་རོ། །དཔེར་ན་ཀེ་ཏ་ཀའི་མེ་ཏོག་དྲིའི་གླང་པོ་ཆེས་ ཟོས་ན་གླ་རྩི་ལ་སོགས་པའི་དངོས་པོར་འགྱུར་རོ། །གླང་པོ་ཆེ་ཕལ་པས་ཟོས་ན་ལྕི་བའི་དངོས་པོར་འགྱུར་རོ། །དེ་བས་ན་དེ་ལ་ཀེ་ཏ་ཀའི་མེ་ཏོག་གི་སྐྱོན་མ་ཡིན་ཏེ། དེ་བཞིན་དུ་འདོད་ཆགས་ལ་སོགས་པ་ ཡང་རྣམ་པར་དག་པའི་རིམ་པ་ལ་གནས་པས་བསམ་པའི་ཁྱད་པར་གྱི་སྦྱོར་བ་ལས། ཁྱད་པར་དུ་འཕགས་པ་ཉིད་ཀྱི་འབྲས་བུ་སྨིན་པར་བྱེད་དོ། །དཔེར་ན་འོ་མ་ལ་སྦྲུལ་ལ་སོགས་པས་འཐུངས་ན་ 86-1-386a དུག་གི་དངོས་པོར་འགྱུར་རོ། །གཞན་ཡང་སྐྱེས་བུས་འཐུངས་ན། བདུད་རྩིའི་དངོས་པོར་སྐྱེ་བར་འགྱུར་རོ། །དེ་ལྟར་རིགས་ཀྱི་བུ་འདོད་ཆགས་ལ་སོགས་ པ་བསམ་པའི་ཁྱད་པར་གྱི་རང་བཞིན་གྱིས། ཁ་ན་མ་ཐོ་བ་མེད་པའི་ཕྱིར། སྦྱོར་བས་དངོས་པོ་ཁྱད་པར་ཅན་གྱི། འབྲས་བུ་འབྱུང་བར་འགྱུར་རོ། །གང་དང་གང་ཁྱད་ པར་དུ་འཕགས་པའི་རྒྱུན་གྱི་དངོས་པོ་དང་། ལྡན་པ་དེ་དང་དེའི་འབྲས་བུ་ཁྱད་པར་དུ་འཕགས་པ་འབྱུང་ངོ་། །དཔེར་ན་ཀེ་ཏ་ཀ་ལ་སོགས་པ་དེ་རྣམས་ཀྱི། ཁྱད་པར་དུ་འཕགས་པའི་རིམ་པ་ལ་ གནས་པ་འདོད་ཆགས་ལ་སོགས་པའི་རང་བཞིན་རྣམ་པར་དག་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་ཡང་དག་པར་སྦྱོར་བའི་ཐིག་ལེ་ཞེས་བྱ་བ་རྫོགས་སྷོ།། །། རྒྱ་གར་ཀྱི་ མཁན་པོ་ཀ་ཡསྟ་པ་གཱ་ཡ་དྷ་རའི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཙྪ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།སླད་ནས་ཡང་བོད་ ཀྱི་ལོ་ཙྪ་བ་གཞན་རྣམས་གཞན་དུ་བསྒྱུར་བ་ལ་ཟུར་མི་འདྲ་བར་བཅོས་ནས། རང་གི་མིང་བཅུག་ཅིང་གཞན་གྱིས་མིང་ཕྱེ་བ་དེ་དག་དང་། མི་ཤེས་པ་དེ་དག་སུན་དབྱུང་བའི་ཕྱིར། སླད་ནས་ཡང་རྒྱ་གར་གྱི་རྒྱུད་བཞི་དང་། དགེ་སློང་ཤཱཀྱ་ཡེ་ཤེས་དེ་ཉིད་ཀྱིས་གཏུགས་ནས་བཅོས་ཏེ་གཏན་ལ་ཕབ་པའོ།། །།ཞུས་སོ། དག་གོ། ། དགེའོ། བཀྲ་ཤིས་པར་གྱུར་ གཅིག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དྲུག་ཤོག །རྫོགས་སྷོ། ཨོཾ་ཡེ་དྷརྨཱ་ཧེ་དུ་པྲ་བྷ་བཱ་ཧེ་ཏུནྟེ་ཥཱན་ཏ་ཐཱ་ག་ཏོ་ཧྱ་བ་ཏད་ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་པ་མྲ་བཱ་ཏཱི་མ་ཧཱ་ཤྲཱ་མ་ཎ་ཡེ་སྭཱ་ཧཱ། །