དྲི་མེད་འོད། 108-1 ༼ཨ༽ བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཅེས་བྱ་བ། འཇིག་རྟེན་ཁམས་ཀྱི་ལེའུའི་འགྲེལ་བཤད། དང་པོ། བདུད་དང་བགེགས་མཐའ་དག་ཉམས་པར་བྱེད་པ་མཆོག་གི་འདོད་པའི་ལྷ་དང་དམ་པའི་ལམ་ངེས་པའི་མདོར་བསྡུས་པ་ཆེན་པོ། གཉིས་པ། བརྗོད་བྱ་དང་རྗོད་བྱེད་དང་འབྲེལ་པ་དང་དགོས་པ་དང་དགོས་པའི་དགོས་པ་མངོན་པར་གཟིགས་ནས་བཅོམ་ལྡན་འདས་ཀྱིས་རྒྱུད་བསྟན་པའི་མདོར་བསྡུས། གསུམ་པ། སྟོན་པ་པོ་དང་གསོལ་བ་འདེབས་པ་པོ་དང་རྩ་བའི་རྒྱུད་དང་བསྡུས་པའི་རྒྱུད་ཀྱི་འགྲེལ་པའི་མདོར་བསྡུས། བཞི་པ། ཐམས་ཅད་མཁྱེན་པ་ཞེས་པ་ལ་སོགས་པས་རྒྱུད་ཀྱི་རྒྱལ་པོ་སྟོན་པ་པོ་དང་གསོལ་བ་འདེབས་པ་པོ་བསྒྲུབ་པའི་མདོར་བསྡུས། ལྔ་པ། སྟོན་པ་པོ་ལ་སོགས་པ་བསྡུས་པའི་མདོར་བསྡུས། དྲུག་པ། དཀྱིལ་འཁོར་དང་དབང་ལ་སོགས་པ་བསྡུས་པའི་མདོར་བསྡུས། བདུན་པ། འཇིག་རྟེན་གྱི་ཁམས་བསྡུས་པའི་མདོར་བསྡུས། བརྒྱད་པ། འཇིག་རྟེན་གྱི་ཁམས་ཀྱི་ཚད་བསྡུས་པའི་མདོར་བསྡུས། དགུ་པ། སྐར་རྩིས་ཤེས་པའི་ཆོ་གའི་མདོར་བསྡུས་ཆེན་པོ། བཅུ་པ། དབྱངས་འཆར་བ་དང་འཁྲུལ་འཁོར་གྱི་ཆོ་ག་ངེས་པའི་མདོར་བསྡུས་ཆེན་པོ། 108-2 ༼ཨཱི༽ བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཅེས་བྱ་བ། ནང་གི་ལེའུའི་འགྲེལ་བཤད། དང་པོ། ལུས་དང་ངག་དང་སེམས་འབྱུང་བ་དང་སྡུག་བསྔལ་དང་ལམ་དང་ཀུན་འབྱུང་དང་འགོག་པའི་བདེན་པ་ངེས་པའི་མདོར་བསྡུས་ཆེན་པོ། གཉིས་པ། ཀུན་འབྱུང་གི་བདེན་པ་ལ་སོགས་པའི་མདོར་བསྡུས་ཆེན་པོ། གསུམ་པ། ནང་དུ་འཁོར་ལོས་སྒྱུར་བ་དང་ཀླ་ཀློའི་འཁྲུག་པ་དང་དུས་ཀྱི་འཁོར་ལོའི་རིགས་ཀྱི་རྒྱུད་དང་རྩའི་རིགས་འབྱུང་བའི་མདོར་བསྡུས་ཆེན་པོ། བཞི་པ། འཆི་ལྟས་ཀྱི་འཆི་བའི་མཚན་ཉིད་དང་རྩ་འཆད་པའི་མདོར་བསྡུས་ཆེན་པོ། ལྔ་པ། འཇིག་རྟེན་ཀུན་རྫོབ་ཀྱི་སྐྱེ་བ་དང་འགག་པའི་རྒྱུར་གྱུར་པ་སྐད་ཅིག་གི་མཚན་ཉིད་དུས་ཀྱི་འཁོར་ལོ་ངེས་པའི་མདོར་བསྡུས་ཆེན་པོ། དྲུག་པ། བཅུད་ལེན་ལ་སོགས་པ་དང་བྱིས་པའི་རྒྱུད་ཀྱི་མདོར་བསྡུས་པ་ཆེན་པོ། བདུན་པ། རང་དང་གཞན་གྱི་ལྟ་བ་རིགས་པས་རྣམ་པར་དཔྱད་པའི་མདོར་བསྡུས་ཆེན་པོ། 108-3 ༼ཨཱུ༽ བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཅེས་བྱ་བ། སྒྲུབ་ཐབས་ཀྱི་ལེའུ་ཡི་རྒྱས་འགྲེལ། དང་པོ། གནས་བསྲུང་བ་དང་སྡིག་པ་བཤགས་པ་ལ་སོགས་པའི་མདོར་བསྡུས་ཆེན་པོ། གཉིས་པ། བསྐྱེད་པའི་རིམ་པས་སྐུ་རྫོགས་པའི་མདོར་བསྡུས་ཆེན་པོ། གསུམ་པ། སྲོག་དང་ལྷ་སྐྱེད་པའི་མདོར་བསྡུས་ཆེན་པོ། བཞི་པ། སྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའི་སྒྲུབ་ཐབས་ཀྱི་མདོར་བསྡུས་ཆེན་པོ། ལྔ་པ། སྣ་ཚོགས་པའི་སྒྲུབ་ཐབས་ཀྱི་མདོར་བསྡུས་ཆེན་པོ། 108-4 ༼རཱྀ༽ བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཅེས་བྱ་བ། དབང་གི་ལེའུའི་རྒྱས་འགྲེལ། དང་པོ། སློབ་དཔོན་ལ་སོགས་པ་དང་ལས་རབ་འབྱམ་ཐམས་ཅད་བསྒྲུབ་པའི་མཚན་ཉིད་ཀྱི་མདོར་བསྡུས་ཆེན་པོ། གཉིས་པ། སྲུང་བའི་འཁོར་ལོ་སྔོན་དུ་འགྲོ་བ་ཅན་ས་ལ་སོགས་པ་གཟུང་བའི་མདོར་བསྡུས་ཆེན་པོ། གསུམ་པ། དཀྱིལ་འཁོར་བྲི་བ་ཞེས་བྱ་བའི་མདོར་བསྡུས་ཆེན་པོ། བཞི་པ། དཀྱིལ་འཁོར་དུ་དབང་བསྐུར་བའི་མདོར་བསྡུས་ཆེན་པོ། ལྔ་པ། རབ་ཏུ་གནས་པ་དང་ཚོགས་ཀྱི་འཁོར་ལོའི་ཆོ་ག་དང་རྣལ་འབྱོར་སྤྱོད་པའི་མདོར་བསྡུས་ཆེན་པོ། དྲུག་པ། ཕྱག་རྒྱ་དང་ལྟ་སྟངས་དང་དཀྱིལ་འཁོར་གཤེགས་སུ་གསོལ་བ་དང་དཔའ་བོའི་སྟོན་མོའི་མདོར་བསྡུས་ཆེན་པོ། 108-5 ༼ལཱྀ༽ བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཅེས་བྱ་བ། ཡེ་ཤེས་ཀྱི་ལེའུའི་རྒྱས་འགྲེལ། དང་པོ། རྣལ་འབྱོར་མའི་རྒྱུད་ལ་སོགས་པ་སྤྲོ་བའི་མདོར་བསྡུས་ཆེན་པོ། གཉིས་པ། སྐུ་བཞི་ལ་སོགས་པའི་རྣམ་པར་དག་པ་ངེས་པའི་མདོར་བསྡུས་ཆེན་པོ། གསུམ་པ། མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པ་ཞེས་བྱ་བའི་མདོར་བསྡུས་ཆེན་པོ། བཞི་པ། ཐབས་སྣ་ཚོགས་ཀྱིས་འདུལ་བའི་མདོར་བསྡུས་ཆེན་པོ།